ལོ་ལོན།
བསམ་བློ་ཐེངས་གཉིས་ཐོངས། ཐག་གཅོད་ཐེངས་གཅིག་བྱོས། བཀའ་བློན་ཁྲི་བའི་འོས་འདེམས་ལ་ཉིན་གྲངས་བཞི་ལས་མེད། མི་རེའི་སེམས་སུ་རང་གི་འོས་མི་རེ་ཡོད་། འོས་མི་དེའི་བཟང་ཕྱོགས་ཀྱི་ཡོན་ཏན་དང་ངན་ཕྱོགས་ཀྱི་ཞན་ཆ་ཚང་མ། རང་རང་གི་སེམས་སུ་གསལ་བོ་ཡོད་ངེས། ད་དུང་། འོས་མི་གསལ་བསྒྲགས་དང་འབྲེལ་གཞན་པར་སྐུལ་སློང་ཡང་གང་ཐུབ་ཐུབ་བྱས་ཡོད་སྲིད། རང་ཉིད་ཀྱི་འོས་མི་དེ་ལ། འོས་ཀྱི་རྒྱལ་ཁ་ཐོབ་འདོད་ཀྱི་རེ་བ་ཤུགས་ཆེ་ཡོད་སྲིད་། དེ་ནི་བསམ་བློ་ཐེངས་དང་པོ་རེད། འོན་ཀྱང་། མི་འདོད་བཞིན་ཏུ་བསམ་བློ་ཐེངས་གཉིས་པ་ཞིག་ངེས་པར་དུ་བཏང་ནས། མཐའ་མའི་ཐག་གཅོད་ཐེངས་གཅིག་པོ་དེ་བྱེད་དགོས། གསུམ་གྱི་ནང་ནས་གཅིག་འཐེན་ན་གཉིས་ལྷག་ཡོད་པ་རེད། གལ་ཏེ། རང་ཉིད་ཀྱི་འོས་མི་དེར་རྒྱལ་ཁ་མ་འཐོབ་ན། འོས་མི་གཞན་པ་གཉིས་ཀྱི་ནང་ནས་སུ་ཡར་ལ་འཐེན་དང་། སུ་མར་ལ་འཇོག སྔོན་འགྲོའི་འོས་གྲངས་ནས་དཔེ་མཚོན་ཙམ་ཞུས་ན། བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་བ་དག་གིས། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ནས་སུ་འདེམས་གི་ཡིན། འདི་ནི། ཚང་མས་མི་འདོད་བཞིན་ཏུ་གཏོང་དགོས་བའི་བསམ་བློ་གཉིས་པ་དེ་རེད། བསམ་བློ་ཐེངས་གཉིས་ལ་བཏང་ནས་ཐག་གཅོད་ཐེངས་གཅིག་གནང་རོགས། རང་ཉིད་ཀྱིས་འདོད་པའི་མི་དེ་བཀའ་ཁྲིར་སླེབས་མ་ཐུབ་ན་ཡང་། རང་ཉིད་ཀྱིས་མི་འདོད་པའི་མི་དེ་བཀའ་ཁྲིར་སྐྱེལ་དགོས་བའི་ངེས་བ་མེད།
དམངས་གཙོའི་དུས་རབས་འདིར་བཀའ་་ཁྲི་་མི་གཅིག་གིས་རྒྱལ་ཁབ་ཅིག་ལ་འགྱུར་བ་ཆེན་པོ་ཞིག་ཐོན་རྒྱུ་དཀའ། གཙོ་བོ་སྤྱི་འཐུས་དང་བཀའ་ཤག་གི་མི་སྣར་ཤེས་འཇོན་དཔའ་གསུམ་དགོས། འོན་ཀྱང་འདས་པའི་མཛད་རྗེ་ལ་དཔག་སྟེ་བསམ་བློ་ཐེངས་དང་པོ་དེ་བཀྲས་མཐོང་ཡིན། གཉིས་པ་དེ་ལྷག་བསམ་དང་མཐུན་སྒྲིལ་ལ་བསམ་ནས་བཀྲ་དབང་འདམ་རྒྱུ་ཡིན། གསུམ་པ་བློ་སེང་གིས་ཉམ་མྱོང་བསག་ནས་བྱས་རྗེས་ཤིག་བཞག་པའི་རྗེས་སུ་ངོ་སོ་བསྟོད་ཆོག རང་རེའི་སྤྱི་ཚོགས་ལ་མཁས་པ་ཁོང་འདྲ་བོ་ངེས་པར་དགོས། ཁྲིམས་རྩོད་པ་ཕལ་ཆེར་དགེ་སྡུག་གོ་ལོག་དང་མགོ་བདེ། གཞན་ལ་ཡིད་མི་སྟོན་པ། གཡོ་སྒྱུ་ཚ་བོ་དགོས་པས་དེའི་དྲི་མ་ཅུང་ཞིག་མེད་དམ་སྙམ། འཛམ་གླིང་འདིར་འོས་ཤོག་ཐོབ་ཆེ་བ་ཁྲིམས་རྩོད་པ་དང་གར་མཁན། གླུ་བ་སོགས་རེད། འོན་ཀྱང་སྲིད་འཛིན་ཆེས་ཐབས་སྡུག་པའང་དེ་ཚོ་རེད། རེ་འགར་བློ་འདོན་པ་ཡག་པོ་ཡོད་པ་དང་། དེའི་ཁ་ལ་ཉན་པ་སོགས་ཀྱིས་ཕྱི་རོལ་གྱི་སྣང་ཚུལ་ལེགས་པའང་རེ་གཉིས་བྱུང་ཡོད་པ་དམིགས་བསལ་རེད། ཉི་་ཉོང་གི་ཆབ་སྲིད་ཞིབ་འཇུག་པ་ཐེན་རྫོན་ཧྥུ་ཏ་བྲིས་པའི་འཛམ་གླིང་ཆབ་སྲིད་པའི་རང་བཞིན་ཟེར་བའི་དེབ་དེར་ལྟོས་དང་། ཁྲིམས་རྩོད་པ་ནི་འགྱུར་བ་རྐྱེན་པའི་ཆབ་སྲིད་པ་དང་། སྤྱི་ཚོགས་མཐུན་སྒྲིལ་གྱི་ནུས་པ་མེད་པའི་་སྐབས་འཚོལ་རིང་ལུགས་པ་རེད། ཅེས་བྲིས་འདུག མཚོན་དཔེ་འཛམ་གླིང་གི་ཁྲིད་འཛིན་ཚོ་ལ་ཞིབ་འཇུག་བྱེད་འོས། འོན་ཀྱང་རང་རེའི་བློ་སེང་ལ་ཕྱོགས་གཅིག་ནས་བོད་མིའི་ལྷན་སྐྱེས་ཀྱི་ལ་རྒྱ་དང་ལྡན་པ་ཡིན་པས་ཁྲིམས་རྩོད་པ་གཞན་དང་བསྡུར་རྒྱུ་མེད་སྙམ།
ད་ནི་བཀའ་ཁྲིའི་འོས་ཤོག་སླེབས་ཡ་ཉིན་གསུམ་ལས་མི་འདུག་ཡ་།
མི་རབ་རྒན་པ་ཚོའི་བཀྲ་ཤིས་དབང་འདུལ་དང་་་
་་་་་་་བཀྲས་མཐོང་གཉིས་དགོས་ཟེར་གྱི་འདུག་།
མི་རབ་གཞོན་པ་ཚོའི་བློ་བཟང་སེང་གེ་དགོས་ཞེས་བརྗོད་ཀྱི་འདུག་པས་་་་ད་ཡིན་ན་ལྟས་མོ་འདུག་།།
ཀེས། བསྟན་ཕག བོད་མི་ལ་རྒན་གཞོན་ཕྱེ་ནས་ཁ་བྲལ་དུམ་བུར་མ་གཏོང། ང་བོད་མིའི་ནང་གི་ཆུང་ཤོས་དེ་ཡིན་ཏའ། མདང་སྐྱེས་ཀྱི་བྱིས་པ་ཡིན། ང་ལ་གཅེན་པོ་དགོས། འོན་ཀྱང་གཅེན་པོ་ཁྲམ་པ་དེ་འདྲ་རྩ་བ་ནས་མི་དགོས། ཤེས་སོང་ངམ་། འོས་ཤོག་གི་ལྟོགས་སླ་མ་རྒྱག མི་སྤྲོད་ཐག་ཆོད་ཡིན།
གྲོས་མི་ལ་དྲིས།
ཐག་རང་གིས་གཅོད།
རྩོད་པ་རང་གྲོལ་དུ་གཏོང།
རང་དབང་རང་ལག་ཏུ་ཡོད།
བློ་སེང་གིས་ཁྲིམས་རྩོད་པའི་ཐབས་ལམ་ཤེས་པས་ལན་རྒྱག་རྒྱུ་མ་རེད། ངས་ཀྱང་ཁྲིམས་ལུགས་ལ་སྦྱང་བ་བྱེད་ཀྱིན་ཡོད། འོན་ཀྱང་ཁྲིམས་རྩོད་པའི་ལྟ་བ་དེ་ངའི་མི་ཚེའི་ལྟ་བ་དང་རྒྱབ་འགལ་རེད་འདུག་པས་སློབ་མཐར་ཕྱིན་པའི་རེ་བ་ཆེར་མི་འདུག དཔེར་ན། ཁྲིམས་མ་ཡིན་པའི་རྩོད་པའི་ཐབས་འཇུས་སྣ་ཚོགས་ཀྱིས་ཕ་རོལ་པོ་ཕམ་འཇུག་པ་སྟེ། རྣམ་འགྱུར། དུས་ཚོད། ཚིག་སྐྱོན། ཨུ་ཚུགས། འཇིགས་བསྐུལ་སོགས་ཀྱིས་འཁྲུལ་འཇུག་པ་སོགས་་་་་་རང་རེའི་བློ་སེང་ལ་རྒྱ་དང་ཡིད་ཆེས་ཆོག་པའི་སྨོན་ལམ་ཞུ།
ལོ་ལོན་ལ་མ་མཇལ་འགོར་སོང་།བདེ་མོ།ངས་ཁྱོད་ཐག་རིང་ཞིག་ལ་བུད་སོང་ནི་ཡིན་ས་རེད་བསམས་སོང་།གོ་རྒྱུ་ཚོར་རྒྱུ་ཅི་ཡང་མི་འདུག
ཟླ་ཆོས་ལེགས་། ངའི་རོ་ཐོ་། ད་དུང་ཡང་འདིར་རུ་ཡོད་ཁ་ཡིན། ད་ལོ་ལོན་རི་འགུལ་མི་གི་རིགས་གི་། དུང་བུད་པ་རྣ་ཡི་མི་གོ་གི།