༼ ཐའེ་ཝན་གནས་བཞུགས་རྣམས་ཀྱིས་དམིགས་བསལ་གཟིགས་རྟོག་དང་ཕན་ཚུན་བརྒྱུད་གཏོང་གནང་རོགས།༽
ཐའེ་ཝན་གནས་བཞུགས་མཁན་སྤྲུལ་དགེ་བཤེས་དགེ་འདུན་པ་དད་སློབ་སྦྱིན་བདག་དང་བཅས་པའི་སྙན་དུ་
ཆེད་གསོལ།
སྤྱི་ལོ་༢༠༡༡མགོ་ཚུགས་ཙམ་ནས་ཡ་ང་བའི་གོད་ཆག་ཆེན་པོས་སའི་གོ་ལ་ཡོངས་ལ་འཇིགས་སྣང་ཚད་མེད་སྐུལ་བཞིན་པའི་དུས་མཚུངས་སུ་རང་རེའི་ཁྱིམ་མཚེས་འཇར་པན་གྱི་མཚོ་འཁྱོམ་གནས་སྟངས་ཤིན་ཏུ་ཛ་དྲག་ཏུ་གྱུར་ཡོད་པ་དང་། ད་དུང་མཚོ་འཕྱུར་དང་ཉིང་རྡུལ་གློག་གི་འབར་གས། ཁྱབ་འཕྲོའི་འོད་རླབས་ཕྱིར་ཤོར་བ་སོགས་ཀྱི་འཇིགས་སྔངས་ཆེན་པོ་དང་། མི་འབུམ་ཚོགས་མང་པོ་ཉེན་ཡོལ་དུ་གྱར་ཞིང་།
དེ་ལས་མང་པར་དཀའ་ངལ་འཕྲད་བཞིན་པ། འཛམ་གླིང་རང་བཞིན་གྱི་སྔངས་འཚབ་སློང་བཞིན་པ། ཡུལ་གྲུ་མང་པོར་ཕྱོགས་མཚུངས་ཀྱི་ཉེན་ཁ་ཡོད་པ། དེ་བཞིན་རྒྱ་ནག་ཡུན་ནན་གྱི་ས་ཡོམ་དང་ལེ་བྷི་ཡ་ཡི་གཡུལ་འཁྲུག་སོགས་རང་བྱུང་དང་མིས་བཟོས་ཀྱི་དཀའ་ངལ་ཡ་ང་བ་གཅིག་རྗེས་གཉིས་མཐུད་ཡོང་བཞིན་པ།
ད་དུང་རང་རེའི་གནས་ཡུལ་ཐའེ་ཝན་ལ་ཡང་འབག་རྩོག་གི་ཤུགས་རྐྱེན་དང་ས་འགུལ་མཚོ་འཁྱོམ་གྱི་ཤུགས་རྐྱེན་སོགས་ཡོང་སྲིད་པའི་ཉེན་ཁ་དེ་དག་ལས་གྲོལ་བ་དང་། སྐབས་འདིའི་གོད་ཆག་ཁྲོད་རྐྱེན་ལམ་དུ་གྱུར་པ་རྣམས་ཀྱིས་བདེ་འགྲོའི་གོ་འཕང་ཐོབ་ཅིང་། ཤུལ་ལུས་རྣམས་གང་མྱུར་ལུས་སེམས་གྱི་སྡུག་བསྔལ་མཐའ་དག་ལས་ངལ་གསོ་ཐོབ་སྟེ། རྒྱུན་ལྡན་གྱི་འཚོ་བ་སླར་གསོ་ཡོང་བ་བཅས་ཀྱི་ཆེད་མཆོག་གསུམ་ལ་གསོལ་བ་འདེབས་རྒྱུ་ལས་ལྷག་པའི་ཐབས་མཆོག་གཞན་མེད་ཅིང་། སངས་རྒྱས་ཀྱི་རྗེས་འཇུག་ཞིག་ལ་མཚོན་ན་དེ་ནི་གནས་སྐབས་འདི་ལྟ་བུར་ངེས་པར་མ་བསྐུལ་དང་བླངས་ཀྱིས་སྒྲུབ་དགོས་པའི་འོས་འགན་ཡིན་པ་ངེས་པའི་ཐོག ང་ཚོ་ཞིབ་འཇུག་ཚོགས་པའི་ཚོགས་འདུ་སྔ་ཕྱིའི་གྲོས་གཞིའི་དགོངས་དོན་གཞིན་འདི་ག་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་གིས་ཟླ་འདིའི་སྤྱི་ཚེས་༡༨གཟའ་པ་སངས་ཀྱི་དགུང་མོ་ཆུ་ཚོད་གཉིས་ཀྱི་རིང་གདུང་སེམས་མཉམ་བསྐྱེད་མཚོན་པའི་སྨོན་ལམ་ཟབ་རྒྱས་ཤིག་གོ་སྒྲིག་ཞུ་རྒྱུ་གཏན་ཁེལ་ཟིན་པས་ཐའེ་ཝན་འབྲེལ་ཡོད་སོ་སོས་རང་རང་གི་ཆོས་ཚོགས་ཀྱི་འགན་ཁུར་ཏེ ་མཉམ་ཞུགས་གནང་ཐུབ་ངེས་ཀྱི་དམིགས་བསལ་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད། ཆ་འཕྲིན་འདི་སུས་གསན་ན་ཕན་ཚུན་ངེས་པར་གསུང་གནང་ཡོད་པ་དང་བརྒྱུད་ལམ་ཁག་ཏུ་གང་མང་གཏོང་རོགས། གཅིག་གིས་གཅིག་ལ་སེམས་ཐག་ཉེ་བོས་མཉམ་ཞུགས་ཀྱི་སྐུལ་སློང་གནང་རོགས།
གཤམ་གསལ་དོན་ཚན་ཁག་ལ་དམིགས་བསལ་ཐུགས་སྣང་གནང་རོགས།
༼༡༽ ང་ཚོས་ལོ་སྔ་མར་ཡུལ་ཤུལ་ས་ཡོམ་སྐབས་མི་མང་ལ་སེམས་འགུལ་ཐེབས་སུ་འཇུག་མཁན་གྱི་དགེ་
འདུན་པ་དག་མིག་དཔེར་འཛིན་རྒྱུ།
༼༢༽ འདི་ནི་དགེ་འདུན་པས་དད་ལྡན་ལྟོས་བཅས་མི་མང་ལ་རང་གི་བྱམས་བརྩེ་ལག་ལེན་དུ་བྱེད་པའི་
དུས་སྐབས་གལ་ཆེན་ཞིག་ཡིན་པ།
༼༣༽ འདི་ནི་ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་མཉམ་འབྲེལ་གྱིས་
ལག་གདངས་སྦྲེལ་བའི་གོ་སྐབས་གལ་ཆེན་ཞིག་ཡིན་པ།
༼༤༽ འདུ་འཛོམས་འདིར་བླ་སྤྲུལ་སུ་འདྲ་ཞིག་ཡིན་ཡང་རང་ཉིད་ལ་དམིགས་བསལ་གདན་ཞུས་དགོས་
པའི་དགོངས་ཚུལ་མི་གནང་བར་བློ་གཅིག་སེམས་གཅིག་གིས་རང་འགུལ་གྱིས་མཉམ་ཞུགས་གནང་
རྒྱུའི་དཀྱེལ་ཡངས་ཀྱི་དགོངས་བཞེས་ཡོང་བ།
༼༥༽ ཁག་སོ་སོས་མི་རེ་ངོ་རེ་ནས་རང་གི་ཆོས་ཚོགས་དང་འབྲེལ་ཡོད་གང་མང་མཉམ་ཞུགས་གནང་རྒྱུའི་
འབོད་སྐུལ་དང་རོགས་རམ་ཡོང་བ།
ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་༏
དུས་ཚོས། ༢༠༡༡ལོའི་ཟླ་༣ཚེས་༡༨གཟའ་པ་སངས་མཚན་མི་ཆུ་ཚོད་༧/༣༠-༩/༣༠བར།
ཐའེ་ཝན་གཡུ་འབྲུག་རི་བོ་དགོན་པའི་རིག་གནས་ཁང་ཆེན་ཐོག་བརྩེགས་བདུན་པའི་
ཚོགས་ཁང་ཆེན་མོ།
ས་ཆ། 新北市板橋區文化路二段242號7樓
(江子翠捷運站3號出口)
ཁ་པར། ༠༢༨༦༦༥༠༩༤༩ ༠༩༦༣༠༡༧༥༠༨ ༠༩༢༦༢༧༨༣༦༩
གློག་ཕྲིན། itbsi@buddhajnana.org
བོད་རྒྱལ་ལོ་༢༡༣༨ཆོ་འཕྲུལ་ཟླ་བའི་ཚེས་༨སྤྱི་ལོ་༢༠༡༡ལོའི་ཟླ༣་ཚེས་༡༣ལ། བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་ཚོགས་ཆུང་ནས་ཕུལ།
མྱུར་སྐྱོབ་ཀྱི་ལས་དོན་ནང་མཉམ་ཞུགས་བྱེད་མ་ཐུབ་ཀྱང། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཞིང་དུ་སྨོན་ལམ་དང་སྐྱབས་འཇུག་ཞུ་རྒྱུ་ནི་ནང་པའི་རྗེས་འཇུག་པ་ཚང་མའི་འོས་འགན་དང། ལྷག་པར་དུ་འཛམ་གླིང་གི་ཆོས་ལུགས་ཚང་མང་གསོལ་སྨོན་ཞུས་ཏེ་ཆོས་ལུགས་ཚང་མ་འགྲོ་བ་མིའི་བདེ་སྡུག་གི་ཆེད་དུ་མཐུན་སྒྲིལ་དང་མཉམ་གནས་བྱེད་རྒྱུ་ནི་འོས་བབ་ཅིག་རེད།
ལས་འགུལ་ཁ་ཚ་དགོས་བཏུག་སྤེལ་རྒྱུའི་རེ་བ་དང་། ཅིག་ཅིག་མག་མག་གི་མིང་བཏགས་ཏེ་དངུལ་བསྡུའི་བྲེལ་ཟིང་མི་གནང་བར་ཞུ།
ལས་འགུལ་ཁ་ཚ་དགོས་བཏུག་སྤེལ་རྒྱུའི་རེ་བ་དང་། ཅིག་ཅིག་མག་མག་གི་མིང་བཏགས་ཏེ་དངུལ་བསྡུའི་བྲེལ་ཟིང་མི་གནང་བར་ཞུ།
མེ་ཏོག་དཀར་ོས་བཤད་པར་མོས་འདུན་ཡོད།
སྔོན་ལོར་སྐྱེ་དགུའི་མདོར་ས་འགུལ་བྱུང་སྐབས་རྒྱལ་ཕྱི་ནང་དུ་རོགས་སྐྱོབས་ཀྱི་ཚཔོགས་པ་དང་དྲྭ་རྒྱ་ལས་སོགས་བརྒྱུད་ལམ་སྣེ་མང་གིས་བརྒྱུད་ནས་དངུལ་མང་པོ་བསྡུ་རུབ་བྱས་དང་བྱེད་ཀྱིན་འདུག
ལྷག་པར་དུ་ཕྱི་རྒྱལ་དུ་ཆོས་ཚོགས་ག་གེ་མོ་མང་པོ་ཞིག་གིས་དངུལ་བསྡུ་རུབས་ཀྱིས་རང་ཉིད་ཀྱི་ཆོས་ཚོགས་སུ་ཉར་བའམ་དམིགས་འདུན་གཞན་མར་གཏོང་བའང་མཐོང་ངོ།
དེས་ན་ཁ་བཤད་ལག་ལེན་དུ་འཁེལ་བའི་རོགས་ཕན་བྱ་དགོས་པ་ལས་འཇིག་རྟེན་བོན་བརྒྱད་ཀྱི་དབང་དུ་མ་འགྲོ་བ་ཞིག་དགོས་གལ་ཆེ།
༡༽གནས་དེར་བཞུགས་མཁན་ཞིག་ཡིན་ཚེ་ཆོས་ལུགས་ལ་དད་པ་ཡོད་མེད་ཅི་ལྟར་ཡང་རུང་། མྱ་ངན་གྱི་དགོངས་ཙོགས་སམ་སྨོན་ལམ་ལ་ཞུགས་རྒྱུ་གལ་ཆེ་བར་མཐོང་། ༢༽ལ་སྟོད་བུས་བཤད་པའི་བོད་ཀྱི་ས་ཡོམ་གྱི་ཆེད་དུ་དངུལ་བསྡུས་ཏེ་རང་གིས་ཉར་བའི་སྐོར་རྒྱུས་ཡོད་ན་ག་གེ་དང་ཆེ་གེ་མི་ཟེར་བར་མིང་གཅེར་བར་བཏོན་ཏེ་གསུང་རོགས། བདེན་པའི་རྒྱུ་མཚན་བཤད་རྒྱུས་ཕོངས་ན་རྒྱུ་ནོར་དང་དཀའ་ལས་ལ་མ་འཛེམས་པར་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པར་གླེང་ལོག་དང་མཚན་སྙན་ལ་གནོད་པའི་སྐད་ཆ་མ་གསུང་རོགས། རང་ཉིད་ལ་དངུལ་ཁ་ཤས་ཞིག་ཡོད་པ་སྐབས་དེར་ཕུལ་བ་ཡིན། དམིགས་པའི་ཡུལ་ལ་འཕྲོད་ཡོད་པའི་ཡིད་ཆེས་ཡོད། འདི་འདྲའི་དོགས་པ་མང་པོ་བསླང་ན་ཕྱིན་ཆད་མིག་གིས་མཐོང་ས་ནས་ཕྱག་ལག་ཚ་བོའི་ནང་དུ་མ་བཞག་ནས་ག་གོར་གླེང་རྙོགས་ཡོང་ལས་ཆེ་བས་ངེས་པར་ཡིད་སྐྱོ་བ་ཞིག་རེད། ༣༽ཉི་་ཧོང་ནི་ཡ་གླིང་རྒྱལ་ཁབ་གྱི་ནང ནས་བོད་དོན་ལ་ཐུགས་ཁུར་ཁ་ཡོད་ལག་ཡོད་དང་བོད་ཀྱི་སློབ་གྲ་སོགས་ལ་རོགས་རེམ་རྒྱ་ཆེར་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པས་བོད་རིགས་ཡོངས་ཀྱིས་དཔལ་འབྱོར་གྱི་རོགས་རེམ་རྒྱ་ཆེན་པོ་མ་ཐུབ་ཀྱང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་མེ་ཏོག་འབུལ་རྒྱུ་གལ་ཆེ།
དྲི་མེ་ལྷག་བསམ་ལགས་སེམས་ལ་དྲན་ཚད་རེ་རེ་བཞིན་ལྕེ་ལམ་ནས་འདོན་དགོས་སམ།
དེ་ལྟར་ན་ཁྱེད་ཀྱིས་ཉི་ཧོང་གིས་བོད་ཀྱི་སློབ་གྲྭ་ལ་ཕན་ཐོགས་རབས་བཤད་འདུག་དེ་དག་རེ་རེ་བཞིན་དུ་གསུང་ན་འགྲིག་གམ།
ངས་མཐོང་དང་ཤེས་ས་འི་སློབ་གྲྭ་སོགས་ལ་དེ་ལྟར་ཡོད་པ་མ་མཐོང་མ་གོ།
དེ་ལྟར་བཤད་ན་མ་འོང་པར་རྣམ་དྭོག་འདྲ་མིན་མང་པོ་སླེབ་སྲིད་པ་རེད།
༄༅།། འཇམ་དཔལ་བོས་ཇི་ལྟར་མཁྱེན་པ་དང། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར་། དགེ་བ་འདི་བདག་ཐམས་ཅད་རབ་ཏུ་བསྔོ།།
ཨོཾ་མ་ཎི་པདྨེ་ཧཱུཾ།
ལ་སྟོད་བུ། སེམས་ལ་དྲན་ཙམ་ཡིན་ན་ཁྱོད་རང་གི་རྣམ་རྟོག་རེད། ཕྲག་དོག་རེད། གླེང་ལོག་རྫུན་འདེབས་བྱས་པ་རེད། བདེན་པ་ཡོད་ན་ཐེར་འདོན་བྱ་རིགས་སོ། །་ཁྱོད་ལ་སྟོད་བུ་ཡིན་ན་ཕ་ཡུལ་གཅིག་པ་གཉའ་ནང་པ་བུ་དོན་གྲུབ་དང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་ལ་སྐད་ཆ་དྲིས་དང་བོད་ཕྲུག་ཁྱིམ་སྡེའི་གཙོས་བོད་ཕྱི་ནང་གི་སློབ་གྲྭ་ལྔ་བཅུ་ཙམ་ཞིག་ལ་ཉི་ཧོང་གིས་རོགས་པ་བྱས་རབས་བཤད་རྒྱུ་འདུག མ་ཟད་རྒྱལ་བ་རིན་པོ་ཆེ་ཕེབས་ཐེངས་རེ་ལ་འབུལ་བའི་དངོས་པོ་རྣམས་བོད་མི་རིགས་ཀྱི་བསྟན་སྲིད་ཀྱི་བདེ་རྩ་ཁོ་ནར་གནང་བ་མིནནམ། ཡ་གླིང་འདིར་རྒྱ་གར་རྒྱལ་ཁབ་ཕུད། དེ་མིན་གཞན་གྱི་གནོན་ཤུགས་ལ་མ་འཛེམས་པར་༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་དང་། དངོས་ཤུགས་བརྒྱུད་གསུམ་ནས་བོད་ལ་རོགས་རེམགནང་མཁན་ཉི་ཧོང་ལས་ལྷག་ཅིག་མེད་པ་འདྲ། མ་མཐོང་མ་གོ་བའི་སྐོར་བླུན་པོ་འདུག་ཤེས་བྱས་ཏེ་ཐག་གཅོད་མི་སྔ་བར་མཁྱེན།
ཐེ་ཝན་མཚོ་གླིང་ན་ཆོས་ལུགས་འདྲ་མིན་ཀྱི་ཚོགས་པ་ཤིན་ཏུ་མང་ནའང་། དཀའ་སྡུག་གི་གནར་བའི་འགྲོ་བ་སེམས་ཅན་གྱི་ཆེད་ཁ་ཡོད་ལག་ཡོད་ཀྱིས་རེས་མེད་སྐྱབས་གནས་དགེ་འདུན་པ་དག་མཉམ་འཛོམ་གྱི་སྨོན་ལམ་འཚོགས་རྒྱའི་རླབས་ཆེན་གྱི་ལས་འགུལ་བཟང་བོ་སྤེལ་བར་སྙིང་ནས་རྗེས་སུ་ཡི་རིང་གི་སྔགས་བརྗོད་ཞུ་འོས་པ་ལས། སྐྱོན་བརྗོད་བྱེད་ག་ལ་རུང་། ཕུག་རྒྱངས་ཐུང་བའི་ཀླད་མེད་ཁ་ཤོས་ཀྱིས་ག་དུས་ཡིན་ནའང་རི་བོང་གནམ་སྡིབས་ཀྱི་སྡུག་བསྔལ་མྱོང་བཞིན་པའི་དེ་མ་མྱུང་ལོ།། ཐུགས་བདེ་བོ་བྱོས་ཚོགས་པ་འདི་ནི་མིང་དོན་མཚུངས་པའི་ཚོགས་པ་ཡོག་ཤོས་ཤིག་ཡིན་ཚོགས་མི་རྣམས་ཀྱི་སྣ་མང་་གྲུབ་འབྲས་བཟང་བོས་ར་སྤྲོད་གསལ་པོ་བྱུང་འདུག་པས་ཐུགས་བདེ་མཛོད།། །།