ཤར་ཕྱོགས་ཁུག་རྟ།
མི་ལ་ལར་ཁ་བྱང་འདི་སྣང་བ་ཙམ་གྱིས་སྣ་དགོད་ཤོར་བཞིན་བརྗོད་བྱ་ཡིད་ངོར་ལྷང་ངེར་ཤར་ཐུབ་པ་ཞིག་ཡོང་བར་སེམས་ལ། དེ་ནི་གཅིག་བྱས་ན་ཆབ་སྲིད་དར་འཐག་ཁྲོད་ཀྱི་ནོངས་འཛིན་རང་ལུགས་པ་དེ་དག་ཡིན་ངེས། ངས་སྐབས་བབ་བོད་གཞུང་མང་གིས་གླེང་བའི་གསུང་འཕྲིན་གྱི་ཕྱི་ནང་གསང་གསུམ་མིན་པའི་གསང་བ་ཞིག་གླེང་ན་འདོད་ལ། དེ་ནི་ད་བར་སྟོད་ཤ་ཁྱི་དང་སྨད་ལྡོམ་ཁྱི་དག་གིས་མ་གླེང་བའི་ངོས་གཅིག་ཀྱང་ཡིན་སྲིད་ལ། ཆབ་སྲིད་པ་ཐབས་ཆག་ཏུ་སྒྲོག་པ་ཚོའི་ཡ་ཆུང་སེམས་ན་གནས་པའི་རབ་རིབ་དང་གསལ་ལ་མ་གསལ་བ་དེའི་གཟུགས་བརྙན་ཀྱང་ཡིན་སྲིད།
མཁས་བླུན་ཚང་མའི་ཁ་རུ་གསུང་འཕྲིན་དང་གྲོས་ཚོགས་ཀྱིས་ཁེངས་བསྡད་པའི་ཉི་མ་འདི་ཚོར། ང་ལ་གསལ་བོར་མཐོང་ཐོས་བྱུང་བ་ནི་སྲིད་དབང་རྩིས་སྤྲོད་ལ་འཁྲེང་བའི་༼ཁུངས་མེད་རུ་དཔུང་༽གི་འདས་མ་ད་གསུམ་རེད། ཁུངས་མེད་རུ་དཔུང་ནི་ནུབ་ཕྱོགས་ནས་མཆེད་པའི་ཐ་སྙད་རྗེས་འབྲངས་པ་ཁག་ཅིག་སྟེ། བྱེད་ལས་ཀྱི་ཆ་ནས་བཤད་ན་འུར་རྒྱག་པ་དང་། ལོག་འགྲེལ་བྱེད་པ། འོལ་ཚོད་བདེན་པར་རེ་བ་བྱེད་པ་རེད། མངོན་འདོད་ཀྱི་ཆ་ནས་བཤད་ན་ཐ་སྙད་ཙམ་གྱི་གཞན་དབང་ལ་གནས་ཤིང་། མཐར་གཏུག་ན་མངོན་འདོད་བཤད་བཞིན་རང་ཉིད་དེ་ང་ཙམ་སྟོན་པ་དང་། ང་དེའང་ཐུན་མོང་ཟུར་གསུམ་ཡིན་དུས་གྲུ་བཞི་ཡིན་ཟེར་མཁན་དང་། ཐུན་མོང་ནར་ནར་ཡིན་དུས་ཟླུམ་པོ་ཡིན་པའི་རྒྱང་ཐག་འཛིན་མཁན་ཚོ་རེད། ཁོང་ཚོ་དག་གིས་ནམ་ནམ་ཞར་ཞར་དུ་མ་འདྲ་བ་ཞིག་བཤད་པ་དང་བསམ་རྒྱུ་གཙོ་ཆེར་འཛིན་ལ། རང་ཉིད་ཀྱིས་རང་ཉིད་མ་འདྲ་བའི་གྲལ་ཏུ་བཏགས་མཚམས་བློ་ཡིད་ཚིམས་པར་བཞེད།
བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནམ་འཕང་མཐོ་དམའ་ཅི་ལྟར་གནས་རུང་། ཁོང་ཚོ་དག་གི་གཤོག་རླབས་ནི་སྦྱངས་པ་མངོན་དུ་སོང་ནས་བསྐྱངས་པ་ཞིག་མིན་པར། ཁུངས་མེད་འོལ་ཚོད་བརྡོལ་རྒྱུ་ཐད་སྤྲོས་བྱས་ནས་བསྐྱངས་པ་ཞིག་ཡིན་སྟབས། ཁོང་ཚོ་དག་གི་གཤོག་རླབས་ནི་བསྐྱངས་ས་མ་རག་པ་མ་གཏོགས་མི་བསྐྱངས་སའི་ཕྱོགས་དང་ངོས། གྲུ་ཟུར་གང་ཡང་མེད་པས། ཁུངས་མེད་རུ་དཔུང་ལ་གནའ་སྔ་མོར་མཁྱེན་མདོག་ཟོལ་རྫུའི་སྐབས་འཚོལ་རང་ལུགས་པའང་ཐོག་མྱོང་ཡོད་འདུག
ལོ་རབས་བརྒྱད་བཅུ་ནས་བོད་ནས་གཉེན་འཕྲད་བྲོས་བྱོལ་ཕོན་ཆེ་འབྱོར་དབང་གིས། ཁུངས་མེད་རུ་དཔུང་གིས་བོད་ནང་གི་བསམ་ཚུལ་ཞེས་པའི་ལག་ཆ་གསར་བ་ཞིག་རག་པ་དང་བསྟུན་ནས། ཐ་སྙད་རྗེས་འབྲངས་ཀྱི་ཤན་ཤུགས་ཀྱིས་སྐབས་སྐབས་རེར་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནམ་མཁར་སྨུག་པས་ཀྱང་བཏུམས་མྱོང་ཡོད། ཁུངས་མེད་རུ་དཔུང་གི་རྣམ་པ་གཞན་ཞིག་ནི་ལུང་ཚན་དང་གྲུབ་མཐའི་ངོས་སུ་བསྲིངས་ཏེ། གང་གནང་བཞིན་པར་ལྟ་རྒྱུ་ལས་ཁུངས་མེད་གཏམ་འཆལ་གྱིས་བརླམས་པའི་དོགས་པ་ཁོ་ན་སྨྲ་བའི་ལས་སུ་ཞུགས་ཤིང་། ང་ལ་སྐྱབས་དང་ཁུངས་གཏོགས་ཡོད་པའི་བཤད་ཡམས་འབུར་ཚུགས་སུ་བྱུང་བ་དག་ནི་འདས་པ་སྟེ་ཁ་སང་གི་ཁ་སང་རེད། སྐབས་དེ་ཤེད་དུ་གསུང་འཕྲིན་ཕེབས་པའི་སྐྱེས་ཆེན་འདིས་དངན་པ་ཡང་ཡང་འཐེན་མྱོང་ལ། འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་རྨང་གཞི་བྱས་ཏེ་མི་རིགས་འདིའི་ཆེད་དུ་གང་ཡང་མ་གནང་བ་མེད་པའི་སྐྱེས་བུ་འདིས། དངན་པ་ཁོག་ཏུ་བཅུགས་ནས་ཁ་སང་དེ་རིང་གི་གསུང་འཕྲིན་ཕེབས་རྒྱུའི་དུས་ཚོད་འདིར་ངང་སྒུག་བྱས་པ་རེད།
བྱ་བ་ལམ་དུ་སོང་བའམ། ལྟས་བཟང་ངན་གང་ཞིག་བྱུང་མིན་ཆ་མ་འཚལ་ཡང། ཁུངས་མེད་རུ་དཔུང་གི་རིགས་ལམ་གྱི་བརྒྱུད་པ་སྲིད་དོན་སྟེགས་བུའི་སྟེང་ཀྱོག་ཀྱོག་གིས་ལྡིང་ཞིང་། མི་རབས་གསར་བའམ་དེང་རབས་རང་ལུགས་ཀྱི་འཆོར་གོས་གོན་བཞིན་ཞེ་འཁོན་འབུར་གཟུགས་སུ་བཏོད་དེ་འཁྲབ་འགོ་བཙུགས་པ་རེད། འཁྲབ་སྟངས་དེའང་མདོར་དེད་ན་ཁུངས་གཅིག་ལས་མེད་ལ། དེ་ནི་མི་གཤིས་བསམ་བློའི་ཚུགས་ཐུབ་ཀྱི་མ་ལག་བཅོམ་པར་བསྒྲགས་སྟེ། རིག་གནས་རྨག་མེད་ཀྱི་སྦྱོར་བ་སྦས་ཏེ་མངོན་སུམ་སྲིད་དོན་ལངས་ཕྱོགས་ཀྱི་རྒྱལ་ཕམ་འབྱེད་འདོད་ཉག་ཅིག་རང་རེད། སྐབས་འདི་དང་འཐབ་རྩོད་ཀྱི་རིམ་པ་འདི་ནས། ཁུངས་མེད་རུ་དཔུང་ལ་རིག་ལམ་རྒྱས་ཟིན་པ་ཤེས་ཐུབ་ཀྱང་། ཡ་ང་ཞིང་ཡིད་སྐྱོ་བ་ཞིག་ནི་སྲིད་དོན་ཚོར་ཤུགས་ཀྱི་ཚོར་བ་ཁོ་ནས་གང་ཞིག་སྐྱོབ་པར་བྱེད་པའི་མི་རིགས་དེའི་སྲོག་སྙིང་བརྗེ་འདོད་པ་དེ་རེད། འདི་ནི་སྲིད་དོན་གཞུང་ལུགས་ཀྱི་འཐབ་རྩོད་ནང་བྱུང་མ་མྱོང་བ་ཞིག་མིན་ཡང་། འདི་འདྲའི་བྱེད་ལས་ཀྱིས་སྐྱོབ་བྱའི་ཡུལ་དུ་གྱུར་བའི་མི་རིགས་དེའི་ཚེ་སྲོག་གི་རྒྱུན་གནས་གདེང་ཚོད་མེད་པའི་ལམ་དུ་བསྒྱུར་བ་ནི་མངོན་སུམ་ཚད་གྲུབ་རང་རེད།
སྐབས་འདིར་ནང་དོན་རིག་གནས་ཀྱི་རྨང་གཞི་ཡལ་ལ་མི་སེམས་པའི་སྐྱེས་བུ་དེས། ས་ཡི་གོ་ལར་འགན་ཁུར་ཆེན་པོ་གསུམ་བསྣམས་མཁན་གྱི་སྐྱེས་བུ་དེས། ཨ་ཐང་ཆད་པའམ་བྱས་པ་དམངས་ཀྱིས་མ་ཚོར་བའི་ཐུགས་ཚོར་སྐྱེན་པོས་རང་ཉིད་གཏན་དུ་སྔར་ལམ་དུ་མི་ཆས་རྒྱུའི་གསུང་འཕྲིན་གནང་། བཀས་བཅད། ཡང་དང་བསྐྱར་དུ་གསོལ་བ་ཅི་ལྟར་བཏབས་ཀྱང་ངོས་ལེན་མི་གནང་པའི་ཐུགས་ཐག་ཆོད་པོ་མཛད། སྐབས་འདིར་ཁུངས་མེད་རུ་དཔུང་ལྟོས་བཅས་ཀྱིས་སྐད་གསེང་མཐོན་པོས། ༧ཏཱ་ལའི་བླ་མ་ཡིན་པའི་བསྟན་འཛིན་རྒྱ་མཚོ་མང་གཙོའི་གེགས་རྡོ་མ་ཡིན་ཡང་། གཏན་དུ་བརྒྱུད་ནས་ཡོང་པའི་༧ཏཱ་ལའི་བླ་མ་མང་གཙོའི་གེགས་རྡོ་ཡིན་པར་ཚིག་ཐག་བཅད། སྔར་མུས་བཞིན་བོད་ནང་གི་བསམ་ཚུལ་ཞེས་པའི་འཁྲབ་སྟངས་ཐམས་ཅད་ཅི་དགར་ཟ་ཟུར་གང་རུང་ནས་སྤྱི་ཚོགས་ནང་འདེབས་པར་བྱེད།
༧གོང་ས་མཆོག་ལ་ཐུགས་ཁག་མི་འདུག ཡང་དག་པའི་མང་གཙོ་རེ་བའི་སྐྱེས་བུ་ཞིག་ཡིན་པས་ཐུགས་ཁག་ཁྱོན་ནས་མི་འདུག བོད་ཀྱི་མཁས་པ་ཆེན་པོ་དེས་ཀྱང་། དབུ་ཁྲིད་རླབས་ཆེན་གྱིས་མི་གཅིག་གི་བསམ་ཚུལ་ལའང་ཉན་འཇོག་ཚུལ་བཞིན་བྱེད་ངེས་པར་ཚིག་ཐག་བཅད། ཁུངས་མེད་རུ་ཁག་ཁ་འཛུམ་ཁོག་དགའ་གཉིས་མེད་དུ་གྱུར།
ངས་༧གོང་ས་མཆོག་ལ་གུས་པས་ཞུ་རྒྱུར། གསུང་འཕྲིན་གྱི་གཏིང་མཐའ་གང་ཡང་མིན་པའི་གསུང་འཕྲིན་གྱི་ངོས་འདི་ནས་བཤད་ན། ༧གོང་ས་མཆོག་གིས་མི་མང་ལ་མ་གནང་པའི་ཆབ་སྲིད་ཀྱི་འགན་དབང་སྒེར་བདག་ཅིག་མེད་པ་དང་། མི་གཅིག་གིས་དབང་འཛིན་དང་དགའ་ལྡན་ཕོ་བྲང་ཟེར་བ་ དེའང་དོན་དམ་མིང་ཙམ་དུ་གནས་མོད་ཀྱང་། ༧སྐུ་མདུན་ཁྱེད་རང་གིས་ཁུངས་མེད་རུ་དཔུང་ལ་ངན་པར་དཔའ་དར་འཐེན་སོང་། སྤྱང་ཀིར་རྣ་ཙོར་བཏགས་སོང་ཞེས་ཞུ་འདོད་བྱུང་ལ།
བོད་མི་རིགས་ལ་བོད་དོན་འཐབ་རྩོད་སྒྲུབ་པ་ཉམས་ལེན་ཡིན་པའི་རིག་པའི་གཞུང་ལུགས་འདི་གོས་ལ་སྣུམ་གྱིས་མ་ཐེབས་ཚེ། ང་ཚོ་ལའང་དོན་ལྔ་སྣོད་དྲུག་ཡོད་པའི་མི་ཙམ་ལས་གཞན་བརྡ་དོན་གང་ཡང་མི་འདུག་ལ། བབ་དོན་གཡར་པའི་ལུང་པའི་གནམ་ཟླའི་ཁ་སྟབས་འདི་འང་གང་ནས་མཇུག་སྒྲིལ་མིན་ཤེས་ཚོད་དཀའ་ཞིང་། ཁུངས་མེད་རུ་དཔུང་གི་འདོད་དོན་མངོན་འགྱུར་བྱུང་ཚེ། ང་ཚོ་མ་ཤི་ཚེ་མི་ཞིག་ཡིན་པའི་གཟུགས་བརྙན་གཞན་ངོར་སྣང་ཙམ་རེད། ཁྱེད་སྐུ་ཚེ་བརྟན་ཤོག་༧གོང་ས་མཆོག།
ཁྱེད་རང་གི་མཆན་འདིས་རྙོགས་ཁྲ་མང་དུ་བཏང་འདུག་
མཁས་དབང་ཤར་ཕྱོགས་ཁུག་རྟ་ལགས་ཐུགས་རྗེ་ཆེ། ཁྱེད་ཀྱི་བླ་ན་མེད་པའི་མི་གཤིས་དེས་ཆབ་སྲིད་རིག་གཞུང་ནི་ཅི་ཞིག་ཡིན་མིན་ཤེས་ཀྱི་འདུག
རྨོངས་གཉིད་ཀྱི་གཟིར་བའི་སྤྱི་འཐུས་དང་བོད་མི།
༄༅།།འ་ཙི་སྤྱི་འཐུས་རྣམས་པ་ད་དུང་ལྐུགས་པ་ཨུ་ཚུགས་རང་རེད། ༧གོང་ས་མཆོག་དགུང་ལོ་ བཅུ་དྲུག་ནས་དུས་ད་ལྟའི་བར་མི་ལོ་ཧྲིལ་པོ་དྲུག་ཅུ་ཙམ་གྱི་རིང་བྱིས་ཕྲུག་ཐང་ལུས་འདྲ་བའི་
བོད་བསྟན་སྲིད་མི་དམངས་ཀྱི་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་སྐྱོན་ནས་ད་གཟོད་སྐྱབས་
འབངས་མི་དམངས་རྣམས་རང་མགོ་རང་གི་འདོན་པའི་དུས་སྔ་མ་དྲག་ཕྱིས་མ་དྲག་འོས་ཤིང་
འཚམ་པ་ཞིག་ཡིན་པར་མཁྱེན་ནས་༧རྒྱལ་བ་དོན་གྱི་བདག་པོས་འདས་མ་འོངས་ད་ལྟ་དུས་
གསུམ་གྱི་གནད་འགག་ལ་གཟིགས་ཏེ་བོད་ཀྱི་ཆབ་སྲིད་བགྲེས་ཡོལ་གནང་བ་དེ་ནི་བོད་བསྟན་
སྲིད་དང་མི་དམངས་ཐུགས་ནས་འདོར་གནང་བ་མ་ཡིན་པར། སྔོན་བྱོན་༧རྒྱལ་བ་གོང་མ་རྣམས་
ཀྱིས་མཛད་པ་དང་། གཟི་བརྗིད་ལ་ཡིད་རངས་སྔགས་བརྗོད་ཀྱི་འོས་སུ་འགྱུར་བ། ད་ལྟའི་རྒྱ་བོད་
ཕན་ཚུན་གཉིས་མོས་ཀྱི་ཆབ་སྲིད་ཞི་མོལ་གྱི་རྒྱུད་ལམ། མ་འོངས་བོད་བསྟན་སྲིད་མི་དམངས་ཀྱི་ ཆེད་དུ་ཕན་དང་བདེ་བའི་རྩ་བ། དུས་གསུམ་གསལ་གཟིགས་ཀྱིས་དགོས་པ་རྒྱུ་མཚན་མང་པོ་ ཞིག་དང་དེ་ཡང་གློ་བུར་དུ་ཐུགས་ཐག་བཅད་གནང་བ་མ་ཡིན་པར་དུས་ཡུན་རིང་པོ་ཞིག་ནས་
དགོངས་བཞེས་གནང་ནས །ངེས་ཤེས་ཡང་དག་བརྙེད་པ་ཞིག་ཡིན་པར་ཡང་ནས་ཡང་དུ་བཀའ་ གནང་ཡོད་པ་མ་ཟད་ད་ལམ་བཅོ་ལྔ་མཆོད་པའི་ཉིན་མོ་ཆོས་ཞུར་བཅར་བའི་སེར་སྐྱ་ཕོ་མོ་ཡོངས་ལ་སྩལ་བའིབཀའ་སློབ་དེར་བསམ་བློ་གཏིང་གཟབ་གཏོང་དགོས་པ་མ་ཡིན་ནམ། དེ་ལྟ་བུའི་བཀའ་སློབ་ལ་ཡིད་ཆེས་དང་། གུས་བརྩི། བསམ་ཤེས་སོགས་མེད་པར་སྤྱི་འཐུས་ རྒྱུན་ལས་ནས་དྭངས་ལེན་མ་གནང་བ་མ་ཟད་ད་དུང་དེ་ལས་ལྡོག་ཏེ་༧གོང་ས་མཆོག་ལ་མུ་མཐུད་
བོད་ཀྱི་ཆོས་སྲིད་ཀྱི་དབུ་འཁྲིད་གནང་དགོས་པའི་གསོལ་འདེབས་བྱེད་བཞིན་འདུག
སྤྱི་འཐུས་ཀྱི་བསམ་ཚུལ་འདིའི་ཐད་བཀའ་ཤག་ནས་དགག་བྱ་གནང་བ་དང་། སྤྱི་འཐུས་ཆབ་ དྲག་ལྷ་མོ་སྐྱབས་ཀྱི་བསམ་ཚུལ་ལ་ཡིད་རངས་དང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱ་ཡིན། གཟིགས་དང་རང་རེ་ཚོས་དུས་རྒྱུན་དུ་དད་གུས་ཆེན་པོ་ཡོད་ཁུལ་གྱིས་ཅི་གསུང་བཀའ་བཞིན་
སྒྲུབ་རྒྱུ་དང་སྐུ་ཚེ་ཞབས་པད་བརྟན་ཤོག་ཅེས་སྨོན་ལམ་དང་། ཡང་ནས་ཡང་དུ་བརྟན་ཞུགས་ འབུལ་བ་དེ་ནི་རྒྱུ་མཚན་གང་གི་ཕྱིར་ཡིན་ནམ། གང་གི་བཀའ་བཞིན་སྒྲུབ་ན་༧རྒྱལ་བ་དགྱེས་ པའི་མཆོད་སྤྲིན་དེ་ལས་ལྷག་པ་མེད་པས་སྐུ་ཚེའི་བརྟན་ཞུགས་ཞབས་རིམ་ཡང་དེ་ལས་ལྷག་པ་ཅི་ཡོད། ༧གོང་ས་མཆོག་བགྲེས་ཡོལ་གནང་རུང་བོད་མིའི་དབུ་འཁྲིད་ཡིན་པ་ནི་སྨྱོན་མེད་དང་། བོད་མི་དམངས་རྣམས་ཀྱང་གང་གི་སྐྱབས་འབངས་ཡིན་པ་ནི་དེ་བས་སྨོས་ཅི་དགོས། ༧མགོན་པོ་གང་གི་བཀའ་སློབ་དྭངས་ལེན་ཞུས་ནས་གང་ལ་བགྲེས་ཡོལ་འབུལ་དགོས་པ་དང་། ཅེས་པའི་དཔེ་ལྟར་ད་ལྟ་ནས་གོམ་པ་མདུན་སྤོས་ཀྱིས་དགག་རྩའི་དུས་དཀའ་ངལ་ལ་གདུང་ལེན་འཐུབ་པ་དང་ཐ་ན་ཛ་དྲག་དུས་སྐབསསུ་ཅི་བྱ་གཏོལ་བྲལ་དུ་འགྱུར་ཚེ་༧གོང་ས་མཆོག་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་།གང་གི་ཐུགས་རྗེའི་འོག་རང་རེ་བོད་མི་ཙམ་ཟན་ཡོང་ནས་རྨོངས་ཞེན་གྱི་གཉིད་ལས་སད་ནས་བོད་ཀྱི་ཆོས་དང་།དེང་དུས་ཀྱི་ཤེས་ཡོན་གཉིས་ཀྱི་ཕྱུག་པའི་བོད་མི་རྣམ་སྤྱོད་དང་ལྡན་པ་བྱེད་རྒྱུར་རིག་པ་སྒྲིམ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལག་སྟར་བྱེད་དགོས་པ་ལས་
སུས་ཀྱང་ཐེག་པར་དཀའ་བའི་བོད་ཀྱི་ཆབ་སྲིད་འཛིན་སྐྱོངས་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་
དེ་ད་དུང། ༧རྒྱལ་བ་རིན་པོ་ཆེ་མཁྱེན། ཁོང་གིས་གནང་གི་རེད་ཅེས་པའི་སྒྱིད་ལུགས་ཀྱི་
བྱེད་སྟངས་དང་། སོ་སོ་རང་ཉིད་དལ་སྡོད་སྐྱིད་སྡོད་ཀྱིས་ཚེ་འདིའི་ལྟོ་གོས་གཏམ་གསུམ་ལ་
འབད་བརྩོན་དང་། ཆོལ་ཁའི་རྨོངས་ཞེན་གྱིས་སྤྱི་དོན་ལ་ལྷོད་གཡེང་སྣང་ཆུངབྱེད་པའི་ བག་ཆགས་ངན་པའི་རིགས་རྣམས་མེད་པ་བཟོ་དགོས།།
དེས་ན་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་དགོས། ཅེས་པའི་དཔེ་ལྟར་ད་ལྟ་རང་ཅག་ཚོར་ བླ་ན་མེད་པའི་མགོན་སྐྱབས་དབུ་འཁྲིད་འདི་ལྟ་བུ་ཡོད་སྐབས་དུས་ཚོད་དམ་འཛིན་བྱས་ནས་རང་མགོ་རང་གི་འདྲོང་པའི་ཉམས་མྱོང་གི་རྨངས་གཞི་དང་ཤེས་ཡོན་གྱི་བྱང་ཚད། དཔལ་འབྱོར་གྱི་ རྒྱབ་རྟེན་སོགས་ཚད་ལྡན་གྱི་དམངས་གཙོའི་བོད་གཞུང་ཞིག་ཡར་རླང་པ་མ་ཤོར་བ་དང་། མར་ཐིག་པ་མ་འཛག་བྱེད་ཐུབ་པའི་འཇོན་ཐང་ཅན་གྱི་གཞུང་འཛིན་མི་སྣ་གསོ་སྐྱོང་བྱེད་དགོས།།
ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་ཀྱང་སྒྱིད་ལུགས་དང་། ཕྱོགས་ལྷུང་ཐེན་འཁྱེར་གྱི་
དབང་དུ་སོང་ཏེ། སྤྱི་དོན་ཁ་རུ་འཁྱེར་ནས་རང་དོན་གཙོ་གཉེར་མེད་པར་དྲང་གསུམ་ཚད་ལྡན་
གྱིས་བོད་བསྟན་སྲིད་མི་དམངས་ཀྱི་ཞབས་ཞུ་སྙིང་སྟོབས་ཞུམ་པ་མེད་པར་སྒྭུབས་དགོས་པ་ནི་གལཆེའི་ནང་གི་དོན་ཆེ་ཡིན་པ་ཤེས་དགོས་པ་ཡིན། ལྷག་དོན་རང་ཅག་སྐྱབས་འབངས་མི་དམངས་སོ་སོའི་ངོས་ནས་ཀྱང་
གངས་ཅན་པའི་འཕྲལ་ཕུག་རྒྱང་གསུམ་གྱི་བསྟན་སྲིད་ཀྱི་ཁེ་ཕན་དང་། མི་དམངས་ཀྱི་ བདེ་རྩ། སྤྱི་ཚོགས་ཕན་བདེའི་ཞབས་ཞུ། རིག་གནས་ཤེས་ཡོན་གྱི་ཆུ་ཚད་གོང་མཐོར་གཏོང་བ།
མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་སོགས་བོད་ཀྱི་སྲོལ་རྒྱུན་བཟང་པོ་གཞི་བཞག་གིས་རྒྱབ་མདུན་
ངོ་ལྐོགས་མེད་པར་སྐབས་བབ་ཀྱི་ལས་འགན་བྱེད་སྒོ་ཁག་ལྷག་བསམ་རྣམ་དག་གིས་སྒྲུབ་དགོས་པ་ནི། ཇི་སྐད་དུ། པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པ་མཆོག་ནས།
དེང་གི་ཚན་རིག་བོད་ཀྱི་ཤེས་ཡོན་གཉིས། བཟུང་དུ་འབྲེལ་ནས་ཤེས་བརྒྱ་དར་བར་འཚལ།
ཞེས་གསུངས།
འདི་ཡང་རང་ཉིད་བོད་པ་ཙམ་ཟན་པ་ཞིག་ཡིན་པའི་ཆ་ནས་བོད་སྤྱི་དོན་ཐོག་གོ་མེད་འཚོར་
མེད་དུ་སྡོད་ཐབས་བྲལ་བས་ལྷག་བསམ་རྣམ་དག་གིས་ཞུ་ནའང་རང་ཉིད་ཀྱི་ཤེས་ཡོོན་ཆུ་ཚད་
དམའ་བས་ནོར་འཁྲུལ་དང་ཡོད་ངེས་ལ་བཟོད་པར་གསོལ།།
ཤར་ཕྱོགས་ཁུག་རྟ་ལགས།
༼སྟོད་ཤ་ཁྱི།༽ལབ་ན་མདོ་སྟོད་ཀྱི་སྨྱུག་ཐོགས་པ་ཚོར་ཟེར་གྱི་ཡོད་རེད་པ།
༼སྨད་ལྡོམ་ཁྱི།༽ལབ་ན་མདོ་སྨད་ཀྱི་སྨྱུག་ཐོགས་པ་ཚོར་ཟེར་གྱི་ཡོད་རེད་པ།
༼ལོ་རབས་བརྒྱད་བཅུ་ནས་བོད་ ནས་གཉེན་འཕྲད་བྲོས་བྱོལ་ཕོན་ཆེ་འབྱོར་དབང་གིས། ཁུངས་མེད་རུ་དཔུང་གིས་བོད་ནང་གི་བསམ་ཚུལ་ཞེས་པའི་ལག་ཆ་གསར་བ་ཞིག་རག་པ་དང་ བསྟུན་ནས། ཐ་སྙད་རྗེས་འབྲངས་ཀྱི་ཤན་ཤུགས་ཀྱིས་སྐབས་སྐབས་རེར་བཙན་བྱོལ་བོད་མིའི་ཆབ་ སྲིད་ཀྱི་གནམ་མཁར་སྨུག་པས་ཀྱང་བཏུམས་མྱོང་ཡོད།༽ལབ་ན། གསར་འབྱོར་སྨྱུག་ཐོགས་པ་ཚོས་བཙན་བྱོལ་སྤྱི་ཚཽགས་དཀྲུགས་སོང་ལབ་ཀྱི་ཡོད་རེད་པ།
ད་དུང་ཁྱེད་རང་གིས་༼སྐུ་མདུན་ཁྱེད་རང་གིས་ཁུངས་མེད་རུ་དཔུང་ལ་ངན་པར་དཔའ་དར་འཐེན་སོང་། སྤྱང་ཀིར་རྣ་ཙོར་བཏགས་སོང་༽ཞེས་ལབ་འདུག ད་ཤར་ཁུག་ཁྱེད་ཅི་ཞིག་བསམ་གྱི་འདུག
གསར་འབྱོར་སྨྱུག་ཐོགས་པ་ཁག་ཅིག་གིས་ཁྱེད་རང་དགེ་ཆོས་སྤྲུལ་སྐུ་རྫུན་མ་ཡིན་ཚུལ་ཡི་གེར་བྲིས་ནས་ཁྱེད་རང་གི་རྫུན་རྐུབ་བརྟོལ་བ་དེར་མི་མ་རང་བ་ཡིན་རྒྱུ་རེད། སྨྱུག་ཐོགས་པ་གཞན་ཚོ་ཁྱི་ཡིན་དགོས་པ་དང་། ཁྱེད་རང་ལྷ་ཡིན་དགོས་པའི་ལྟ་སྟངས་འདི་འདྲ་རྗེས་མ་ནས་མ་གླེང་རོགས་ཞུ་འདོད་བྱུང་། འཇོན་གི་ཡོད་ན། མིང་བཟུང་དོན་བཟུང་བྱས་ནས་གླེང་རོགས། ཤར་ཁུག་ཁྱེད་རང་གིས་ཚིག་གྲུབ་སྟབས་བདེ་རེ་འབྲི་ཤེས་ཀྱིའདུག་སྙམ་ནས་རེ་བ་ཞིག་བྱེད་ཀྱི་ཡོད། ད་ནི་ཡིང་ཐད་རྦད་དེ་ཆད་སོང་། རེ་བ་ཨེན་ཙམ་དེ་ཡང་བརླག་སོང་།
xxxxxxxxxxxxxxxx
ཟེར་རྒྱུའི་ཕོངས་པའི་ང་ཚོའི་རང་བཙན་འཐབ་རྩོད་པ་འདི་དག་གིས། རང་བཙན་དང་དབང་ཆ་༧རྒྱལ་བ་རིན་པོ་ཆེར་བརྩད། སྐད་ཆ་འདྲ་མིན་བཀྲམས། ༧སྐུ་མདུན་ཐུགས་ཕམ་བཟོས་ཡོད་པ་ཐག་ཆོད་རེད། ལྟ་གྲུབ་དང་སྲིད་བྱུས་ལ་ངེས་ཤེས་ཡོད་ན་འདི་ལྟར་ལས་ཀ་བྱེད་མདོག་མེད་མོད། ད་ཚར་གི་ཡོད་པ་རེད།
༧རྒྱལ་བ་རིན་པོ་ཆེར་དབང་ཆ་རྩད། ཡང་དང་ཡང་དུ་རྩད། ད་དེ་རིང་སང་ཉིན་དགའ་ནས་བསྡད་ཡོད་ཤག
ཨ་ཧ་ཧ༌༌༌༌༌༌༌༌༌༌༌༌༌དཀའ་ངལ་ཧ་ཅང་འཕྲད་སོང་རྩོམ་ཡིག་འདི་འགོ་ནས་འཇུག་པར་དུ་ཀློག་ཡིན་དེང་ཡིན་ན་ཡང་རྙོགས་པོ་ཧ་ཅང་འདུག་ཡག་པོ་ཡག་པོ་ཞིག་ཀློག་ན་གོ་རྒྱུ་ཞེ་དྲག་མི་འདུག
ཧཧཧཧ ད་ཁུངས་མེད་རུ་དཔུང་ལྟོས་བཅས་བོང་བ་འཁྱག་རོང་དུ་དེད་པ་ལྟར་ནག་ཐར་སེ་བཞག་འདུག ད་ཚང་མས་ལྟོས་ཨ། རྩོམ་ཡིག་འདི་ལས་སླ་བོ་ཞིག་མ་རེད། གོ་རྒྱུ་ཞེ་དྲག་འདུག
བོན་ནག་ལགས། དེ་གསལ་བོ་རེད།
དབང་ཆ་རྩད་པ་རེད། རྩོད་བཞིན་པ་རེད། ཚིག་ཁ་ནས་བསྐྱར་ཟློས་བྱེད་མི་ཐུབ་དེ་འགྲ་བཤད་ཀྱི་འདུག དེ་ཁྱེད་ནས་མ་ཤེས་སམ།
དཀོན་མཆོག་མཁྱེན། ད་གོ་རྒྱུ་འདུག ཡག་བྱུང་།
པདྨ་མཚོ་ལགས་དགག་ཡུལ་གྱི་མཚན་ལ་དང་པོ་ཡག་པོ་བྱེད་དེ་ལྟོས་དེ་ནས་འགོག།
བན་ནག་དང་བོན་ནག་ནོར་འདུག