འཇམ་དཔལ་ཚུལ་ཁྲིམས་ནས།
གཤམ་གསལ་རྣམས་ནི་འབུམ་རམས་པ་བློ་བཟང་སེང་གེའི་སྐོར་ལ་རྒྱལ་སྤྱིའི་ནང་སྙན་འབར་བའི་གསར་ཤོག་ཁག་གིས་སྤེལ་བའི་དུམ་ཚན་འགའ་ཞིག་ཡིན།
༡། རྒྱ་གར་གྱི་The Telegraph ཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད། Johnson too said that whoever was elected, the new prime minister would operate in the Dalai Lama’s shadow. But he noted that the frontrunner, Lobsang Sangay, a Tibetan legal scholar currently at Harvard, enjoyed wide popularity among young Tibetans. ‘If Lobsang Sangay comes out on top,’ Johnson said, ‘he well could become a formidable global spokesman for Tibetans, at least those in exile.’
བོད་སྐད་དུ། ཇོན་སོན་གྱིས་ཀྱང་བཀའ་བློན་ཁྲི་བར་སུ་ཕེབས་པ་ཡིན་ན་༧གོང་ས་མཆོག་གི་སྐུ་ཡི་གྲིབ་བསིལ་འོག་ནས་ལས་དོན་སྒྲུབ་རྒྱུ་ཡིན། ད་དུང་ཁོང་གིས་བཤད་རྒྱུར་། ཧར་ཝཌ་གཙུག་ལག་སློབ་ཆེན་དུ་ད་ལྟ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་མཆོག་གཞོན་སྐྱེས་ཀྱི་ནང་དུ་སྙན་གྲགས་ཆེན་པོ་ཡོད། “གལ་སྲིད་བློ་བཟང་སེང་གེ་ལགས་བདམས་ཐོན་བྱུང་ན”་ཇོན་སོན་གྱིས་བསྟན་དོན་ “ཁོང་ནི་འཛམ་གླིང་ཐོག་དང་། དམའ་མཐར་ཡང་བཙན་བྱོལ་ནང་དུ་བོད་ཀྱི་མགྲིན་ཚབ་པ་ནུས་ལྡན་ཞིག་ཏུ་འགྱུར་རྒྱུ་རེད།”
༢། དབྱིན་ཇིའི་Guardianཞེས་པའི་ནང་འདི་ལྟར་འཁོད་ཡོད། The front-running candidate is currently Harvard law professor Lobsang Sangay, 42. He will be known as the Kalon Tripa.
བོད་སྐད་དུཿ འོས་མི་འོས་ཤོག་མང་ཤོས་ཐོབ་མཁན་ནི་རང་ལོ་༤༢་ཅན་གྱི་ཧར་ཝཌ་གཙུག་ལག་སློབ་གྲར་ཁྲིམས་ཀྱི་སློབ་དཔོན་བློ་བཟང་སེང་གེ་རེད། ཁོང་ལ་བཀའ་བློན་ཁྲི་པ་ཞེས་སུ་འབོད་ཀྱི་རེད།
༣། ཁེ་ན་ཌའི་Globe and Mail ཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད། The leading candidate to be the next prime-minister-in-exile is a Harvard-educated legal scholar who is seen as cosmopolitan and articulate; he has a huge following among Tibetan youth.
བོད་སྐད་དུཿ འོས་གྲངས་མང་པོ་ཐོབ་པའི་འོས་མི་སྐབས་རྗེས་མའི་བཙན་བྱོལ་ནང་གི་བཀའ་བློན་ཁྲི་བར་འགྱུར་རྒྱུ་དེ་ནི་ཧར་ཝཌ་ནས་ཁྲིམས་ཀྱི་སློབ་སྦྱོང་ཐོབ་མཁན་ཁ་ལྕག་བདེ་ཞིང་ཡོན་ཏན་ཀུན་འདུས་ཀྱི་འོས་མི་དེ་རེད། ཁོང་ལ་གཞོན་སྐྱེས་ཀྱི་ནང་དུ་རྒྱབ་སྐྱོར་ཚད་མེད་ཡོད།
༤། དྲ་རྒྱའི་ཐོག་གི་AOL News ཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད། Among the leading candidates to be prime minister is Lobsang Sangay, a Tibetan legal scholar currently at Harvard, who is especially popular among young Tibetans, Saunders said.
བོད་སྐད་དུཿ འོས་ཤོག་མང་པོ་ཐོབ་པའི་འོས་མི་རྣམས་ཀྱི་ནང་ནས་བཀའ་ཁྲི་ལ་འགྱུར་བ་རྒྱུ་ཡིན་པ་ནི་ཧར་ཝཌ་ནང་དུ་ཁྲིམས་ཀྱི་མཁས་པ་བློ་བཟང་སེང་གེ་དམིགས་བསལ་གྱིས་གཞོན་སྐྱེས་ཀྱི་ནང་དུ་སྙན་གྲགས་ཆེན་པོ་ཡོད་པ་དེ་རེད་ཅེས་སོའུན་དེརས་ཡིས་Saundersབཤད།
༥། ཨ་རིའི་UPIཞེས་པའི་ནང་དུ་འདི་ལྟར་འཁོད་ཡོ། Lobsang Sangay, a Tibetan legal scholar and an expert on international human-rights law, currently at Harvard University, is the front-runner for prime minister, with ‘wide popularity among young Tibetans,’ the Times said.
བོད་སྐད་དུཿ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་ཆེད་མཁས་པ་ཧར་ཝཌ་གཙུག་ལག་མཐོ་སློབ་ཏུ་ཁྲིམས་ལུགས་མཁས་པའི་བོད་མི་བློ་བཟང་སེང་གེ་ནི་བོད་མི་གཞོན་སྐྱེས་ཀྱི་ནང་དུ་གྲགས་པ་ཆེན་པོ་ཡོད་པའི་བཀའ་ཁྲིའི་འོས་མི་ལ་འོས་གྲངས་མང་ཤོས་ཐོབ་མཁན་དེ་ཡིན་ཞེས་the Times ཡིས་སྤེལ་འདུག
༦། ཨ་རིའི་Washington Post ཡི་ནང་དུ་འདི་ལྟར་འཁོད་ཡོད། The March 20 election also is significant because it features three lay candidates for prime minister, marking the first time that a lay person, rather than a monk, will assume the role.
Lobsang Sangay, a Harvard fellow who is among the candidates, said the post-Dalai Lama era will be challenging. But, he added, ‘democratic institutions and government will help sustain the Tibetan movement.’
བོད་སྐད་དུཿ ཕྱི་ཟླ་༣་ཚེས་༢༠་ཉིན་གྱི་འོས་བསྡུ་དེ་ནི་ཁྱད་པར་བ་ཞིག་ཡིན་དོན་ནི་ཐེངས་དང་པོར་བཀའ་བློན་ཁྲི་བའི་འོས་མི་དགེ་འདུན་པ་མ་ཡིན་པར་སྐྱ་བོ་གསུམ་གྱིས་བཀའ་བློན་ཁྲི་བ་ལ་འགྲན་རྩོད་བྱེད་ཀྱི་ཡོད་པ་དེ་རེད། ཧར་ཝཌ་ནས་ཡིན་པའི་འོས་མི་བློ་བཟང་སེང་གེས་༧ཏཱ་ལའེ་བླ་མའི་དུས་རབས་ཀྱི་འཕྲོ་ཡི་དུས་རབས་དེ་ནི་དཀའ་ཁག་ཅན་གྱི་དུས་རབས་ཤིག་ཡིན་པར་བཤད། ཡིན་ན་ཡང་ཁོང་གིས་ “དམངས་གཙོའི་སྒྲིག་སྲོལ་དང་གཞུང་གིས་བོད་ཀྱི་ལས་འགུལ་དེ་མུ་མཐུད་ནས་མདུན་སྐྱོད་བྱེད་པར་རོགས་བྱེད་ཐུབ།”ཅེས་ཟེར།
༧། The Times of India ཡི་ནང་དུ་འདི་ལྟར་འཁོད་ཡོད། After Dalai Lama, who would be the most important Tibetan? TNN,Mar 11, 2011, 02.23am IST
NEW DELHI: The Dalai Lama’s stepping down is likely to trigger an electoral contest for the prime minister’s post between three front-runners, all based abroad. They are Lobsang Sangay, a senior fellow at Harvard Law School, Tenzing Namgyal Tethong, an academic at Stanford University, and Tashi Wangdi, a Brussels-based civil servant. The election is scheduled for March 20.
བོད་སྐད་དུཿ ཏཱ་ལའི་བླ་མའི་རྗེས་སུ་གལ་ཆེ་ཤོས་ཀྱི་བོད་མི་དེ་སུ་རེད། TNN,Mar 11, 2011, 02.23am IST ལ་གནས་ཚུལ་སྤེལ་དོན།
ལྡི་ལི། ཏཱ་ལའི་བླ་མས་དགོངས་པ་ཞུས་པའི་གནང་སྟངས་ཀྱིས་ཕྱི་རྒྱལ་ལ་གནས་པའི་བཀའ་ཁྲིའི་འོས་མི་གསུམ་གྱི་ནང་དུ་འགྲན་རྩོད་ཇེ་ངར་དུ་གཏོང་སྲིད་པ་རེད། འོས་མི་དེ་དག་ནི་ཧར་ཝཌ་གཙུག་ལག་སློབ་གྭའི་ནང་དུ་ཉམ་ཞིབ་པ་རྒན་པ་བློ་བཟང་སེང་གེ་དང་། སཊེན་ཕོརཌ་གཙུག་ལག་མཐོ་སློབ་ཏུ་མཁས་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བྷིརསལ་ནང་དུ་གནས་བཅས་པའི་སྤྱི་ཚོགས་ཞབས་ཞུ་བ་བཀའ་ཤིས་དབང་འདུས་བཅས་རེད། འོས་བསྡུ་ནི་ཕྱི་ཟླ་༣་ཚེས་༢༠་ཉིན་བྱེད་རྒྱུ་རེད།
ད་ངོ་མ་གནད་འགག་གི་སྐད་ཆ་བཤད་ཀྱི་འདུག ང་རང་བློ་སེང་གི་གཤིས་ཀ་དང་རྣམ་འགྱུར་ལ་དགའ་པོ་མེད། ཁོ་ང་རྒྱལ་ཚ་བོ་དང་ཁ་བདེ་དྲག་འདུག ཡིན་ནའང་བོད་སྤྱི་པའི་བདེ་སྡུག་དང་མ་འོངས་པའི་མདུན་ལམ་ལ་བསམ་བློ་བཏང་ནས་ངས་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། རྒྱུ་མཚན་འདི་གསུམ་ཡིན།
དང་པོ། ཁོས་བོད་ཀྱི་རྩ་དོན་དང་འཐབ་རྩོད་འདི་འཛམ་གླིང་དང་རྒྱ་ནག། རྒྱ་གར་གང་སར་འཁྲུག་པོ་བཟོ་ས་རེད། ད་ལྟ་ནས་ཨ་རིའི་སྲིད་གཞུང་གིས་ཁོ་ལ་དོ་སྣང་མང་བ་བྱེད་ཀྱི་འདུག ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཞིག་གིས་བློ་སེང་སྐོར་ལ་ཕྱི་སྲིད་ལས་ཁུངས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ཅེས་བཤད་ཀྱི་འདུག
གཉིས་པ། བློ་སེང་ལ་བོད་ནང་ནས་རྒྱབ་སྐྱོར་བྱེད་མཁན་འགའ་ཤད་ཡོང་གི་འདུག ལྷག་པར་དུ་གཞོན་སྐྱེས་ནང་ལ་བློ་སེང་ལ་དགའ་མོས་མང་པ་བྱེད་ཀྱི་འདུག རྒྱུ་མཚན་ནི་བློ་སེང་གཅིག་པུས་བོད་ནང་ལ་དོ་སྣང་བྱེད་ཀྱི་འདུག
གསུམ་པ། རྒྱ་གར་སྲིད་གཞུང་ནས་ཀྱང་བློ་སེང་ལ་དོ་སྣང་ཡོད་ཚོད། བློ་སེང་རྒྱ་གར་ལ་ལས་འགུལ་སྤེལ་སྐབས། རྒྱ་གར་སྲིད་གཞུང་གི་མི་སྣ་མང་པོ་ཐུགས་པ་དང་། ཁོང་ཚོར་བོད་དོན་བཤད་དུས་ཡག་པོ་ཉན་འདུག ཁོ་དེ་སྔོན་འབྲས་ལྗོངས་ལ་ཡོད་སྐབས། འབྲས་ལྗོངས་ཆབ་སྲིད་པ་མི་སྣ་གནད་ཡོད་འགའ་ཤས་ན་རྒྱབ་སྐྱོར་གྱི་སྐད་ཆ་བཤད་འདུག
མཐའ་མ་དེར། བློ་སེང་ནི་མ་འོངས་བོད་ཀྱི་མདུན་ལམ་མཚོན་པ་དང་གཞན་པ་གཉིས་ཀྱིས་འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་རྙོག་འདྲ་ཚ་བོ་དེ་དག་སྐྱར་གླེང་ཡོང་གཞི་གདའ། དཔེར་ན། བསྟན་འཛིན་རྣམ་རྒྱལ་གྱིས་དངུལ་གྱི་རྙོག་དྲ་ཡོད་པའི་གནས་ཚུལ་ཞིག་གླེང་གི་འདུག དེ་བཞིན་བཀྲ་ཤིས་དབང་འདུས་ནས་འཇུ་ཆེན་གྱི་ཞབས་ལ་གཏུགས་ནས་བཀའ་ཁྲིར་ལངས་ཀྱི་ཡོད་པའི་སྐད་ཆ་འདུག
བོད་མི་དམངས་རྒྱལ་ལོ།
ཟླ་བ་ཁ་ཤས་ལ་བགྲོ་གླེང་ཁག་ལ་ཉན་ཡིན། དང་པོ་བློ་སེང་འོས་མི་ལ་ལངས་དུས་ད་རྩེད་མོ་རྩེད་སིང་བསམ་སོང་། རྒྱ་རི་རིན་པོ་ཆེ་ལངས་ན་བསམ་སོང་།
ཟླ་ཤས་ཀྱི་ནང་དུ་ངས་རྦད་དེ་རེ་བ་དང་སྙིང་སྟོབས་ཀྱིས་བོད་ཀྱི་མི་རབས་གསར་བ་ཞིང་མཐོང་བྱུང་། ང་ལ་རེ་བ་ཞིག་བསླངས་སོང་། མི་གཅིག་ལ་ཚང་མ་འཛོམས་དགོས་ཞེས་ང་ཚོས་མིའི་རིགས་ཀྱི་ཁྲོད་ནས་སྟོན་པ་ཐམས་ཅད་མཁྱེན་པ་ཞིག་འཚོལ་གྱིན་འདུག དེ་འདྲ་ཧམ་པ་ཆེ་སོང་བ་རེད
ང་ཚོ་ལ་རེ་བ་སྤརོད་མཁན་ཞིག་དང་མགོ་ཁྲིད་ཐུབ་མཁན་ཞིག་དགོས་ཀྱིན་འདུག
ད་ལྟ་ང་བློ་སེང་གཏིང་ནས་དགའ་སོང་།
ཚགས་པ་ལ་ཡིད་ཆེས་ཡས་རྩ་བ་ནས་མེད། དངུལ་སུས་སྤྲད་ཀྱང་དེ་ལ་ཁ་ཡ་བྱེད་ཀྱི་རེད། ཚགས་པར་དཔྱོད་དགོས་མ་རེད། མི་ལ་དཔྱད་པ་གཏོང་མི་དངོས་སུ་མཐོང་རྒྱུ་འདུག ཁོ་པས་ལོ་ངོ་༤༢རིང་འཇིག་རྟེན་ཁམས་ལ་བྱས་རྗེས་གཟེངསསུ་ཐོན་པ་ག་རེ་བཞག་འདུག་ལྟོས་དང་། འོས་ཤོག་ལྟོག་སླ་མ་རྒྱག་ཁྲམ་པ་ལགས།
ད་ཡང་མགོ་བསྐོར་གཏོང་མཁན་ཞིག་སླེབས་འདུག བློ་སེང་ནས་ད་བར་གཞིས་བཞུགས་ཕར་ཞོག་བཙན་བྱོལ་བོད་མི་བྱིངས་ལ་སྒོར་གཅིག་གི་ཕན་ཐོགས་བྱེད་མྱོང་མེད། ལས་ཀ་བྱེད་པར་བཀག་འགོག་བྱེད་མཁན་སུ་ཡང་མེད། རྐུབ་སྟེགས་ཁོ་ན་ལ་བརྔམས་དོན་འདི་སྒེར་དོན་ཆེད་ཡིན་པ་གསལ་པོ་རེད།
འཛམ་གླིང་གི་གྲགས་ཅན་གསར་ཤོག་ཁ་ཤས་བལྟ་རྒྱུའི་གོ་སྐབས་བྱུང་བར་དེ་ཚོའི་ནང་མང་ཆེ་བ་༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་སྐོར་དང་། ཞོར་དུ་བཀའ་ཁྲིའི་འོས་མི་གསུམ་གྱི་མཚན་དང་། ད་ལྟའི་ལས་གནས་་བཀོད་འདུག
མཁས་དབང་བློ་སེངྒེ་ལགས་མང་གཙོའི་ལམ་ལུགས་ནས་བོད་ཀྱི་སྐྱ་བོའི་སྲིད་བློན་དང་པོ་ཆགས་ཉེ་བར་ཉིན་གཉིས་ལས་མི་བདའ་ བློ་སེང་ལགས་སུ་སྔོན་ཚུད་ནས་བཀྲིས་བདེ་ལེགས་དང་ ལེགས་བསུའི་མཚམས་འདྲི་ཞུ་ལེ་ཡིན་ ༧ རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་རྟན་པར་ཤོག་། བོད་འབངས་ཡོངས་ནས་རྩ་དོན་འགན་འཁུར་ཁྱེར་བར་ཤོག་། བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཤོག་།
རང་གྲོལ་ལགས་
དངུལ་སྤྲོད་མཁན་རྒྱ་མི་རེད།
དེར་ལེན་ག་ལ་རྒྱུག
ཁྱེད་རང་ཕུག་བསམ་འགྲུབ་ཡོང་།
འདས་པའི་ཟླ་བ་མང་པོའི་སྔོན་ནས་དྲ་རྒྱ་ཁག་དང་ཚགས་ཤོག་ཁག་བཅས་ལ་དོ་སྣང་ཤུགས་ཆེན་བྱས་ནས་བཀའ་ཁྲི་འོས་བཞིན་མཚམས་པ་ཞིག་སྩལ་བའི་རྒྱུད་རིམ་ནང་གི་བསམ་ཚུལ་འགའ་ཤོད་འདོད་བྱུང་།
དེ་སྔོན་བཀའ་ཟུར་བཀྲས་མཐོང་ལ་གཞུང་རྒྱུ་ལྐོག་བཟའ་བྱས་པའི་གནས་ཚུལ་མང་པོ་ཞིག་དྲ་ལམ་ཁག་ཏུ་དོན་ཀྱང་དེ་དག་ནི་བདེན་པ་མ་ཡིན་པ་སྐབས་དེ་དུས་ཕྱག་ལས་མཉམ་དུ་གནང་བའི་བཀའ་ཟུར་བསོད་ནམས་སྟོབས་རྒྱས་དང་། བཀའ་ཟུར་སྐལ་བཟང་དབང་འདུས་སོགས་ནས་དག་སེལ་གནང་ཡོད་པ་མ་ཟད་བཀྲས་མཐོང་ཁོང་རང་ནས་ཀྱང་གསལ་པོ་གསུང་ནས་གཙང་མ་གཙང་ཀྱང་ཆགས་སོང་སྙམ་པ་དང་། དེ་མིན་བལ་ཡུལ་གནས་སྡོད་འབྱོར་ལྡན་༼མཚན་མ་ཤེས་༽ཞིག་ནས་ཀྱང་སྐུ་ངོ་བཀྲས་མཐོང་ལ་དངུལ་གྱི་བཀའ་རྙོག་ཡོད་པའི་དངོས་བདེན་གྱི་དཔང་རྟགས་གནང་རྒྱུ་ཡོད་ན་ཁོང་གིས་སྒོར་འབུམ་གཅིག་བྱ་དགའ་སྤྲོད་ཡིན་པའི་གསལ་སྒྲགས་གནང་ཀྱང་བྱ་དགའ་ལེན་མཁན་བྱུང་མིན་འདུག་དེར་ཞིག་དེ་ནི་མི་དཀར་ལ་ཞྭ་ནག་གཡོ་བ་ཞིག་ཡིན་པ་ས་རི་ཐང་གསལ་རེད་འདུག
དེ་དག་གི་ནུས་པ་མ་མཐོན་པ་སྐུ་དྲག་རིང་ལུགས་ཞེས་པའི་ཐ་སྙད་ཀྱིས་འོག་སྐུ་ངོ་བཀྲས་མཐོང་ས་འོག་རིམ་པ་དགུའི་ནང་དབྱུག་རྒྱུས་ཇུས་ངན་གཤམ་ཀྱང་དེས་འང་ནུས་པ་མ་ཐོན་པ་རེད།
དེ་ནས་གཞོན་སྐྱེས་ཞེས་པའི་ཐ་སྙད་རྐམ་པོ་ཞིག་གིས་འོག་ནས་བློ་སེང་གིས་རྒྱབ་བསྐྱོར་བ་ཚོས་འུར་སྒྲོགས་བྱས་ཏེ་གཞོན་སྐྱེས་བསམ་མེད་མང་པོ་ཞིག་གི་རྒྱབ་བསྐྱོར་དང་ས་འོག་དག་ཐག་བཀྲམ་ཏེ་འོས་བསྡུ་སྐབས་ཚུལ་མིན་གྱིས་བྱ་སྤྱོད་མང་པོ་རྒྱུད་བློ་སེང་ལ་སྔོན་འགྲོའི་འོས་ཤོག་མང་པོ་ཞིག་ཐོབ་ཡོད་པ་ཡིན།
འོན་ཀྱང་ད་ལྟའི་འཆར་བློ་སེང་གི་ལོ་རྒྱུས་དངོས་དང་ཁོང་གི་མི་སྤྱོད་སོགས་གང་ལ་ཞིགས་ཀྱང་ཁོང་གི་རྒྱབ་རི་གང་ཞིག་ལ་རྟེན་ཡོད་མེད་གསལ་ཏུ་གསལ་ཏུ་འགྲོ་བཞིན་པ་ནི་མཐོང་ཆོས་ལགས།
ང་ཚོས་བཀའ་ཁྲི་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཞིག་ཡོངས་རྒྱུ་མོད་མེད་ཀྱང་། བོད་མི་རིགས་ཀྱི་རིག་གནས་ཀྱི་ཤེས་ཚད་མི་དམན་ཞིག་དང་། བོད་མི་རིགས་ཀྱི་ཡ་རབ་གོམས་གཤིས་། ཚད་ལྡན་གྱི་མི་གཤིས་དང་ལྡན་པ་ཞིག་དགོས་པ་ནི་མ་མཐའི་ཚད་ཡིན་པས་དེ་དག་མ་ཚང་ན་བོད་ཀྱི་བདེ་སྡུག་གི་འགན་དེ་ཐེག་ཐབས་མེད་པ་ཞིག་ཡིན།
དེང་དྲ་བ་ཁག་ཏུ་བོད་གནས་ཆབ་སྲིད་བསྐྱར་ཞིབ་པས་གནས་ཚུལ་གནད་ཡོད་མང་པོ་ཞིག་སྤེལ་བའི་ནང་བློ་སེང་ནས་ཧ་བྷ་ཌིར་སློབ་ཡོན་ལོ་རེ་ཨ་སྒོར་༩༦༧༠༠འབུལ་དགོས་ཡོད་པ་དང་དེ་དག་རྒྱལ་ཁབ་གམ་ཚོགས་པ་མི་སྒེར་སུའི་རོགས་རམ་བྱས་ཡོད་མེད་བློ་སེང་ལ་ཡིག་འབྲེལ་ལམ་ནས་དྲི་བ་བྱས་ཀྱང་དེ་དག་ལ་བློ་སེང་ནས་ལན་འདེབས་མ་བྱས་པ་ནི་ཤོད་མི་ནུས་པའི་དཔལ་འབྱོར་གྱི་རྒྱབ་རྟེན་ཞིག་ཡིན་པ་དངོས་གསལ་རེད་ཞེས་ཚིག་ཐག་བཅོད་ཐུབ་པ་ཡིན་གང་ལ་ཞེ་ན་ཁོང་ཉིད་ནས་ལན་འདེབས་མི་གནང་བའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས་སོ།
བཟོད་པ་ལྷ་རྩེ་ལགས་སུ་ཞུ་རྒྱུར། ཁྱོད་རང་གིས་གནས་ཚུལ་དེ་ཚོ་བདེན་པ་མིན་པ་མི་རེ་ཟུང་གིས་བཤད་པར་ཡིད་ཆེས་གནང་འདུག ཡིན་ནའང་རྩིས་ཁམས་ཀྱི་ལམ་ནས་ད་བར་གསལ་པོ་ཆགས་ཡོད་པ་མ་རེད། ཡོད་ན་དཔང་རྟགས་སྟོན་རོགས།
ཁྲི་ཟུར་བཀྲས་མཐོང་འཇོན་པོ་མ་རེད་ཟེར་གྱི་མེད། འཇོན་ཐག་ཆོད་རེད། ཡིན་ནའང་ད་ལན་༸གོང་ས་མཆོག་གིས་གྲོས་ཚོགས་སུ་ཕེབས་པའི་གསུང་འཕྲིན་དུ་འདི་འདྲ་ཞིག་གསུངས་འདུག མང་གཙོའི་ལམ་སྲོལ་དུ་བསྐྱོད་རྒྱུའི་ལས་རིམ་འགོ་འཛུགས་བྱེད་སྐབས་ནས་ཡོད་ཀྱང་ཕྱི་ནང་གི་གནས་ཚུལ་སྤྱི་དང༌། ཁྱད་པར་མང་ཚོགས་དང་འོས་འདེམས་བྱས་པའི་འཐུས་མི་རྣམས་ཀྱི་ཤེས་འཇོན་དང༌། བསམ་སྤྱོད་མྱོང་གོམས་བཅས་ཚད་ལོང་ཡོང་རེས་ངང་སྒུག་བྱས། ཅེས་གསུངས་འདུག ད་བར་གྱི་འོས་འདེམས་བྱས་པའི་འཐུས་མིའི་ནང་བཀྲས་མཐོང་ལགས་ཚུད་ཀྱི་རེད་དམ་མ་རེད། བཀྲས་མཐོང་གྲོས་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་རེད་དང་མ་རེད།
འོ་ན། ཟམ་གདོང་རིན་པོ་ཆེའི་ཤེས་འཇོན་ཡང་ཚད་ལོངས་མི་འདུག་ཟེར་རམ། ཧ་ཧ། བློ་སེང་ཡང་བྱང་ཨ་རིའི་སྤྱི་འཐུས་འོས་ཁོངས་སུ་བདམས་པ་མ་རེད་དམ། ཁོས་དགོངས་པ་ཞུས་པ་མ་རེད་དམ། ཕ་ཡུལ་གཅིག་པ་ཡིན་པའི་རྒྱུ་མཚན་ཙམ་གྱིས་༸གོང་ས་མཆོག་གི་བཀའ་སློབ་ལ་ལོག་འགྲེལ་མ་བྱེད།
རྩིས་ཁམས་ལམ་ནས་གཙང་མ་ཆགས་ཡོད་མ་རེད་ཟེར་ན་ཅི་རེད། དེའི་དཔང་རྟགས་འཁྱེར་ཤོག
རྩིས་ཁམས་གཙང་མ་ཆགས་མིན་རྩིས་ཞིབ་སྙན་ཐོ་ལ་བལྟ་དགོས། བཀྲས་མཐོང་གིས་རྩིས་ཆད་བྱས་བའི་རྩིས་ཞིབ་སྙན་ཐོ་ཤོག་གུ་གཅིག་བསྟན་ཤོག་དང་། དེ་བསྟན་ཐུབ་ན། ཁྱེད་རང་གིས་བལ་ཡུལ་ནས་བྱ་དགའ་འབུམ་གསུམ་བླངས་ཆོག་ཆོག་རེད།
ངའི་རིན་ཐང་ལྡན་པའི་འོས་ཤོག་བཀྲས་མཐོང་ལ་འཕེན་རྒྱུ་ཡིན། བཀའ་ཁྲིར་སུ་ཕེབས་ཀྱང་གུས་རྩིས་ཡོད།
ད་ལྟ་དངོས་གཞི་འོས་ཤོག་བླུགས་ལ་ཉེ་བའི་དུས་སྐབས་དེར་བོད་མི་བརྒྱ་ཆ་གོ་གྲངས་ཤིག་གི་རང་ཉིད་ཀྱི་འོས་ཤོག་འདི་སུ་ལ་བླུགས་དགོས་མིན་ཡང་གཏན་འཁེལ་ཟིན་པ་རེད། ང་ཚོ་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་བཅིངས་པ་ལས་གྲོལ་མེད་པར་བརྟེན་དྲང་བདེན་གྱི་འོས་འདེམས་ཤིག་ཡོང་བར་དཀའ་མོ་རེད་སེམས། སེང་བསྟན་བཀྲ་གསུམ་མམ་སེང་ནོར་ཉི་གསུམ་ལས་གང་རུང་ཞིག་བཀའ་ཁྲི་འགྱུར་ལ་ཉེ་ཡང་ད་ལྟ་སུ་ཡོང་མིན་སུ་ལའང་གདེང་ཚོད་མེད་པ་རེད། འོན་ཀྱང་། འགན་འཁྲི་འདི་ཐེག་ཐུབ་མིན་ལ་མང་དག་ཅིག་ལ་སེམས་འཚབ་ཆེ་ཚུལ་ཡང་ཡོད་པ་བདེན་པ་རེད།
གངས་སེང་གངས་ལ་འཚམས་ཤིང་རྣམ་པར་རྒྱལ།།
བསྟན་འཛིན་ནོར་ལ་དགའ་ཞིང་ལོངས་སྤྱོད་རྒྱལ།།
བཀྲ་ཤིས་ཉམས་མྱོང་ཆེ་ཞིང་བརྟན་བརླིང་རྒྱལ།།
འདི་གསུམ་གདམ་ཁའི་དབར་ནས་གངས་སེང་རྒྱལ།།
འཇིག་གྲགས་ལགས་ཁྱོད་ཀྱི་གསུང་པ་ལྟར་ན་ངས་གཞན་གྱིས་བཤད་ཡམ་ལ་ཡིད་ཆེས་བྱས་འདུག་ཟེར་ཧཧ ཉིད་ནས་བཀའ་ཟུར་བསོད་ནམས་སྟོབས་རྒྱས་དང་བཀའ་ཟུར་བཀྲིས་དབང་འདུས་སོགས་ཀྱི་ཞལ་གསུང་དྲོ་མོ་ནས་ཐོན་པའི་སྐད་ཆ་ལ་ཡིད་ཆེས་མེད་ན་ཉིད་ཀྱི་ཡིད་ཆེས་གནང་ས་བློ་སེང་གཅིག་པོ་ཡིན་མི་སྲིད། བཀའ་ཟུར་ཁོང་རྣམས་ནས་མི་མང་ཁྲི་སྟོང་མང་པོ་དབུས་སུ་གསུང་པའི་སྐད་ཆ་དང་གསར་འགོད་མདུན་སར་གསུངས་པའི་སྐད་ཆ་རེད། དེ་དངོས་གང་ཡིན་དང་རྒྱུ་མཚན་ཇི་ཡིན་ཁ་གསལ་མཆན་བུ་གོང་བསྐོད་ཟིན་པ་ལྟར་ལགས་མང་པོ་ལབ་དགོས་ཡས་མིན་འདུག་གོ་དོན་ཤེས་མཁན་ཞིག་ཡིན་ན་དེ་ཙམ་གྱི་ཤེས་ནུས་ལ་མི་གོ་མཁན་ཞིག་ལ་ཡང་འགྲེལ་ཇི་ཙམ་མཛད་ཀྱང་ངལ་བའི་རྒྱུ་ཡིན་འདི་ན་ལྟད་མོ་འདི་འདྲ་ཞིག་འདུག། གཟིགས་དང། བློ་སེང་གི་ཧ་ཝ་ཌི་སློབ་དུ་མི་ལོ་ལྔའི་རིང་གི་སློབ་ཡོན་སྦྱིན་བདག་ནི་ཐེ་ཝན་གྱི་ཚོགས་པ་ཞིག་ནས་གནང་གིད་ཡོད་པ་འདི་ལ་གཟིགས་https://picasaweb.google.com/108438675139848398162/TransparencyIsImportant#5584388686136404962འདི་ནས་ཁྱོད་ཀྱི་བསམ་པ་རྫོགས་ངེས།ཧཧཧཧཧཧ
བཀྲས་མཐོང་ལ་ཡོངས་གྲགས་མིང་ཅན་ངན་པ་གཙོ་བོ་གཉིས་ཡོད་པ་དེ་གཞུང་དངུལ་འབུམ་༧༠༠ལྷག་ཟ་བའི་རྙོག་གླིང་གཅིག་དང་ཁོང་སྐུ་དྲག་ཡིན་པས་བོད་གཞུང་དམངས་གཙོ་ཚད་ལྡན་མ་ཡིན་པ་སྒྲུབ་པའི་གནད་དོན་གཉིས་ཀྱི་ཐོག་ཏུ་རེད་ཞི་འཇག་མེད་པའི་གནས་ཚུལ་ལྷག་སྡོད་ཡོད་། དེ་ནི་ཁ་དཔེ་ལ་ཕྱིར་ཆར་པའི་ཆར་པའི་རྟག་ཆད་ན་ཡང་ནང་ཐིག་པའི་ཐིག་རྟག་ཆོག་རྒྱུ་མེད་པ་གསལ་པོ་རེད་
མཛམ་གླིང་ནང་སྙན་གྲགས་འབར་བའི་ཚགས་པར་དེ་རྣམས་བརྩོམ་མཁན་འཇམ་དཔལ་ཚུལ་ཁྲིམས་ཡིན་ཀྱི་རེད།
བློ་སེང་ཧམ་པ་ཚ་པོ་འདུག ཁོའི་རྗེས་བྲང་པ་འཇམ་ཚུལ་ཡང་དེ་འདྲ་མ་རེད་ཟེ་བཤད་ཐུབ་པ་མི་འདུག
LOOKS LIKE ALL FAKE AND FALSE INFORMATION.
NO NEWS PAPER CUTTINGS OR COPIES ARE ATTACHED.
ANY ONE CAN WRITE LIKE. PLEASE DON’T BELIEVE THESE
RUMORS.
བློ་སེང་འདི་མི་ཁྲམ་པ་ཞིག་རེད། ཁོ་ལ་འོས་འཕེན་མཁན་ཚོས་མིག་བཙུམས་ཏེ་འོས་འཕེན་གྱི་ཡོད་པ་ཐག་ཆོད་འདུག ཕྱོགས་གཅིག་ནས་བློ་སེང་གི་རྒྱབ་སྐོར་བ་རྣམས་ཤེས་ཡོན་མེད་པའི་མི་སྣ་ཤ་སྟག་རེད། ཧ་ཝ་ཌ་སློབ་གྲའི་སྐོར་གོ་དུས་ཁོ་ཚོ་ཧང་སངས་པ་དང་། མི་འདི་འདྲ་ང་ཚོ་བོད་པ་ལ་མ་གཏོགས་ཡོད་ཀྱི་མ་རེད་སྙམ་བཞིན་འདུག
ད་མང་པོ་མི་བཤད། བཀའ་བློན་ཁྲི་པ་སུ་ཐོབ་མིན་ཉི་མ་ཁ་ཤས་རྗེས་སུ་མཐོང་ཡོང་། འདིར་ངར་མ་ངར་ཡོད་མ་རེད
བོད་སྐྱོབས་ཤིག
བོད་མི་རྣམས་མགོ་རྨོངས་ནས
ད་དུང་ཕྱོགས་ཞེན་གྱིས་རུལ་འདུག
ད་འདི་འདྲའི་བཀྱག་རྫུན་ཚ་བ་ལ། འདྲེལ་ཐག་གཅིག་ཀྱང་མཐུད་མིན་འདུག ཁ་དཔེར། ཨ་ཅོའི་ལྷ་སར་འགྲོ་མ་མྱོང་། ཁྱོད་རས་གང་བཤད་རེད་་་ཟེར་བ་ལྟར་ཇི་ལྟར་ཡིད་ཆེས་ཐུབ འཇམ་ཚུལ་འདི་བཀྱག་རྫུན་ཚ་རུ་ཚ་རུ་འགྲོ་གིན་འདུག
དུས་བབ་དྲ་ཚིགས་འདི་དངོས་གནས་དུས་རྫོགས་པ་ཡིན་རྒྱུ་མ་རེད། ཕལ་ཆེར་འདི་ལ་གནད་འགག་ཅིག་འདུག རྩོམ་ཡིག་རིན་ཐང་ཅན་གཅིག་ང་ཚོའི་མིག་ལམ་ནས་མཐོང་མི་ཐུབ་པ་བཟོས་ཐག་ཆོད་རེད།
དྲ་གྲོགས་རྣམས་ཕེབས་པར་དགའ་བསུ་ཞུ།
རྒྱུན་ལྡན་བཞིན་འགའ་རེ་ནི་དགག་ཕྱོགས་དང་འགའ་རེ་ནི་སྒྲུབ་ཕྱོགས་ན་འདུག དྲ་གྲོགས་ཚངས་དབྱངས་དང་སྐལ་བཟང་རྒྱ་མཚོས་གསུང་སྟངས་སྣང་བར་ཕྱིན་སོང་།
དྲ་གྲོགས་ཁང་གསར་གྱིས་གང་དགོངས་བཞིན་ཡོད་ན། ད་ལྟ་དུས་བབས་ལ་ནི་འགྲོ་ཐུབ་ཀྱི་མི་འདུག
འཇམ་དཔལ་ཚུལ་ཁྲིམས་ལགས་སྐུ་ཉིད་ཀྱིས་ཡིག་བསྒྱུར་གནང་ནས་ང་ཚོར་གནས་ཚུལ་མཁོ་འདོན་གནང་བར་ཐུགས་རྗེ་ཆེ།
འབུམ་རམས་པ་བློ་སེང་མཆོག་འབུམ་རམས་པ་ཡིན་པ་ནི་ཁོང་གི་མཚན་ཐོས་མྱོང་བ་ཚང་མས་ཤེས་ཀྱི་ཡོད།
རྒྱུ་མཚན་ནི་མི་སུ་གང་གི་མ་དྲིས་པ་དང་མ་བཤད་གོང་ནས་བློ་སེང་མཆོག་ནས་མ་ཎི་ལྟར་གསུངས་ཡོད།
ཁོང་སློབ་དཔོན་བཟོ་མཁན་གྱི་བཟོ་གྲྭ་ཐོག་མ་ནི་བོད་ཀྱི་མང་གཙོ་ཚོགས་པ་རེད། ད་ཆ་དྲྭ་ཐོག་བརྒྱུད་ལམ་གྱི་གནས་ཚུལ་ཁུངས་ལྡན་ཡོད་མེད་ལ་མ་ལྟ་བར་་གནས་ཚུང་གང་ཡོད་པ་དེ་འདོན་སྤེལ་བྱས་ཙང་༼ Guardian༽གྱི་བདེན་པ་མིན་པའི་མིང་ཚིག་དེ་འདྲ་བེད་སྤྱོད་བཏང་ཡོད། ཁྲིམས་ཐོག་གཞི་བཞག་བྱས་ན་ཉེས་པ་ཆེན་པོ་ཡོད་པའི་གནས་ཚུལ་ཞིག་རེད།
སྤངས་སྤོས་གསུངས་པ་ལྟར་༧གོང་ས་མཆོག་ཆབ་སྲིད་ལས་བགྲེས་ཡོལ་ཕེབས་སྐོར་རེད། བཟང་པོའི་འཇུག་ལ་ཇ་ཆང་གི་དཔེ་ལྟར། ཞོར་དུ་འོས་མི་གསུམ་སྐོར་སྐབས་རེ་གླེང་སློང་བྱུང་བའི་གནས་ཚུལ་ཕྲན་པོ་མཐོང་རྒྱུ་འདུག
སྟབས་ལེགས་པ་ཞིག་ལ་འབུམ་རམས་པ་བློ་སེང་སྐོར་ད་ལྟ་བར་ལེགས་ཉེས་དང་བཟང་རྫུན་གྱི་དབྱི་ཕྱེས་བྱས་པའི་གནས་དོན་རྐང་གཅིག་རྒྱལ་སྤྱིའི་གསར་ལམ་ཁག་ནང་བཀོད་མི་འདུག
དཔེར་ན། ཁོང་ཕྱིར་སྡོད་རྒྱ་མི་ཡིན་པའི་ངོས་ལེན་བྱས་ཟིན་སྐོར། ད་བར་དཔལ་འབྱོར་གྱི་རྒྱབ་བརྟེན་སུ་ཡོད་མེད། ལ་སོགས་པའི་བོད་མི་ཚོས་གོ་མི་འདོད་པའི་སྐད་ཆ་རྣམས་རེད། དེ་ཚོ་ནི་བློ་སེང་བཀའ་བློན་ཁྲི་པ་ཆགས་པའི་ཉིན་དེ་ནས་འགོ་ཚུགས་པས་ང་ཚོས་མ་འདོད་བཞིན་དུ་ཉན་རྒྱུ་རེད།
འོས་མི་གསུམ་ནས་སུ་རུང་ཞིག་ང་ཚོ་བོད་མི་ཡོངས་ཀྱི་བཀའ་ཁྲི་ཆགས་ཡོད། འོས་འདེམས་བྱུང་བའི་ཉིན་དེ་ནས། ཁོང་ནིང་ཚའི་བཀའ་ཁྲི་ཡིན་ལ་་ང་ཚོ་ཚང་མས་བརྩེ་བཀུར་དང་། ཁོང་ལ་རམ་འདེགས་བྱེད་འོས་པར་ངོས་འཛིན་བྱེད་ཀྱི་ཡོད།
འོས་མ་བླུགས་གོང་ལ་ཁོང་ཚང་མར་བརྟག་དཔྱད་ལེགས་པོ་བྱེད་དགོས་པ་ནི་རང་སོ་སོའི་འོས་འགན་ཡིན་ཙང་ངའི་ངོས་ནས་ཞིབ་འཇུག་ཞིབ་ཚག་བྱས་པ་ཡིན།
དམངས་གཙོ་ལོངས་སྤྱོད་བྱེད་པ་དང་མཉམ་དུ་ལོ་རྒྱུས་ཀྱིས་ང་ཚོར་འགན་རེ་སྤྲད་ཡོད་དེ་ནི་ད་ཐེངས་ཀྱི་འོས་འདེམས་དེ་ཡང་ཡིན།
དྲ་གྲོགས་འདུས་འབྱུང་ལགས།
ཁྱེད་ཀྱིས་གསུང་པར་མོས་མཐུན་ཡོད།
“ཁོང་ཕྱིར་སྡོད་རྒྱ་མི་ཡིན་པའི་ངོས་ལེན་བྱས་ཟིན་སྐོར།”གསུང་པ་འདི་ཏག་ཏག་ཡིན་མིན་མི་ཤེས། གང་ཟག་རང་ཉིད་མ་ཤི་གསོན་པོར་གནས་ཡོད་ཅིང་། ང་ཕྱིར་སྡོད་རྒྱ་མི་མིན་ཞེས་ཡོངས་གྲགས་སྒྲོག་བཞིན་པ་ཡིན་ཙང་སྐབས་ཤིག་ལ་གནས་སྐབས་འགྲུལ་བཞུད་ཀྱི་ཆེད་དུ་ཤོག་དཀར་དེ་འདྲ་ཞིག་བརྒྱུད་དགོས་པ་བྱུང་བ་ལ་ནུས་པ་དེ་ཙམ་ཡོད་མེད་མི་ཤེས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན་མཐའ་ན་ཆིངས་ཡིག་མིང་རྟགས་བཀོད་ཟིན་པ་ལ་ཡང་གནོན་ཤུགས་འོག་ནས་བཞག་པ་ཁུངས་སྐྱེལ་ཐུབ་ན་ནུས་པ་མེད་པར་ཚུལ་གོ་རྒྱུ་འདུག ང་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཡང་ནུས་པ་མེད་པ་ང་ཚོས་མི་བརྗོད་དམ། བློ་སེང་གི་ཤོག་དཀར་ནི་འདི་འདྲ་དང་སྡུར་ན་རི་བོ་དང་རྡེའུ་ཡི་ཁྱད་པར་ཡོད་རེད།
གལ་སྲིད་ཅི་སྟེ་ཁོང་བཀའ་ཁྲི་ཆགས་ན་ཁྱེད་ཀྱིས་སོ་སོའི་བཀའ་བློན་གྱི་ལང་ཕྱོགས་ལ་རྒྱབ་སྐྱོར་མི་མཛད་པར་ཁོང་ཕྱིར་སྡོད་རྒྱ་མི་ཡིན་པར་ཁས་བླངས་ཟིན་པ་རེད་ཅེས་མུ་མཐུད་དེ་གསུང་རྩིས་ཡོད་དམ། སྔ་ཕྱི་སྔོན་རྗེས་ཡོངས་ལ་ཐུགས་བསམ་བཞེས་ནས་གསུང་རྒྱུ་དང་། ཅུང་ཚགས་ཆེན་པོ་བཟོ་བཞིན་བསྡད་ན་འོས་མིན་ལེགས་པར་བརྟག་པར་འཚལ།
ཁོང་གསུམ་སུ་ལ་བཀའ་ཁྲི་ཐོབ་པའི་ཉིན་མོ་དེ་ནས་བོད་མི་ཡོངས་དང་ལྷག་པར་དུ་བཀའ་དྲིན་ཆེའི་རང་ཅག་དྲ་གྲོགས་ཡོངས་ཀྱིས་རང་རེའི་གལ་འགངས་ཅན་གྱི་བོད་ཀྱི་རྩ་དོན་ལ་བསམ་ནས་བརྩི་བསྐུར་དང་གུས་འདུད་དངས་ལེན་ཞུ་བའི་རེ་བསྐུལ་ཚད་མེད་ཞུ་བ་ཡིན་། བློ་རྨོངས་བདག་གིས་ནས་ད་དུང་དུས་ཚོད་༥༣ གི་རིང་ལ་རང་གི་བློ་ངོར་འཚམས་ཤོས་ཡིན་པའི་མིའི་སེང་གེ་ཁོང་ལ་རེ་བ་རྒྱ་ཕྲག་གི་དུས་ལ་འདའ་བཞིན་མཆིས་ གངས་སེང་རྒྱལ་གྱུར་ཅིག་ བོད་རྒྱལ་ལོ།
རྫུན་སྤྲེལ་བསྟན་འཛིན་
འཇིགས་བྲལ་བསྟན་འཛིན་ལགས་ངས་ཁྱེད་ཀྱི་མིང་ཆེད་མངགས་རྫུན་སྤྲེལ་བསྟན་འཛིན་རྟགས་པ་ཡིན་ གལ་ཏེ་ངས་ནོར་མེད་ན་ཁྱེད་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་ཡིན་མོས་ དེ་ལྟར་ན་ཁྱེད་ཀྱི་ཟུར་གནས་མ་ཞུགས་པར་བློ་སེང་གི་རྒྱབ་རྩར་ཐོན་ཏེ་བཀྲིས་མཐོང་ལ་ཉེས་མེད་ཉེས་བཙུགས་བྱས་པ་འདི་མ་འོས་སམ་ཕྱིས་འབྱུང་ཨ་རོག་ཁྱེད་ཀྱིས་གནས་ཚུལ་སྤེལ་བ་གཞན་ཁག་ལའང་ཡིད་ཆེས་མི་ཐུབ་བོ་
འཛམ་གླིང་གི་གསར་ཤོག་གྲགས་ཅན་ཁག་ཏུ་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་བཀའ་ཁྲི་རྣམ་པའི་མཚན་དང་ལས་གནས་བཀོད་འདུག་དེ་ཚོའི་ནང་མཁས་དབང་དང་འབུམ་རམས་པའི་གནས་ཚད་ཡོད་པ་གང་ཡང་མཐོང་མ་སོང་། གྲགས་ཅན་གསར་ཤོག་དེ་ཚོའི་ནང་ཁོང་ཚོའི་ཐོན་པ་ནི་བཟང་པོའི་ཞོར་དུ་ཇ་ཆང་རང་རེད། གསར་ཤོག་གཞན་པ་འདྲ་མིན་ཡོད་པ་རྣམས་ནི་དངུལ་སྤྲད་ནས་གནས་ཚུལ་བཏོན་ཐུབ་ཀྱི་ཡོད།
ངས་དེ་ལྟར་ཞུ་དགོས་པ་ནི་མ་འོངས་པའི་བཀའ་ཁྲི་དེ་ཡག་པོ་ཞིག་ཡོང་པའི་རེ་བས་ཡིན། དེ་མིན་མི་མང་ལ་མགོ་སྐོར་གཏོང་ཆེད་དུ་འབུམ་རམས་པ་དང་། མཁས་དབང་སོགས་ཇི་ལྟར་སྦྲགས་ཀྱང་མི་རིགས་གཞན་གྱི་སྐད་ཡིག་མཁྱེན་པ་ཙམ་ལས་རང་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་རིག་གཞུང་འདི་ཉིད་ཀྱི་ཐོག་ནས་རྩོམ་ཡིག་སྤེལ་བ་ནི་གང་ཡང་མཐོང་མ་སོང་།
སྐད་ཡིག་མང་པོ་ཤེས་ན་ལེགས་མོད་ཀྱང་།
རང་གི་ཕ་སྐད་རྗེད་ན་བརླེན་པ་ཡིན།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་ཁྲིའི་འོས་མི་གསུམ་ལ་རྒྱབ་སྐྱོར་བྱ་མཁན་གྱི་མི་སྣ་གསུམ་མཉམ་དུ་བགྲེ་གླེང་བྱས་སོང་བར་ཁོང་རྣམ་པའི་དཔལ་འབྱོར་གྱི་ཡོང་ཁུངས་སྐྱོར་དྲི་སྐབས་མཁས་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གནང་མཁན་ཁོང་ནས་དེབ་དང་ཡིག་ཆ་པར་འགྲེམས་ཞུས་པ་རྣམས་སྦྱིན་བདག་སོ་སོའི་མིང་ཟུར་དུ་ཡོད་པ་དང་། དེ་མིན་ཧ་ཝ་ཌེ་མཐོ་སློབ་ནས་འགྲོ་སོང་གཏོང་གི་ཡོད་སྐོར་བཤད་སོང་ཞིང་། དེའི་རྒྱབ་གནོན་དུ་བློ་སེང་མཆོག་གིས་དེ་ལྟར་གསུངས་ཀྱི་ཡོད་སྐོར་བཤད་སོང་། དེ་དངོས་ཡོད་ཡིན་ནམ་མཐོ་སློབ་དེས་སྲིད་དོན་པ་བྱེ་བྲགས་པ་ཞིག་ལ་འགྲོ་སོང་དེ་ལྟར་གཏོང་གི་ཡོད་དམ།
ད་བར་བློ་སེང་གིས་འགྲོ་མགྲོན་ཡང་སྙིང་སུས་བཏང་ཡོད་མེད་ཐད་སྐད་ཆ་སྔ་ཕྱི་འགལ་བ་མི་འདྲ་བ་གསུམ་བཤད་འདུག
ངས་ངོས་ནས་བྱས་ན་ཁོང་གིས་ཕྱིར་སྡོད་རྒྱ་མི་ཡིན་པའི་ངོས་ལེན་བྱས་པ་དེའི་རྒྱུ་མཚན་གྱིས་རྒྱ་བོད་གཉིས་ཀྱི་ད་ལྟའི་དཀའ་རྙོག་དང་གནས་སྟངས་དེའི་འོག་ཁོང་ལ་དུས་ནམ་ཡང་བཀའ་བློན་ཁྲི་པའི་འོས་ཤོག་དེ་མི་སྤྲོད།
བཀའ་བློན་ཁྲི་པའི་ཁྲི་འདི་ནི་མི་གཅིག་དང་ཚོགས་པ་ཞིག་གི་དཔོན་པོའི་སྐུ་སྟེགས་མ་ཡིན་པར་དེ་ནི་བོད་རྒྱ་ཁབ་ཆེན་པོའི་སྲིད་འཛིན་གྱི་ཁྲི་འདི་ཆགས་ཡོད་པས། དེ་ལ་སྡོད་འདོད་ཡོད་པའི་མི་དེས་ཕྱིར་སྡོད་རྒྱ་མི་བྱས་པའི་ངོས་ལེན་ཟླ་༢ཚེས་༡༤དང་༡༥སོ་སོར་བྱས་པ་རེད། ཁོང་རང་གིས་ངོས་ལེན་བྱས་པ་ཙམ་མ་ཟད་བོད་གཞུང་དང་སྐུ་སྒེར་གྱི་སྐུ་ཚབ་ཚོ་ཡང་ཞོར་དུ་དྲུད་ཡོད། དྲུད་པའི་སྐ་ཆ་དེ་ནི་ཟླ་༡་ཚེས་༨ཉིན་བཤད་པའི་སྐད་ཆ་དེ་བློ་སེང་མཆོག་གི་དྲྭ་རྒྱའི་བརྙན་ཕབ་ལས་བལྟ་རྒྱུ་ཡོད།
༼ཕྱིར་སྡོད་རྒྱ་མི་བྱས་པའི་ངོས་ལེན་༽དེ་ནི་བོད་ཀྱི་རྩ་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་ཤིན་ཏུ་གནད་འགག་ཡོད་ཞིག་རེད་ལ་དེ་ནི་ལོ་རྒྱུས་ཐོག་ཤིན་ཏུ་འགག་རྩར་ཐུག་རྒྱུའི་གནད་དོན་ཞིག་རེད།
གལ་ཏེ་བློ་སེང་མཆོག་བཀའ་ཁྲིའི་འོས་མིར་ལངས་མེད་ཚེ་གནད་དོན་དེ་སྒེར་གྱི་གནད་དོན་རེད། འོན་ཀྱང་ད་ཆ་ཁོང་ནི་བོད་ཀྱི་རྩ་དོན་སྒྲུབ་མཁན་གྱི་སྤྱི་མི་ཞིག་དང་། ལྷག་པར་དུ་སྲིད་བློན་གྱི་གོ་གནས་འདོད་མཁན་ཡིན་ཙང་ཁོང་བཀའ་ཁྲིར་སླེབ་པའི་དབང་སུ་གཏང་བའི་ཉིན་དེ་ནས་ཁོང་གིས༼ཕྱིར་སྡོད་རྒྱ་མི་བྱས་པའི་ངོས་ལེན་༽གྱི་གནས་ཚུལ་འགན་ལྗི་པོ་དེ་བོད་མི་སྤྱིའི་གནད་དོན་ཞིག་ཆགས་པ་རེད།
དེ་དུས་རྒྱ་མིས་རྣམ་འགྱུར་གཞན་ཞིག་ལྟན་ཡོང་ངེས་པས་དེའི་སྐབས་ཁ་ལ་འཛུག་གུ་རྒྱུས་ནས་སྡད་རྒྱུ་རེད།
ངས་ངོས་ནས་བྱས་ན་ ༼ངའི་ངོས་ནས༽ དང་འཛུབ་གུ་༼མཛུབ་མོ་༽རུ་བཅོས་རོགས་གནང་།
སྙིང་རྗེ། འཇམ་ཚུལ་འདི་མགོ་སྐོར་ཐེབས་པ་མིན་ན། བཟང་སྤྱོད་ཅན་ཞིག་རེད་མི་འདུག ཁོས་བསྒྱུར་བ་ཡིན་ཞེས་འདིར་བཀོད་པ་ཡོངས་རྫོགས། བློ་བཟང་སེང་གེའི་ཁྱབ་བསྒྲཊ་ཀྱི་དྲ་རྒྱ་ནས་བཤུས་ཡོང་བ་རེད་འདུག གཟིགས་དང་། http://www.kalontripafortibet.org/InMedia.aspx དེ་ཚོ་གཅིག་ནས་ཆ་བསྡུ་ཡ་བསྡུ་བྱས་པ་ཤ་སྟག་རེད། གཉིས་ནས་འོས་མི་གཞན་གཉིས་ཀྱི་སྐོར་ཐོན་པ་དེ་ཚོ་བཀོད་མེད། གསུམ་ནས་བློ་སེང་ནི་སྐྱག་རྫུན་ཤོད་པར་བྱང་ཆུབ་པ་ཞིག་རེད།
བློ་བཟང་སེང་གེའི་ལྟ་སྒྲུབ་གསུམ།
གཅིག་དཀྲུག ༼ གཅིག་སྒྲིལ།༽
ཟ་འདོད། ༼གསར་གཏོད།༽
རང་མགོ་གང་ཐོན། ༼ རང་མགོ་རང་ཐོན། ༽
༡༽ གཅིག་དཀྲུག་རང་བཞིན་གྱི་ལྟ་བ།
སྐུ་དྲག་དང་མི་དཀྱུས་མའི་བར་དཀྲུག་པ།
རྒན་པ་དང་གཞོན་པའི་བར་དཀྲུག་པ།
ཤེས་ཡོན་ཅན་དང་མི་སྣ་དཀྱུས་མའི་བར་དཀྲུག་པ།
ཆོས་ཁ་དང་ལུང་མཚན་གྱི་བར་དཀྲུག་པ།༼ལེ་ཐང་བརྟན་བཞུགས་ཕུལ་བ་ལས་ཁོང་གིས་དཔུང་སྒྲིག་པ།༽
༢༽ ཟ་འདོད་ཀྱི་རང་བཞིན་གྱི་ལྟ་བ།
བཀའ་ཁྲིའི་ཁྲི་རག་ཐབས་ལ་རྫུན་གྱི་རྒྱུན་རིམ་པར་བཤད་པ
རྫུན་དང་པོ།
འོས་ཤོག་རག་ཐབས་ཀྱི་ལས་འགུལ་ཆེད་དཔའ་འབྱོར་གྱི་འབྱུང་ཁུངས་ལ་སྔ་ཕྱིའི་འགལ་བ་ཡོད་པ་བཤད་པ།
རྫུན་གཉིས་པ།
སྐུ་ཚབ་ཚོའི་ནང་ནས་༼ཕྱིར་སྡོད་རྒྱ་མ་ཡིན་པའི་ངོས་ལེན་བྱས་༽པའི་ཐོག་ནས་རྒྱ་ནག་དང་བོད་དུ་ཕེབས་རབ།
ད་དུང་དེ་མ་ཚད་པའི་རྫུན་དུ་མ་ཡོད།
༣༽ རང་མགོ་གང་ཐོན་གྱི་རང་བཞིན་གྱི་ལྟ་བ།
༢༠༠༥ལོར་ཕྱིར་སྡོད་རྒྱ་མི་བྱས་པ།
འོས་ཤོག་རག་ཐབས་ལ་གདམས་ངག་ཁ་ཤས་གཏན་འཁེལ་བྱས་པ།
ངས་ང་ཚོའི་དམངས་གཙོའི་ན་སྨིན་མི་འདུག་ཅེས་ལན་མང་པོར་བཤད་མྱོང་། དེ་དག་གི་སྒྲུབ་བྱེད་ནི་དྲ་ཐོག་འདི་ནས་གསལ་བོར་འབྱུང་བར་སྙམ། དྲ་གྲོགས་འགའ་ཞིག་ངས་སུ་ཞིག་ལ་རྒྱབ་སྐྱོར་བྱས་པ་དེ་དེའི་རྗེས་འབྲང་དུ་བསམ་པ་དང་། འགའ་རེས་མགོ་སྐོར་ཐེབས་པ་འམ་བསམ་བློ་འཁྱོག་པར་འདོད་པ། འགའ་རེས་རང་གིས་མཐོང་བ་ལས་ཚད་མ་མེད་པ་པར་འདོད་པ། འགའ་རེས་གཅིག་གི་སྐྱོན་ཁོ་ན་འཚོལ་ཞིང་གཞན་བཏང་སྙོམས་སུ་བཞག་པ་སོགས་ཀྱི་སྣང་ཚུལ་མང་པོ་ཡོད་པ་འདི་དག་རེད།
བློ་སེང་གི་སྐོར་ལ་རྒྱལ་སྤྱིའི་ཚགས་ཤོག་ཁག་ལས་ཐོན་པ་འདི་དག་གཅིག་བུ་མ་རེད། ཧ་ལམ་གྲངས་ལས་འདས་པ་འདུག་བཤད་ཀྱང་མི་བརྫུན་པའི་ཚོད་དུ་འདུག དེ་ཡང་འཛམ་གླིང་ཐོག་སྐད་གྲགས་རབ་ཏུ་འབར་བའི་ཚགས་ཤོག་ཚོ་ཡང་འདུས་ཡོད། འགའ་ཞིག་གིས་གོང་གི་འདི་དག་བཅོས་པའམ་བློ་བཟོ་བྱས་པར་དོགས་པ་འདུག་པས་དེ་དག་ལ་འབྲེལ་ཐག་འདི་དག་ཕུལ་བ་ཡིན།
རྒྱ་གར་ཤར་ཕྱོགས་ཀྱི་ཚགས་པར་ཆེ་ཤོས། telegraph གྱི་འབྲེལ་ཡོད་དྲ་འབྲེལ་འདི་ཡིན། :
http://www.telegraphindia.com/1110311/jsp/nation/story_13698966.jsp
ཁེ་ན་ཌའི་ཚགས་པར་ཆེ་ཤོས། the global and mail འབྲེལ་ཡོད་དྲ་འབྲེལ།
http://www.theglobeandmail.com/news/world/asia-pacific/100000-tibetans-living-in-exile-expected-to-vote/article1937856/
དབྱིན་ཡུལ་གྱི་ཚགས་པར་ཆེ་ཤོས། the guardian འབྲེལ་ཡོད་དྲ་འབྲེལ།
http://www.guardian.co.uk/world/2011/mar/10/dalai-lama-step-down-qanda
http://www.guardian.co.uk/commentisfree/2011/mar/11/dalai-lama-retirement-tibetans
དྲ་རྒྱ་ the independent འབྲེལ་ཡོད་དྲ་འབྲེལ།
http://www.independent.co.uk/news/world/asia/dalai-lama-steps-back-to-push-tibetans-forward-2238596.html
རྒྱ་གར་གྱི་ཚགས་ཤོག་སྐད་གྲགས་ཆེ་ཤོས། the times of india འབྲེལ་ཡོད་དྲ་འབྲེལ།
http://articles.timesofindia.indiatimes.com/2011-03-11/india/28679193_1_tibetans-dalai-lama-tashi-wangdi
རྒྱ་གར་གྱི་ཚགས་ཤོག་སྙན་གྲགས་ཅན་གཞན Indian express ཡི་འབྲེལ་ཡོད་དྲ་འབྲེལ།
http://expressbuzz.com/opinion/op-ed/the-dalai-lama%E2%80%99s-move/255540.html
ཨ་རི་དང་འཛམ་ཡོངས་སུ་སྙན་གྲགས་ཆེ་བ The Washington post ཡི་འབྲེལ་ཡོད་དྲ་འབྲེལ།
http://www.ongo.com/v/542584/-1/C8BC62C2B2E35FB7/dalai-lama-says-he-will-relinquish-political-role-to-democratically-elected-leader
Australia
http://au.news.yahoo.com/queensland/world/-/page/2/
Deccan Herald
http://www.deccanherald.com/content/145605/tibetan-poll-frontrunner-promises-continuity.html
གོང་གི་འདི་དག་ལ་ཁྱེད་ཅག་གིས་གཟིགས་ནས་སུ་མཁྱོག་ཡོད་མེད། སུ་གཡོ་འོག་ཏུ་ཚུད་ཡོད་མེད་གཟིགས་ཐུབ་པའི་རེ་བ་ཞུ།
རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་མི་ཁུར་རྒྱུ་ཡོད། འགྲོ་གྲོན་གཏོང་རྒྱུ་ཡོད་ན་ཚགས་པར་ཐོག་བཀོད་རྒྱུ་དཀའ་ལས་ཅི་ཡོད། དེ་ཙམ་ལ་ཡིད་རྟོན་བྱེད་པ་དག་བླུན་པོ་གྲགས་པའི་རྗེས་འབྲང་གི་གྲལ་དུ་ཕེབས་པར་ཞུ།
ད་ཁྱེད་ཚོས་ཅི་ཞིག་གསུང་གི་ཡོད།
ངས་ཚགས་པར་ཐོག་དེ་འདྲ་ཐོན་འདུག་ཞུས་པ་ལས་ཚགས་ཤོག་དེ་དག་ལ་ནོར་འཁྲུལ་ཡོང་མི་སྲིད་ག་དུས་བཤད་སོང་། ལར་ནས་ཚགས་ཤོག་ལྟོས་དེ་ཙམ་ཉོ་ན་ཉོ་ཆོག་ཆོག་ཅིག་དང་། ཉོས་འབྲི་པ་ཞིག་ཡིན་པའི་ཡིད་ཆས་ངོ་མ་འདུག་གམ། ང་ནི་ཁྱེད་ཅག་གི་སེམས་ཁམས་ལ་ཡ་མཚན་ཆེ། མ་གཞི་ཆེད་དུ་ཀྱོག་ནས་བཤད་ཀྱི་ཡོད་ན་ཡ་མཚན་རྒྱུ་ཇི་ཡོད།
དྲ་གྲོགས་གངས་ལྷ་ལགས།
ཁྱེད་ཀྱིས་ངས་http://www.kalontripafortibet.org/InMedia.aspxའདི་མ་གཏོགས་མཐོང་མེད་པར་གསུང་པ་རེད་མི་འདུག་གའ་།
དྲ་གྲོགས་ལ་རྒྱའི་བདག་པོས་སྐད་ཆ་རིན་ཐང་ཅན་ཞིག་བྲིས་འདུག དེ་རིན་ཐང་ཆེ་དོན་དམིགས་བསལ་གྱིས་ཆགས་པ་རེད། རྒྱུན་དུ་ཁོང་གིས་ཤི་ཐང་ཐང་གིས་བློ་སེང་ལ་ངོ་རྒོལ་བྱས་མཐར་ཁ་སང་སྐད་ཆ་དེ་འདྲ་བཤད་ནི་སྤུས་ཀ་ཞིག་མཐོང་སོང་། རང་གཞན་ཚང་མས་དེ་ལྟར་བྱེད་པའི་རེ་བ་ཞུ།
ང་ལ་ཟུར་ཟ་གནང་མཁན་དྲ་གྲོགས་རྣམས་ཀྱིས་གསུང་ལན་ཅང་གནང་མི་འདུག
དེས་ན་དེ་རིང་འདི་དྲ་འབྲེལ་གསལ་བ་ཞིག་ཡོད། http://english.peopledaily.com.cn/90002/96417/7326988.html འདི་ནི་རྒྱ་ནག་ཞིན་ཧ་གསར་འགྱུར་ཁང་གིས་བློ་སེང་དྲག་གཅོད་པ་ཡིན་ཚུལ་གླེང་བའི་རྩོམ་ཞིག་རེད། འདི་ན་བློ་སེང་རྒྱ་མི་ཡིན་པ་དང་རྒྱ་ནག་གིས་བློ་སེང་ལ་འགྲོ་སོང་གཏོང་གཏོང་གི་ཡོད་པའི་ཟོལ་འདྲ་གང་ཡང་མི་འདུག
http://www.phayul.com/news/article.aspx?article=China+calls+popular+Tibetan+PM+candidate+a+%22terrorist%22&id=29290 འདི་ནི་ཕ་ཡུལ་དྲ་རྒྱར་རྩོམ་དེའི་སྐོར་ལ་བྲིས་པ་ཞིག་རེད།
དྲ་གྲོགས་པོད་པ་ལགས།
ངས་དྲ་འབྲེལ་རྫུན་མ་གཅིག་ཀྱང་བཞག་མེད་ལ་དེ་འདྲའི་རྫུན་བཤད་པ་མི་ངའི་གཤིས་ལ་ཡང་མེད། ཁྱེད་རང་གི་གློག་ཀླད་ལ་སྐྱོན་འདུག་གམ་དཔྱད་པར་འཚལ།
ཉིན་མང་པོ་ཞིག་ལ་ཡོང་མ་ཐུབ་པའི་རྗེས་སུ་ད་ལྟ་འདི་མཆན་མང་ཤོས་ཀྱི་གྲས་སུ་སླེབས་འདུག་པ་མཐོང་བྱུང་། དེས་ན་འདི་ལ་ཡང་གཟིགས་རོགས་ཞུ། http://wn.com/Dr_Lobsang_Sangay_on_forming_of_Kashag_and_how_will_it_remain_connected_with_the_people
འོ་ན་འདི་ལ་ཡང་གཅིག་གཟིགས་པར་ཞུ།http://wn.com/Dr_Lobsang_Sangay_on_forming_of_Kashag_and_how_will_it_remain_connected_with_the_people