རྨེ་སྲིབ་ནོར་བུ།
ལོ་གསུམ་འཚོ་བ་དྷ་སའི་ཤིང་ལོའི་འོག།
གྲིབ་བསིལ་ལྷན་དུ་བདེ་བར་གནས་ན་ཡང༌།།
མིག་ཡངས་མ་ཡི་རེག་བྱ་འཇམ་པོའི་ཟས།།
ལོངས་སུ་མ་སྤྱད་སྐོམ་པས་གདུང་ཤུགས་ཀྱིས།།
ཨ་ཅག་བལ་བཟའི་ཁྱིམ་ལ་དེད་ཡོང་ཐལ།།
ལེ་བར་དུ་མའི་ལམ་གྱི་ས་རྡུལ་རྣམས།།
གྱོན་པའི་གོས་ལ་གཙང་སྤྲུགས་མ་བྱས་གོང༌།།
ལོ་ཡུན་དག་ལ་ལུས་ཀྱི་བུ་ཆུང་འདི།།
ཚ་དེམ་བཞིན་དུ་བརླ་བར་སྐྱོར་ནས་ཡོད།།
ལང་ཚོ་མ་ཞིག་ད་ལྟར་མཁོ་འདུག་ཟེར།།
ཁྱེད་ལ་མཁོ་རུང་ང་ལ་ཐབས་ཅི་ཡོད།།
ཤོག་དཀར་ཐང་ནས་མི་ཚེ་ཟད་མི་ཚོ།།
ཡུལ་ཕྱོགས་འདི་ན་རྒྱུ་འཇོན་གཉིས་མེད་ཅཻས།།
འཕྱ་དགོད་ཁ་ཡི་དྲག་རླུང་འཚུབ་མའི་ཁྲོད།།
ཚེ་སྲོག་མར་མེ་བཞིན་དུ་གཉོམ་ནས་ཡོད།།
འཚོ་བའི་སྐྱབས་མགོན་ཤོག་དངུལ་རིན་པོ་ཆེ།།
ཁྱེད་ལ་མངའ་ན་ཐུན་མོང་ལོངས་སྤྱོད་དེ།།
མཛེས་མའི་གསང་ལམ་ཕྲ་མོ་ཤེས་ཞེས་ཚེ།།
ལྟེ་ཁུང་སྡོམ་སྤུའི་མཚམས་སུ་རབ་བཅིངས་པའི།།
ཧིན་སྒོར་ཆག་པ་གཉིས་ཀྱང་བླངས་ཡོང་ཐལ།།
ཀྱག་ཀྱོག་བཞུད་ལམ་འཁྱུག་པའི་སྣེ་ཞིག་ཏུ།།
ཡིག་བདུན་སྒོ་ལ་དཔྱང་བའི་ཁང་ཆུང་ནང༌།།
སྐམ་དང་རྒྱགས་པའི་མ་སྨད་གཉིས་པོ་ལས།།
རྒྱགས་པ་ངང་མོའི་མདོགས་ཅན་འདི་དགོས་ཞེས།།
འཁྲིད་ནས་ཤོར་རྗེས་བྱེད་སྟངས་མ་ཤེས་མོད།།
བདག་ལ་ལྷག་པའི་མཛེས་མ་ཉམ་ཆུང་དེས།།
རབ་ཏུ་རྒྱས་པའི་མྱོས་བུམ་དུད་སྣེ་དང༌།།
སྲབ་འཇམ་ལྕེ་ཡི་རྩེ་མོས་རང་ལུས་ཀྱང༌།།
གཅེར་བུར་གནས་པར་ཕུར་ལྡག་བྱས་པས་ན།།
དྲན་པའི་ཀ་ཆེན་ཀག་ལ་མཆོང་བཞིན་རྩེ།།
ཧིབ་སྒྲ་ཧེབ་ཀྱིས་འཇིབ་པའི་ཡན་ལག་དེའི།།
དམར་ནག་ཤ་ཡི་ཏོག་གི་རྐེད་ཉག་ཏུ།།
མཛེས་མས་སོ་ཡིས་ཅུང་ཟད་བསྡམས་བཟུང་ནས།།
སྒོང་དབྱིབས་མགོ་ལ་ལྕེ་རྩེས་འཕྲུག་པའི་དུས།།
མི་བཟོད་ཟ་འཆས་སེམས་ཤ་གཤགས་ཀྱིན་འདུག།
རྒྱབ་གཞོང་སོག་སྲུབ་འཁོར་བའི་སྐེད་མཚམས་སུ།།
དམ་པོར་བཟུང་སྟེ་གནས་མིན་བུ་ག་རུ།།
རྡོ་རྗེ་གཏུམ་པོས་དྲག་རྡེབ་བྱེད་ཐེངས་རེར།།
བརྗོད་མེད་འཇམ་རྩུབ་མ་ངེས་བདེ་སྣང་གི།
ཚོར་བའི་རྦ་ཀླུང་ཡིད་ལ་དཀྲུག་གི་འདུག།
བྲང་ན་རྒྱས་པའི་ལང་ཚོའི་ལྷུན་པོ་གཉིས།།
མཛེས་མས་ཕྱག་གིས་ལྷན་ཅིག་བཙིར་བའི་བར།།
གསེར་ཉ་གསོན་པོ་དལ་གྱིས་དྲངས་པའི་མགོར།།
དམར་ཆུང་ལྕེ་ཡིས་གཅེས་སྤྲས་བྱེད་སྐབས་སུ།།
འབུ་ཕྲའི་ཚོགས་རྣམས་བདེ་བས་མྱོ་སྐབས་སུ།།
འདོད་པའི་ལང་ཚོ་བཞད་པའི་ཆགས་ཤིང་མ།།
དམར་ནག་ཁྲག་ཤ་བསླེས་མ་མགྲོན་པོའི་ཁྱིམ།།
ཤིན་ཏུ་འཇམ་པའི་བདེ་དྲོད་སེམས་ཀྱི་ཟས།།
མུན་ནག་གསང་བའི་ཁྱིམ་དུ་སྤྱོད་ཚུལ་གྱི།
མི་ཆོས་རྫུན་མ་འདི་ཡང་མེད་ན་འདོད།།
འདྲེན་བྱེད་སྒྲོས་པད་འཛོམས་པའི་སྐྱེད་ཚལ་དུ།།
ཟུངས་ཁྲག་དཀར་པོས་མཆོད་ཁ་འཕེན་ཐེངས་རེར།།
དཀར་དང་ནག་གི་འགྱུར་རླབས་རེ་རེ་ཡང༌།།
རྣམ་ཤེས་གཅིག་གི་ངོ་བོར་འཐིམ་པའི་རྗེས།།
ཕངས་སེམས་འགྱོད་སྣང་སྐྱུར་མོས་ཁེངས་ཡོང་གི།
ལུས་སེམས་ངལ་བ་ཞི་བའི་གྲོགས་མཆོག་གི།
ནག་པོའི་བཞིན་མདངས་འཛུམ་པའི་སོ་དཀར་ལས།།
མཛེས་མར་འདོད་རྩལ་མང་ཡང་འགོང་ཕྲུག་འདིའི།།
ཁ་ནས་སྡུག་ཁུ་སྐྱུག་ཡུན་འགོར་དྲགས་པས།།
བདག་མོས་གླ་ཆ་འཕར་མ་བླངས་སོང་ཟེར།།
ངའི་འབའ་ཛར་འབུ་ལིའི་མགོ་ནས།།
དཀར་ལམ་མེར་འོ་མ་མཆོད་གི།
ཁྱོད་ཁ་ཟེའུ་མེད་ནི་རིགས་པ།།
ཁྱོད་བཞོ་ཟེའུ་ཟུངས་ང་འདི་ཤོག
ལ་གཞས་ཤིག་ཡིན། ཆ་ཚང་མི་ཤེས།
བོད་པའི་གཏམ་དཔེར། སངས་རྒྱས་འགྲོ་བ་འདྲེན་སྐབས། ལྷ་འདྲེ་གཏོར་མར་མ་བརྩོད་ཟེར་བ་བཞིན་ངེད་ཚོ་མང་པོ་ཞིག་གིས་བོད་སྤྱིའི་ཁེ་ཕན་དང་བོད་མིའི་བདེ་སྡུག་སྐོར་ལ་གྲོས་བསྡུར་བྱེད་པའི་སྐབས་ཁྱོད་འདིར་ཡོང་ནས་མཇེ་དང་སྟུ་ཡི་སྐོར་བྲིས་ནས་དུས་ཚོད་གདའ་བ་དེ་ཁྱོད་ཀྱིས་བྱས་ན་ཇི་འདྲ་རས།
མ་གཞི་ནས་ཁྱེད་ཚོ་སྙན་ངག་འབྲི་མཁན་ཚོར་ན་ཚ་ཞིག་འདུག དེ་ནི་སྙན་ངག་ཟེར་ན་འཁྲིག་པ་དང་བུ་མོའི་ ་རྐུབ། དེ་མིན་བླ་མར་སྤྲེལ་ལད་ཙམ་ལས་གཞན་ལ་གོ་མི་ཐུབ་པ་འདི་ཡ་མཚན་རེད།
སྐུ་ཞབས་ཟུར་བལྟས་ལགས་ཀྱིས་ཀའ་བཀྱོན་གནང་བར་རྒྱུ་མཚན་ལོས་ཡོད་ཀྱང༌། མཇེ་དང་སྟུའི་བྱ་བྱེད་ལས་གསུམ་དེ་ཚོ་ཡང་མིའི་འཇིག་རྟེན་ན་གལ་ཆེན་མིན་པར་སུས་ཀྱང་ཤོད་མི་ནུས། དེ་ཡིན་མིན་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་འདོད་བསྟན་ཚར་གཅིག་ྋཐྲྤཀློག་དང་ཤེས་ངེས། མ་གཞི་གཡབ་ཁང་ནང་གི་གཏམ་རྒྱུད་ཅེས་པའི་ཚིག་བཅད་དེ་སྙན་པོ་ཞིག་ཀྱང་འདུག