བོད། ལྷ་ཀླུ་གཉན་གསུམ་ནས།
་་་་་་་་་གཏམ་མྱི་ཁ་མེད་ན་ཤི་ནི་ཡིན། ཤིང་འཛེར་མ་མེད་ན་རུལ་ནི་ཡིན།
བོད་ཀྱི་གཏམ་དཔེ་འདི་སྔོན་དུ་དྲངས་དེ། དེ་རིང་ངས་སླར་ཡང་བོད་ཀྱི་ད་ལྟའི་གནད་འགག་གི་སྐད་ཆ་དེ། རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ། འཛམ་གླིང་ཡོངས་གྲགས་ཀྱི་སྐྱབས་མགོན་ཏྰ་ལའི་བླ་མ་དང་བོད་ཀྱི་འབྲེལ་བའི་སྐོར་ནས་ཅུང་ཞུ་རྒྱུ་ཡིན། དེ་ཡང་བོད་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་འབྲེལ་བ་ཤུགས་ཆེ་ཤོས་ནས་ཆོས་ཕྱོགས་ནས་འགོ་བཙུགས་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་མཐོ་ཤོས་དེ་གངས་ཅན་བོད་པ་ཚང་ལ་མཚོན་ན་ཆགས་མྱོང་ལ། ད་ལྟའི་འཆར་ཡང་དེ་ལ་ནམ་ཡང་འགྱུར་བ་འགྲོ་མི་སྲིད། རྒྱལ་བ་སྐུ་ཕྲེང་རིམ་བྱོན་མཇུག་མ་བསྡུས་པར་དུ།
གླེང་གཞི་དངོས་ནི་རྒྱལ་མཆོག་ལྔ་བ་ནས་བཟུང་དེ་བོད་ཀྱི་སྲིད་དབང་གི་གོ་གནས་ལ་ཤུགས་ཆེ་ཙམ་ཐེབས་པའི་སྐྱབས་མགོན་ཏྰ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་བྱུང་བ་ནས། དེ་རིང་གི་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་འདིའི་བར་དུ་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མི་བཞེས་ཐབས་མེད་བྱུང་བའི་བོད་ཀྱི་གནས་དུས་་ཤིག་བྱུང་བ་མྱོང་བ་དང་། བྱུང་བ་དེ་ཡང་བོད་ལ་སྐུ་དྲག་དབང་སྒྱུར་གྱི་ལམ་ལུགས་དབང་བཙན་པོའི་འོག་ནས་ནང་བའི་བླ་སྤྲུལ་མཐོ་ཤོས་ཤིག སྔོན་མའི་སྐུ་དྲག་རང་ལུགས་པ་དེ་དག་གིས་ལག་པ་འཕྱི་ས་ཁོ་ནར་བེད་སྤྱོང་བཏང་བ་ཤུགས་ཆེ་ཙམ་བྱུང་བ་ནི། འདས་པའི་བྱུང་རིམ་ལས་ང་ཚོ་ལ་ཁ་ཚུར་གྲགས་མྱོང་བ་རེད།
འདས་པའི་སྐུ་ཕྲེང་རིམ་བྱོན་ལས་འབུར་དུ་ཐོན་པའི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཞིག་བྱུང་མྱོང་བ་དང་། ཁོ་རང་ལ་དབའ་ངར་ཞིམ་མེད་ཀྱི་བློ་གྲོས་དང་ཐུགས་སྟོབས་ཀྱི་མཁྱེན་ཡངས་ཅི་འདྲ་ཆེ་ན་ཡང་། ནད་དུག་འཕོག་པའི་སྐུ་དྲག་ཧམ་ཅན་དེ་དག་ལས་རྒྱལ་མ་ཐུབ་པར་མཐར་སྐུ་མྱ་ངན་ལས་འདས་པ་དང་། མ་འདས་གོང་དུ་བོད་མི་དམངས་ལ་བཀའ་གསུང་དྲི་མ་མེད་པ་ཆེས་མང་བོ་ཞིག་གནང་ན་ཡང་། བོད་མི་ཉམ་ཐག་རྣམས་པ་སྐུ་དྲག་ཧམ་ཅན་དེ་དག་གི་རྒྱུ་འབྱོར་དབང་ཤུགས་ཀྱི་འགྲན་ཡ་མ་ཡོང་བའི་མཐར་མི་རབས་གོང་མ་དེ་དག་གི་ལག་པ་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཤོར་བ་དང་ལྷན་དུ་རྒྱ་ནག་པོ་བོད་དུ་གོམ་པ་སྤོ་བའི་འགོ་ཡང་བཙུགས་པ་རེད།
ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་བྱང་དུ་ཕེབས་ཀྱང་། བོད་མི་རིགས་ལ་ཆོས་ལུགས་ཀྱི་ཤུགས་ཆེན་ཧ་ཅང་ཆེ་བའི་མཁར། ཏྰ་ལའི་བླ་མར་དེ་བས་ཀྱང་བརྩི་འདང་ཆེ་བས། ཏླ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཞིག་མི་ཡོང་ཐབས་མེད་ཆགས་ཡོད་པ་ཚང་མས་ཤེས་གསལ་ལྟར། བསོད་ནམས་དམན་པའི་མི་རིགས་ཤིག་ལ་བླ་ན་མེད་པའི་ཏྰ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་བ་ཞིག་རེག་ན་ཡང་། བྱིས་པ་ལོ་ངོ་བཅུ་དྲུག་ཅན་ཞིག་ལ་རྒྱལ་སྲིད་ཀྱི་སྐུ་དབང་ཡོད་ཚད་འཇིག་ཉེན་གྱི་འཐབ་འཁྲུག་ཞིག་གི་ཁྲོད་ནས་ལག་དུ་གཏད་པ་རེད།
དབའ་ངར་ལྡན་ཞིང་། མིའི་རིགས་ཀྱི་བྱམས་བརྩེའི་བདག་ཉིད། ་སྐྱེ་བུ་ཏྰ་ལའི་བླ་མ་མཆོག་གི་ཆོས་ཀྱི་བསླབ་བ་སློབ་གཉེར་ཡང་མཇུག་སྐྱོང་ཚར་མེད་ཀྱང་། ཀུན་གྱི་སྐུལ་བའི་ངོ་ལྡོག་མ་ཐུབ་པར་གཞན་དོན་ཁོ་ནའི་དཀའ་ངལ་ཡོད་ཚད་རང་གི་ཕྲག་པར་འཁུར་ནས། ཉིན་མ་དེ་ནས་བཟུང་བོད་མི་རིགས་འདི་ཤི་ལམ་ནས་གསོན་ལམ་དུ་འཐེན་པའི་ཏྰ་ལའི་སྐུ་ཕྲེང་བཅུ་གསུམ་གྱི་མཛད་འཕྲོ་ཡོད་ཚད་འཁུར་དུ་བཞེས་དེ། ས་ཡ་དྲུག་གི་བདེ་སྡུག་ཡོད་ཚད། འཛམ་གླིང་ཤར་ལྷོ་ནུབ་བྱང་གི་སྐྱེ་འགྲོ རྣ་བ་ཡོད་ཚད་དང་མིག་ཡོད་ཚད་ཀྱི་མ་གོ་མ་ཐོས་པ་མེད་ས་ཞིག་དུ་བསྐྱལ་ནས། བོད་མི་རིགས་ནི་མི་གཅིག་གི་བདེ་སྡུག་མིན་པ་དང་། མི་གཅིག་གི་དབང་ཆ་དང་། ཐོབ་ཐང་དང་སྙན་གྲགས། ཁེ་དབང་སོགས་མིན་པ་དང་། བོད་མི་རིགས་ལ་མི་ཡོད་པ་དང་། བོད་མི་རིགས་ལ་བོད་མི་རིགས་ཀྱི་བདག་པོ་ཡོད་པ། གཞིན་ལུས་བོད་མི་རྣམས། བོད་མིའི་དོན་གྱི་བདག་པོ་ཡིན་པ། ཡོད་ཚད་ཀྱི་མ་ཐོས་པ་མེད་པ་དང་མ་གོ་བ་མེད་པ་བྱས་པ་རེད།
མཚམས་འདིར་ཏྰ་ལའི་བླ་མ་དགུང་ལོ་བགྲེས་ཤིང་། བོད་མི་རིགས་དང་མི་འགྱངས་པར་ཁ་གྱེས་པ་ནི་སྐྱེ་ཐར་འཆི་བ་ལྡོག་དུ་མེད་པ་ནི། ཚང་མར་གསལ་བ་ཡིན་དུས། ཏྰ་ལའི་བླ་མ་མཆོག་གིས། ངས་ཀྱང་གྲྭ་སྒྲིག་ཚགས་འཚུད་པོ་ཞིག་མ་བྱས་ན་ག་ལ་འགྲིག་སྙམ་ནས་ལོ་ངོ་དུ་མའི་གོང་ནས་བཟུང་དེ། བོད་ཀྱི་རིགས་སུ་གཏོགས་པ་ཡོད་ཚད་ཀྱི་རྣ་བར་བསྐྱལ་བ་དང་སེམས་ལ་བཞག་ན་ཡང་། ད་དུང་། བོད་མི་དག་གིས་མ་གོ་ཚུལ་དང་མ་ཐོས་ཚུལ། {དམིགས་བསལ་གྱི་བོད་མི་བཙན་བྱོལ་གྱི་ལས་བྱེད་རྣམས་དང་ཀླད་པ་རུལ་ཟིན་པ་དག་གིས}ཨུ་ཚུགས་རྐྱང་རྐྱང་གིས་ཁོང་ལ་ཐུགས་ངལ་ཆེས་མང་བོ་ཞིག་བཟོ་བཞིན་ཡོད་པ་རེད། ཏྰ་ལའི་བླ་མ་སྐྱེ་ཕྲེང་དང་བོ་འགོ་འཛུགས་སྟངས་ནི་ནང་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་དངོས་ནས་བཙུགས་པ་ཡིན་དུས། ཏླ་ལའི་སྐྱེ་ཕྲེང་བཅུ་བཞིའི་ཚེ་སྨད་ནས་སླར་ཡང་ནང་བའི་དབུ་ཁྲིད་བླ་མེད་ཅིག་གི་གོ་གནས་དེ་ལས་ལྷོད་དུ་བཞུགས་དུ་་བཅུགས་པ་ཡིན་ན། བོད་མི་དག་གིས་ཁོང་གི་བཀའ་བརྩིས་པ་དང་། གསུང་དང་དུ་བླངས་པར་བཤད་ཆོག་པ་ཡིན།
འདི་ནས་དུས་བབ་ཚང་གི་ལས་བྱེད་ཡོངས་ལ་སྐད་ཅིག་སྐུར། དྲ་ཐོག་གི་སྤུན་ཟླ་སུ་ཞིག་དེ་དག་གི་ཉེ་འཁྲིས་སུ་ཡོད་ན་དེ་ལ་གསུང་རོགས་ཞུ། ཁ་སང་ཕྱི་དྲོ་ནས་དུས་བབ་དྲ་རྒྱའི་སྒོ་ཕྱེ་བར་དཀའ་ངལ་འདུག དེ་རིང་གཏན་ནས་ཕྱེ་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་ཀྱི་འདུག དེ་ནི་ང་རང་གཅིག་བུ་མ་རེད། བོད་རིགས་གྲོགས་པོ་གཞན་ཞིག་གིས་ཀྱང་ང་རང་ལ་ཁ་པར་འབྱོར་ནས་དེ་ཡི་གནད་དོན་སྐོར་དྲིས་སོང་། ངས་གང་ཤེས་ཤིག་བཤད་ཁུལ་བྱས་ཀྱང་ཐབས་ཤེས་རེག་མ་སོང་། ན་ནིང་ཡང་དཀའ་ངལ་དེ་འདྲ་ཞིག་འཕྲད་དེ་དུས་བབ་ཀྱི་རྩོམ་སྒྲིག་པ་མཆོག་ནས་དུས་ཐོག་དུ་སྤུན་ཟླ་དག་ལ་དྲ་བྱང་གཞན་ཞིག་ངོ་སྤྲོད་བྱས་པ་རེད། ད་ལོ་ཡང་དེ་འདྲ་ཡོད་ན་བཟང་གི་ཡ་་་
ང་ཚོ་དྷ་སར་ཡོད་མཁན་ནམ་ཡང་ན་ངའི་ལྕགས་ཤོག་ཁང་པ་འདིའི་ནང་ནས་དུས་བབ་དྲ་བར་འཛུལ་ཐུབ་ཀྱི་འདུག
གཅིག་བྱས་ན་ཕྱི་རྒྱལ་དུ་ཡོད་མཁན་ཚོར་སྒོ་བརྒྱབས་དང་ནི་ཨེ་ཡིན་ནམ། ཧ་ཧ་ཧ
ཨོ་རེད། དེ་རིང་དུས་བབ་དྲ་ཐོག་ན་གསར་འགྱུར་སོ་མ་གང་ཡང་མི་འདུག་པས་སེམས་བྲེལ་བ་མ་ལངས་དང་། སྒོ་འབྱེད་ཐུབ་ཀི་རེད་སྙམ།
ཨ་རོགས་དངོས་ནས་ཡིན་ན་བཟང་གི་ཡ
འདི་ནས་ད་དུང་ཡང་ཁ་ཕྱེ་མ་ཐུབ་པར་ལུས་ཡོད་ཀྱང་། མི་རིང་བར་ཁ་ཕྱེ་ཐུབ་པར་རེ་བ་ཡོད་ལ། ཕྱི་རྒྱལ་ཡུལ་གྲུ་གཞན་ན་ཡོད་པའི་དྲ་ཐོག་གི་སྤུན་ཟླ་དག་གིས་ཀློག་ཐུབ་ཀྱི་ཡོད་མེད་ཀྱི་ལན་རེ་ཡོད་ན་བཟང་གི་ཡ། ཁྱེད་རང་དངོས་ནས་ལན་མགྱོགས་ཀི་ཡ། དགའ་ནི་ཟིག་རེད། རྩོམ་སྒྲིག་པ་ཁྱོད་ལྟ་བུ་ཞིག་དགོས་ཀྱི་འདུག དུས་ཐོག་དུ་ལན་ཡོད་མཁན། ཨོ་རེད། ཁྱེད་རང་ཡང་རང་དབང་ཚང་གི་བདག་པོ་མ་རེད་དམ།
ངས་ཀྱང་དུས་བབ་སྒོ་འབྱེད་ཐུབ་ཀྱི་མི་འདུག
འདི་ག་བལ་ཡུལ་ནང་དུ་ཡང་དུས་བབ་ཁ་ཕྱེ་ཐུབ་ཀྱི་མིན་འདུག ཐབས་ཤེས་འདྲ་ཡོད་ན་ཤོད་རོགས།
འདིར་གར་ཁ་ཕྱེ་ཐུབ་ཀྱི་མིན་འདུག
རེད་ཡ དུས་བབ་ཁ་ཕྱེ་ཐུབ་མཁན་དག་གིས་དུས་བབ་ཅི་ལྟར་ཁ་ཕྱེ་བཞིན་ཡོད་ན། དེ་ཡི་འབྲེལ་ཐག་ཁ་བྱང་འདི་ལ་འཇོག་རོགས་ཞུ།