བཀྲ་ཤིས་སྒྲོལ་མ།
༄༅།།གུས་མོར་དེ་རིང་བརྗོད་གཞི་འདི་འདྲ་ཞིག་གི་སྟེང་ལ་བསམ་ཚུལ་ཐུང་ཐུང་ཞིག་མོལ་འདོད་བྱུང་སོང་།དེ་ནི་བཙན་བྱོལ་ནང་སྐབས་གསུམ་པའི་བཀའ་ཁྲིའི་འོས་བསྡུའི་ལས་རིམ་མགོ་འཛུགས་བྱས་པ་ནས་བཟུང་གློ་བུར་ཆུ་རྡོལ་གྱི་དཔེ་རུ་ལངས་ཏེ་ཁ་ཤུགས་དང་བཅས་བཀའ་ཁྲིའི་འོས་གཞིར་ལངས་ཡོང་མཁན་མཁས་དབང་དུ་འབོད་པ་བློ་བཟང་སེང་གེ་ཁོང་གིས་མཐའ་དེ་རིང་ལ་ཐུག་གི་བར་དུ་འོས་ཤོག་གི་ཆེད་དུ་བཙན་བྱོལ་བོད་མི་རྣམས་ཀྱི་མིག་ལམ་དུ་གཟུགས་བརྙན་གང་འདྲ་ཞིག་བསྟན་ཡོད་མེད་ཀྱི་སྤྱི་སྡོམ་ལྟ་བུའི་སྐད་ཆ་འགའ་བཤད་འདོད་དང་།དེའི་མཇུག་འབྲས་ལ་དངོས་དོན་རང་བཞིན་གྱི་ཚོད་དཔག་བྱེད་རྒྱུ་ཡིན།
ཀ༽རྩེ་དགོད་ཀྱི་གཏམ་བཤད་ལམ་ལྷུང་།
བློ་བཟང་སེང་གེ་སྔོན་ཚུད་ནས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་དགོས་པའི་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་དུས་ལ་བབ་ཏེ་འོས་གཞིར་ལངས་ཡོང་བ་ཞིག་མིན་ནའང་།ཁོས་རྩེ་མཚར་གྱི་རྣམ་འགྱུར་དང་དགོད་གཏམ་འདྲེས་མའི་ལམ་ནས་ཕྱིའི་རྒྱལ་ཁབ་ཁག་གི་ད་ལྟའི་ཆབ་སྲིད་གནས་བབ་ལ་ངོས་འཛིན་དང་།དེ་བཞིན་སྤྱིར་བཙན་བྱོལ་བོད་མིའི་གནས་བབ་དང་ཡང་སྒོས་བཙན་བྱོལ་བོད་མི་རྣམས་ཀྱི་ཆབ་སྲིད་ཤེས་ཚད་ལ་ངོས་འཛིན་ངེས་ཅན་ཞིག་ཐོབ་པའི་སྒོ་ནས་ཁོས་གཡང་འབོད་ལྟ་བུའི་འབོད་སྒྲ་སྣ་ཚོགས་ཤིག་སྒྲོག་བཞིན་བཙན་བྱོལ་བོད་ཀྱི་གྲོས་ཚོགས་རྭ་བ་ནས་སློབ་གྲྭའི་སློབ་མ་བར་དང་།མཁས་པའི་བགྲོ་གླེང་ནས་རྡ་སའི་ཆབ་སྲིད་བགྲོ་གླེང་བར་ཁོ་ཁ་ལྕེ་བདེ་མོའི་ལམ་ནས་འཛུལ་ཞུགས་བྱས་མཐར་གཞོན་སྐྱེས་གཙོས་པའི་ཁོ་ལ་དགའ་བསུ་ཚད་མེད་ཐོབ་པ་རེད།རྨང་གཞི་དང་ཉེར་ལེན་དེ་འདྲ་ཞིག་ལ་བརྟེན་ནས་བཀའ་ཁྲིའི་འོས་མིར་ལངས་རྒྱུའི་རྨི་ལམ་རྨིས་མགོ་བརྩམས་པར་ངོས་འཛིན་བྱེད་ཀྱི་ཡོད་ལ།དེ་ནི་ཁོང་བཙན་བྱོལ་བོད་མི་རྣམས་ཀྱི་མིག་ལམ་དུ་ཐོག་མར་མངོན་སྟངས་ཀྱང་རེད།
ཁ༽ཁ་ལྕེ་བདེ་མོ་དང་རྒྱབ་སྐྱོར་རྣམ་དག
ཁོང་གིས་ཞལ་ལྕེ་བདེ་མོའི་གཏམ་བཤད་སྣ་ཚོགས་ཤིག་བྱས་ཏེ་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིར་ལངས་ཡོང་དུས།བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་དེ་ལ་ངོས་འཛིན་རྣམ་དག་དང་སླད་མེད་ཅིག་གནང་སྟེ་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས།ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་གཏན་སྤངས་བྱས་ཏེ་ཆོལ་ཁུངས་ཁམས་ནས་ཡིན་ཞིང་འཚར་ས་རྒྱ་གར་གཞས་གྲོང་ཁུག་ཀྱོག་ཅིག་ནས་ཡིན་པའི་ཁམས་པའི་ཕོ་རྒོད་དེ་སྐབས་གསུམ་པའི་བཀའ་ཁྲིའི་སྔོན་འགྲོའི་འོས་གཞིའི་རྩེ་མོར་བསྐྱལ་བ་མ་ཟད།དེ་ཡང་ཚད་མཐོན་པོ་དང་འོས་ཤོག་མང་པོའི་ལམ་ནས་དེ་ལྟར་བསྐྱལ་བ་རེད།འོས་ཀྱང་འདི་ནི་དངོས་གཞིའི་འོས་བསྡུ་མ་ཡིན་པ་དེ་བློ་སེང་གི་གྱོང་གུད་ཆེ་ཤོས་རེད།དེ་ཡང་སྔོན་འགྲོའི་འོས་བསྡུ་འདི་ལ་གཞིའི་རྩའི་བལྟ་སྟངས་གཉིས་རེད།གཅིག་ནས་བློ་སེང་གི་ཁ་ལྕེ་བདེ་མོ་ལ་བཙན་བྱོལ་བོད་མི་རྣམས་མགོ་འཁོར་ཏེ་དོན་དངོས་རང་བཞིན་ལ་བལྟ་མ་ཐུབ་པ་དང་།ཡང་ཕྱོགས་གཞན་ཞིག་ནས་མི་འབོར་དབུས་གཙང་མང་ཡང་འོས་ཤོག་ཁམས་པའི་ཕོ་སར་ཞིག་ལ་ཐོབ་པ་འདི་དངོས་གནས་དགའ་འོས་པ་དང་།ལོ་རྒྱུས་ཐོག་ཆོལ་ཁའི་ཕྱོགས་ཞེན་སྣ་ཚོགས་བྱས་ཡོད་ནའང་ད་ནི་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་ལམ་བུ་དང་ཁ་གྱེས་བཞིན་མཐུན་སྒྲིལ་དང་གོང་བུའི་ནུས་པ་མཉམ་སྤུངས་བྱེད་པའི་དུས་སྐབས་ཤིག་ཤར་མགོ་བརྩམས་པ་རེད།
ག༽ཧམ་བཤད་དང་རྫུན་གཏམ་གྱི་གྲུབ་འབྲས།
བློ་སེང་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་གཞོན་སྐྱེས་ཚོ་ཡར་ལངས་དགོས་ཞེས་པའི་བརྗོད་ཚིག་འདི་ཁ་ནང་ལ་འཕྲེད་དུ་བཟུང་སྟེ་འདི་ལྟར་བཀའ་ཁྲིའི་འོས་མིར་ལངས་ཡོང་དུས་གཟི་བརྗིད་པ་ལྡན་པ་དང་ཡིད་སྨོན་སྐྱེ་གཞི་ཞིག་ཡིན་ནའང་།འོན་ཀྱང་ཁོས་སྤྱིར་བོད་མིའི་རང་བཞིན་གཤིས་ཀ་དང་འཚམ་ཞིང་།ཡ་རབ་བཟང་སྤྱོད་ཀྱི་ལུགས་སྲོལ་བརྩི་སྲུང་གིས་ཕྱོགས་བསྐྱོད་དང་དྲིལ་བསྒྲགས་བྱེད་མ་ཐུབ་དང་།ལྷག་པར་དུ་ནུབ་གླིང་མགོ་སེར་ཚོས་ངོ་ཚ་ཁྲེལ་མེད་དང་བརྩེ་བྲལ་ཧམ་བཤད་ཀྱི་དཔེ་གཞི་མང་པོ་ཞིག་ཇི་མ་ཇི་བཞིན་ཕབ་ལེན་དང་དཔེ་བཤུས་ཀྱིས་བོད་པའི་སྤྱི་ཚོགས་ནང་མངོན་གསལ་དོད་པོའི་སྒོ་ནས་ཐོན་ཡོང་དུས་སྔོན་གྱི་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཡི་རངས་བྱེད་མཁན་གྱི་མི་མང་པོ་ཞིག་བློ་དོགས་དང་ཐེ་ཚོམ་གྱི་དྲྭ་ལ་ཚུད་ནས་ཕྱི་སྣུར་དང་རྟག་འཐེན་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར།
དེ་ལས་ཀྱང་ཁོང་གི་འོས་ཤོག་ལ་གནོད་ཚབ་ཆེ་ཤོས་ནི།ཁོང་གིས་ལན་མང་རང་ཉིད་ཀྱི་སྐྱོན་ཆུང་ངུ་རེ་ཡང་འགེབ་ཐབས་ཀྱི་ཆེད་དུ་ཞལ་རྫུན་ལན་མང་གསུངས་པ་དང་།དེ་ཡང་དཔེ་མཚོན་ཙམ་གླེང་ན།རང་ཉིད་ལ་སྤྱི་ཚོགས་ཐོག་ཆེ་མཐོང་ཡོང་ཆེད་དུ་དོན་དངོས་དང་མི་མཐུན་པའི་ཧ་ཝར་ཌའི་ནང་ལས་གནས་མཐོ་བོ་ཡོད་སྐོར་དྲིལ་བསྒྲགས་བྱས་པ།ཕྱི་སྡོད་རྒྱ་མིའི་ལག་འཁྱེར་བཟོས་པ།ལག་འཁྱེར་དེ་འབྲེལ་གྱི་ཐོག་ནས་འཇམ་ནོར་དང་ལྷ་བཟང་ལ་གླེང་འགེལ་བྱས་པ།ཧ་ཝར་གྱི་ཉམས་ཞིབ་འགྲོ་སོང་སུས་བཏང་གསལ་ཁ་མེད་པ།དེ་ཡང་མཐའ་མ་ཐེ་ཝན་ནང་རྟེན་གཞི་བྱས་པའི་རྒྱ་མའི་ཚོགས་པ་ཞིག་གིས་ནར་གཏོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ།སྐད་ཆ་ཚང་མ་སྙན་ངག་ལྟ་བུ་དང་གཡང་འབོད་ལྟ་བུ་ལས་དོན་དངོས་རང་བཞིན་གྱི་གཏན་ཚིག་མེད་པ་སོགས་རྒྱུ་རྐྱེན་མང་པོ་མང་པོ་ཞིག་ལ་བརྟེན་ནས་བཙན་བྱོལ་བོད་མི་ཚོས་ཁོང་ལ་རྒྱབ་སྐྱོར་དང་འོས་ཤོག་འཕེན་རྒྱུར་ཐེ་ཚོམ་ལས་བརྒལ་ཏེ་འོས་ཤོག་མི་འཕེན་རྒྱུའི་གྲ་སྒྲིག་དང་སེམས་ཐག་གཙང་བཅད་བྱས་ཏེ་བློ་སེང་གི་སྔོན་འགྲོའི་འོས་གྲངས་དང་འབྲེལ་སྟེ་རྩིས་གཞི་མང་པོ་ཞིག་འཐེན་ཡོད་པ་དག་ཉམས་མྱོང་མེད་པ་དང་རྩིས་ལོག་ཡིན་པ་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱས་ཤིང་ཕམ་ཁའི་ལག་རྟགས་སྤྲད།བཀའ་ཁྲིའི་སྲིད་སྟེགས་སྟེང་བཀྲས་མཐོང་མཐོང་བསྟན་འཛིན་རྣམ་རྒྱལ་དཔའ་སྤོབས་དང་བརྟན་བརླིངས་ཀྱི་ཐོག་ནས་ག་ལེར་ཡང་འགྲེང་བཞིན།བལྟས་པ་ཙམ་གྱིས་ཤེས་མྱོང་ཆེ་ཞིང་སྒམ་ཚུགས་ལྡན་པ་ཁོང་གིས་སྐབས་གསུམ་པའི་བཀའ་ཁྲིའི་གསུངས་བཤད་ཐོག་མ་གནང་ཞིང་། དེ་ཡང་ཁོང་གིས་མི་མང་གི་ད་བར་ཡིད་ཆེས་བློས་འགེལ་དང་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞེས་གསུགས་བཤད་གནང་བ་སྦྲགས་ལས་དོན་གང་ལ་ཡང་གང་ཡོང་ཅི་ཡོང་ཞུ་གི་ཡིན་པའི་ཁས་ལེན་དམ་འཇོག་གི་གཏམ་བཤད་གནང་།
ང༽བློ་སེང་ཧ་ཝར་ཌིར་ཕྱིར་ལོག་པ།
བློ་སེང་འགྱོད་གདུང་དྲག་པོ་ཞིག་གིས་སྣེ་དྲངས་ཤིང་།བློ་ཕམ་དང་ཡིད་ཆད།ཐབས་ཟད་དང་ཨུ་ཐུག་བཅས་ཀྱི་སྒོ་ནས་ཡང་བསྐྱར་རང་ཉིད་ཀྱིས་སྤོབས་པ་བྱེད་སའི་ཧ་ཝར་ཌིའི་ནང་ཉམས་ཞིབ་པ་རྒས་འཁོག་དེའི་ལག་གཡོག་བྱེད་དུ་འགྲོ་རྒྱུའི་སྐལ་བཟང་གི་དུས་སྐབས་ཤར།འོན་ཀྱང་འོས་མིར་ཞུགས་ཏེ་འགྲན་རྩོད་བྱས་པའི་གོ་རིམ་ནང་ཁོང་ཕམ་ཁ་རྐྱང་རྐྱང་གིས་ཡར་ལངས་བཅུག་མེད་པ་དེ་འདྲ་ནི་གཏན་ནས་མིན།གཞན་མི་ཤེས་ཏེ་ཁོ་ལ་མཚོན་ན་གྲུབ་འབྲས་དང་སློབ་སྦྱོང་ཆེན་པོ་ཐོན་ཡོད།ད་ནས་བཟུང་གསར་བུའི་སྣང་བ་ཙམ་པོས་ཁུངས་མི་འཁྱོལ་བ་དང་།གཟབ་ནན་དགོས་པ།འདི་འདྲའི་སྐབས་ལ་དོ་ནན་དང་ཞལ་རྫུན་གསུངས་མི་ཉན་པ་སོགས་ཀྱི་མཚོན་བསླབ་བྱ་གལ་ཆེན་མང་པོ་ཞིག་ཐོབ་ཡོད།འདི་ནི་བློ་སེང་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིར་ཞུགས་པའི་གྲུབ་འབྲས་རེད།
འདིའི་ནང་དུ་བློ་སེང་གི་སྐྱོན་མང་པོ་ཞིག་བཤད་འདུག་པ་རྣམས་རེ་རེ་བཞིན་དུ་ཁུངས་སྣེ་འདྲེན་རྒྱུ་ཡོད་ན་ལས་གཞན་འདི་འདྲའི་བྲག་ཅ་ལྟ་བུའི་སྒྲ་རྣམས་མ་བསྒྲགས་ན་ལེགས། ལར་ནས་སྐད་ཆ་འདི་བཤད་རྒྱུ་འཕྱིས་དྲགས་པས་ན་དེ་ཙམ་གྱིས་ཕན་ཐོགས་དང་སྐབས་བབས་ཤིག་ཀྱང་མ་རེད། རབ་བྱུང་ན་རྩོམ་པ་པོས་ཁུངས་སྣེ་རྣམས་གསེལ་འགྲོལ་གནང་རོགས།
བཀྲ་ཤིས་སྒྲོལ་མའི་སྐད་ཆ་ཚང་མ་བདེན་པ་ཡིན་ཀྱང་། ཚོད་དཔག་གཅིག་ནོར་འདུག ད་དུང་ཡང་བློ་སེང་ལ་རེ་བ་ཧ་ཅང་ཆེན་པོ་ཡོད། གང་ཡིན་ཟེར་ན། གྲྭ་བཙུན་གང་ཁྱབ་ཀྱི་ས་ན་བློ་སེང་གི་འོས་ཤོག་བཅོལ་བཞག་པ་ལྟ་བུ་ཕོན་ཆེ་ཞིག་བླངས་ཆོག་ཡོད། གྲྭ་བཙུན་གྱི་བརྒྱ་ཆ་བརྒྱད་ཅུས་ཆོལ་ཞེན་གྱི་སྟེང་ནས་འོས་ཤོག་འཕངས་ཡོད། རྒྱུ་རྐྱེན་འདི་ལ་བརྟེན་ནས་ཟམ་གདོང་ཚང་སེམས་ཀྱིས་མ་བཟོད་པར་སེར་འབྲས་གཉིས་སུ་འུ་ཐུག་གི་སྨྲེ་ངག་ལན་གཉིས་ཤོར་བ་མི་མཁྱེན་ནམ། གང་ལྟར་ཚུལ་འདི་ལ་བལྟས་ན་དམངས་གཙོ་གནང་བ་འདི་སྔ་དྲགས་པའི་ཚོར་སྣང་སྐྱེས།
བཀའ་ཁྲི་བློ་སེང་མིན་པ་ངས་ས་ཡིག་བརྒྱབས་ནས་བཤད་ཐུབ།
བཀའ་ཁྲི་བཀྲས་མཐོང་ཚང་ཡིན་པ་ངས་མཐོང་ཐུབ་ཀྱི་འདུག
བདེན་མིན་འོས་ཤོག་ཁྱབ་བསྒྲབས་བྱས་རྗེས་ཧ་གོ་ངེས་ཡིན།
མདོ་བསྡུས་ན་བློ་སེང་ལ་ཕམ་ཁ་བྱུང་མྱོང་མེད་།
དང་པོ་སློབ་གྲ་རྩེ་གྲས་མགྲིམ་པ་དང་།
གཉིས་པ་སྙན་གྲགས་ཆེ་བའི་མཐོ་སློབ་ནས་ཐོན་པ།
གསུམ་པ་སྙན་གྲགས་ཆེ་བའི་མཐོ་སློབ་ཞིག་ནས་ཚད་ལྡན་མཁས་དབང་གི་ལག་ཁྱེར་དང་ལས་གནས་རག་པ། བཞི་པ་བོད་དོན་ཐོག་༧རྒྱལ་བའི་བཀའ་དགོངས་བཞིན་རྒྱ་བོད་མི་རིགས་ཀྱི་ཁྲོད་མཁས་དབང་རྣམས་དང་ལྷན་བགྲོ་གླེང་གི་ལས་འགུལ་གཞི་རྒྱ་ཆེ་པོ་སྤེལ་ཐུབ་པ།
ལྔ་པ་བོད་ཀྱི་སློབ་རྣམས་ལ་ཞལ་ལག་སོགས་ཀྱི་མཐོན་ཅན་རང་ངོས་རྩལ་འཚོལ་གྱི་གྲུབ་ཧ་ཅང་ལྡན་པའི་ཐོན་ཅན་སྦྱར་ཐུབ་པ།
དྲུབ་པ་བཀའ་ཁྲིའི་འོས་ལང་ནས་རང་གི་དམིགས་ཡུལ་བཞིན་བོད་བཙལ་བྱོལ་ནང་དམངས་གཙོའི་ལམ་བཟང་གསར་གཏོད་ཤུགས་ཆེ་བྱེད་ཐུབ་པ།
བདུན་པ་ཁོང་གི་དངོས་ཡོད་ལོ་རྒྱུས་དང་ཤེས་ཡོན་སོགས་ལ་བལྟས་ནས་མི་མང་གི་སྔོན་འགྲོའི་སྐབས་འོས་གྲངས་འགྲན་ཟླ་མེད་པ་བྱུང་ཡོད་།
བརྒྱད་པ་བཀའ་ཁྲི་དངོས་གཞིའི་སྐབས་དེ་བས་ཁོང་ལ་རྒྱབ་སྐྱོར་གནང་མཁན་བོད་མི་ཙམ་མ་ཚད་བོད་དོན་རྒྱབ་སྐྱོར་བ་རྒྱལ་སྤྱའི་གནད་ཡོད་གང་ཡང་ཞིག་ནས་ཁོང་ལ་རྒྱབ་སྐྱོར་ཚད་མེད་ཐོབ་གཏན་ཁད་པ་རེད་། ཕམ་ཁ་ནི་བློ་སེང་ལ་མེད་།
ཕམ་ཁ་ནི་བློ་སེང་ལ་མེད་
བློ་སེང་ལགས་ལ། ཕམ་ཁ་མེད་ཀྱང་། ཁོང་གི་རྒྱབ་སྐཡོར་བ་ཚོ་ལ། ཕམ་ཁ་ཅུང་ཟད། ཡོད་བཟོ་མི་འདུག་གམ།
འབུམ་རམས་པ་ཟེར་བ་གང་འདྲ་ཞིག་ལ་གོ་ཡི་ཡོད་དམ།
བློ་བཟང་སང་གེ་བཀའ་ཁྲི་ཡིན་མིན་དོག་པ་མ་ཟ་རོགས་། དེང་བླེང་དང་པོ་ཡིན་པའི་ཆ་ནས་ཁོང་ལ་ཐོབ་ཐུབ་། གཡུ་བཀྲ་གཉིས་ནས་བག་ཡོད་མཛོད་།
དྲ་གྲོགས་ཚོ་ད་འདིའི་སྐོར་མ་གླེང་རོགས། རྒྱུ་མཚན་གླེང་གཞི་དེ་ཚར་བ་རེད། ད་ང་ཚོར་ལས་དོན་ཞིག་ཡོད་ནོ་སྐབས་གསུམ་པའི་བཀའ་དྲི་སུ་ཁེལ་ན་དེ་རང་གི་རྒྱབ་སྐྱོར་བྱེད་སའི་བཀའ་ཁྲི་དེ་ཡིན་རུང་མིན་རུང་ངེས་པར་དུ་རྩི་བཀུར་དང་མཐོང་ཆེན་བྱས་ནས་རྒྱབ་སྐྱོར་བྱེད་དགོས། དེ་ནི་ང་ཚོས་འོས་འགན་ཡིན། དེ་མིན་ད་དུང་འོས་མི་དག་གི་སྐྱོན་དག་དག་གླེང་ན་དགེ་ཕན་གཅིག་ཀྱང་མེད། མཁྱེན་པ་མཛོད།
བློ་སེང་ཨ་རིར་ལོག་པའི་རྗེས་སུ་བཀྲས་མཐོང་ཨ་རིར་ལོག་ཡོད་ན་བཀའ་བློན་ཁྲི་བ་བཀྲིས་དབང་འདུས་ལགས་རང་རེད་འདུག་ཧཧཧཧཧཧཧཧཧཧཧཧཧཧཧཧ
བཀའ་ཁྲི་བློ་སེང་ལ་འགྲན་ཐུབ་མཁན་ཟམ་གདོང་རིན་པོ་ཆེ་ལས་མེད་། འདི་བལྟས་ན་ཤེས་ཀྱི་རེད་། ཆོལ་གསུམ་དཀྲུག་མཁན་ཨམ་ཕྲུག་གང་གསར་རྡོ་རྗེ་སོགས་ཀྱི་མི་འདོད་བཞིན་དུ་ལྟོས་ཤིག་། ད་དུང་སྐྱེས་ས་གླུ་སྒྲུབ་དང་དུས་བབ་ཚང་གི་ཨམ་ཕྲུག་ཕྱོགས་རེས་ཅན་རྣམས་ཀྱི་ལྟོས་ཤིག། ནམ་ཡང་དབུས་དང་ཁམས་གཉིས་ལོ་རྒྱུས་ཐོག་ནས་བལྟས་ན་དགའ་ལྡན་ཕོ་བྲང་སོགས་ཀྱི་སྐབས་ཆོས་ཙམ་མ་ཚད་སྲིད་གྱི་ཆ་ནས་འབྲེལ་བ་ཆེ་པོ་ཡོད་ལ་དུས་ད་ལྟ་ཡང་རྒྱ་ནག་གཞུང་འོག་ཏུ་བོད་རང་སྐྱོང་ལྗོངས་འོག་ཏུ་སྔར་བཞིན་མཉམ་གནས་སྡོད་ཡོད་ལ་མ་འོངས་དེ་ལས་ལོ་རྒྱུས་གསར་པ་བཀྲུན་ཐུབ་ཁག་པོ་རེད་། འདི་འཇམ་ནོར་གྱི་རྒྱུག་ཁྱི་ཨམ་ཕྲུག་རྣམས་ཀྱི་ལེགས་པ་སེམས་དགོས་པའི་དོན་གནད་གཅིག་རེད་། སྤྱི་ཨ་མདོ་བ་རྣམས་ཆོལ་གསུམ་གཞན་ལྟར་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་རུང་དོན་མེད་སྐྱོན་བརྗོད་གནང་མཁན་ཤུགས་ཆེ་ཤོས་དེ་ཨམ་ཕྲུག་ཀླད་སྟོང་དག་གི་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་ཚིགས་སུ་ཐོན་སོང་བས་འདི་ཁྱེད་རྣམས་པས་བཞག་པའི་མདོ་སྨད་མིའི་ཁྲོམ་ར་སྡུག་ཤོས་དེ་རེད་།
འདི་ཨམ་ཕྲུག་རྣམས་ཀྱི་ཤེས་དགོས་ལ་མ་འོངས་མདུན་མཆོང་ནོར་བའི་ཉམས་མྱོང་ཞིག་རེད་
ཁ་བའི་སྒྲོན་མེ་ལགས། རྒྱུག་པས་ལེབ་རྡུང་བྱས་པས་ཕན་ཐོག་གང་ཡོད། ཆོལ་ཁ་གསུམ་པོ་སུ་ཡིན་རུང་བོད་རྩམ་ཟན་རེད། གཅིག་ལ་མཆིལ་མ་འཕེན་ས་ཞིག་དང་གཅིག་ལ་མཆོད་པ་འབུལ་ས་ཞིག་གང་ནས་ཡོད། ལྷག་པར་དུའང་ད་ལྟའི་དུས་སུ་མེད་ལ། གལ་སྲིད་དེ་ལྟར་བྱས་ན་དེར་ཆོལ་གསུམ་བོད་མི་ཡོད་དོ་ཅོག་གིས་མཆིལ་མ་འཕེན་འོས་ཤིང་འཕེན་ངེས། ཆོལ་ཁ གསུམ་གང་ཡིན་རུང་དེའི་ནང་དུ་མི་ཡག་སྡུག་ཅི་རིག་ཡོད་པ་ཀུན་གྱིས་མཐོང་ཆོས་རེད། ཁྱེད་རང་གིས་འདི་ལྟར་དྲྭ་ཐོག་ཏུ་སྨྲས་པ་དེས་ཁྱོད་ཀྱི་ཁོག་ན་ཅི་ཞིག་ཡོད་པ་དེ་ཧ་གོ་ཐུབ་པ་འདུག་ལ་སྐད་ཆ་འདི་རྩེ་མོ་ཟུག་སའང་ཁྱོད་རང་ཡིན་པ་ཤུགས་ལ་བསྟན་འདུག མ་གཞི་ནས་ཁྱོད་ཀྱི་ཁ དང་ཁའི་སྣ་གླེང་བས་གནད་དོན་ཞིག་ཐག་གིས་མི་ཆོད་པས་བུ་ལ་བློ་གྲོས་ཡོད་ན་གནད་ཀྱི་དོན་ལ་དབབ་ནས་བཤད་རོགས། དེས་སྤྱི་སྒེར་ཀུན་ལ་སྨན་ངེས།
ཁ་བའི་སྒྲོན་མེ་ལག། ཨམ་ཕྲུག་དང་ཁམས་ཕྲུགས་ཟེར་ཡས་མང་དྲགས་ན་ང་ཚོ་འབྲི་ཆུ་ཕར་བཅད་ཚུར་བྱས་ནས་རང་བཙན་བརྩོད་རྒྱུ་ཡིན་ད། ཨ་ལ་ཀུ་རེ་ཡིན། ཆོལ་ཁ་དབྱེ་འབྱེད་ཀྱིས་སྐད་ཆའི་རིགས་དེ་གླེང་མ་དགོས་ན་ཡག་ཤོས་རེད།
ཉེ་ སྔོན་མི་འགའ་ཞིག་གིས་དབྱིན་ཡིག་མི་ཤེས་པའི་བོད་མི་རྣམས་མགོ་བསྐོར་བཏང་ཕྱིར། བསམ་བཞིན་དུ་རྩོམ་ཡིག་སྤེལ་ཏེ་བོད་མི་བློ་བཟང་སེང་གེ་མཁས་དབང་ཡིན་མིན་ལ་ དོགས་གླེང་བྱས་པར་བརྟེན། ང་ཚོས་དཔྱད་པ་ཞིབ་མོར་བྱས་ནས་བོད་མི་ཡོངས་ལ་གསལ་བཤད་འདི་དྲིལ་བསྒྲགས་བྱེད་ རྒྱུ་ཡིན།
སྤྱིར་བཏང་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ཆེ་ཁག་ཚོས་ཤེས་ཡོན་སློབ་སྦྱོང་མཐར་ཕྱིན་མཁན་གྱི་སློབ་མ་རྣམས་ལ་ Ph.D. Doctor of Philosophy,༼མཚན་ཉིད་རིག་པའི་མཁས་དབང་།༽ ཡང་ན་ S.J.D. Doctor of the Science of Law,༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་།༽ ཞེས་པའི་ལག་ཁྱེར་སྤྲོད་སྲོལ་ཡོད།
མཁས་དབང་དང་འབུམ་རམས་པའི་གོ་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་གམ་མི་ཆོག?
གལ་ཏེ་འདོགས་མི་ཆོག་ན་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ལ་མཁས་དབང་དང་འབུམ་རམས་པ་མེད་པར་འདོད་དགོས་ཤིང་།
ཁྱེད་ཚོས་ཕལ་ཆེར་མཁས་དབང་ཡིན་ན་བོད་ཀྱི་བླ་མ་ལོ་ན་མཐོན་པོ་ཞིག་ཡིན་དགོས་བསམ་ན་མཐོང་རྒྱ་ཆུང་བའི་སྐྱོན་རེད་དམ།
གལ་ཏེ་མཁས་དབང་དང་འབུམ་རམས་པའི་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་ན་བློ་བཟང་སེང་གེ་ནི་མཁས་དབང་དང་འབུམ་རམས་པའི་གོ་ས་ཡོད་མཁན་ཞིག་ཡིན་ཏེ། རྒྱུ་མཚན་ནི། སྤྱི་ལོ་༡༩༩༦་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་བོད་མི་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་རབ་འབྱམས་པའི་༽སློབ་ཐོན་ལག་ཁྱེར་སྤྲད་ཡོད་པ་དང་། (LL.M. Master of Law་)
སྤྱི་ལོ་༢༠༠༤་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་ཡང་བསྐྱར་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་གཟེངས་བསྟོད་ལག་ཁྱེར་ཕུལ་ཡོད་པར་རེད། (J.S.D., or S.J.D. Doctor of the Science of Law,) འདི་ལས་ལྷག་པའི་མཁས་དབང་དང་འབུམ་རམས་པའི་གོ་ས་ཞིག་ནུབ་ཕྱོགས་མཐོ་སློབ་སུ་ལ་ཡང་སྤྲད་རྒྱུ་མེད་པས། དེས་ན་བོད་མི་བློ་བཟང་སེང་གེ་ལ་མཁས་དབང་གི་གོ་ས་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
བོད་མི་ས་ཡ་དྲུག་ལྷག་གི་ནང་ནས་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་ལག་ཁྱེར་ཐོབ་མཁན་མཁས་དབང་བློ་བཟང་སེང་གེ་ལས་གཞན་བོད་རིགས་ཞིག་ད་བར་བྱུང་ཡོད་མ་རེད། འདི་ལ་ང་ཚོས་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།
གལ་ ཏེ་བོད་རིགས་མི་སྐྱ་ཞིག་ལ་མཁས་དབང་གི་གོ་ས་ཐོབ་པ་ལ་མིག་ཚ་ན། འདི་ནི་ཡིད་སྐྱོ་འོས་པའི་བོད་མིའི་རྙིང་ཞེན་གྱི་ནད་གཞི་ཕུང་ཚབས་ཅན་དེ་ཡིན་ པར་ངོས་འཛིན་གནང་ནས་སྤང་རོགས་ཞུ་རྒྱུ་ཡིན།
ད་ ལན་བོད་རྒྱལ་ཁབ་དང་བོད་མི་རིགས་གཉིས་ཀ་ཤི་གསོན་གྱི་མཚམས་སུ་སླེབས་པའི་དུས་ འདིར། བསམ་ཡོད་བོད་མི་ཡོངས་ཀྱིས་ཕྱོགས་ཞེན་གྱི་ཕྲག་དོག་སྤང་ནས་ཕུགས་རྒྱངས་རིང་ པོའི་སྤྱི་དོན་ལ་བསམ་ཞིབ་གནང་ནས་འོས་ཤོག་འཕེན་རོགས་ཞུ།
ཡང་བསྐྱར་བོད་རྒྱལ་ཁབ་དང་བོད་མི་དམངས་ལ་སྙིང་ནས་བརྩེ་བའི་བོད་མི་ཡོངས་ལ་འབོད་བསྐུལ་ཞུ་རྒྱུ།
སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པ་དང་།
དེ་བཞིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པར་བརྟེན།
དེང་སང་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ངོ་མ་བཞུགས་པའི་དུས་འདིར།
མི་རབས་གསར་པ་ཞིག་བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བར་བྱུང་ན།
ཕྱོགས་ཡོངས་ཀྱི་བོད་དོན་ཐབས་ཇུས་དང་འཐབ་རྩོད་ལ་བསྒུལ་ཤུགས་ཆེན་པོ་ཞིག་སྤྲད་ངེས་པས་མ་ཚད།
ད་ལན་མཁས་དབང་བློ་བཟང་སེང་གེ་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་གོ་སྐབས་སྤྲད་ན།
བོད་གངས་ཅན་ལྗོངས་ཀྱི་མ་འོངས་པའི་རྒྱུན་འཛིན་ལོ་གཞོན་ཀུན་གྱི་རེ་བ་དང་སྤོབས་པ་སྔར་ལས་ལྷག་པ་གོང་འཕེལ་ཆེན་པོར་བཏང་ཐུབ།
སྤྱིར་བཏང་མི་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ལོ་བཅུ་ཕྲག་དུ་མར་ཡང་བསྐོར་བསྐྱར་བསྐོར་ཡུན་རིང་བྱས་ན།
བོད་དོན་ལ་ཕན་པའི་དགེ་མཚན་མེད་པར་མ་ཟད་དམངས་གཙོའི་ལྡོག་ཕྱོགས་སྒེར་གཅོད་རིང་ལུགས་རྙིང་པ་ཚོས་བྱེད་བཏང་སྟེ།
དམངས་གཙོ་རྫུན་མ་ཞིག་ང་ཚོས་ལག་བསྟར་བྱས་པ་ལྟ་བུའི་སྣང་ཚུལ་ངན་པ་ཞིག་རྒྱལ་སྤྱིའི་མིག་ལམ་ལ་བསྐྲུན་ངེས་པས།
བཀའ་བློན་ཁྲི་བའི་ལས་དུས་རྫོགས་པའམ་རྩ་དགོངས་ཞུས་ནས། ཡང་བསྐྱར་བཀའ་བློན་ཁྲི་བར་མི་འཛེགས་པའི་སྔོན་འགོག་ད་ལྟ་ནས་བྱས་ན།
བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་བོད་རྒྱལ་ཁབ་ཀྱི་དམངས་གཙོ་ཚད་ལྡན་ཡོང་བ་ལ་མིག་རྒྱང་རིང་བའི་བྱ་བ་བཟང་པོ་ཞིག་རེད།
བོད་ རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
ངས་ཨམ་ཕྲུག་ཅེས་བརྗོད་དོན་ནི་མདོ་སྨད་ཨ་མདོ་ནས་ཡིན་པའི་སྐྱེས་གསར་གླུ་སྒྲུབ་སོགས་མི་ངན་འགས་དཔོན་ཆེན་ལ་གུས་ཞབས་དང་ཉམས་ཆུང་ཤེས་ཡོན་ཅན་ལ་དཔའ་ཉམས་མཐོ་པོའི་སྐྱོན་བརྗོད་ཐེངས་མང་བྱེད་པའི་སྲུབ་མེད་ལོ་རྒྱུས་དེ་བག་ཆགས་ངན་པ་ཞིག་འཇོག་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ལ་ནམ་ཡང་མི་ངན་འདི་དག་ལ་རྩིས་གཙང་མ་རྒྱབ་དགོས་་རྒྱུ་བྲལ་ནས་ཡོད་། རྩ་བས་མདོ་སྨད་པ་ཁམས་དང་ཨ་མདོ་གཉིས་སྐད་དང་གོམས་གཤིས་གང་གི་ཆ་ནས་འབྲེལ་བ་དམིགས་བསལ་ཡོབ་པ་མ་ཚད་རྒྱ་འོག་ཡོན་རིང་སྡོད་པའི་ལོ་རྒྱུས་གྱི་ཆ་ནས་ཆུ་དང་འུ་མ་འདྲེས་པའི་ཟམ་ཆེན་དེ་དོར་ཐབས་མེད་། ལྷག་དོན་ཉམས་ཞིབ་པ་ཀླུ་མཁར་བྱམས་སོགས་མདོ་སྨད་པའི་མི་མང་མང་ཆེར་ཁོང་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་གནང་ཡོད་པ་ལོང་བས་བལྟས་ན་ཤེས་ཚོད་ཡིན་།
ཁམས་པ་ཨ་མདོ་དབུས་གཙང་ཞེས་དབྱེ་བ་བཅད་ན་ཡག་པོ་མ་རེད།ཆོལ་ཁ་གསུམ་གཅིག་ཏི་བསྒྲིལ་ནས་རྒྱ་དམར་ལ་ཁ་གཏང་གཅག་དགོས་པ་ལས་ནང་ཁུལ་ཁྱོད་དང་ང་ཟེར་རྩོད་ན་དགྲ་དགའ་གཉེན་སྡུག་རེད།བློ་སེངྒེ་ལ་རྒྱབ་སྐྱོར་བྱེད་མཁན་ཆོལ་ཁ་གསུམ་ནས་ཡོད་ལ་བཀྟས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཆོལ་ཁ་གསུམ་ནས་ཡོང་བ་རླུང་འཔྲིན་ཉན་ན་ཤེས་ཐུབ།སྤྱིར་བཏང་བོད་མི་རྣམས་དངོས་འབྲེལ་བྱས་ན་མི་ལོ་དྲུག་བཅུའི་ནང་མང་གཙོའི་ལྟ་སྒྲུབ་དང་ལས་འགུལ་ནང་འགྱུར་བ་པྱིན་ཡོད་ཀྱང་།སྐྱོན་ཆེ་ཤོས་དེ་ད་བར་ལས་ཀ་ཡག་པོ་བྱེད་མཁན་ལ་མི་དགའ་བར་ལག་ལེན་མེད་པའི་སྐད་ཅ་རྫིག་པོ་ཤོད་མཁན་ལ་དགའ་བོ་བྱེད་པ་དེ་འགྱུར་བ་མ་པྱིན་པ་བསྡད་ཡོད་པ་དང་ལྷག་དོན་རིག་ལམ་སྦྱང་མཁན་གྱི་དགེ་འདུན་པ་རྣམས་དེ་བས་འགྱུར་བ་གཏོང་དགོས་ཞེས་མགྲིན་པ་མཐོན་པོས་གསུང་ཡང་དོན་དངོས་རང་གི་ལྟ་བ་འགྱུར་བ་འགྲོ་རྒྱུ་མེད་པ་ཡ་རེ་མཚན།རང་ཉིད་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་ལ་རྒྱབ་སྐྱོར་མ་བྱས་པར་ལུང་ཚན་གྱི་ཞེན་འཁྱེར་ནས་ཚིག་སྐམ་སྟོང་བཤད་ལ་རྒྱག་གཅིག་མཆོངས་གཅིག་བྱས་པ་དངོས་གནས་ཧ་ལས་སོང་དེ་བཞིན་དེང་དུས་ཀྱི་སློབ་སྦྱོང་ཐོབ་ཡོད་ཟེར་མཁན་མི་ཉུང་བ་ཞིག་གིས་ཀྱང་བྱ་ངན་ངོ་གསོར་འཁྱེར་སྟངས་ལ་ལྟས་ན་ད་ལa་ནས་འགོ་བཙུགས་མགོ་རུལ་རྣ་བས་ཚོར་གྱི་མེད་པ་རེད་དོ།
བོད་ཀྱི་རྩ་དོན་ལ་དགོངས་པ་བཞེས་མཁན་ཞིག་ཡིན་ན་ཁམས་དང་ཨ་མདོ་དབུས་གཙང་ཞེས་པའི་ཐ་སྙད་དེ་དྲྭ་བ་འདིའི་སྟེང་བེད་སྤྱོད་མ་གནང་རོགས་ཚང་མ་རྒྱ་དམར་གྱི་སྣོན་ཞུགས་འོག་སྡུག་པོ་མྱང་བའི་གངས་ཅན་བོད་མི་ཡིན་པ་མ་བརྗེད་པར་གནང་ནས་གངས་ཅན་པ་དང་། བོད་རིགས། ཁ་བ་ཅན་པ་སོགས་སྤྱི་ལ་ཁྱབ་པའི་མིང་དེ་དག་བེད་སྤྱོད་དང་སྤྱི་ལ་ཁྱབ་པའི་མིང་དེ་དག་གི་ཆེད་འབད་པ་དགོས་པ་ལས་ཕྱོགས་བཞེན་གྱི་སྐད་ཆ་དེ་དག་རྩ་བ་ནས་མ་ཤོད་རོགས་ཐུགས་རྗེས་གཟིགས།
རྨུ་ཐག་གི་བུ་རྒྱུད་ལགས་འདིར་ཕེབས་པར་འཚམ་འདྲི་ཞུ་རྒྱུ་ཡིན། དེ་ནས་ཉིད་ཀྱིས་བྲིས་པའི་མཆན་བུ་ལ་ལན་འདེབས་མདོར་བསྡུས་ཤིག་བྱེད། སྐུ་ཉིད་དྲྭ་བའི་འཇིག་རྟེན་འདིར་ཡུན་རིང་ཞུགས་མྱོང་མེད་པ་འདྲ། ལྷག་པར་དུ་བོད་ཡིག་གི་ལམ་ནས་སྤེལ་བཞིན་པའི་བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན། ལྷག་པར་དུ་བོད་ཀྱི་ཁ་བརྡ་དྲ་བ་སོགས་ལ་རྒྱུས་མངའ་དེ་ཙམ་མེད་པ་འདྲ། གལ་སྲིད་ཉིད་ཀྱིས་འོས་བསྡུའི་དུས་ཡུན་འདིའི་རིང་ཉིད་ཀྱིས་དྲྭ་བ་དེ་དག་ལ་རྒྱུས་ལོན་དང་དོ་སྣང་བྱས་ཡོད་ཚེ་དེ་རིང་དྲི་བ་འདི་མདོག་ཁ་བོ་མ་རེད། འོན་ཀྱང་ཤེས་བཞིན་དུ་འདྲི་ཡི་ཡོད་ན་དེར་ང་ལན་མེད། དངོས་གནས་དོགས་པའི་དྲྭ་བ་མ་སངས་པར་དྲིས་པ་ཡིན་ཚེ་གུས་མོས་གོང་དུ་དྲངས་པའི་དྲྭ་བ་དེ་དག་ལ་བསྐྱར་དུ་གཟིགས་རོགས་གནང་དང་། ཉིད་ལ་ལན་ཞིག་རྙེད་ངེས་ཡིན།
ལྷག་བསམ་ལགས་ལ་འཚམས་འདྲི་ཞུ། ཉིད་ཀྱིས་གུས་མོར་རྒྱབ་སྐྱོར་ལྟ་བུའི་སྐད་ཆ་འགའ་བཤད་འདུག་ཀྱང་། དེ་ལས་བལྡོག་པའི་སྐད་ཆ་ཞིག་མི་ཤོད་ཐབས་མེད་བྱུང་སོང་བས་དགོངས་དག་ཞུ། ཉིད་ཀྱིས་གསུངས་སྟངས་ལ་གཞིགས་ན་བོད་ཀྱི་གྲྭ་བཙུན་མང་ཆེ་བས་བློ་སེང་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཆོལ་ཞེན་གྱིས་བྱེད་ཀྱི་ཡོད་རབས་བཤད་འདུག འོན་ཀྱང་གུས་མོས་འདི་བདེན་པ་མ་རེད་ཟེར་རྒྱུ་ཡིན། འདི་ལ་རྒྱུ་མཚན་ཡོད། གཅིག་ནས་ཆོལ་ཞེན་མ་རེད། གལ་སྲིད་ཆོལ་ཞེན་རེད་ལབ་དགོས་བྱུང་ཚེ། གྲྭ་བ་ཚང་མ་ཁམས་པ་ཡིན་དགོས་པས་དེ་ནི་ཡིན་རྒྱུ་མ་རེད། གཉིས་ནས་འོས་འཕེན་ལ་ཉིན་ཤས་ལས་མེད་པའི་གོང་དག་དག་ལ་གྲྭ་སའི་གྲྭ་བ་མང་ཆེ་བའི་གོ་དོན་ལེགས་རྟོགས་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་གནས་ཚུལ་ཐོས། འདིས་སྟེང་ནས་བློ་སེང་ལ་གྲྭ་བ་ཚོས་ལག་ནས་ལེན་ལེན་ཆོག་ཆོག་གི་འོས་ཤོག་ཅིག་མེད་པ་མཚོན།
གཡུ་མཚོ་ལགས། འདིར་ཕེབས་པར་འཚམས་འདྲི་ཞུ། ཉིད་ཀྱིས་བཀའ་ཁྲི་བཀྲས་མཐོང་ལས་བློ་སེང་མིན་པ་ས་ཡིག་བརྒྱབ་པའི་ཅང་ཡོང་གི་མ་རེད། རང་ཉིད་ཀྱི་ཚོད་དཔག་ལ་རྒྱབ་ལྗོངས་དགོས་པ་རེད། གནས་ཚུལ་འདི་དང་རྒྱུ་མཚན་འདི་ལ་བརྟེན་ནས་གནས་ཚུལ་དེ་ལྟར་ཆགས་པར་ཡིད་ཆེས་བྱེད་ཀྱི་ཡོད་ཚུལ་གླེང་དགོས་རེད། རེ་བ་ཡིན་ན་དེ་ལྟར་གླེང་རོགས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད།
དང་པོ་ཁ་བའི་སྒྲོན་མེ་ལགས་ལ་མཚམས་འདྲི་ཞུ་རྒྱུ་ཡིན། ཉིད་འདིར་ཕེབས་ཏེ་མཆན་མང་པོ་བཏབས་འདུག མཆན་བཞི་བ་དང་ལྔ་བ། དེ་བཞིན་བཅུ་གཅིག་དང་བཅུ་གཉིས། བཅུ་དྲུག་བཅས་ཉིད་ཀྱིས་བཏབས་པའི་མཆན་བུ་རེད་འདུག མཆན་བུ་མང་པོ་འདི་འདྲ་བཏབས་པར་སླར་ཡང་ཐུགས་རྗེ་ཆེ་ཞུ། འདི་དག་རེ་རེ་ལ་ལན་མདོར་བསྡུས་ཡིག་ཚོགས་ཉུང་ཞིང་གནད་དོན་ཕྱོགས་དྲིལ་བྱས་ཏེ་རྒྱག་གི་ཡིན། འོན་ཀྱང་བསམ་ཚུལ་མ་མཐུན་པ་རེ་བྱུང་ན་སེམས་ལ་མ་ཕོགས་རོགས། གལ་སྲིད་སེམས་ལ་ཕོགས་རུང་དགོངས་སེལ་ཞུ་རྩིས་མེད། གང་ཡིན་ཟེར་ན་རང་ཉིད་ལ་རང་ཉིད་ཀྱིས་སྐད་ཆར་རྒྱུ་མཚན་ཡོད་པས་ཡིན།
ཉིད་ཀྱིས་བཏབས་པའི་མཆན་བུ་བཞི་བའི་ནང་མདོར་དྲིལ་ན་བློ་སེང་ལ་ཕམ་ཁ་མེད་པ་དང་། བློ་སེང་གི་མི་ཚེའི་ལོ་རྒྱུས་ནང་ཅི་བྱས་ཚང་མ་རྒྱལ་ཁ་དང་སྤོབས་པ་རྐྱང་ལས་མེད་རབས། དེ་བཞིན་བློ་སེང་མི་དཀར་པོ་དཀར་རྐྱང་ཞིག་ལས་ཁོང་གི་མི་ཚེའི་ལོ་རྒྱུས་ནང་ནག་ཐིག་གཅིག་ཀྱང་མེད་རབས་ཚོར་ཤུགས་ཆེན་པོས་གླེང་འདུག འདི་ལ་གུས་མོས་དད་པ་ཅན་གྱིས་ས་ཐོ་སངས་རྒྱས་སུ་མཐོང་སྲིད་གི་རེད་ལབ་རྒྱུ་ཡིན། འོན་ཀྱང་ཉིད་ཀྱིས་དངོས་དོན་གྱི་སྟེང་ནས་བལྟས་ན་མཐོང་རྒྱུ་ཡོད་པའི་ཆེས་སྤྱིར་བཏང་གི་བློ་སེང་གི་སྐྱོན་ཆའི་ངོས་དང་ཟུན་ཙམ་ཡང་གླེང་མ་ཐུབ་པ་འདི་ཡིད་རེ་སྐྱོ་ཟེར་རྒྱུ་ཡིན། སྐྱོན་རྣམ་གུས་མོས་ཚོད་དཔག་ལྟ་བུའི་རྩོམ་ཡིག་ནང་གསལ་བོར་བྲིས་ཡོད།
མཆན་བུ་ལྔ་བའི་ནང་ཕམ་ཁ་ནི་བློ་སེང་ལ་མེད་ཅེས་ཚིག་ཐག་ཆོད་པོས་བྲིད་འདུག གུས་མོས་འདིར་ཕམ་ཁ་ཡོད་མེད་གཙོ་བོར་འཛིན་གྱི་མེད་ནའང་། ཉིད་ཀྱིས་གླེང་ཕྱོགས་དང་དགའ་ཕྱོགས་ལ་གུས་བརྩི་བྱས་ཏེ་ཕམ་ཁ་དེ་བློ་སེང་ལ་ཡོད་ཡོད་པ་རེད། ཉིན་ཤས་རྗེས་གསལ་ངེས་རེད་ཞུ་རྒྱུ་ཡིན།
མཆན་བུ་བཅུ་གཅིག་པ་དང་བཅུ་གཉིས་པ། དེ་བཞིན་བཅུ་དྲུག་པ་བཅས་མཆན་བུ་གསུམ་གྱི་ནང་དོན་འདྲ་སེ་འདུག་པས་ཕྱོགས་དྲིལ་བྱས་ནས་ལན་འདེབས་བྱེད་རྒྱུ་ཡིན། འདི་དག་གི་ནང་དུ་གཙོ་བོ་ཁང་གསར་རྡོ་རྗེ་དང་སྐྱེས་སར་ཀླུ་སྒྲུབ་གཉིས་དམིགས་འབེེན་དུ་བཟུང་ནས་ཁོང་གཉིས་ལ་སྡུག་སྨོད་གཏོང་ཅི་ཐུབ་བྱེད་རྒྱུར་རྩལ་འདོན་བྱས་འདུག ཞོར་དུ་ཨམ་ཕྲུག་ཚོ་ཞེས་སྤྱིར་བཏང་ཨམ་མདོ་བ་ཚོར་མི་དགའ་བའི་རྣམ་འགྱུར་ཞར་དང་ཞོར་ལ་བྲིས་འདུག དེ་ནས་དུས་བབ་དྲྭ་ཤོག་གཉིས་ལ་ཟུར་ཟ་དང་སྐྱོན་བརྗོད་ཤུགས་ཆེ་ཙམ་བྱས་འདུག འདི་དག་ནི་གོང་གི་མཆན་བུ་གསུམ་གྱི་ནང་དོན་གནད་བསྡུས་རེད། ཁང་གསར་རྡོ་རྗེ་དང་སྐྱེས་སར་ཀླུ་སྒྲུབ་གཉིས་ག་འདྲ་ཡོད་མེད་གུས་མོར་ཆ་རྒྱུས་མེད་པས་གླེང་གི་མིན། འོན་ཀྱང་མི་སྒེར་ལ་སྐྱོན་བརྗོད་ཁ་ནག་གཏིང་ནག་བྱེད་རྒྱུར་དགའ་ཞིང་དེ་ལྟར་བྱེད་རྒྱུར་གོམས་པ་ཡོད་ཚུལ་ལ་བལྟས་ན་ཡང་སྙིང་གུས་མོས་ཉིད་ཀྱི་མྱི་གཞི་དང་གཟུགས་བརྙན་དེ་གསལ་བོ་མཐོང་ཐུབ་ཀི་འདུག་ཞུ་རྒྱུ་ཡིན། ཨ་མདོ་བ་ཚོར་མ་དགའ་རུང་འདྲ། ཨ་མདོ་བ་ཚོ་མིག་ནང་ལ་མ་བཞག་རུང་ཆོག འདི་ཉིད་མི་སྒེར་གྱི་བསམ་ཚུལ་ཡིན་པ་ལས་དེ་རིང་ཆོལ་ཁ་གང་ཞིག་ཆོལ་ཁ་གཞན་གཉིས་ལས་བཟང་ངན་བསྡུར་ཏེ་ཐག་གཅོད་དང་གྲོས་དོན་འཇོག་བཞིན་པ་ནི་མ་རེད། འདི་ལ་གུས་མོར་བསམ་ཚུལ་གང་ཡང་མེད། དུས་བབ་ཚང་ལ་སྐྱོན་བརྗོད་དང་ཟུ་ཟ་ཤུགས་ཆེ་ཙམ་བྱས་འདུག་པ་འདི་ཡག་པོ་མ་མཐོང་། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། ཁ་བརྡ་དྲྭ་རྒྱ་བཅས་ནི་ད་ལྟའི་དྲྭ་བའི་རིག་གནས་ཀྱི་ནང་དུ་བོད་ཀྱི་སྐད་ཡིག་གི་དམིགས་བསལ་ས་མིག་འཛིན་མཁན་ཤ་རྟག་ཆགས་ཡོད་ལ། འདི་དག་གིས་བོད་མི་རིགས་ཀྱི་ངོ་རྟགས་ལྟ་བུར་གྱུར་ཡོད་པའི་སྐད་ཡིག་ལ་ཚེ་སྲོག་གསར་བ་ཞིག་བསྐྲུན་བཞིན་ཡོད། སྐད་ཆ་འདི་འདྲ་ཁྲོམ་བསྒྲགས་བྱས་ན་ཡིན་མིན་གནས་ལུགས་ཤེས་མཁན་ཞིག་ལ་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མ་རེད་དེ། དེ་ལས་མི་མང་དཀྱུས་མ་དང་སེམས་པ་དྭངས་གཙང་ཡིན་མཁན་ཚོར་ཤུགས་རྐྱེན་ཐེབ་ཀྱི་རེད། སྐད་ཆ་འདིའི་རིགས་ལ་གཟབ་རོགས་ཞུ་འདོད་བྱུང་། དེ་མིན་ད་དུང་ལན་འདེབས་འདི་དང་གུས་མོས་བྲིས་པའི་འཆར་སྣང་གི་རྩོམ་ཡིག་གཉིས་ལ་བསམ་ཚུལ་ཡོད་ན་དགའ་བསུ་ཞུ་གི་ཡིན།
༧གོང་ས་མཆོག་གིས་བོད་པའི་ན་གཞོན་རྣམས་ཀྱི་ནང་ནས་མཁན་དབང་དང་ཁྱད་ལས་པ་གང་མང་ཐོན་ཐུབས་པ་དགོས་རྒྱུ་བཀའ་སློབ་ཐེང་མང་ཕེབས་ཡོད་པ་ཤེས་གསལ་ལྟར་ཁོང་གི་བཀའ་དགོངས་དང་ཐུགས་རེ་ནང་བཞིན་རེ་གཉིས་བྱུང་བ་དི་ལ་སྐྱོན་ལས་ལེགས་པའི་ཆ་ཕྲ་མོ་ཙམ་ཡང་མི་མཐོང་པ་དང་དེ་མེད་པ་བཟོ་ཐབས་ཁོ་་ན་བྱེད་པ་ནི་འདས་བྱིན་པའི་ལོ་རྒྱུས་ལ་ཡང་མང་པོ་བྱུང་འདུག་པ་ནི་བོད་མི་རིགས་ཀྱི་གོད་ཆག་དང་ཕམ་ཉེས་ཆེ་ཤོས་ཡིན་པ་སྙམ་ང་ལྟ་བུ་ལ་ཆ་མཚོན་ན་སྐུ་ངོ་བཀྲས་མཐོང་མཆོག་ལ་རྒྱབ་སྐྱོར་བྱེད་མཁས་ཞིག་ཡིན་འོན་ཀྱང་ད་སྐབས་སུ་འདྲ་ཞིག་བཀའ་འཁྲི་ལ་ཕེབས་པ་ཡིན་ན་ཡང་གུ་སྐུལ་ཞུ་བ་ལས་ད་སྐབ་རྒྱ་དམར་ལ་བེད་སྐྱོད་མི་བཏང་བའི་ཚིག་ངེན་པ་མང་པོ་སོ་སོའི་མི་རིགས་ལ་བེད་སྐྱོད་མ་བཏང་ན་ལེགས། ༧པན་ཆེན་རིན་པོ་ཆེས། བླུན་པོས་གཞན་གྱི་སྐྱོན་ལ་ལྟ་། དེ་ཡིས་བག་མེད་སྡུག་སྔལ་མྱང་། ལེགས་པའི་སྐལ་མས་སངས་རྒྱས་ལ། སྐྱོན་ལ་ལྟས་པའི་ཉེས་པ་ལྟོས། གསུངཔ་བཞིན་ལས་མ་འདས།
གནས་ལུགས་དང་རྒྱུ་མཚན་ཡོད་ན་ཤོད་ཁུང་མེད་རྫུན་བཟོ་བྱེད་ན་ཉེས་པའི་རྒྱུ་ལས་མེད་པས་སྨྲ་བ་ཉུང་ན་བཟང་བས་ཐུགས་ལ་འཇག་པར་ཞུ།
ཁ་རྡོ་རམས་འབྱམས་ལགས་ལ་འཚམས་འདྲི་བྱེད་རྒྱུ་ཡིན། ཉིད་ཀྱིས་ཚིག་བདེན་པ་དང་གོ་རྒྱུ་ཅན་འདྲ་ཞིག་བཤད་འདུག དངོས་གནས་རེད། བློ་སེང་ལ་སྤྱིར་ཕམ་ཁ་མེད་ཅེས་གླེང་ན་ཆོག རྒྱུ་མཚན་ནི་ཁོང་ལ་བཀའ་ཁྲི་མ་ཐོབ་ཀྱང་བཀའ་ཁྲིའི་འོས་མིའི་འགྲན་རྩོད་ནང་ཞུགས་པ་དེས་ཁོ་ལ་ཉམས་མྱོང་མང་པོ་ཞིག་ཐོབ་ཡོད། འདི་ཁོང་གི་གྲུབ་འབྲས་དང་རྒྱལ་ཁ་རེད། ཡིན་ཡང་རྒྱབ་སྐྱོར་བ་ཚོ་ལ་ནི་དངོས་གནས་ཕམ་ཁ་ཡོད། ཐོག་མཐའ་བར་གསུམ་དུ་ཕམ་ཁ་རྐྱང་ཡིན། འོན་ཀྱང་རང་གིས་བཟོས་པའི་ཆང་དེ་ཞིམ་པོ་མེད་རུང་འཐུང་དགོས་རེད་བཱ།
བཀྲ་ཤིས་སྒྲོལ་མ་ལགས།
རྒྱ་དམར་རྒྱུག་ཁྱི་བུ་མོའི་མིང་རྫུན་འོག་ཡིབ་མ་གནང།
བོད་ཀྱི་བཀའ་བློན་ཁྲི་བ་སུ་ཕེབས་ན་ཡང་ང་ཚོ་བོད་པའི་བཀའ་ཁྲི་རེད་སེང་གེ་ཕལ་ཆེར་བཀའ་ཁྲི་གཏན་ཁེལ་རེད་དེ་ལ་གཞི་མེད་སྐྱོན་འཛུགས་དང་དཀྲོག་གཏམ་ལ་སྤེལ་པ་ལ་དོགས་པ་ཟ་སོང་།
སྐུ་ཞབས་སྤངས་སྤོས་ལགས་ལ་ཐོག་མར་འཚམས་འདྲི་བྱེད་རྒྱུ་ཡིན། འབུམ་རམས་པ་ཞེས་པའི་སྤྱིར་བཏང་ཚིག་དོན་ནི་འབུམ་ཞེས་པ་གྲངས་གནས་འབུམ་གྱི་དོན་དང་གྲངས་ཀ་ཆེས་མང་པོ་ལ་འཇུག་པ་བཅས་དོན་གཉིས་དང་། རམས་ཞེས་པ་རྒྱ་ཆེ་བ་དང་འབྱམས་ཀླས་པའི་དོན་རེད། འདི་གཉིས་མཉམ་འདུས་ཀྱི་དོན་ནི་རྒྱ་ཆེན་གྲངས་མང་ཞེས་པ་ལྟ་བུ་ཞིག་རེད། འོན་ཀྱང་དེང་ང་ཚོས་ཤེས་ཡོན་གྱི་ཚད་གཞིར་འཛིན་བཞིན་པའི་འབུམ་རམས་པ་ཞེས་པའི་དོན་ནི་རིག་གནས་བྱེ་བྲག་པ་ཞིག་གི་དོན་རྣམས་མ་ལུས་པར་ཁོང་དུ་ཆུད་པ་དང་། རིག་གནས་གང་ཡང་རུང་བ་དེའི་མཐའ་དང་གཏིང་ལ་སོགས་པ་ལུས་པར་ཡོངས་རྫོགས་རྒྱ་ཆེ་ས་དང་གྲངས་མང་ས་ནས་ཤེས་རྟོགས་དང་ངོས་འཛིན་ཡོད་པའི་དོན་འདྲ་ཞིག་ལ་གོ་ན་འགྲིག་གི་སྙམ། འོན་ཀྱང་འདི་ནུབ་གླིང་ནས་དར་བའི་ཚིག་གསར་གྱི་རིག་ཡིན་པས་དེ་ལ་གོ་དོན་དམིགས་བསལ་ཡོད་ན་ཐང་མོད། ད་དུང་ཞིབ་འཇུག་བྱེད་རྒྱུ་མ་བྱུང་། རྗེས་མ་དུས་ཁོམ་བྱུང་ཚེ་བལྟ་གི་ཡིན།
མེ་ཆ་ལགས་འདིར་ཕེབས་པར་འཚམས་འདྲི་བྱེད་རྒྱུ་ཡིན། ཉིད་ཐུགས་སྤོ་མ་བཞེས་རོགས། ཉིད་ཀྱིས་བྲིས་པའི་་ཡི་གེ་མི་དག་པའི་རྐྱེན་གྱིས་གོ་བ་དག་དག་ཅིག་ལེན་ཐུབ་མ་སོང་། འོན་ཀྱང་ཡང་ཀློག་བསྐྱར་ཀློག་བྱས་ཏེ་ཡར་བསྒྲིག་མར་བསྒྲིགས་བྱས་ནས་གོ་བ་འདྲ་ཞིག་བླང་ཡོད། ནོར་ཡོད་རུང་འགན་གུས་མོར་མེད། བློ་སེང་ལ་སྔོན་འགྲོའི་འོས་གྲངས་མང་པོ་ཐོབ་ཡོད་པ་ཀུན་གྱིས་མཐོང་གསལ་རེད་ལ། ངས་ཀྱང་ཐོབ་མི་འདུག་ལབ་མེད། འོན་ཀྱང་སྔོན་འགྲོའི་ཤོག་མང་པོ་མང་པོ་ཞིག་ཐོབ་ཏེ་དངོས་གཞི་ལ་མ་ཐོབ་པ་རེད་ལབ་ཡོད། ཡང་བསྐྱར་གུས་མོས་རྩོམ་ཐུང་འདི་ཀློག་རྒྱུའི་རེ་བ་ཡོད། དེ་ནས་གཡུ་མཚོ་ལགས་དང་གུས་་མོ་གཉིས་ལ་འཛིང་མོ་འདྲ་ཞིག་དང་ལྷན་དུ་ཉེན་བརྡའི་བཟོ་འདྲ་ཞིག་བཏངས་འདུག འདི་ལ་ཅི་ཡང་ཞུ་རྒྱུ་མེད། འོན་ཀྱང་གུས་མོས་བག་ཡོད་བྱེད་མ་ཐུབ་ཚེ་ཉིད་ཀྱིས་རིག་པའི་མཚོན་སྣོན་ཁུར་ནས་ཡོང་བའི་རེ་བ་ཡོད།
མགོ་ལོག་པ་ཚངས་དབྱངས་རྒྱ་མཚོ་ལགས་སུ་དང་པོ་འཚམའ་དྲི་བྱེད་རྒྱུ་ཡིན། དེ་ནས་ཉིད་ཀྱིས་བསམ་ཚུལ་ལ་ཕྱོགས་གཅིག་ནས་བདེན་ཁ་ཡོད། འོན་ཀྱང་འདིར་གུས་མོས་ཕྱོགས་གཅིག་ལས་བདེན་ཁ་སྟེར་མེད། འདི་ལ་རྒྱུ་མཚན་ཡོད། གུས་མོས་རྩོམ་ཡིག་འདིར་འོས་བསྡུའི་བརྒྱུད་རིམདང་དེའི་གྲུབ་འབྲས་སོགས་ལས་གཞན་བྲིས་མེད་ལ། དེ་ལས་ད་ལྟའི་འོས་མི་སུ་ཡག་ལས་མ་འོངས་པའི་ལས་དོན་གལ་མི་ཆེ་རབས་ཟུར་ཙམ་ཡང་གླེང་རྒྱུ་མ་བྱུང་ལ་གླེང་ཞུ་རྒྱུ་ཡིན། རྒྱུ་མཚན་དེའི་ཕྱིར་ཉིད་ཀྱིས་གུས་མོས་རྩོམ་ཡིག་འདི་དང་འབྲེལ་བ་མི་འདུག་ལབ་ན་ཡོད་ཡོད་འདྲ་བ་ཞིག་དང་། ཡང་འདུག་ལབ་ན་དེ་ཙམ་མེད་པ་ཞིག་འདུག་པས་རྒྱུ་མཚན་གྱིས་ཁྱོད་ལ་བདེན་ཁ་ཕྱེད་ཀ་མ་ཞིག་སྤྲད་ཡོད།
བཟོད་པ་ལྷ་རྩེ་ལགས་སུ་དང་པོ་འཚམས་འདྲི་ཞུ་རྒྱུ་ཡིན། ཉིད་ཀྱིས་བདེན་བདེན་འདྲ་ཞིག་གསུངས་སོང་། གུས་མོས་དངོས་ཡོད་ལ་འཆར་སྣང་གིས་ཟུར་བརྒྱན་ཏེ་བྲིས་པའི་རྩོམ་ཡིག་འདི་དྲྭ་ཐོག་ལ་བཞག་ནས་ཚོུད་ཁ་ཤས་ཀྱི་རྗེས་སུ་སྒོ་པལ་པུར་བོད་ཁྱིམ་ནས་ཡིན་པའི་འབྲུག་ཐར་རྒྱལ་ཞུ་བ་ཞིག་གིས་འཆར་སྣང་གི་རྩོམ་ཡིག་ཅིག་དྲྭ་ཐོག་ལ་སྤེལ་སོང་། ཡིན་ཡང་རྩོམ་ཡིག་འདི་འབྲི་མཁན་ལ་རང་ཉིད་ལ་རང་ཉིད་ཀྱི་ཚོད་ཀྱིས་རྒྱུ་མཚན་དང་གནས་ལུགས་ཡོད་པར་བརྩི་འཇོག་དང་གུས་་ཞབས་བྱས་ནས་ལན་འདེབས་ཞུ་འདོད་མེད། ཡིན་ཡང་ཚོད་དཔག་ནི་ཚོད་དཔག་རང་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།
this not good.
རྨུ་ཐག་གི་བུ་རྒྱུད་དང་དིང་རྡོར་གཉིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་གཉིས་ལ་རེ་རེ་བྱས་ནས་ལན་འདེབས་མ་དགོས་པ་བྱེད་རྒྱུ་ཡིན། འོན་ཀྱང་ཁྱེད་གཉིས་ལ་གུས་ཞབས་མེད་པ་དང་སྣང་ཆུང་བྱས་པ་རྩ་བ་ནས་མིན་པ་དགོངས་མངའ་མཛོད། ཁྱེད་གཉིས་ཀྱི་བསམ་ཚུལ་དང་གླེང་གཞི་གཅིག་པ་ཡིན་སྟབས་ལན་ཡང་གཅིག་མཚུངས་ཤིག་ཞུས་ན་བསམ་སོང་། དང་པོ་བགྲོ་གླེང་འདི་དང་འདི་ལྟ་བུའི་སྐབས་སུ་ཁ་ངན་རྩུབ་ལ་གཟབ་རོགས་གནང་། འདི་ཤེས་རབ་དཔྱོད་ཤེས་ལྡན་པའི་མི་རྣམས་ཀྱི་བྱེད་ཐབས་མ་རེད། འོན་ཀྱང་གུས་མོས་ཁྱེད་གཉིས་ཀྱི་དེ་ལྟར་གནང་འདུག་ཞུས་ཀྱི་མེད། ཡིན་ཡང་བརྗོད་གཞི་འདི་མུ་མཐུད་སོང་ན་ཉེན་ཁ་ཆེ་བས་སྔོན་བརྡ་ཡིན། གཙོ་བོ་རྒྱུ་མཚན་དང་གནས་ལུགས་ལ་འབད་རོགས་ཞུ་རྒྱུ་ཡིན། དེ་ལས་གཞན་ཁྱེད་གཉིས་ཀྱི་བསམ་ཚུལ་ཐད་ང་ལ་དམིགས་བསམ་ཞུ་རྒྱུ་མེད། དེ་ཙམ་ཡིན།
མི་ཆུང་ལགས་སུ་དང་པོ་འཚམས་འདྲི་བྱེད་རྒྱུ་ཡིན། ཉིད་ཀྱིས་འདིར་བསམ་ཚུལ་དང་ངོ་སྤྲོད་གཅིག་ལྕོག་གི་སྐད་ཆ་མང་ཙམ་བཤད་འདུག འདི་རུ་ཡོང་སྟེ་དོ་སྣང་ཆེན་པོས་དེ་ལྟར་རང་ཉིད་ཀྱི་བསམ་ཚུལ་དང་། གཞན་གྱི་གནས་སྟངས་གཞན་ལ་ངོ་སྤྲོད་ཀྱི་ངལ་བ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧ་ཅང་ཐལ་ཆ་ཆེན་པོ་ཡང་མིན་ལ་གནས་ལུགས་དང་རྒྱུ་མཚན་རྡོ་སྒྲིག་སྒྲིག་བྱས་པ་ཡང་མིན་པའི་ཉིད་ཀྱི་མཆན་བུ་འདི་ལ་གུས་བརྩི་བརྒྱ་ཆ་བརྒྱ་དང་མོས་མཐུན་ཕྱེད་ཀ་བྱེད་རྒྱུ་ཡིན། འོན་ཀྱང་མོས་མཐུན་མེད་པའི་རིགས་ཀྱི་བརྒྱ་ཆ་ལྔ་བཅུ་འདི་ལ་ལན་འདེབས་བྱེད་ཁོམ་མེད། ད་དུང་མཆན་བུ་གཞན་ལ་བལྟ་དགོས། དེ་ནས་གུས་མོ་ཕྱི་ལ་ཞོགས་ཀ་ནས་ལས་འཆར་ལྟར་མི་སྣ་གལ་ཆེན་ཞིག་ལ་བཅར་འདྲི་བྱེད་དུ་འགྲོ་དགོས། དེ་ཙམ་ཡིན།
རིན་པོ་ཆེ་ལ་དང་པོ་གུས་འདུད་དང་བཅས་འཚམས་འདྲི་ཞུ་རྒྱུ་ཡིན། རིན་པོ་ཆེས་ཕྱག་མཆན་འདི་ཡིག་སྐྱོན་རྐྱང་ཡིན་སྟབས་ཀློག་རྒྱུར་མགོ་རྙོག་པོ་ཞེ་དྲག་བྱུང་། ཡིན་ཡང་འབད་རྩོལ་ཆེན་པོས་བཀླགས་པ་ཡིན། མ་གཞི་ནས་རིན་པོ་ཆེ་ནི་རིན་པོ་ཆེ་རང་རེད། སྤྱིར་དེང་གི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ལྷག་པར་དུ་རྒྱལ་སྤྱིའི་སྲིད་དོན་རྩེད་མོ་རྩེད་སྟངས་ཀྱི་གནས་སྟངས་ལ་རྒྱུས་མངའ་སྤུ་རྩེ་ཙམ་ཡང་མི་འདུག་ཞུ་རྒྱུ་ཡིན། དང་པོ་འདི་དག་ལ་ཞིབ་འཇུག་བྱོས། དེ་ནས་བོད་ཀྱི་སྲིད་དོན་གནས་སྟངས་ཀྱི་སྟེང་ལ་བཀའ་མོལ་གནོང་། དེ་ཙམ་བྱེད།
ད་གུས་མོ་འགྲོ་རན་སོང་། འདི་མན་གྱི་མཆན་བུ་རྣམས་ལ་དོ་དགོང་ཕྱིར་ནང་ལ་ལོག་དུས་བལྟ་གི་ཡིན། བདེ་མོ།
བཀྲ་ཤིས་སྒྲོལ་མ་ལགས་སུ་ཆེད་ཞུ། ཁྱེད་རང་གིས་གུས་པའི་བསམ་ཚུལ་ལ་དཔྱད་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཁྱེད་རང་གི་བསམ་ཚུལ་དེར་དགག་པ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་ཁྱེད་རང་གི་བསམ་ཚུལ་འདི་ད་དུང་ཡང་དོན་དངོས་དང་རྒྱང་ཐག་རིང་ཙམ་འདུག གང་ཡིན་ཞེ་ན་ཁྱེད་རང་ནས་བཙན་བྱོལ་ནང་གི་གྲྭ་བཙུན་ཕོན་ཆེ་བ་གནས་ཡུལ་གང་དུ་ཡོད་དང་། དེ་རྣམས་ཆོལ་ཁ་གང་ཞིག་གི་ཁོངས་ནས་ཡིན་པའི་གནད་དོན་འདི་ལ་རྩ་བ་ནས་རྨོངས་འདུག དོན་དངོས་ཐོག་བཙན་བྱོལ་ནང་གི་གྲྭ་བཙུན་གྱི་བརྒྱ་ཆ་བརྒྱད་ཅུ་རྒྱ་གར་ལྷོ་ཕྱོགས་སུ་གནས་ཡོད་པ་དང་། དེའི་ནང་ཁམས་པའི་གྲྭ་བཙུན་གྱིས་བརྒྱ་ཆ་བརྒྱད་ཅུ་ཟིན་གྱི་ཡོད། འདི་དོན་དངོས་ཡིན་པས་ཁྱེད་རང་གིས་ཁས་མི་ལེན་ཐབས་མེད་རེད། ད་དུང་ཡང་ཡིད་ཆེས་མེད་ན་བོད་གཞུང་ཆོས་རིག་ལས་ཁུངས་ལ་དྲིས། ངས་གྲྭ་བཙུན་ལ་སྒྲོ་བསྐུར་རྩ་བ་ནས་བྱེད་ཀྱི་མེད་ཀྱང་དོན་དངོས་འགེབས་ཐབས་མེད། ཟམ་གདོང་ཚང་གིས་གདན་ས་ཁག་འོས་ཀྱི་མཛོད་ཆགས་འདུག་ཅེས་སྨྲེ་ངག་ལན་གཉིས་ལྷོ་ཨེ་ཤ་ཡའི་མཁའ་རླུང་ལ་བསྐུར་ཏེ་འཛམ་གླིང་ཁྱོན་ལ་གསལ་པོར་བཟོས་པ་ད་དུང་ཡང་གོ་མ་སོང་ངམ། Vote Bank ཞེས་པ་འདི་འོས་ཀྱི་མཛོད་ལ་གོ་དགོས་ཤིང་མཛོད་ཡོད་ན་བླངས་ཆོག་མ་ཡིན་ནམ། ཁོ་ཚོས་བློ་སེང་ལ་རྒྱབ་སྐྱོར་བྱེད་ཡས་ཀྱི་རྒྱྲུ་མཚན་གཅིག་རང་ཡོད་པ་འདིར་གསལ་བཤད་མི་དགོས་པ་གང་ལས་ཤེས་སྙམ་ན། སྤྱི་དོན་ལ་སེམས་ཁུར་བྱེད་སྟངས་ཀྱི་དོན་དངོས་དང་རྒྱབ་ཆགས་འདུག གང་ལྟར་རྒྱུ་མཚན་ངོ་མ་ཇི་ཡིན་ངས་ཤེས་ནས་ཤོད་ཀྱི་ཡོད་ལ། གང་མགྱོགས་ཁྱེད་རང་གིས་ཀྱང་ཤེས་ངེས་རེད། ད་བདེ་མོ།
བཀྲ་ཤིས་སྒྲོལ་མ་ལགས་སུ་ཆེད་ཞུ། ཁྱེད་རང་གིས་གུས་པའི་བསམ་ཚུལ་ལ་དཔྱད་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཁྱེད་རང་གི་བསམ་ཚུལ་དེར་དགག་པ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་ཁྱེད་རང་གི་བསམ་ཚུལ་འདི་ད་དུང་ཡང་དོན་དངོས་དང་རྒྱང་ཐག་རིང་ཙམ་འདུག གང་ཡིན་ཞེ་ན་ཁྱེད་རང་ནས་བཙན་བྱོལ་ནང་གི་གྲྭ་བཙུན་ཕོན་ཆེ་བ་གནས་ཡུལ་གང་དུ་ཡོད་དང་། དེ་རྣམས་ཆོལ་ཁ་གང་ཞིག་གི་ཁོངས་ནས་ཡིན་པའི་གནད་དོན་འདི་ལ་རྩ་བ་ནས་རྨོངས་འདུག དོན་དངོས་ཐོག་བཙན་བྱོལ་ནང་གི་གྲྭ་བཙུན་གྱི་བརྒྱ་ཆ་བརྒྱད་ཅུ་རྒྱ་གར་ལྷོ་ཕྱོགས་སུ་གནས་ཡོད་པ་དང་། དེའི་ནང་ཁམས་པའི་གྲྭ་བཙུན་གྱིས་བརྒྱ་ཆ་བརྒྱད་ཅུ་ཟིན་གྱི་ཡོད། འདི་དོན་དངོས་ཡིན་པས་ཁྱེད་རང་གིས་ཁས་མི་ལེན་ཐབས་མེད་རེད། ད་དུང་ཡང་ཡིད་ཆེས་མེད་ན་བོད་གཞུང་ཆོས་རིག་ལས་ཁུངས་ལ་དྲིས། ངས་གྲྭ་བཙུན་ལ་སྒྲོ་བསྐུར་རྩ་བ་ནས་བྱེད་ཀྱི་མེད་ཀྱང་དོན་དངོས་འགེབས་ཐབས་མེད། ཟམ་གདོང་ཚང་གིས་གདན་ས་ཁག་འོས་ཀྱི་མཛོད་ཆགས་འདུག་ཅེས་སྨྲེ་ངག་ལན་གཉིས་ལྷོ་ཨེ་ཤ་ཡའི་མཁའ་རླུང་ལ་བསྐུར་ཏེ་འཛམ་གླིང་ཁྱོན་ལ་གསལ་པོར་བཟོས་པ་ད་དུང་ཡང་གོ་མ་སོང་ངམ། Vote Bank ཞེས་པ་འདི་འོས་ཀྱི་མཛོད་ལ་གོ་དགོས་ཤིང་མཛོད་ཡོད་ན་བླངས་ཆོག་མ་ཡིན་ནམ། ཁོ་ཚོས་བློ་སེང་ལ་རྒྱབ་སྐྱོར་བྱེད་ཡས་ཀྱི་རྒྱྲུ་མཚན་གཅིག་རང་ཡོད་པ་འདིར་གསལ་བཤད་མི་དགོས་པ་གང་ལས་ཤེས་སྙམ་ན། སྤྱི་དོན་ལ་སེམས་ཁུར་བྱེད་སྟངས་ཀྱི་དོན་དངོས་དང་རྒྱབ་ཆགས་འདུག གང་ལྟར་རྒྱུ་མཚན་ངོ་མ་ཇི་ཡིན་ངས་ཤེས་ནས་ཤོད་ཀྱི་ཡོད་ལ། གང་མགྱོགས་ཁྱེད་རང་གིས་ཀྱང་ཤེས་ངེས་རེད། ད་བདེ་མོ་བྱོས།
བཀྲ་ཤིས་སྒྲོན་མ་ལགས། ཉིད་ཀྱིས་མཆན་པ་རྣམས་ལ་ལན་གང་ཐུབ་གནང་བར་ཐུགས་རྗེ་ཆེ། ཕྲན་ནས་སྔ་ཕྱི་བར་གསུམ་དུ་དྲྭ་ཚིགས་ཁག་ལ་དོ་སྣང་ཆེན་པོ་བྱས་པ་ཡིན། སྤྱི་ཚོགས་ནང་ས་ཁྱབ་རྡོ་ཁྱབ་དུ་འགྲོ་བཞིན་པའི་སྐད་ཆ་རྣམས་ལ་ལག་པ་འཇུ་ཆོག་ཆོག་གི་གཏན་ཚིགས་ཤིག་མཐོང་མ་བྱུང་། ཉིད་ཀྱིས་དུས་བབས་དང་ཁ་བརྡ་སོགས་ལ་ལྟོས་ཤོག་ཅེས་བཀའ་གནང་བ་དེ་ཡང་ང་ལ་མཚོན་ན་སྲང་ལམ་གྱི་སྐད་ཆ་ཉག་ཉོག་དེ་དག་ལ་བསྐྱར་དུ་ཉན་པ་དང་དབྱེར་མ་མཆིས། དྲྭ་ཚིགས་ཁག་ཏུ་སྒྲོག་བཞིན་པ་དེ་ཡང་སྤྱི་ཚོགས་ཁྲོད་བདག་མེད་དུ་གཡུག་པའི་ཉོག་གཏམ་ལས་ལྷག་ཅིག་མི་འདུག དེ་བས་ངས་ཁྱོད་ལ་ཁུངས་སྣེ་བགྲང་དགོས་པའི་བསྐུལ་མ་བྱས་པ་ལགས།
གཞན། ཁོ་བོས་ཁ་བའི་སྒྲོན་མེ་ལ་བསླབ་བྱ་བྱས་པ་དེས་ངེད་གཉིས་གོ་ས་གཅིག་ཏུ་བཞག་འདུག་པ་དེར་མི་བདེ་བ་ཞིག་བྱུང་། མ་གཞི་ནས་ཉིད་ཀྱིས་ཁ བའི་སྒྲོན་མེ་དང་ངེད་གཉིས་ཀྱི་སྐད་ཆ་ལ་ཞིབ་མོར་གཟིགས་མེད་པ་འདྲ།
དབྱིན་མིང་པ་མགོན་པོ་ལགས་སུ་འཚམས་འདྲི་ཞུ་རྒྱུ་ཡིན། དང་པོ་བཤད་འདོད་པ་དེ་གུས་མོ་རྒྱ་དམར་གྱི་རྒྱུག་ཁྱི་མིན། རྒྱ་དམར་གྱི་རྒྱུ་ཡིན་ས་རེད་སྙམ་པའི་དོགས་པ་ཟ་སའི་ཚིག་གཅིག་ཀྱང་གུས་མོས་རྩོམ་ཡིག་ནང་བྲིས་མེད། དེ་ལྟར་དཀྲོག་གཏམ་མ་སྤེལ་རོགས། གཉིས་པ་གུས་མོའི་མིང་འདི་རྫུན་མ་མིན། ག་རེ་བྱས་ནས་མིང་རྫུན་མ་ཆགས་པ་རེད། བུད་མེད་དྲྭ་བའི་ནང་ཡོང་སྟེ་རྩོམ་འབྲི་མི་ཆོག་པ་རེད་དམ། ཡང་ན་བཀྲ་ཤིས་སྒྲོལ་མ་ཞེས་པའི་མིང་ཅན་ཞིག་དྲྭ་བའི་ནང་ཡོད་མ་ཆོག་པ་རེད། མགོན་པོ་དང་ལྷག་བསམ། དོན་འགྲུབ་བཀྲ་ཤིས། ཚེ་བརྟན་རྡོ་རྗེ་སོགས་མིང་དངོས་གནས་ཡིན་ན་བཀྲ་ཤིས་སྒྲོལ་མ་མིང་དངོས་གནས་ག་རེ་བྱས་ནས་མིན་སོང་བ་རེད། ཁྱོད་ཀྱིས་ངོ་མི་ཤེས་པ་ཐམས་ཅད་མིང་རྫུན་མ་རེད་དམ། གང་ལྟར་ཁྱོད་ལ་རྒྱུ་མཚན་ཞིག་འདུག་གམ། ཡང་བསྐྱར་བསམ་བློ་གཏོང་རྒྱུའི་རེ་བ་ཡོད། གསུ་མ་པ་གུས་མོས་གཞི་མེད་སྐྱོན་འཛུགས་བྱས་མེད། གལ་སྲིད་བྱས་ཡོད་ཚེ་འདི་དང་དེ་གཞི་མེད་སྐྱོན་འཛུགས་རེད་ཅེས་མཛུབ་མོ་བཙུགས་ཏེ་སྟོན་རོགས་གནང་། གུས་མོས་ནི་གཞི་མེད་སྐྱོན་གང་ཡང་བྱས་མེད་སྙམ་སྟེ་བསམ་པ་དག་ནས་ཡོད། དེ་ཙམ་གྱིས་ཆོག་པ་བྱེད།
དབྱིན་མིང་བ་སྐལ་བཟང་རྡོ་རྗེ་ལགས་སུ་འཚམས་འདྲི་བྱེད་རྒྱུ་ཡིན། རྒྱུ་མཚན་ཅི་ཡང་མེད་པར་ཡག་པོ་མི་འདུག་ལབ་ན་ག་རེ་ལབ་ཀྱི་ཡོད་པ་རེད། མ་གཞི་ནས་འདི་བོད་ཡིག་གི་དྲྭ་བ་རེད་མ་གཏོགས་དབྱིན་ཡིག་གི་དྲྭ་བ་མ་རེད། འོན་ཀྱང་ཉིད་ཀྱིས་བོད་ཡིག་ཤེས་ཀྱི་ཡོད་ས་མ་རེད། འདི་ལ་གུས་མོས་བསམ་ཤེས་བྱེད་ཐུབ་ཀི། རྒྱུ་མཚན་དེའི་ཕྱིར་འདི་ནས་གུས་མོས་དབྱིན་ཡིག་གི་ལམ་ནས་ཉིད་ལ་ལན་འདེབས་ཐུང་ཐུང་ཞིག་བྱེད། ཡིན་ཡང་བོད་ཡིག་ཅིག་སྔོན་ལ་མ་བྲིས་ན་གུས་མོའི་ཞེ་མི་བདེ་བས་བྲིས་པ་ཡིན།
Kalsang Dorjee la,
First and foremost the core of my deep heart i would like to say Tashi delek. It is very surprised to read your short suggestion. but I really don’t know what is meaning of “this is not good” and i truly don’t know what are you writing without any reason. but it is sad. I hope you will write near future reason. I hope you will write Tibetan in near future as you are Tibetan. Bye bye……………
བཀྲ་ཤིས་སྒྲོལ་མས་ཡག་ཐག་གཅོག་ཅིག་བཤད་འདུག ད་མགོན་པོ་མཐོན་ཤོག དམག་ཁས་བླངས། མདུང་སྐེད་པར་གཟེར་དུས་ལན་གཙང་མ་ཞིག་རྒྱོབས་ཤིག རྒྱ་མིའི་སོ་པ། དོལ་རྒྱལ་བསྟེན་མཁན་སོགས་ཀྱིས་གཞན་ལ་སྤྱོས་མཁན་རྣམས་རང་མ་དགའ་བ་རྒྱུ་མཚན་ལས་གཞན་རྒྱུ་མཚན་ཏིལ་ཙམ་ཡང་མེད་ཅེས་བཤད་ཐུབ།
བཀྲ་ཤིས་སྒྲོལ་མར་གཞི་མེད་ཉེས་འཛུགས་བྱས་པ་འདི་གླེན་པའི་རང་བཞིན་ལས་ཐར་མ་ཐུབ་པའི་སྐྱོན་རེད། དོས་དངོས་ཐོག་བཀྲ་ཤིས་སྒྲོལ་མས་ཡག་ཐག་ཆོད་ཤོད་ཀྱི་འདུག
མེ་ཏོག་དཀར་པོ་ལགས་སུ་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱབ་སྐྱོར་དང་རྟིང་སྣོན་ལྟ་བུའི་མཆན་བུ་འདི་བཏབས་པ་ལ་ཐུགས་རྗེ་ཆེ་ཞུ། གཞན་དམིགས་བསལ་ཅང་ལབ་རྒྱུ་མེད། བདེ་མོ།
ད་གུས་མོ་འགྲོ་རན་སོང་། མཆན་བུ་གཉིས་གསུམ་ཞིག་ལ་ལན་འདེབས་བྱེད་ཁོམ་མ་བྱུང་། འོན་ཀྱང་སང་ཉིན་ལན་འདེབས་བྱེད་རྒྱུའི་འབད་རྩོལ་བྱེད་རྒྱུ་ཡིན། དེ་རིང་ཚང་མར་གཟིམ་ས་བདེ། མཚན་བདེ་ལེགས། ད་བདེ་མོ།
བཀྲ་ཤིས་སྒྲོལ་མ་ལགས། ངས་དང་པོ་ནས་གསལ་པོ་ཞུས་པ་ཡིན། ཁྱེད་རང་སུ་ཡིན་ལྟ་དགོས་དོན་མེད་རུང་དོན་དངོས་ཐོག་ཁྱེད་རང་བུའི་ངོ་དགོངས་ཅན་ཞིག་ཡིན་མིན་ཡང་གསལ་པོ་བཤད་ཐུབ་ཀྱི་ཡོད་། ངས་འདིར་བཤད་དོན་གཙོ་བོ་ནི་རྒྱ་ཕྲུག་རྣམས་ཀྱི་བློ་སེང་ལ་བསྙོན་འཛུགས་མ་བྱས་པའི་སྔོན་དུ་ཨམ་ཕྲུག་ཁང་གསར་རྡོ་རྗེ་དང་སྐྱེས་གསར་ཀླུ་སྒྲུབ་སོགས་ཀྱི་བཀྲས་མཐོང་ལ་དཔེ་ལེགས་དང་རྒྱ་གཞུང་གི་ལས་དོན་གང་ཞིག་སྒྲུབ་ཀྱི་ཡོད་ནམ་མ་ཤེས་དོན་མེད་དགོས་མེད་ཐེངས་མང་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་ཚིགས་གཉིས་ནང་དམིགས་བསལ་བློ་སེང་ལ་སྐྱོན་བརྗོད་བྱེད་པའི་ལེ་ཚན་ཞིག་གཙུག་སོང་ཅེས་དྲངས་པོ་བརྗོད་བཞིན་ཡོད། འདིར་ཆོལ་ཁ་གསུམ་བར་དང་ལྷག་དོན་མདོ་སྨད་ལ་དེ་འདྲ་བརྗོད་ཀྱི་མེད་། རྒྱུ་མཚན་ནི་མདོ་སྨད་ཆོལ་ཁས་ཐོག་མ་ནས་བློ་སེང་ལ་རྒྱབ་སྐྱོར་གནང་ཡོད་ལ་ཉམས་ཞིག་པ་ཀླུ་མཁར་བྱམས་དང་བོད་རྒྱ་བསྟན་འཛིན་རབས་རྒྱས་སོགས་ཀྱི་གང་དང་གང་བྱས་སོང་བཤད་མ་དགོས་པ་རེད་།
ལྷག་བསམ་ལགས་ཀྱིས་དོ་སྣང་ཆེན་པོས་གུས་མོས་ལན་འདེབས་ལ་ཡང་ལན་ལྟ་བུའི་དགག་ལན་ཞིག་གནང་བར་ཐུགས་རྗེ་ཆེ། དོན་དངོས་ལ་གཞོལ་ཆེ་ཙམ་འདུག་པའི་བཀའ་མོལ་ཞིག་གནང་འདུག འོན་ཀྱང་བརྒྱ་ཆ་བོ་ངོས་ལེན་ཞུ་ཐུབ་ཀྱི་མི་འདུག སྤྱིར་བཏང་གིས་ཆ་ནས་ཞུས་ན་གྲྭ་བཙུན་མང་ཆེ་བ་ལྷོ་ཕྱོགས་ན་ཡོད་པ་བདེན་པ་རེད། དེའི་ནང་ཀྱང་ཁམས་པ་མང་བ་བདེན་པ་རེད། འོན་ཀྱང་བརྒྱ་ཆ་བརྒྱ་ཅུ་ལོང་གི་མ་རེད་ལ། གདན་ས་གསུམ་གྱི་ནང་གི་དབུས་གཙང་བའི་གྲྭ་བ་རྣམས་དང་། ཨ་མདོ་བའི་གྲྭ་བ་རྣམས། དེ་བཞིན་ངེས་མེད་སྡེ་ཚན་ནམ་ཡང་ན་ཧི་མ་ལ་ཡིའི་ཕྱོགས་ནས་ཕེབས་པའི་མོན་འབྲུག་བལ་གསུམ་གྱི་གྲྭ་བ་རྣམས་དང་སོག་པོ་ཉུས་ཤས་ཤིག་བཅས་ཕུད་པའི་ཤུལ་ལྷག་རྣམས་ཁམས་པའི་གྲྭ་བ་རེད། གུས་མོས་གོང་དུ་བགྲངས་པའི་ཚན་པ་དེ་དག་གིས་གྲྭ་སའི་གྲྭ་བའི་བརྒྱ་ཆའི་ཞེ་ལྔ་ཟིན་ཡོད་པ་རེད། ཤུལ་ལྷག་ཁམས་པའི་གྲྭ་བ་ཚོས་བརྒྱ་ཆའི་ལྔ་ལྔ་ལས་ཟིན་མེད། འོན་ཀྱང་སྤྱི་ཡོང་གི་ཆ་ནས་ཁམས་པ་མང་པ་རེད། གྲྭ་ས་ན་ཁམས་པ་མང་ཞེས་པའི་བཤད་སྲོལ་འདི་ལ་མང་པོ་ཞིག་གོ་ནོར་ཐེབས་ཀྱི་ཡོད་ས་རེད། གུས་མོས་གོང་དུ་བགྲངས་པའི་སྡེ་ཚན་དེ་དག་ལས་ཀྱང་བར་ཆད་ཆེན་པོའི་སྒོ་ནས་ཁམས་པ་མང་པ་རེད་ལབ་ཀྱི་ཡོད་པ་མ་རེད། ཆོལ་ཁ་རེ་རེ་བྱས་ན་གྲྭ་གྲངས་ཁམས་པར་བཤད་ཀྱི་ཡོད་པ་རེད། འདི་གནད་དོན་གཅིག་ཡིན། དེ་ནས་མཁས་པའི་དབང་པོ་ཟམ་གདོང་རིན་པོ་ཆེས་གསུངས་སྐད་ཤོར་བའི་གནས་ཚུལ་རེད། གུས་མོས་གསལ་བོ་གོ་ཡོད། འོན་ཀྱང་གུས་མོས་ཉན་ནོར་ཐེབ་མེད་ན། འདི་ཁམས་པ་མང་པོས་བཀའ་ཁྲི་བློ་སེང་ལ་འཕེན་གྱི་ཡོད་པའི་རྣམ་འགྱུར་གྱི་ཐོག་ནས་གསུང་བ་ཞིག་མ་རེད་ལ། ཁམས་ཞེན་སྤོང་ཞེས་པའི་བཀའ་སློབ་ཅིག་ཀྱང་མ་རེད། འདིའི་དམིགས་ས་གཙོ་བོ་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ལ་བཀའ་བརྒྱུད་དང་དགེ་ལེགས་གཉིས་ཀྱིས་འོས་ཤོག་མང་པོ་བླུགས་ཡོད་སྟབས་དེ་འབྲེལ་གྱི་གསུང་བཤད་ཅིག་རེད། འོན་ཀྱང་འདི་ལ་ད་དུང་འབྲི་དགོས་པ་མང་པོ་ཡོད་ཀྱང་གནས་སྐབས་དེ་ཙམ་ཡིན། བརྡ་གསལ་བོ་འཕྲོད་མེད་ན་རྗེས་མ་དེ་ལས་གསལ་ཙམ་འབྲི། ད་བདེ་མོ།
རྨུ་ཐག་གི་བུ་རྒྱུད་ལགས་ཀྱིས་གུས་མོས་ལན་འདེབས་ལ་དགག་ལན་དང་བསམ་འཆར་ཟུང་གིས་གནང་བར་ཐུགས་རྗེ་ཆེ། དང་པོ་གུས་མོས་དྲྭ་ཐོག་གཟིགས་ཤོག་ལབ་པ་ཡིན། སྲང་ལམ་ན་སྒྲོག་བཞིན་པའི་བྲག་ཅ་མ་ཡིན་པའི་སྐད་ཆ་རྒྱུ་མཚན་ཅན་ཡོད་པ་རེད། དངོས་གནས་ཉམས་ཞིབ་བྱེད་འདོད་ན། བོད་ཀྱི་སྲིད་དོན་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའི་གཏམ་དང་དེ་འབྲེལ་གྱི་སྐད་ཆ་སོགས་ལ་གཟིགས་རོགས། དབྱིན་བོད་གཉིས་ཀྱི་ཐོག་ལ་ཡོད་པ་རེད། དེ་ནས་བློ་སེང་གི་ད་བར་བཤད་པའི་སྐད་ཆ་དང་ཧ་ཝར་ཌིའི་གཙུག་ལག་སློབ་གཉེར་ཁང་གི་དྲྭ་བར་ཞིབ་འཇུག་བྱོས་དང་ཁུངས་སྣེ་མང་པོ་རེག་གི་རེད། གཞན་རྩོམ་པ་འཇམ་ནོར་སྒེར་གྱི་ཟིན་བྲིས་ནང་དབྱིན་ཡིག་གི་ལམ་ནས་རྒྱུ་མཚན་དང་གནས་ལུགས་མང་པོ་བྲིས་ཡོད་པ་རེད། དེ་དག་རེ་བཞིན་བློ་གཟི་བོས་སྒོ་ནས་བལྟས་ནས་ཞིབ་འཇུག་བྱེད་རྒྱུ་ཡོད་པ་རེད། འོན་ཀྱང་དང་པོ་ཉིད་ནས་འཁྱོག་པོས་བློས་ཞིབ་འཇུག་བྱེད་རྒྱུ་ཟེར་ན་ཞིབ་འཇུག་མགོ་མ་བཟུང་གོང་ནས་གྲུབ་དོན་རྙེད་ཚར་ཡོད་པས་དེ་འདྲའི་ཞིབ་འཇུག་ཡིན་ན་གུས་མོར་ལབ་རྒྱུ་གླེང་རྒྱུ་གང་ཡང་མེད། འདི་གསལ་བཤད་བྱེད་དགོས་པ་གཅིག་རེད། དེ་ནས་གཉིས་པ་ཉིད་ཀྱི་མཆན་གཅིག་གུས་མོས་མིག་འོག་ཤོར་སོང་བ་འདི་རེད། མཆན་བུ་བཅུ་གསུམ་པ་རེད་འདུག འོན་ཀྱང་འདི་གུས་མོས་མིག་འོག་ནས་ཤོར་ཏེ་ལན་འདེབས་རྒྱུར་ལྷག་པའི་ནང་གི་གཅིག་ཡིན་པ་ལས། ཉིད་དང་ཁ་བའི་སྒྲོན་མེ་གོ་ས་གཅིག་ཏུ་བཞག་པའི་གནད་དོན་ཞིག་མ་རེད། དེ་ལྟར་བསམ་ཡོད་ན་ནོར་བ་རེད། ཉིད་ཀྱིས་མཆན་བུ་དེའི་ནང་དུ་ཆོལ་ཞེན་སྤངས་དགོས་པའི་བསྐུལ་མ་བྱས་འདུག འདི་ཡག་བྱུང་ཟེར་རྒྱུ་ལས་གཞན་དམིགས་བསལ་ཞུ་རྒྱུ་མེད། དེ་ཙམ་ཡིན། བདེ་མོ།
ལྷག་བསམ་ལགས་ཀྱིས་གུས་མོར་རྒྱབ་སྐྱོར་ལྟ་བུའི་མཆན་ཐུང་ཞིག་བཞག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གང་ལྟར་བློ་སེང་ལ་དམར་འབེབས་དང་སྐྱོན་འཛུགས་ག་ཚོད་བྱེད་ཀྱང་བོད་མི་རིགས་ནང་དུ་ཁོང་ལྟ་བུ་མི་ཞིག་དུས་ད་ལྟ་བར་ཏུ་བྱུང་ཉོན་ཡོད་མ་རེད།
ཡིན་ན་ཡང་དེ་ལ་ང་རྒྱལ་བྱེད་མཁན་དང་མིག་ཚ་མཁན་དེ་འདྲ་ཡོད་སྲིད་པ་རེད།
བན་ནག་མུན་ནག་གིས་བཀབ་ཏེ་མཐོང་གི་མེད་ཚོད། དུས་ད་ལྟའི་བར་བོད་ལ་ཡི་གེ་གསར་བཟོ་ཚུད་པའི་སྙན་གྲགས་ཆེ་བའི་མཁས་ཆེན་དང་སྐྱེས་ཆེན་དུ་མ་བྱུང་ཡོད་པ་རེད། ཁེ་ཕན་ཏོག་ཙམ་གྱི་ཆེད་དུའང་རང་ཉིན་མུན་པ་བཀབ་པ་མ་ཤེས་པར་ལོ་རྒྱུས་ལ་འཁྱོག་བཤད་མ་བྱེད་རོགས། ཁོང་ལས་ལྷག་པའི་དཔའ་དང་ལྡན་པ། མཁས་ཤིང་མཛངས་པའི་སྐྱེས་ཆེན་དུ་མ་བྱུང་ཡོད་པ་རེད་ལོ། བན་ནག་ཁྱོད་རང་ལུང་ཁུག་གཅིག་ནས་ཐོན་མ་ཐག་ཡིན་བཟོ་འདུག ཁག་མེད།
སོ་སོ་རང་ཉིད་མི་རྫུང་ཞིག་གི་འོག་ཏུ་ཡིབ་ནས། ད་དུང་དེ་ཡང་བུ་མོའི་མིང་ཞིག་གི་འོག་ཏུ་ཡིབ་ནས་རྨི་ལམ་སྐྱིད་པོ་འདི་ལྟར་བཏང་ལུགས་ལ་བལྟས་ན་ཁྱོད་ཡང་སྙིང་མི་བུ་ཅི་འདྲ་ཞིག་ཡིན་མིན་ཧ་གོ་གི་གྲོགས་མཆོག ཕྱོགས་རིས་མ་བྱེད་འཐེན་འཁྱེར་མ་བྱེད་ཟེར་ལུང་བ་གང་བཤད་ཁུལ་བྱས་འདུག་སྟེ་དོན་ངོ་མའི་ཁྱོད་རང་གི་མ་རྩོམ་རང་ལས་ངོ་གདོང་ས་རིས་ཐང་གསལ་བྱས་འདུག་གྲོགས་པོ་ལོ་ལོ།
བན་ནག་ཚང་ལ་ཐོག་མར་འཚམས་འདྲི་བྱེད་རྒྱུ་ཡིན། ཉིད་ཀྱིས་ཚིག་སྒྲུབ་དང་པོ་འདི་ཡིག་གེའི་དག་ཆ་ནོར་བ་ཅན་རྐྱང་རྐྱང་བྲིས་འདུག་སྟབས་གུས་མོས་གོ་བ་ཡག་པོ་ཞིག་ལེན་ཐུབ་མ་སོང་། འོན་ཀྱང་ཡང་ཀློག་བསྐྱར་ཀློག་བྱས་ཏེ་མཐའ་མར་གོ་བ་ཞིག་ལེན་ཁུལ་བྱས་ཡོད། ཉིད་ཀྱི་བསམ་པ་ཅི་བཞིན་ལོན་ཡོད་པའི་རེ་བ་བྱེད་ཀྱི་ཡོད། གུས་མོས་རྩོམ་ཡིག་འདིའི་ནང་དུ་བློ་སེང་ལ་དམའ་འབེབ་རྩ་བ་ནས་བྱས་མེད། འོན་ཀྱང་སྐྱོན་འཛུགས་བྱས་ཡོད། དེ་ནི་དངོས་ཡོད་དང་མཐོང་ཆོས་སུ་གྱུར་བའི་བློ་སེང་གི་སྐྱོན་རེད་མ་གཏོགས་དེ་ལས་ལྡོག་པའི་ཉེས་མེད་སྐྱོན་འཛུགས་མིན། འདི་གནད་དོན་གཅིག་རེད། དེ་ནས་བློ་སེང་འདྲ་བའི་མི་ཞིག་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་འདྲ་ཞིག་བཤད་འདུག འདི་ལ་ལན་རྒྱག་གི་མིན། འདི་གུས་མོར་ཅག་ཅག་བྱས་པ་ལས་ཉིད་ཀྱི་བསམ་ཚུལ་དངོས་གནས་མིན་པའི་ཡིད་ཆེས་བྱས་ཏེ་ལན་དམིགས་བསལ་མ་བརྒྱབ་པ་ཡིན། གཞན་བློ་སེང་གི་ཡོན་ཏན་ལ་ཕྲག་དོག་དང་མིག་སེང་ནི་ནམ་ཡང་ལངས་མ་མྱོང་ལ་ཡོང་རྒྱུའི་དུས་ཚོད་ཀྱི་ནང་དུ་ཡང་བྱེད་མདོག་ཁ་བོ་མ་རེད་ལབ་འདོད་བྱུང་། དེ་ཙམ་ཡིན། བདེ་མོ།
དིར་རྡོར་བསྐྱར་དུ་འདིར་ཕེབས་པར་འཚམས་འདྲི་ཞུ། སྐད་ཆ་དེ་ཙམ་སྣོན་པོ་མིན་ནའང་དོན་སྙིང་ཡོད་པ་ཞིག་བཤད་འདུག བདེ་མོ་ཡང་དང་བསྐྱར་དུ་ཕེབས་རྒྱུའི་རེ་བ་ཡོད།
བཀྲེས་སྒྲོལ་མ་ལགས། ངས་བློ་སེང་ལ་ངེས་པ་ཏུ་རྒྱབ་སྐྱོར་དགོས་ཞུས་མེད་། ད་དུང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཆོལ་ཁ་གསུམ་པོ་དབྱེར་མེད་ཐོག་དྲངས་བདེན་གྱི་མི་སྣ་དང་མི་རིགས་ཀྱི་ལ་རྒྱ་ཅན་འདྲ་མཚུངས་སུ་ཡོད་པ་དངོས་སུ་མཐོང་ཐོས་བྱུང་ལ་གནས་ཚུལ་འདི་མི་རིང་པ་ཡོངས་གྲགས་ཆགས་ངེས་རེད་། འོན་ཀྱང་ངས་འདིར་བརྗོད་དོན་གཙོ་བོ་ནི་ཁོང་སྙན་གྲགས་ཆེ་བའི་མཐོ་སློབ་ནང་ཚད་ལྡན་མཁས་དབང་གི་ཆེ་མཐོང་ཡོད་པའི་བོད་མི་གཅིག་པོ་དེ་ཡིན་བཞིན་དུ་སྐུ་ཡོན་གྱི་ཆ་ནས་དཔེ་མཚོན་ཙམ་ཞུས་ན་ཁོང་དེ་གར་བཞུགས་རིང་ཉིན་གཅིག་བླ་ཡོན་རྩིས་ན་རྡ་རམ་སར་ལོ་གཅིག་གི་བླ་ཕོག་ལས་ཆེ་བའི་གནས་སྟངས་དེ་དང་དེ་འདྲའི་གནམ་ས་ལྟར་བུའི་གནས་སྟངས་འོག་རང་མི་རིགས་ཀྱི་དོན་དུ་བློས་བཏང་ཆེ་པོ་བྱེད་ཏེ་དངོས་འབྲེལ་ན་མ་སོན་པའི་བོད་མི་རིགས་ཀྱི་དམངས་གཙོའི་ལས་དབང་ལ་༧རྒྱལ་བའི་བཀའ་དགོངས་བཞིན་ཚད་ལྡན་ལམ་ལུགས་ཞིག་ཏུ་འགྱུར་བའི་རེ་བ་བཅངས་ཏེ་དོན་ཚན་གསུམ་གྱི་འབོད་སྒྲའི་འོག་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་སྔར་མེད་གསར་གཏོད་གྱི་ལེའུ་ཐོག་མ་འབྱེད་དེ་བཀའ་ཁྲི་འོས་ལང་པ་ན་བསམ་མེད་འགས་དངོས་འབྲེལ་རྒྱལ་སྤྱིའི་ནང་བོད་དང་བོད་རིགས་སུ་གཏོགས་པའི་ཁྲོད་ཐོག་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་སློབ་དཔོན་ཆེ་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ལོང་བས་བལྟས་ཀྱང་མཐོང་ཐུབ་པའི་ཉེས་འཛུགས་རིམ་པ་བྱས་སོང་བ་མ་ཟད་ད་དུང་གནས་ཚུལ་འགའ་བོད་གཞུང་བཀའ་བཤག་གི་གསལ་བཤད་གནང་ཡང་བོང་གུའི་རྣ་བར་གསེར་རླུགས་པ་དང་ཆ་ཆགས་སོང་བས་ཚད་ལྡན་བོད་རིགས་མི་མང་གི་མིག་ནང་ཡལ་ཐབས་བྲལ་བར་ཁོང་ལ་བསྙོན་འཛུགས་གནང་བའི་ལས་འགུལ་འདྲ་མིན་སྤེལ་མཁན་རྣམས་ནི་དེང་སྐབས་རྒྱ་གཞུང་དངོས་ཐོན་ནས་དེ་སྔོན་ཏ་ལའི་ཅེས་འབོད་པའི་ཚབ་དུ་བློ་སེང་ཅེས་ཁོང་ལ་དྲག་སྤྱོད་པའི་ཉེས་འཛུགས་གནང་བའི་རྒྱུན་རིམ་དང་དམིགས་ཡུལ་འདྲ་བའམ་དེ་མཚུངས་སུ་གཏོགས་པའི་གློ་བརྙན་ཞིག་མཐོང་བས་ཡིན། ཁྱེད་རང་གི་རེ་བ་བཞིན་ངས་མི་དེ་དག་གི་ཆོལ་ཁོང་བརྗོད་མེད་།
བཀྲ་ཤིས་སྒྲོལ་མའི་དཔྱད་པ་འདི་དོན་ལ་གནས་མི་འདུག གྲྭ་བཙུན་ཡོད་ཚད་ལ་ཟེར་རྒྱུ་མེད། འོས་ཤོག་འཕེན་ཆོག་པའི་ཐོབ་ཐང་ཡོད་མཁན་གྱི་གྲྭ་བཙུན་ཇི་ཡོད་ལ་གོ་དགོས། རྒྱ་གར་ལྷོ་ཕྱོགས་སུ་འོས་ཤོག་འཕེན་ཡས་ཀྱི་ཐོབ་ཐང་ཡོད་པའི་གྲྭ་བཙུན་ཁྱོན་བསྡོམས་དྲུག་སྟོང་བརྒལ་བ་ཞིག་ཡོད་པའི་ནང་ནས་མདོ་སྟོད་ཀྱི་གྲྭ་བཙུན་གྱིས་བརྒྱ་ཆ་བརྒྱུད་ཅུ་ཟིན་པ་འདི་དོན་དངོས་རེད། འདི་སྐོར་ང་ལ་ཐོ་གསལ་པོ་ཞིག་ཤོད་རྒྱུ་ཡོད་ཀྱང་དགོས་དབང་གིས་ཇི་མ་ཇི་བཞིན་ཁྲོམ་བསྒྲགས་བྱ་བདེ་པོ་མི་འདུག
བརྒྱ་ཆ་བརྒྱད་ཅུ་ཡིན་རྒྱུ་མ་རེད། དྲུག་སྟོང་ཡོད་ན་ཉིས་སྟོང་མ་ཟིན་ཙམ་ཧི་མ་ལ་ཡའི་རྒྱ་རྒྱུད་ནས་ཡིན་རྒྱུ་རེད། དེའི་འཕྲོས་གཅིག་སྟོང་ཨ་མདོ་ཡིན་པར་ཆ་ཞོག དེའི་འཕྲོས་དབུས་གཙང་གཅིག་སྟོང་གི་ཚད་རྒྱུ་མ་རེད། དེས་ན་ཁམས་པ་ཉིས་སྟོང་ཡར་མར་ཙམ་ལས་མེད་པར་གྱུར་འདུག
སྐུ་ཞབས་ཁ་བའི་སྒྲོན་མེ་ལགས་ཀྱིས་སླར་ཡང་ཨུ་ཚུགས་ཆེ་ཙམ་གྱི་སྒོ་ནས་གུས་མོར་ལན་འདེབས་བྱས་པར་ཐུགས་རྗེ་ཆེ། དང་པོ་རང་ལ་བཤད་འདོད་པ་ཞིག་ཡོད་པ་དེ་ཉིད་ཀྱིས་མཆན་བུ་འདེབས་དུས་ངེས་པར་ཚིག་གི་གཅོད་མཚམས་ཡོད་པ་ཞིག་བྱེད་རོགས། ཚང་མ་ཉོག་བསྲེས་བཞག་དུས་ཀློག་རྒྱུ་དང་གོ་རྒྱུ་དཀའ་སེ་འདུག འདི་རེ་བསྐུལ་ཡིན། སྙན་གྲགས་ཆེ་བའི་མཐོ་སློབ་ནང་ཚད་ལྡན་མཁས་དབང་གི་ཆེ་མཐོང་ཡོད་པའི་བོད་མི་བློ་སེང་གཅིག་པོ་ལས་མེད་པ་རེད་དམ། དེ་འདྲ་མངོན་སུམ་རང་ལ་བུད་ནས་རྫུན་མ་བཤད་རོགས། ཨ་རིའི་ཧ་ཝར་ཌི་ལས་ཚད་ལྡན་གྱི་མཐོ་སློབ་འཛམ་གླིང་འདིར་མེད་པ་རེད་དམ། རྫུན་ཞིག་བཤད་རུང་ཅུང་འབྲ་ཆགས་པོ་ཞིག་བཤད་དགོས་པ་ལས་འདི་ལྟར་བཤད་ན་ཡིད་ཆེས་མཁན་དཀའ་སེ་ཆག་གི་རེད། དངོས་གནས་ཡིན། ཉིད་ཀྱིས་ཞིབ་འཇུག་ཡག་པོ་ཞིག་བྱོས་དང་། བློ་སེང་ལ་ཧར་ཝ་ཌི་ནས་གླ་ཕོག་ཅིག་རེག་གི་མེད་པ་དངོས་ཡོད་རེད། ད་དུང་ཤེས་མ་སོང་ངམ། ཚུར་ལ་གླ་ཕོག་ཅིག་རེག་རྒྱུ་ཕར་ཞོག དེ་གའི་ཞིབ་འཇུག་པ་རྒས་འཁོག་ཅིག་ལ་ཕྱག་རོགས་ཞུ་ཕྱིར་འགྲོ་སོང་ག་ཚོད་ཅིག་གཏོང་དགོས་ཀྱི་འདུག ཞིབ་འཇུག་མེད་པ་དང་ཁུངས་ལུང་མེད་པའི་སྐད་ཆ་མང་རུ་སོང་ན་གུས་མོས་ལན་འདེབས་བྱེད་རྒྱུ་ཡང་རིམ་པའི་ཉུང་རུ་འགྲོ་གི་རེད། ང་ལ་གཙོ་བོ་རྒྱུ་མཚན་དང་གནས་ལུགས་དགོས། གཞན་ཅི་ཡང་མི་དགོས། དེ་ཙམ་བྱེད། ད་ཉིད་ཀྱི་སྐད་ཆ་རྣམས་ལ་ཡང་དང་བསྐྱར་དུ་ལན་འདེབས་བྱེད་དགོས་མི་འདུག ནང་དོན་གཅིག་པ་རེད། འོན་ཀྱང་ད་དུང་གོ་རིགས་གང་རུང་ཡོད་པའི་མཆན་བུ་རེ་བཏབས་ཚེ་ངེས་པར་གུས་མོས་ལན་འདེབས་པར་འབད་ངེས་ཡིན་པ་དང་། དེ་འདྲ་མིན་པར་ཚིག་ཉོག་དང་རྐྱང་གོང་བསྒྲིགས་ན་རང་གཞན་གཉིས་ཀྱི་ཆུ་ཚོད་འཕྲོ་བརླགས་ལས་མ་འདས་པས་་་་་་་་་་་་་
རང་གྲོལ་ལགས་སུ་དང་པོ་འཚམས་འདྲི་བྱེད་རྒྱུ་ཡིན། གུས་མོས་དཔྱད་པ་དོན་ལ་གནས་མེད་པ་འདི་ཅིག་བྱས་ན་བདེ་ངེས་ཡིན་ཤས་ཆེ། འདིའི་ཐད་ནས་རྒྱུ་ཆ་ཆ་ཚང་ཞིག་གུས་མོར་རེག་མེད། འོན་ཀྱང་ཉིད་ལ་ཡོད་ན་ངེས་པར་འདིར་གསུངས་རོགས་གནང་ཞུ་རྒྱུ་ཡིན། གྲྭ་ས་ཁག་ན་མདོ་དབུས་ཁམས་གསུམ་གྱི་གྲྭ་བའི་གྲངས་ཅི་ཡོད་བཤད་ན་འདི་དམིགས་བསལ་ཁྲིམས་འགལ་ཞིག་ཆགས་ཀྱི་མ་རེད་ལ། གལ་སྲིད་གྲངས་ཐོ་བཤད་པའི་ཉེར་ལེན་ལ་བརྟེན་ནས་ཁྲིམས་རྭ་ལ་འགྲོ་དགོས་ན་གུས་མོ་འགྲོ་ཆོག འོས་བསྡུའི་གྲངས་ཐོ་ཕྱིར་བསྒྲགས་བྱས་ན་ཁྲིམས་འགལ་ཡིན་པ་ལས་གྲྭ་ས་ཁག་ན་གྲྭ་གྲངས་ཅི་ཡོད་བཤད་ན་འདི་ཁྲིམས་འགལ་ཅང་མ་རེད། དེ་ཙམ་ཡིན།
སྐུ་ཞབས་འཇམ་དཔལ་ཚུལ་ཁྲིམས་འདིར་ཕེབས་པར་འཚམས་འདྲི་ཞུ་རྒྱུ་ཡིན། འོན་ཀྱང་རང་གྲོལ་ལགས་ཀྱིས་ཧི་མ་ལ་ཡིའི་རྒྱ་རྒྱུད་ཀྱི་གྲྭ་བ་རྣམས་ཕུད་པའི་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་མཁན་དྲུག་སྟོང་ལྷག་ཅིག་ཡོད་རབ་གླེང་འདུག འདི་ལ་ཉིད་ཀྱིས་བསྐྱར་གཟིགས་གནང་དགོས་ས་རེད། དེ་མིན་ཅང་མེད། བདེ་མོ།
བཀྲ་ཤིས་སྒྲོལ་མ་ལགས་ཁྱོད་མི་དཀའ་འམ།
དེ་འདྲའི་སྟག་ཤར་མང་པོ་ལ་ཁ་ཡ་བྱེད་དགོས་པ་འབྲུག་ལྟར་འཁྱུག་མཁན་འབྲུག་ཤར་ངོ་མ་རེད།
ལ་སྟོད་བུ་ལ་དང་པོ་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ནས་གུས་མོས་ལས་ཚེགས་ལ་སེམས་ཁུར་བྱས་པ་ཡག་བྱུང་ཟེར་རྒྱུ་ཡིན། འོན་ཀྱང་གུས་མོ་འབྲུག་ལྟར་འཁྱུག་མཁན་ཞིག་མིན་ལ་འབྲུག་ཅེས་པ་ཞིག་འཁྱུག་རྒྱུ་ཡོད་མེད་ཀྱང་ཐེ་ཚོམ་རེད། དེ་ཙམ་ཡིན་བདེ་མོ།
དྲ་གྲོགས་ཁ་བའི་སྒྲོན་མེ་ལགས་བཀྲིས་བདེ་ལེགས།
སྐུ་ཉིད་དེ་འདྲའི་ཧུ་རྒྱུག་ཚ་ལ་བ་ཨང་།ཚིག་དོན་གཉིས་ལ་འཁྲུགས་འཚབ་ཧ་ཅང་གི་ཆེན་པོ་འདུག་པས་ཡིད་ཟབ་གནང་རྒྱུའི་རེ་བ་དང་གཤམ་ལ་ཁྱེད་ཀྱི་མཆན་བུའི་ནང་ནས་ཡིག་ནོར་འགའ་ཤས་དྲངས་རྒྱུ་ཡིན།
༡༽ཁྱེད་ཀྱིས་༼གང་གསར་རྡོ་རྗེ་༽དང་༼སྐྱེས་ས་གླུ་སྒྲུབ་༽མིང་གི་དག་ཆ་དེ་འདྲ་བྱས་པའི་དྲ་གྲོགས་ཤིག་ངས་མཐོང་མ་སོང་ལ།བོད་ལ་དེ་འདྲའི་དག་ཆ་ཡོད་ཀྱི་མ་རེད།
༢༽ཡང་ཁྱེད་ཀྱི་མཆན་ནང་༼ཆོལ་གསུམ་དཀྲུག་མཁན་ཨམ་ཕྲུག་གང་གསར་རྡོ་རྗེ་༽ཞེས་དྲ་གྲོགས་ཁང་གསར་རྡོ་རྗེ་ལགས་ལུང་པ་གང་ནས་ཡིན་མིན་མ་ཤེས་བཞིན་དུ་ཁོང་ལ་ཆོལ་གསུམ་འཀྲུགས་མཁན་གྱི་ཉེས་མེད་ཉེས་འགེལ་བྱེད་པ་ནི་ཅི་འདྲའི་ཡ་མཚན་པ་ལ་ཨང་།མ་གཞི་ནས་ཁོང་གི་ཕ་ཡུལ་ལྷ་ས་ཡིན་པ་ལས་ཨ་ཕྲུག་མིན།ཁོང་ལ་ཨམ་ཕྲུག་ཅེས་བརྗོད་ནས་སྡང་ཟུག་བྱས་པ་ནི་ཁྱེད་ཀྱི་ཨ་མདོ་བ་ཚོར་ཞེ་ནད་ཡོད་པའི་མངོན་རྟགས་གསལ་པོ་བསྟན་འདུག་པས་དོན་དམ་དཀྲུགས་མཁན་དེ་སུ་རེད་དམ།
༣༽དྲ་གྲོགས་ཁང་གསར་རྡོ་རྗེ་ལགས་ནི་བོད་ཡིག་དྲ་རྒྱ་ཁག་དུ་རྩོམ་ཡིག་སྤེལ་མཁན་གྱི་ཁྲོད་ན་ཁྱེད་ལྟ་བུ་རེ་བཟུང་མ་གཏོགས་ཚང་མས་གདེང་འཇོག་དང་གུས་བཀུར་ཞུ་ས་ཞིག་ཡིན།
དྲ་གྲོགས་ཡོངས་ལ་ཞུ་རྒྱུར།
ངའི་ངོས་ནས་བཅའ་ཁྲིམས་རིན་པོ་དང་།༸རྒྱལ་བ་རིན་པོ་ཆེ་གཉིས་ལ་གུས་བརྩི་ཆེ་ཤོས་བྱེད་ས་ཞིག་ཡིན།ངས་དེ་གཉིས་དཔང་དུ་བཙུགས་ནས་དམ་བཅའ་བཞག་རྒྱུར།
ད་ཐེངས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ང་ཚོ་དྲ་གྲོགས་ཕན་ཚུན་དང་བོད་མི་ནང་ཁུལ་དགག་བཞག་གི་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་ལ།སྐབས་རེ་འགྲན་རྩོད་ཀྱང་རྣོ་ངར་ཆེ་ཙམ་བྱུང་ཡོད་ཀྱང་།དེ་དག་ཚང་མ་རང་རང་གི་འོས་མིའི་ཐད་ཕྱོགས་ཀྱི་དགོས་མཁོ་དང་།མང་གཙོའི་དགོས་མཁོ།རྩ་དོན་གྱི་དགོས་མཁོའི་ཆེད་དུ་ཡིན་པས་དེར་མ་དགའ་ཞེ་འཛིན་གནང་དགོས་དོན་མེད།དེ་ན་སང་ཉིན་བཀའ་ཁྲི་གསར་པ་སུ་ཕེབས་ཀྱང་སང་ཉིན་གྱི་བོད་མི་རིགས་ཀྱི་ཆེད་དུ་བཀའ་ཁྲི་གསར་པས་སྲོག་ཤིང་གནང་བའི་མཐའ་སྐོར་དུ་ང་ཚོས་དཔུང་པ་མཉམ་གཤིབ་དང་།མཛའ་མཐུན་དམ་ཟབ།ཕྱར་བ་གྲུ་འདེགས།རྡོག་རྩ་ཆིག་སྒྲིལ་གྱི་རྨང་གཞིའི་འོག་བཙན་བྱོལ་གཞུང་གི་ཡང་དག་པའི་མཛད་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་ལ་དགྲ་བོར་ཡང་ཕར་རྒོལ་བྱེད་དགོས།
དུས་དེ་ནས་ང་ཚོའི་འགྲན་རྩོད་དང་བགྲོ་གླེང་གི་བརྗོད་གཞི་ཡང་ཁ་ཕྱོགས་གསར་པ་ཞིག་ལ་འགྱུར་དགོས།དེ་ནི་ངའི་ཆོད་སེམས་ངོ་མ་དེ་ཡིན།
ད་ནི་དྲ་གྲོགས་ཚོས་བརྗོད་གཞིར་འགྱུར་བ་བཏང་ནས།འོས་བསྡུའི་གྲུབ་འབྲས་དང་ས་གནས་སོ་སོའི་འོས་འཕེན་པའི་རྒྱབ་ལྗོངས་གླེང་དང་།ཨམ་ཕྲུག་དང་ཁམས་ཕྲུག་དབུས་ཕྲུག་ཅེས་གླེང་རིན་འདུག་གམ།དུས་ཚོད་མེད་དཱ་ཆོད་པ་རེད།
ལ་རྒྱའི་བདག་པོ་ལགས་ཨམ་ཕྲུག་དང་ཁམས་ཕྲུག་དབུས་ཕྲུག་ཞེས་གླེང་མཁན་རེ་གཉིས་ལས་གཞན་མེད་པ་ཁྱེད་རང་བཀག་སྡོམས་གནང་དགོས་ཡས་ག་རེ་འདུག་གམ་དེ་ཚོར་བཞེད་དགོས་ཡས་གང་ཡང་མེད། ངས་བལྟས་ན་ད་དུང་གླེང་དུ་འཇུག་དགོས་རང་མདོག་དཀར་དམར་ཁྲ་གསུམ་ག་རེ་ཡིན་ཀྱང་དངོས་དངོས་སྦྱིན་སྦྱིན་སྟོན་དུ་བཅུག་དང། མིའི་སྤུས་ཚད་ཤེས་ངེས། གཡོ་སྒྱུའམ་ཡོལ་བའི་རྒྱབ་ཏུ་ཡིབས་ནས་ལས་ཀ་བྱ་མཁན་ཁག་གཅིག་ཡོད་པས་དེ་དག་ནི་བཞེད་སྣང་དང་སྡུག་རྩུབ་ཆེན་པོ་ཡོད་པ་རེད་ཟབ་ཟབ་དགོས།
ཉིན་དགུང་གསར་འགྱུར། རྡ་རམ་ས་ལས་འོས་ཤོག་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཐོབ་འདུག་ཟེར།
ཁ་བརྡ་ཚང་ལ་ཞུ་རྒྱུར། དྲྭ་གྲོགས་མང་ཆེ་བའི་ཀླད་རྩའི་ནང་དྲྭ་འབུ་འཛུལ་ཏེ་འཕྲོ་བརླག་ཏུ་འགྲོ་བཞིན་ཉིན་རེ་བཞིན་འཕེལ་གྱིན་འདུག་ན་ཁ་བརྡ་དྲྭ་བདག་ནས་འབུ་འགོག་གཉེན་ཆས་ཞིག་གསར་བཟོ་བྱ་ཐུབ་ན་བཟང་། དྲྭ་འབུ་འདིའི་ཁྱབ་ཚད་སྐར་ཆ་རེར་དཔག་ཚད་བརྒྱ་ཕྲག་ཁ་ཤས་སར་འགྲོ་གིན་འདུག་པ་མ་ཟད་མིའི་ཀླད་རྩའི་ནང་འཛུལ་ཏེ་ཀླད་པའི་ནུས་པ་ཡོངས་སུ་ཉམས་གྱིན་འདུག་ན་མྱུར་སྐྱོབ་ཆེད་ཆབ་སྲིད་ལངས་ཕྱོགས་ཇི་ལྟར་ཡང། ཆོལ་ཞེན་གྱི་ཚིག་དག་དྲྭ་བདག་ནས་མ་འགོད་པར་ཞུ།
སྐུ་ཞབས་ལ་རྒྱའི་བདག་པོ་ལགས་སུ་དང་པོ་འཚམས་ཞུ། དེ་ནས་ཉིད་ཀྱིས་བོད་ཡིག་གི་མདུན་ལ་བསམ་ནས་དྲྭ་གྲོགས་ཚོས་དག་ཆར་དོ་སྣང་བཟོ་བཅོས་གནང་པ་ཐུགས་རྗེ་ཆེ། གཞན་ད་དུང་སྤྱི་སེམས་ཁུར་ནས་ཕྱོགས་རེས་ཀྱི་ཚིག་སྤོང་དགོས་པའི་སྐུལ་མ་གནང་པ་དེ་ཡང་ཡག་བྱུང་ཟེར་རྒྱུ་ཡིན། བདེ་མོ།
དིང་རྡོར་ལགས་ལ་འཚམས་འདྲི་ཞུ། སྐུ་ཞབས་ཀྱིས་གསར་འགྱུར་གསར་བ་འདི་གོ་མ་ཐག་འདིར་་བསྐྱལ་ནས་ཡོང་བ་ཐུགས་རྗེ་ཆེ། ད་དུང་གསར་འགྱུར་རེ་ཡོད་ཚེ་གུས་མོས་ངོ་དེབ་tashe dolmaཞེས་པ་འདིའི་སྟེང་འཇོག་རོགས་གནང་། བདེ་མོ།
ལགས་སོ། འོན་ཀྱང་ཁྱེད་རང་གི་མིང་ངོ་དེབ་ནང་འཆར་ཐུབ་གི་མིན་འདུག
དེ་ག་རང་རེད་འདུག་ཨང་། ཁྲོམ་གྱི་བྲག་ཅ་ལས་གཞན་ཞིག་ནི་མཐོང་རྒྱུ་མི་འདུག གང་དུ་བལྟས་ཀྱང་ཕར་བཤུ་ཚུར་བཤུ་བྱས་པ་ལས་གཞན་མི་འདུག འདི་བདེན་ནོ་སྙམ་ན་གཞན་ཞིག་ཏུ་དེ་རྫུན་དུ་སྨྲས། རྒྱབ་གནོན་དུ་སྲང་གི་སྐད་ཆ་འབའ་ཞིག་སྤུངས། དེ་བས་འཇམ་ཅག་གེར་འོས་ཤོག་གི་མཇུག་འབྲས་ལ་སྒུག་ན་ལེགས།
བཀྲ་ཤིས་ སྒྲོལ་མས་ ཕྱག་བསྟར་མའི་ ཆང་ ཁུབ་གང་ རག་ཕྱིར། ང་ནི་ བཀྲ་ཤིས་ སྒྲོལ་མའི་ བསམ་ཚུལ་ལ་ རྒྱབ་སྐྱོར་ གང་ཐུབ་ཐུབ་ བྱ་རྒྱུ་ ཡིན་མདའ། བློ་སེང་ལགས་ལ་ བཀའ་ཁྲི་འི་ འོས་ཀྱི་ ཁེ་ལྟར་ ལྟར་ ང་ཡང་ དྲ་རྒྱའི་ ནང་ལ་ ཁེ་ཅིག་ རག་པའི་ རེ་བ་དང་བཅས་ བྲིས།
ཨ་ཅ་བཀྲ་ཤིས་སྒྲོལ་མ་ལགས།
ཁྱེད་བོད་སྨན་ལ་ཡིད་ཆེས་ཡོད་རྒྱུ་རེད།
འབྲུག་འཁྱུག་རྒྱུ་ལོས་ཡོད།
འབྲུག་འཁྱུག་ནས་འབྲུག་སྐད་རྒྱབ་རྒྱུ་ཡོད།
དེར་མ་ཟད་འབྲུག་མེད་ན་འབྲུག་རུས་གང་ནས་ཡོང།
འབྲུག་རུས་ནི་བོད་ཀྱི་སྨན་གཞུང་ནས་མཆོག་ཏུ་གྱུར་བའི་སྨན་ཞིག་ཡིན་པར་གསལ་ཡོད།
སྟག་ཤར་དེ་ཚོ་སྨན་ཤར་འབྲུག་མོའི་འཁྱུག་ཐེང་གཅིག་ལ་བག་བཞི་ཁུམས་པར་བྱེད་ཀྱི།
ཁྱེད་ནི་དམན་ཆུང་བུ་མོ་མ་ཡིན།
སྨན་ཆུང་བུ་མོའི་ལུས་ལ་ཕོ་ཡི་སེམས་པ་ཅན།
དིང་རྡོར་སླར་ཡང་མཇལ་བས་དགའ་བོ་བྱུང་། གུས་མོའི་མིང་ངོ་དེབ་ནང་ལ་ཡོང་གི་རེད། འདི་ལྟར་འབྲི་དགོས། tashe dolma འདི་ལྟར་འབྲི་དགོས། བཀྲ་ཤིས་དང་སྒྲོལ་མའི་བར་བར་སྟོང་ཞིག་འཇོག་དགོས། དེ་ལྟར་འཚོལ་བཤེར་ཁང་དུ་་ཕེབས་དང་དག་དག་ཁྱེད་ཀྱི་མིག་ལམ་བསྐྱལ་ནས་ཡོང་གི་རེད། ཡ་དུ་བྱེད་བདེ་མོ།
རྨུ་ཐག་གི་བུ་རྒྱུད་དང་ཀ་རྡོ་རབ་འབྱམས་གཉིས་བསྐྱར་དུ་ཕེབས་པར་འཚམས་འདྲི་ཞུ། དེ་ནས་ཀ་རྡོས་ཡི་གེ་བར་སྟོང་ཅན་ཞིག་གི་ལམ་ནས་རྒྱབ་སྐྱོར་གྱི་ཟོལ་གྱིས་ཚིག་འགའ་བྲིས་པར་ཐུགས་རྗེ་ཆེ། གཞན་རྨུ་ཐག་གི་བུ་རྒྱུད་ལགས། ཉིད་ཀྱིས་འདི་ལྟར་ཞིབ་འཇུག་བྱས་ན་བྲག་ཅ་རྐྱང་ལས་ཅི་ཡང་ཚོར་མི་ཐུབ་པས་གུས་མོར་ཡང་ཐབས་ཤེས་མ་བྱུང་། གང་ལྟར་འཇུག་འབྲས་སླེབས་ལ་ཉེ་བས་དེ་ལ་བལྟ་རྒྱུ་རང་ལས་གཞན་ཐབས་ཤེས་མི་འདུག བདེ་མོ།
བཀྲ་ཤིས་སྒྲོལ་མ་སེམས་ཤུགས་མ་ཆག མུ་མཐུད་དེ་ཤུགས་རྒྱོབས། ནམ་ཞིག་རྒྱལ་བའི་དུས་ཤིག་ཤར་ཡོང་།
ལ་སྟོད་བུ་ལགས་བསྐྱར་དུ་ཕེབས་པར་འཚམས་འདྲི་ཞུ། འོན་ཀྱང་གུས་་མོས་འབྲུག་ཟེར་བ་ཞིག་ཡོད་པ་མ་རེད་ལབ་རྒྱུ་མ་བྱུང་། ཡོད་མེད་ཐེ་ཚོམ་རེད་ལབ་ཡིན། འདི་གཅིག་རེད། དེ་ནས་ང་མོ་ཡི་ལུས་ལ་མོ་ཡི་བསམ་བློ་ཅན་ཞིག་ཡིན་པ་ལས་ཉིད་ཀྱི་ལབ་པ་དེ་འདྲ་ཞིག་མིན། ད་བདེ་མོ།
ལ་སྟོད་ནས་བཀྲ་སྒྲོལ་ཞེས་པ་འདི་བུ་མོ་དངོས་གནས་ཡིན་མིན་བརྩད་གཅོད་བཏང་ནས་གང་བྱེད་རྩིས་ཡོད། གནའ་མར་ལེན་རྩིས་ཡོད་དམ། བཀྲ་ཤིས་སྒྲོལ་མས་ཀྱང་བུད་མེད་ངོ་མ་ཡིན་ཞེས་དག་འབུད་བྱེད་དགོས་དོན་མེད། གལ་ཏེ་ད་དུང་ཡིད་མ་ཆེས་ན་དཔར་དྲ་སྟེང་འཇོག་རྒྱུ་ཡིན་ནམ། ང་ལ་ཆ་མཚོན་ན། བཀྲ་སྒྲོལ་འདི་པ་བུད་མེད་ངོ་མ་ཡིན་དང་མིན་ལ་ཁྱད་པར་མེད། མཆན་ལེགས་པོ་ཞིག་བྲིས་ན་དེ་གས་འཐུས།
ཨོ་ཙི་བཀྲ་སྒྲོལ་ལགས་དགོངས་དག
ངས་སྔ་མའི་བོད་པས་བཤད་རྒྱུན་གྱི་སྐད་ཆ་དེ་ཐལ་སོང།
ཡིན་ད་ཡིན།་་ཕོ་ལུས་ལ་ཕོ་སེམས་མ་ཡིན་ན་ཡག་པོ་རེད།
འབྲུག་ཡོད་མེད་ཀྱི་ཐེ་ཚོམ་དེ་སེལ་ཡོད་ཤག
ད་བདེ་མོ་གནོང།
སྟག་ཤར་བརྒྱ་ཡི་ཁ་གཏད་བཅོག་དགོས་དུས་ལས་སླ་མོ་ཞིག་ག་ནས་ཡིན།
མཐར་ཁྱེད་ཀྱི་ཞབས་འོག་ཏུ་ཚུད་པ་གྱུར་ཅིག
ལྷག་བསམ་ལགས་ཁྱེད་ཀྱི་མ་བསྐུལ་དང་བླངས་ཀྱིས་ལྷག་བསམ་ལ་མོས་འདུན་ཡོད།
ཁྱེད་ཀྱི་ཐབས་ཤེས་གནང་རོགས།
དུས་ཚོད་བཟང་པོ་ཞིག་ལ་ཡིན་ད།
དྲ་གྲོགས་བཀྲིས་སྒྲོལ་མ་ལགས་སུ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱི་རྩོམ་ཡིག་འདིར་དངོས་གཙོ་དང་།ཆར་ཡན།མ་འོངས་སྔོན་བསུས་ཟུང་སྦྲེལ་གྱི་ཐོག་ནས་གནད་ལ་འཁེལ་པོ་དང་དབྱེ་ཞིབ་གང་ལེགས་གནང་འདུག་པར་ཡི་རངས་དང་བསྔགས་བརྗོད་ཞུ་བར་ཐལ།རྩོམ་ཡིག་གི་བརྗོད་དོན་དངོས་ནང་བཞིན་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན།རྗེས་སུ་མུ་མཐུད་བརྗོད་གཞི་འདྲ་མིན་རྩོམ་ཡིག་སྤེལ་རོགས།
བོ་མོ་བཀྲ་སྒྲོལ་ལགས། ཉིད་ཀྱིས་རྩོམ་ཡིག་འདི་ཡི་རྫུན་རྐུབ་བུད་རན་ཡོད་པ་ཚོར་གྱིན་ཡོད་རྒྱུ་རེད།
༄༅། ཨ་ཁ། བོད་རིགས་ལྐུགས་པ་ཤ་སྟགས་སུ་བཏང་བཞག་འདུག བོད་ལ་འབུམ་རམ་པ་ཉུང་དྲག་པས་དེའི་ལག་ཁྱེར་ཞིག་ཐོབ་ཙམ་གྱིས་མཁས་དབང་གི་སར་བཙན་གྱིས་འཇོག་པ་འདིས་བོད་རིགས་སྤྱི་ཡི་ཡོན་ཚད་ལ་བརྙས་བཅོས་བཏང་བ་ཞིག་མིན་ནམ། མདོར་ན་བོད་ལ་འབུམ་རམ་པ་ཉུང་། དེའི་ལག་ཁྱེར་ཡོད་ན་མཁས་དབང་ཡིན་པས་ཁྱབ་ཟེར་བ་འདྲ། འོན་ཀྱང་འབུམ་རམ་པ་ཡིན་ན་མཁས་དབང་་ཡིན་པའི་ངེས་པ་མི་འདུག སློབ་གྲྭ་མཐར་ཕྱིན་པ་དང་མི་ལོ་བཅུ་གྲངས་ལ་སྤྱང་བའི་ཡོན་ཏན་ཆུ་ལ་རི་མོ་བྲིས་པ་ལྟར་རྗེས་མེད་གྱུརབའི་འབུམ་རམ་པའང་མང་པོ་འདུག འབུམ་རམ་པར་ཐོན་པ་ལ་ཆ་རྐྱེན་གསུམ་དགོས། ༡༽འཚོ་བ་ལ་དཀའ་ངལ་མེད་པ་དགོས། སློབ་ཡོན། སྡོད་གནས། ལམ་གྲོན། དེབ་རིན། དགེ་རྒན་ལ་འབུལ་རྒྱུའི་ཕྱག་རྟགས། བཟའ་བཏུང་གི་འགྲོ་སོང་སོགས། ༢༽དབང་པོ་སྐྱོན་མེད་པ་དགོས། རིག་པ་གྲུང་པོ་དང་ཤེས་རབ་རྒྱ་ཆེན་པོ་མེད་ཀྱང་རུང་། བཤད་ན་གོ་ཐུབ་ཙམ། བསླབ་ན་ཤེས་ཐུབ་ཙམ། གནས་སྐབས་ཙམ་གྱི་བློ་འཛིན། རྩོམ་ཡིག་བརྐུ་བཅོས་ལ་བྱང་ཆུབ་པ་ཞིག་དགོས། དེའི་ཆ་རྐྱེན་ཞན་ན་དགེ་རྒན་དང་སློབ་གྲོགས་འབྱོར་མེད་རྣམས་ལ་འབུལ་བ་བྱེད་སྟངས་ཤེས་ན་དཀའ་ངལ་མེད། ༣༽ངོ་དགའ་སྤྲེད་ལད་ཤེས་པ་དགོས། དགེ་རྒན་དང་སློབ་གྲྭའི་འབྲེལ་ཡོད་རྣམས་ལ་ཇ་ཆང་གི་འབུལ་བ་རྒྱུན་མི་ཆད་པའི་ཁར་ཕ་རོལ་པོའི་བློ་དང་འཚམས་པའི་ངོ་སྟོད་དང་ཕྱག་རོགས་དཀའ་ངལ་ལ་མི་འཛེམས་པར་གནང་དགོས། གཞན་ཡང་རྒྱ་རིགས་ཀྱི་བུ་མོ་མཛེས་མ་རེས་རང་གི་ལང་ཚོ་ཡང་དགེ་རྒན་ལ་ཕུལ་ནས་འབུམ་རམ་པའི་ཆེད་རྩོམ་འབྲིར་འཇུག་པ་དང་། ཕོ་སར་འགའ་རེའི་རྒུབ་ཀྱི་འབུལ་བ་བཏེགས་ཏེ་མཐར་ཕྱིན་ལག་ཁྱེར་ཉོ་མཁན་ཡོད། ཡང་ལྟར་ཡང་དངུལ་གཅིག་པོ་ཙམ་མིན་པར། བུ་དང་བུ་མོ་གང་བྱེད་དགོས་ཀྱང་ཐུབ་པ། གཡོགས་པོ་བཙོན་པ་གང་བྱེད་དགོས་ཀྱང་བཟོད་པ། སྤྲང་པོ་ནང་བཞིན་ཁོག་ནས་ཁོང་ཁྲོ་་ལང་ཡང་ཕྱི་ན་ངོ་དགའི་འཛུམ་མདངས་ཡོད་མཁན་ཚོར་ལག་ཁྱེར་ཐོབ་རྒྱུར་ལས་སླ་བོ་ཡོད་པ་མཐོང་ཆོས་རེད། ཡོན་ཏན་ཁོ་ན་ལ་བརྟེན་ནས་འབུམ་རམ་པ་ཐོབ་པ་ཡང་ཡོད་མོད། དེའི་ལམ་ཁ་སོ་སོ་རེད། ཁྲིམས་ལུགས་ཀྱི་འབུམ་རམ་པར་མཚོན་ན། བློ་འཛིན་ཡག་པོ་ཞིག་དང་གཡོ་རྒྱུ་ཚ་བོ་ཞིག་གཞི་རྩའི་ཆ་རྐྱེན་རེད། ཁྲིམས་ལུགས་རིག་པའི་དོན་ཚན་སུམ་བརྒྱ་ཙམ་བློ་འཛིན་བྱེད་ཐུབ་ན་རྩེ་གྲས་རེད། འགྲིགས་པ་རེད། གྲྭ་སའི་གྲྭ་བ་ཚོའི་གཞུང་ཆེན་མོ་མང་པོ་བློ་འཛིན་དང་རྩོད་བ་བྱས་རབས་གོ་ཚེ་ཁྲིམས་ལུགས་འབུམ་རམ་པ་ལ་ངོ་མཚར་ཆེ་རྒྱུ་མི་འདུག འོན་ཀྱང་ཁྲིམས་ལུགས་ཕྱོགས་ལ་ཆེད་རྩོམ་འབྲི་མཁན་མང་དྲག་པས་ཅུང་ཞིག་དཀའ་ངལ་ཡོད། ཤེར་རྟོག་རིག་པ་དང་རྡུལ་ཕྲན་རིག་པ། གནམ་སྤྱོད་རིག་པ་སོགས་ལ་བསྡུར་ན་ཁྲིམས་ལུགས་ལས་སླ་བོ་རེད། མ་ཟད་ནུབ་ཕྱོགས་སྨན་པ་འབུམ་རམ་པའང་ལོ་བརྒྱར་དགུར་སློབ་སྦྱོང་བྱེད་དགོས་པ་དང་ཤེས་བྱ་རྒྱ་ཆེ་བས་དཀའ་ངལ་ཆེན་པོ་ཡོད། ངའི་ཁྲིམས་ལུགས་སྤྱོང་རྒྱུ་མཐར་ཕྱིན་མིན་མ་འཚལ་ཡང་། སྤྱང་བ་ཡོད་མཁན་ཚོར་དགའ་བོ་དང་རྗེས་སུ་ཡི་རང་ཡོད། བོད་ལ་མཁོ་ངེས་ཀྱི་འབུམ་རམ་པ་ནི། ཆབ་སྲིད། དམག་དོན། རྡུལ་ཕྲན། འཛིན་སྐྱོང་། གསང་ཉུལ། ཁྱབ་སྒྲགས། དཔལ་འབྱོར་སོགས་རེད། སྨན་དང་ཁྲིམས་གཉིས་མཁོ་ཡང་དེ་ཙམ་གལ་ཆེན་པོ་མ་མཐོང་། རྨོངས་བློར་དྲན་ཚད་བྲིས་པ་ལགས།
བློ་སེང་བཀའ་ཁྲིར་འཁོད་མིན་ཇི་ལྟར་ཡང་དཔལ་འབྱོར་ཀྱི་ཡོང་ཁུངས་གསལ་བོ་བཤད་ན་ལེགས།
བཀྲིས་བདེ་ལེགས།
༡༽ཕྱི་ལོ་༡༩༦༠ནང་བོད་དང་ཐེ་ཝན་གཉིས་ཆབ་སྲིད་པར་དཔལ་འབྱོར་གྱིས་བསླུ་འཁྲིད་རྙོག་ཕྲ་འཕྲད་མྱོང་བ།
༢༽དེ་རྗེས་དུས་ནས་དུས་ནས་གོ་སྐབས་ནམ་བྱུང་ལ་ཐེ་ཝན་བོད་སོག་ལས་ཁུངས་ཀྱིས་བོད་པའི་སྤྱི་ཚོགས་གཏོར་བཤིག་ཆེད་དངུལ་དངོས་ཀྱིས་བསླུ་འཁྲིད་ཀྱི་བྱ་ཐབས་རབ་དང་རིམ་པ་སྤེལ་མྱོང་བ།
༣༽ཕྱི་ལོ་༡༩༩༠ནང་ཐེ་ཝན་དང་བོད་ཀྱི་ཆུ་བཞི་སྒང་དྲུག་ཚོགས་པའི་བར་ལ་ཁྲིམས་འགལ་གྱི་གྲོས་ཆོད་བཞག་པ་ལས་བཙན་བྱོལ་སྤྱི་ཚོགས་ནང་རྙོག་ཕྲ་ཆེན་པོ་བཟོས་ནས་བར་སྐབས་གཅིག་ལ་ཆུ་སྒང་རྙིང་པས་བོད་གཞུང་དང་༸གོང་ས་མཆོག་དགྲ་བོ་རྒྱ་དམར་ནང་བཞིན་ངོས་འཛིན་གྱི་བཀུར་འདེབས་ཚད་མེད་བྱས་པའི་ལོ་རྒྱུས་རང་བཞིན་དཀའ་རྙོག་ཤུགས་ཆེན་བྱུང་མྱོང་བ་རེད།
༤༽ད་ཐེངས་བཀའ་ཁྲིའི་འོས་མི་བློ་སེང་གི་འོས་འདུའི་དྲིལ་བསྒྲགས་ཀྱི་འགྲོ་སོང་ཐེ་ཝན་ཧུང་བའོ་ཚོགས་པས་ཧཱ་ཝར་ཌེ་བརྒྱུད་ནས་བཏང་འདུག་པས་དེས་མ་འོངས་བློ་སེང་བཀའ་ཁྲི་ཆགས་ན་ཐེ་བོད་བར་ཆབ་སྲིད་ཤུགས་རྐྱེན་དང་རྙོག་གླེང་ཡོང་སྲིད་དམ།
དྲ་གྲོགས་ཚོས་དགོངས་ཚུལ་གསུངས་དང་།
བཀྲ་ཤིས་སྒྲོལ་མས་བཤད་པ་བདེན་མིན་མི་ཤེས་ལ་བློ་སེང་མ་འོངས་པའི་བཀའ་ཁྲི་ཡིན་མིན་ད་ལྟ་ཚོད་དཔག་བྱས་ན་ཅུང་སྔ་དྲག་སྙམ། འོན་ཀྱང་ཁྱེད་ཀྱི་རྩོམ་ཐུང་འདི་(བློ་སེང་འགྱོད་གདུང་དྲག་པོ་ཞིག་གིས་སྣེ་དྲངས་ཤིང་།བློ་ཕམ་དང་ཡིད་ཆད།ཐབས་ཟད་དང་ཨུ་ཐུག་བཅས་ཀྱི་སྒོ་ནས་ཡང་བསྐྱར་རང་ཉིད་ཀྱིས་སྤོབས་པ་བྱེད་སའི་ཧ་ཝར་ཌིའི་ནང་ཉམས་ཞིབ་པ་རྒས་འཁོག་དེའི་ལག་གཡོག་བྱེད་དུ་འགྲོ་རྒྱུའི་སྐལ་བཟང་གི་དུས་སྐབས་ཤར)མཐོང་བ་དང་ཁྱེད་གང་འདྲ་ཡིན་པ་ཤེས་རྟོགས་བྱུང་།
ཁོང་གི་དངུལ་ཡོང་ཁུངས་དེ་ལ་བདེན་དཔང་མེད་ན་བཤད་མི་རུང་། འོན་ཀྱང་བསམ་དགོས་པ་ཞིག་ལ། ཐེ་ཝན། ཧོང་ཀོང་རྒྱ་ནག་ཚུན་ཆོད་ཀྱི་གསར་འགྱུར་སྒང་ལ་བློ་སེང་ལ་གདེངས་འཇོག་བྱས་ཡོད་པ་དངོས་གནས་རེད། ཐེ་ཝན་གྱི་གསར་ཤོག་མང་པོ་ཞིག་ཧོང་ཀོང་ཚོང་པའི་མིང་བེད་སྤྱོད་བྱས་ཏེ་རྒྱ་ནག་གི་བརྒྱ་ཆའི་མང་ས་ཞིག་ཉོས་ཟིན་པ་རེད་ཅེས་དམངས་གཙོ་ཡར་རྒྱས་ཚོགས་པས་ལན་མང་བཤད་པ་ལྟར། རྒྱ་ནག་དང་སྙིང་ཉེ་་བའི་ཚག་པར་ཁག་ཏུ་རིན་མེད་ཏུ་སླེབས་པ་ཡིན་ན་དོགས་པ་ཆེན་པོ་བྱེད་ཆོག་པ་ཞིག་རེད།
ཐེ་ཝན་གྱི་མཉམ་འབྲེལ་ཚགས་པར་དང་། ཀུ་ཤུའི་ཚགས་པར་སོགས་ནམ་རྒྱུན་བོད་ལ་སྐྱོན་ཞིག་བྱུང་ཚད་མ་ཤེས་ན་མ་གཏོགས་འུད་སྒྲོགས་གང་ཐུབ་བྱེད་པའི་ཚགས་པར་རེད། སྔོན་ཐེ་ཝན་དུ་ཆུ་ལོག་དང་ས་ཡོམ་བྱུང་བར་༧གོང་ས་མཆོག་པེབས་སྐབས་ཚགས་པར་འདི་དག་ཏུ་སྐྱོན་རེ་གཉིས་ལ་ཡང་ཁ་སྣོན་དང་གཞི་མེད་སྐུར་འདེབས་ཅི་བྱས་སྐབས་དེའི་དྲྭ་ཐོག་གསར་འགྱུར་ལ་ལྟོས་དང་ཤེས། ད་རེས་བློ་སེང་ལ་སྒེར་བདག་བརྒྱབ་པ་འདི་ཡག་རྟགས་ཤིག་ཨེ་ཡིན་མི་ཤེས། གཟབ་ནན་ཀྱིས་ཞིབ་འཇུག་བྱེད་པར་འོས།
ང་སྐྱེས་ས་ཨ་མདོའི་ལུང་པ་ཁུག་ཀྱོག་ཅིག་ཡིན།འོན་ཀྱང་ངའི་སེམས་ཀྱི་གཏད་ས་བོད་ཡིན་མ་གཏོགས་ཨ་མདོ་མིན།་མི་རབས་གསར་པ་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་བསམ་བློ་སྤངས་དགོས་པའི་དུས་ལ་སླེབས་ཡོད།
འགྲིག་ཡོད་ན་འདྲ་ནོར་ཡོད་ན་འདྲ་།་ངའི་འོས་ཤོག་དེ་ཕྱོགས་ལྷུང་གི་བསམ་བློ་མེད་པའི་སྒང་ནས་བློ་བཟང་ལ་བླུགས་ཚར་ཡིན།་ད་གསལ་བསྒྲགས་ལ་སྒུག་འདུག་རྒྱུ་མ་གཏོགས་ལྷག་མེད།་ཡིན་ཡང་རབ་གསལ་ལགས་ཀྱི་མཆན་དེ་ངོ་མ་ངའི་བློ་ལ་བབས་བྱུང།་གང་ཡིན་ཞེ་ན་ངས་ཀྱང་ལྷོ་ཕྱོགས་གྲྭ་ས་ཁག་ན་སྐྱུག་བྲོ་བའི་ཆོལ་ཁའི་གཏམ་བརྗོད་རྙིང་པ་དེ་བསྐྱར་དུ་འཁྲབ་ཀྱིན་འདུག་པའི་གཏམ་ངན་དེ་ཐོས་རྒྱུ་བྱུང་།མཁས་དབང་འཇམ་དབྱངས་ནོར་བུས་བཤད་པ་ནོར་མི་འདུག་་་་བོད་པའི་མང་གཙོ་ད་དུང་བྱིས་པ་དམར་འབྱར་ཞིག་དང་འདྲ་འདུག
བཀྲ་ཤིས་སྒྲོལ་མ་དང་ ཚེ་བརྟེན་སྒྲོལ་མ་ ཡེས་ཤེས་སྒྲོལ་མ་ ང་ཚོ་བོད་པའི་ཞབས་འདྲེས་གསུམ་རེ་ བཀྲ་ཤིས་སྒྲོལ་མ་རྒྱལ་མའི་རྒྱུག་ཆི་རེད་ ཚེ་བརྟེན་སྒྲོལ་མའི་མོའོ་ཙེ་ཏུང་ལ་བཞང་བཙོན ་ཡེས་ཤེས་སྒྲོལ་མའི་བོད་པའི་ལ་སྒྱ་བཙོན་
གོང་གི་མཆན་འདེབས་པ་པོའི་དེའི་བྱ་སྤྱོད་ལ་གཅིག་ལྟོས་དང་།ཁོ་པའི་མིང་གི་བོད་རང་བཙན་ཞེས་པའི་དག་ཆའང་ནོར་གྱིན་མི་གཞན་ལ་ཞབས་འདྲེན་གྱི་མཛུབ་མོ་བཙུགས་ཐུབ་ཀྱི་འདུག་ལྷག་པར་ཁོ་པའི་མཆན་ཡིག་ཕྲེང་གཉིས་དང་ཕྱེད་ཀར་ཡང་ཡིག་ནོར་༢༢བྲིས་འདུག་དེ་ཡང་གཤམ་ལ་ཡིག་ནོར་དག་བཅོས་ཞུས་ན།
༼བོད་རང་བཙེན་༼བཙན་༽ནས།
བཀྲ་ཤིས་སྒྲོལ་མ་དང་ ༼།༽ཚེ་བརྟེན་༼བརྟན་༽སྒྲོལ་མ་ ༼།༽ཡེས་ཤེས་སྒྲོལ་མ་ ༼།༽ང་ཚོ་བོད་པའི་ཞབས་འདྲེས་༼འདྲེན༽གསུམ་རེ་༼རེད་༽ བཀྲ་ཤིས་སྒྲོལ་མ་རྒྱལ་༼རྒྱ་༽མའི་༼མིའི་༽རྒྱུག་ཆི་༼ཁྱི་༽རེད་ ༼།༽ཚེ་བརྟེན་༼བརྟན༽སྒྲོལ་མའི་༼མས་༽མོའོ་༼མའོ༽ཙེ་ཏུང་ལ་བཞང་༼གཞང་༽བཙོན ༼བཙོངས་༽་ཡེས་༼ཡེ་༽ཤེས་སྒྲོལ་མའི་༼མས༽བོད་པའི་ལ་སྒྱ་༼རྒྱ་༽བཙོན་༼བཙོངས་༽
ཞེས་ཡིག་ནོར་དེ་དག་ལ་གཞིགས་ན་ཁོ་པས་བསམ་བཞིན་དུ་བོད་ཀྱི་བརྡ་སྤྲོད་རིག་གནས་ཀྱི་ཁྲིམས་སྲོལ་གཏོར་བརླག་གཏོང་གིན་འདུག་ན།ཁ་བརྡ་ནི་བོད་རིག་གཞུང་དར་སྤེལ་ལས་ཉམ་ཆག་གཏོང་སའི་མཐུན་འགྱུར་བསྐྲུན་ན་མི་རུང་བས་ཁ་བརྡས་མཆན་དེ་རིགས་བཀག་འགོག་ཞུ་རྒྱུའི་རེ་བ་བྱ་རྒྱུ་ཡིན།
ལ་རྒྱའི་བདག་པོས། བོད་རང་བཙེན་དེ་རང་བཙན་སོགས་ལ་བཅོས་པར། རྒྱབ་སྐྱོར་ཡོད།
ལ་རྒྱའི་བདག་པོས་ཡིག་ནོར་བཅོས་པར་ཧ་ཅང་མཐད། བོད་རང་བཙན་ནས་བཀྲ་ཤིས་སྒྲོལ་མ་ལ་དགག་བཞག་ཡོད་ན་རྒྱུ་མཚན་ལྡན་པའི་སྒོ་ནས་མ་གཏོགས་གང་བྱུང་ཚིག་ངན་བཤད་ན་རྩ་དོན་ལ་མི་ཕན་ལ་ཡ་རབས་དང་ཡང་མི་མཐུན་པས་འདི་འདྲའི་གཏམ་དེ་བཞག་ན་ཡག བཀྲིས་བདེ་ལེགས།
བཀྲ་ཤིས་སྒྲོལ་མ་ལགས་ཀྱི་རྨི་ལམ་ལ་ཅོལ་ཆུང་མང་པོ་ཞིག་འཐོམས་ནས་སྡོད་འདུག
བློ་སེང་གི་བརྗོད་ཚིག་གསུམ་ལས་གསར་གཏོད་ནི་འགོ་མཛུག་ཟིན་ལ་ད་ནི་མུ་མཐུད་ནས་ལག་ལེན་ལ་ཕབ་རན། ཁྱེད་ཉིད་འབྱུང་འགྱུར་གྱི་བཀའ་ཁྲིར་ངེས་པས་ད་ནས་བཟུང་སྟེ་གོ་རིམ་ལྡན་པའི་འཆར་གཞིའི་ཐོགས་ནས་ཁྱེད་ཉིད་ཀྱི་ཁྱད་ཆོས་ངོམས་རན་ལ་མི་རབ་གསར་པར་སྙིང་སྟོབས་སྦྱིན་རན།
བཀྲ་ཤིས་སྒྲོལ་མ་ལགས། ཁྱེད་ཀྱི་བོད་རིགས་མཁས་དབང་བློ་སེང་ལས་མེད་པ་རེད་དམ་ཟེར་བ་དང་ཨ་རིའི་ཧ་ཝར་ཌི་ལས་ཚད་ལྡན་གྱི་མཐོ་སློབ་འཛམ་གླིང་འདིར་མེད་པ་རེད་དམ། ཅེས་པའི་སྐད་ཆ་འདི་དྲི་བའི་ཚུལ་དུ་དེ་ལྟར་མ་ཡིན་པའི་གནས་ལུགས་བགྲང་གི་ཡོད་པ་འདྲ་། ཡིན་ཡང་ཁྱེད་ཀྱི་མ་ཡིན་ཡིན་མདོག་དང་མེད་ན་ཡོད་མདོག་བཟོ་བའི་རྣམས་འགྱུར་ཙམ་སྟོན་ན་ཕན་ཐོག་མེད་པ་ཤེས་དགོས། རྒྱུ་མཚན་ནི་ངས་ཁྱེད་རང་མཐའ་ན་བུ་མེད་ཡིན་མདོག་བྱེད་པའི་ངོ་དགོང་འདི་ཡིན་སྟོན་ནུས་པས་གནས་ལུགས་སྟོང་པ་དེ་འདྲའི་ངར་གནོད་བྱེད་དུ་འགྲོ་གི་མ་རེད་། དྲན་བཀུལ་ཞུ་རྒྱུ་ཅིག་ལ་ཁྱེད་རང་གི་བློ་སེང་ལ་སྐྱོན་འཛུགས་བྱེད་པའི་ལས་འགུལ་ཕྱིས་དྲག་སོང་། ཡང་ན་དགོས་ཡ་མི་འདུག། ད་རྒྱ་གཞུང་དངོས་སུ་ཐོན་སོང་། བྱེད་སྟངས་འདིར་ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་བྱེད་འདུག།
རྒྱལ་ཁབས་ཆེན་པོ།
བོད་མི་ཚོ་དྲ་དགའ་གཉེན་སྡུག་གིས་ལས་ལ་མ་བཙོན་
ཨ་ལ་ལལ
བཀྲིས་སྒྲོལ་མ་ཟེར་བའི་བུད་མེད་དེ་དེང་སྐབས་དྲ་རྒྱའི་ནང་དུ་མཐོང་རྒྱུ་མེད་པར་གཞིགས་ན་མོས་མོའི་བཤད་པའི་གཏམ་ལ་དེ་ཙམ་གནས་ལུགས་མེད་པ་ར་འཕྲོད་ཡོད་པ་འདྲ།
དྲྭ་གྲོགས་མང་པོ་ཞིག་འདིར་ཕེབས་ནས་རང་རང་གི་བསམ་ཚུལ་གསུངས་འདུག འདི་ལ་གུས་མོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་རེ་རེ་བྱས་ནས་མིང་གིས་སྨོས་མ་དགོས་པའི་ཐོག་ནས་ཚང་མར་འཚམས་འདྲི་ཞུ། ཁྱེད་ཅག་གིས་རང་རང་གི་བསམ་ཚུལ་གསུངས་ཡོད་ནའང་ཐད་བརྗོད་གཞི་དང་འབྲེལ་ཞིང་ངེས་པར་ལན་འདེབས་མ་བྱས་ན་མི་འགྲིག་པའི་དགོངས་ཚུལ་ནི་གཅིག་ཀྱང་མཐོང་མ་སོང་། ཚང་མ་ཁ་གཡང་མིན་ན་ཁ་རྩོད་ཡིན་པའི་བཟོ་འདྲ་ཞིག་རེད། དེ་འདྲ་སོང་ཙང་གུས་མོས་ཀྱང་ལན་འདི་ལྟར་སྟབས་བདེ་ཞིག་གིས་འཐུས་པ་བྱེད་ཀི་ཡིན། ཚང་མ་བདེ་མོ།
ཧ་ཧ་ཧ
དངོས་གནས་མང་པོ་བཤད་དགོས་པ་མེད་པར་གད་མོ་འཆོར་བ་ལས་མི་འདུག བཀྲ་ཤིས་སྒྲོལ་མ་ལགས། ཁྱེད་ཉིན་དགུ་དགུ་བརྒྱད་ཅུ་གྱ་གཅིག་ལ་ངུ་དགོས་ཐུག་ཡོད་ས་རེད།
མི་མང་པོ་ཞིག་གི་བཤད་སྟངས་ལ་བལྟས་ན་བཀའ་ཁྲི་ནི་ཁྱེད་ཀྱི་མིག་ནང་གི་ཚེར་མ་དང་། སེམས་ནང་གི་དགྲ་བོ་དེ་ཡིན་ས་རེད། སུ་ཞིག་གིས་འགྱུར་བ་གཏོང་ཐུབ་ཀི་མ་རེད། ངུས། མུ་མཐུད་དུ་ངུས། ཉིན་དགུ་དགུ་བརྒྱད་ཅུ་གྱ་གཅིག་ལ་ངུས།
ངས་བཤད་པ་འདི་སེམས་གསོ་ཡིན་པ་ལས་སྙིང་ཁྲེལ་བྱས་པ་མིན་པས་གོ་བ་ལེན་སྟངས་མ་ནོར་བ་གནང་རོགས།
བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམས་རྒྱལ་ལགས་འདས་པའི་བཀའ་ཁྲི་སྐབས་ཀྱི་རྡ་སར་གླ་ཕོག་བསགས་ཏེ་ཨ་རི་ཡུལ་དུ་ཉོས་པའི་ཨ་སྒོར་འབུམ་༧གྱི་ཕོ་བྲང་མ་འབད་ལྷུན་གྲུབ་ཏུ་ཕྱིར་ཕེབས་གནང་བར་བཀྲ་ཤིས་བདེ་ལེགས་ཀྱི་བསུ་མ་དང་བཅས་ཨ་རི་གནམ་ཐང་ལ་ཕེབས་སྒུགས་ཞུས་ཡོད།། །།
བཀྲ་ཤིས་སྒྲོལ་མ་ལགས། ཁྱེད་ཀྱིས་བློ་སེང་སྐོར་ལ་བྲིས་པས་རྩོམ་ཡིག་དེ་རྒྱུ་མཚན་ཡོད་ན་ཡག་པོ་འདུག་དེ་མིན་འོ་ཚོད་ཀྱི་བྲིས་བ་ཡིན་ན་ཅུང་ཙམ་ཐལ་དྲག་སོང་བ་ཡིན་པ་འདྲ། རྗེས་ཕྱོགས་རྩོམ་ཡིག་འདི་འདྲ་སྤེལ་ན་དྲ་གྲོགས་ཚོ་ཕོག་ཐུག་འགྲོ་ངེས་ཡིན་པའི་དགོངས་འཇགས་འཚལ།
བཀྲིས་ཤིས་སྒྲོལ་མ་ཞེས་པ་དེའི་རྨི་ལམ་སྐྱིད་པོ་ཞིག་བཏང་འདུག
མཁྱེན་བརྒྱ་དང་ཤེས་བརྒྱ་ཅི་ཡང་མེད་པའི་ཐོག་ནས་ཞིབ་དཔད་ཅིག་གནང་འདུག་པར་ཡ་མཚན་སྐྱེས་དགོས་རང་རེད།བཙན་བྱོལ་བོད་མི་བརྒྱ་ཆ་བརྒྱད་བཅུ་ཙམ་ནི།ཁྱེད་རང་ནང་བཞིན་ཀླད་མེད་དེ་འདྲ་ཞིག་གཏན་ནས་མ་ཡིན།དེ་འདྲ་སོང་ཙམ་ཁྱེད་ཀྱི་རྨི་ལམ་དེ་མངོན་འགྱུར་ཡོང་ཐབས་བྲལ་བ་ཞིག་རེད།
བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་ཁྲི་དེ་ནི་མཁས་དབང་བློ་བཟང་སེངྒེ་ལས་གཞན་སུ།བཀྲས་མཐོང་ལ་རྒྱབ་སྐྱོར་གཏན་ནས་བྱ་མི་སྲིད།ཤེས་སོང་ངམ་།
བོད་པ་ཚོ། ད་བཀའ་ཁྲི་སུ་ཞིག་ལ་ཐོབ་སོང་བ་རེད། ཚ་ཚ་འུར་གྱིས་ཟིང་ཆ་མང་པོ་ཞིག་བསླང་རྗེས་འཇམ་ཐིང་ངེར་གནས་སྟངས་ལ་བལྟས་ན། ཟམ་གདོང་གིས་རྩིས་་སྤྲོད་མི་ཐུབ་ཅིང་ཐུགས་ལ་མི་འགྲོ་བ་ཞིག་ལ་ཐོབ་སོང་བ་མིན་ནམ། །རྒྱུས་ཡོད་མཁན་རྣམས་ཀྱིས་ལན་རེ་གནང་རོགས།
ད་ནི་བཀའ་བློན་སུ་འཁོད་ཀྱང་རུང་ལས་དོན་གང་ཞིག་བསྒྲུབ་དགོས་པ་དང་། ཇི་ལྟར་བསྒྲུབ་ཚུལ་སོགས་ལ་དཔྱོད་ལྡན་ཚོས་བསམ་ཚུལ་བརྗོད་རན་ལ། འབྱུང་འགྱུར་གྱི་བཀའ་ཁྲིར་རྒྱལ་ཁའི་ཐལ་མོ་དང་སྦྲགས་ཏེ་ངེད་ཅག་གི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་གུས་བཀུར་ཡང་ཞུ་རན།
དྲ་གྲོགས་དྲི་མེད་ལྷག་བསམ་ལགས།
སྐབས་གསུམ་པའི་བཀའ་ཁྲི་ནི་དེང་གི་མཁས་དབང་བློ་བཟང་སེངྒེ་ལས་གཞན་སུ།
བོད་མི་རིགས་ལ་དྲང་བདེན་དང་ལྷག་བསམ་ཡོད་མཁན་བཙན་བྱོལ་མི་མང་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་དེང་གི་མཁས་དབང་བློ་བཟང་སེངྒེ་མཆོག་ལ་བརྒྱབ་སྐྱོར་གནང་ཡོད་པར་བརྟེན།སོང་ཙམ་དྲ་གྲོགས་ཁག་ཅིག་ངུས་ན་ངུ་མ་ཤེས་པ་ཞིག་དང་བྲིས་ཀྱང་འབྲི་མ་ཤེས་པའི་ཐོག་ནས་ཞི་འཇམ་དུ་མ་གནས་རང་གནས་ཆགས་པ་རེད།
མཁས་དབང་ཡིན་མིན་ལ་མ་ལྟོས་པའི་་་་་་་་སྤྱིར་བཏང་བཤད་ན་་ནུབ་ཕྱོགས་རྒྱལ་ཁབ་ནང་བོད་པའི་མཁས་དབང་མ་ཉུང་བ་ཞིག་ཡོད་རེད
དཔེར་ན་་་མཁས་དབང རྟའུ་བློ་བཟང་དཔལ་ལྡན་ལགས།་ཁོང་གི་བུ་ (google)(Dr lobsang palden Tawo རི་དགའ་རྟའུ Germany(Dr Riga Tawo)་་་་་མཚན་རིགས་པའི་མཁས་དབང།Germany
གཡིས་ལྷ་རྟའུ་Dr Yelha Tawo མཁས་དབང་་་བསོད་ནམས་དཔལ་ལྡན་་རྟའུ་་(Dr Sonam Palden)ཨ་རི།USA
བཅས་ནང་གཟིགས་ན་དེ་དང་དེ་འདྲ་བའི་བོད་པའི་མཁས་དབང་མང་པོ་རྙེད།།།་་་བོད་མི་ཚོ་གདོག་རྕ་གཅིག་ཏུ་བསྒྲིགས་རོགས།
བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག
དྲ་གྲོགས་ཚོ་ད་གཅིག་ཨ་རི་ཕྱིར་ལོག་པ་གཉིས་ཨ་རི་ཕྱིར་ལོག་པ་ཟེར་མ་འདུག་
མང་མོས་ཀྱིས་བཀའ་ཁྲི་འོས་ཐོན་སུ་ཡིན་ཡང་ང་ཚོས་གུས་བརྩི་ཞུ་དགོས་དེ་མང་
གཙོའི་འགྲོ་སྟངས་རེད་བོད་ཀྱི་བཀའ་ཁྲི་རྒྱལ་ལོ་བོད་མི་མང་རྒྱལ་ལོ།།
འཆར་སྣང་ལས་བྱུང་བའི་རྨི་ལམ་དང་།གངས་རི་དཀར་པོར་སེར་པོ་རུ་སྣང་མཁན་ཟིན་བྲིས་པ་བཀྲིས་སྒྲོལ་མ་དང་མཆན་པ་པོ་གཡུ་མཚོ་རྣམ་གཉིས་ཀྱིས་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཆལ་གཏམ་འདྲ་མིན་སྤེལ་བར་མ་ཚད།ཚིག་ཐག་ཆོད་པོའི་ཐོག་ནས་ས་ཡིག་ཡང་བརྒྱབ་ཚར་སོང་བས།ཡང་བྱ་ཐབས་གང་འདྲ་ཞིག་གི་ཐོག་ལ་སྐྱོན་བརྗོད་བྱ་རྩིས་ཡོད་དམ།ཧ་ཧ།ངས་བལྟས་པ་ཡིན་ན་དྲ་གྲོགས་ཚོའི་མདུན་དུ་ངོ་ཚ་དགོས་པ་ཞིག་བྱུང་མ་སོང་ངམ།
རྗེས་ཕྱོགས་སུ་ཞིབ་དཔྱད་གནང་དུས།ཕྱོགས་ལྷུང་གི་རྣམ་པ་དོར་ནས་ཞིབ་དཔྱད་ལེགས་པར་ཞིག་གནང་བ་ཡིན་ན།ཚང་མར་དགེ་མཚན་ཆེ་བ་མཐོང་།ཤེས་སོང་ངམ།
བློ་སེང་གི་རྣམ་དཔྱོད་དང་ལྷག་བསམ་ལ་ཡི་རངས་ཡོད།།
གྲགས་རྣམ་ལགས།
བློ་སེང་གིས་ཁ་ནས་བཤད་པས་སྐྱགས་རྫིན་དེ་ཚོས་ལ་བསམས་བློ་་ཞིབ་མོ་ཞིག་བཏང་ན།
འཛམ་བུ་གླིང་གིས་མདུན་དུ་ང་ཚོ་བོད་པ་དེ་ཚོས་ངོ་ཚ་དགོས་ཡ་གནས་ཚུལ་ཞིག་ཆགས་ཡོད་
ཚང་མའི་མཁྱེན་གསལ་ལྟར་རེད། བྱེད་ཙང་བསམས་བློ་ཐོང་ནས་སྐད་ཆ་བཤད་ཡ་དེ་ཧ་ཅང
གལ་ཆེ་རེད།། བོད་རྒྱལ་ལོ།་ བོད་རང་བཙན་།།
དྲ་གྲོགས་བདེ་དགའ་ལགས།
སྐུ་ཉིད་ཀྱིས་ངེས་པར་དུ་ཕྱོགས་ལྷུང་གི་རྣམ་པ་དེ་དོར་དགོས་པ་ཞིག་མཐོང་སོང་།
རྒྱུ་མཚན་ནི།དེང་གི་མཁས་དབང་བློ་བཟང་སེངྒེ་ལགས་ཀྱིས་འཛམ་གླིང་མི་མང་མདུན་དུ་རྫུན་བཤད་གང་དང་གང་གནང་སོང་།ང་ཚོ་ངོ་ཚ་དགོས་པའི་ཞབས་འདྲེན་ག་རེ་ཞུས་སོང་།དངོས་གནས་སྐུ་ཉིད་ཀྱིས་མི་བདེ་རྫུན་བཟོ་དེ་འདྲ་མ་བྱེད་ན་ཡག་གི་རེད།མཁས་དབང་བློ་བཟང་སེངྒེ་ལྟ་བུ་ཞིག་ང་ཚོ་བོད་མི་རིགས་ལ་ཡོད་པ་ཙམ་གྱི་འཛམ་གླིང་ཀུན་ལ་ཆེད་མཐོང་ཇི་ཙམ་ཐོབ་ཡོད་པ་མཐོང་མ་སོང་ངམ།གྲགས་ཅན་གྱི་ཋེ་བེའི་གསར་ཤོག་དང་ཨ་རི།ཧྤི་རམ་སི།རྒྱ་གར་ལ་སོགས་པའི་གསར་ཤོག་དང་དུས་དེབ་ཐོག་ཁོང་གི་མཚན་སྙན་དང་ཉིན་བརྒྱ་དུས་ཐོག་ཏུ་བཏོན་གནང་མ་སོང་ངམ།དེའང་ང་ཚོའི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཡིན་པ་སྨོས་མ་དགོས།
བཀྲས་མཐོང་མཆོག་ལ་དེ་འདྲའི་སྙན་གྲགས་ཡོད་པ་ཡིན་ན་དེ་དང་འདྲ་བས་གསར་ཤོག་ཁག་ནང་མ་དོན་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།བཙན་བྱོལ་བོད་མི་རྣམས་སྐུ་ཉིད་དང་འདྲ་བ་ཞིག་མིན་པ་སོང་ཙམ།དྲང་པོ་དང་བདེན་པ།ཤེས་ཡོན་དང་འཇོན་ཐང་ཅན་གང་ལ་ཡོད་པ་དེར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པར་རྟེན་ནས་སྐབས་གསུམ་པའི་བཀའ་ཁྲི་མཁས་དབང་བློ་བཟང་སེངྒེ་མཆོག་ལ་རྒྱལ་ཁ་ཐོབ་པ་རེད།ཤེས་སོང་ངམ།
འོ་ན།མི་བདེན་རྫུན་བཟོ་བྱ་མཁན་སུ་དང་སུ་ཡིན་མིན་ནི་དྲ་གྲོགས་རྣམས་པ་དང་བོད་མི་ཀུན་གྱིས་ཤེས་གསལ་རེད།དེ་འདྲ་སོང་ཙམ་འགྲེལ་བརྗོད་མང་པོ་བྱེད་དགོས་པ་མ་མཐོང་།
ད་དུང་ཞུ་འདོད་པ་ཞིག་ལ།སྐུ་ཉིད་ཀྱིས་མཁྱེན་འདོད་ཡོད་པ་ཡིན་ན།
ངས་འདིར་ཟིན་བྲིས་པ་འདེ་བདུད་ཞེས་པ་ཞིག་གིས་བཀའ་ཟུར་བཀྲས་མཐོང་ལགས་ཀྱི་བསྐོར་ལ་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་གང་གསུངས་ཡོད་མེད་ཐོག་ཞིབ་དཔྱད་ལེགས་པོ་ཞིག་གནང་བཞག་པ་ཞིག་སྐུ་ཉིད་ཀྱི་སྤྱན་ལམ་འགོད་ཡོད་པ་ལགས་ན།དེ་དོན་ཁྱེད་ཀྱིས་དངོས་དོན་གང་འདྲ་ཡིན་མིན་ཧ་གོ་ཐུབ་པའི་རེ་བ་ཡོད།
དེ་རིང་ངས་བཀའ་ཁྲིའི་སྐོར་གླེང་བརྗོད་ཐུང་རེ་བྱེད་འདོད་བྱུང། དེ་ནི་ད་བར་དུ་བོད་མི་མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དེ་ནི་མཁས་དབང་བློ་བཟང་སེངྒ་དང། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་རེད། ངས་ཀྱང་ཁོང་གཉིས་ལ་དོ་སྣང་བྱས་པ་ཡིན། ངས་ཁོང་གཉིས་ལ་དོ་སྣང་བྱས་པའི་བརྒྱུད་རིམ་གྱི་ནང་དུ་མཐོང་བ་དེ་ནི་་་་བཀའ་ཟུ་་བསྟན་འཛིན་རྣམ་རྒྱལ་གྱིས་བཀའ་བློན་བྱས་པའི་རིང་གི་དངོས་དོན་ཡིན་མིན་ཇི་ཡིན་ཡང་གནས་དོན་མང་པོ་ཞིག་ལ་གླེང་སློང་སྣ་ཚོགས་ཤིག་བྱས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་་་བཀའ་ཟུར་བཀྲས་མཐོང་་མཆོག་གིས་གླེང་རྙོགས་དེ་དག་གཙང་སེལ་གྱི་ཆེད་དུ་རང་དབང་གསར་ཤོག་གི་ཐོག་ནས་གསལ་བཤད་དེ་སྐྱར་དུ་འགྲེམ་སྤེལ་བྱེད་དགོས་བྱུང་བ་རེད།
དེ་ནས་ངས་རང་དབང་གསར་ཤོག་དེ་ཞིབ་ཏུ་བཀླགས་པ་ཡིན། དེ་དང་མཉམ་དུ་བཀའ་ཟུར་ཁོང་བཀའ་བློན་གནང་སྐབས་སུ་གྲོས་ཚོགས་ཀྱི་ནང་དུ་བགྲོ་གླེང་གང་བྱུང་ཡོད་མེད་ཀྱི་ཐད་ལ་སྐབས་དེའི་གྲོས་ཚོགས་ཀྱི་ཡིག་ཆ་དང། སྐབས་དེའི་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་གང་འགྲེལ་བརྗོད་བྱས་ཡོད་མེད་ཀྱི་ཐོག་ལ་ཡང་ཡང་དཔྱད་ཞིབ་བྱས་པ་ཡིན། གནས་སྟངས་དེ་འདྲའི་འོག་ཏུ་ངས་རང་དབང་གསར་ཤོག་དེ་ལ་དཔྱད་ཞིབ་ཅིག་བྱེད་དགོས་རང་བཞིན་གྱིས་བྱུང་བ་རེད།
རང་དབང་གསར་ཤོག་ཏུ་བཀའ་ཟུར་ཁོང་གིས་གསུངས་དོན་ལ་གཞིག་ན། ༼བཀའ་ཟུར་གྱིས་་་་་་ཁོང་དཔལ་འབྱོར་བཀའ་བློན་གྱི་སྐབས་སུ་ཡོང་འཆར་གཉིས་ཁ་འདུམ་པ་དངུལ་ཆད་ཡོང་དོན་དེ་ནི་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་དོ་སྣང་རྒྱ་ཆེ་རུ་ཕྱིན་པའི་རྒྱུ་མཚན་གྱིས་རེ ད་ཅེས་བཀའ་ལན་ཞིག་གཏནང་ཡོད༽ བཀའ་ལན་དེ་གནད་ལ་འཁེལ་བ་ཞིག་རེད་དམ། ངས་ཁོང་བཀའ་བློན་སྐབས་གྲོས་ཚོགས་ནང་དུ་ཚོགས་གཙོ་རིན་པོ་ཆེས་གསུངས་བཤད་འདི་འདྲ་ཞིག་གནང་ཡོད་པའི་ཡིག་ཆ་ཞིག་མཐོང་བྱུང། དེ་ནི་ཕྱི་ལོ་ ༡༩༩༣ ཕྱི་ཟླ་ ོ༡ ཚེས་ ༡༤ ནས་ ༢༦ བར་དུ་ཚོགས་པའི་གྲོས་ཚོགས་ཀྱི་ནང་དུ་སྐབས་དེའི་ཚོགས་གཙོ་ཟམ་གདོང་བླ་མས་གསུངས་དོན་། ༼དཔེ་མཚོན་ཞུ་ན། དེ་སྔོན་བསྐྱར་བཅོས་སྔོན་རྩིས་སྐབས་བཀའ་ཤག་ནས་བཀའ་བློན་ཁྲི་པའི་མཚན་རྟགས་འཁོད་པ་འབྱོར་བར་རྒྱུན་ལས་ནས་བཀའ་བསྡུར་གནང་སྟེ་བཀའ་བློན་ལ་དོགས་འདྲི་ཞུ་སྐབས་། བཀའ་བློན་རྣམ་པས་དྲུང་ཆེ་དང། དེས་གཤམ་འོག་གི་ལས་བྱེད་ལ་དྲིས་པས་སུ་ལའང་གསུང་རྒྱུ་མེད་པ། ཚང་མས་མགོ་མ་འཚོས་པ་དེ་འདྲ་འདུག། གང་མཚམས་ནས་མགོ་འཚོས་མཁན་དཀོན་མཀཆོག་མ་གཏོགས་མེད་པར་ཆགས་ཉེན་འདུག་ཅེས་གསུངས་འདུག༽ སྐབས་དེའི་ཚོགས་གཙོའི་གསུངས་བཤད་དེས་བོད་གཞུང་གི་དཔལ་འབྱོར་གྱི་དངུལ་ཆད་དེ་ལྟར་ཡོང་དོན་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་དོ་སྣང་ཆེ་རུ་ཕྱིན་པའི་དབང་གིས་བྱུང་ཡོད་དམ། སྐབས་དེའི་བཀའ་བློན་ཚོས་དོ་སྣང་མ་བྱས་པ་དང། དབུ་པ་མ་འཚོས་པའི་དབང་གིས་བྱུང་ཡོད་མེད་ཀྱི་ཐད་ལ་དྲི་བ་འདི་དང། དོགས་འཆར་ཞིག་སློངས་སོང།
གལ་ཏེ་རང་དབང་གསར་ཤོག་གི་བཀའ་ལན་ལྟར་བོད་དོན་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ཆེ་རུ་ཕྱིན་པའི་དབང་གིས་དངུལ་རྩིས་ཁ་མ་འདུམ་པ་བྱུང་ཡོད་ན། དེ་ནི་གལ་གནད་ཆེན་པོ་ཞིག་མ་རེད་ལ། སེམས་འཚབ་སྐྱེ་དགོས་པ་ཞིག་ཀྱང་དེ་བས་མ་རེད།
ཡིན་ནའང་ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༡ པོའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་དུ་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་འདི་ལྟར་གསུངས་ཡོད། ༼ འདས་པའི་ལོ་གཉིས་ནང་དུ་སེམས་འཚབ་ཡོང་རྒྱུའི་གནས་ཚུལ་ནི། ཡོང་འབབ་དང། འགྲོ་ཁུངས་གཉིས་ཁ་མ་འདུམ་དེ་རེད། དེའི་སྐོར་བརྡ་བཏང་ཡོད་ཅེས་གསུངས་པ་རེད། ༽ སྐབས་དེའི་དངུལ་ཆད་དེ་བོད་དོན་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཡིན་ན། བཙན་བྱོལ་གྲོས་ཚོགས་ལ་སེམས་འཚབ་ཡོང་དགོས་དོན་ཅི་ཡིན་ནམ།
མདོར་ན་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཚོགས་དུས་དེའི་ནང་དུ་གསུངས་བསྡོམས་འདི་འདྲ་ཞིག་བརྒྱགས་ཡོད། ༼ ཚོགས་གཙོས་་་་་རྩིས་འགོ་གཅིག་གྱུར་མེད་པ། བསྡོམས་རྩིས་ནོར་བ། ཕྱི་རྒྱལ་དངུལ་གྱི་ཛ་ཐང་གཅིག་གྱུར་མེད་པ་། དམིགས་བཀར་དང། དམིགས་བསལ་གང་ཡང་མེད་པ། མཉམ་སྦྱར་ཡིག་ཆ་མེད་པ། ལྷག་པར་དུ་ཨ་ལས་དང། ཅ་ལག་ཉོ་རྒྱུ་སོགས་ལ་མཉམ་སྦྱར་ཡིག་ཆ་མེད་པ་སོགས་ནོར་འཁྲུལ་མང་པོ་འདུག ས་གནས་སོ་སོའི་ཚུར་ཡོང་དེ་ཚོ་ཡང་གསལ་མི་འདུག་ཅེས་གསུངས༽ གསུང་བཤད་འདི་དག་གིས་སྐབས་དེའི་རྩིས་ཆད་ཡོང་དོན་དེ་ཚོ་ཧ་ཅང་གིས་གསལ་རྟོགས་ཐུབ་ཀྱི་མི་འདུག་གམ་
ཡང་གནད་དོན་གཞན་ཞིག་གི་ཐོག
་ནས་གླེང་ན། བཀའ་ཟུར་བཀྲས་མཐོང་ལགས་བཀའ་བློན་བྱེད་པའི་སྐབས་ཨ་རི་ལ་བོད་མི་ཆིག་སྟོང་བཏང་བ་རེད། བོད་མི་ཆིག་སྟོང་དེའི་ཁོངས་སུ་བོད་གཞུང་གི་གཞུང་ཞབས་ལས་བྱེད་དང། སློབ་གྲའི་དགེ་ལས་སོགས་མང་པོ་ཞིག་བསྐྱོད་པའི་དབང་གིས་་བོད་གཞུང་ལ་སྐུ་ངལ་ཧ་ཅང་གི་ཆེན་པོ་འཕྲད་པའི་ལོ་རྒྱུས་ཤིག་ཡོག་རེད།
དངོས་དོན་ཇི་ཡིན་ཡང་ཁོང་བཀའ་བློན་སྐབས་དངུལ་ཆད་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཨ་རི་ལ་ཕྱིན་པ་ནི་གསལ་པོ་འདུག། དངུལ་ཆད་དང་འབྲེལ་བ་ཡོད་པའི་ལས་བྱེད་དེ་ཚོ་ཁོང་གིས་བཏང་བའི་བོད་མི་ཆིག་སྟོང་དང་མཉམ་དུ་ཡོད་མེད་ངས་གསལ་ཆ་མི་ཤེས།
རྩིས་ཆད་དང་འབྲེལ་བ་ཡོད་པའི་ལས་བྱེད་དེ་ཚོ་རྒྱུ་གང་ལ་བརྟེན་ནས་ཨ་རི་ལ་ཕྱིན་ཡོད་མེད་བཤད་ཚོད་དཀའ་ཡང། ཨ་རི་ལ་ཕྱིན་ཡོད་པ་ནི། སྐབས་དེའི་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་འགྲེལ་བརྗོད་གནང་དོན།
༼རིན་པོ་ཆེས་་་་་་དེ་སྔ་ཕན་ཆད་ཡང་ཡང་ཡོང་བསྡད་རྒྱུའི་དངུལ་ཆད་ཡོད་པའི་རྩིས་པ་དེ་ཚོ་མང་བ་ཆེ་ཨ་རི་ལ་ཕྱིན་ཚར་བ་རེད་ཟེར་ནས་ཨ་རི་ལ་ཕྱིན་ཚར་དུས་ཧ་ལམ་འཇིག་རྟེན་གྱི་ཁམས་གཞན་དག་ཅིག་ལ་ཕྱིན་པའི་བཟོ་འདྲ་ཞིག་གིས་བདའ་འདེད་གཏོང་ས་མེད་པ་འདྲ་ཞིག་གིས་ཆགས་བཞག་ནས་བློ་མི་བདེ་བ་ཡང་ཡང་ཡོང་རྒྱུ་དེ་ག་རེ་བྱས་ནས་ཡོང་གི་ཡོད་རེད་ཅེ་ན། བཀའ་བློན་རྣམ་པ་ཚོས་དངུལ་འབོར་གྱི་ཐོག་ལ་ཐུགས་འགན་ག་ཚོད་ཡོད་མེད་་དེ་གསལ་པོ་མ་མཁྱེན་པ་དང།
ཐུགས་སྣང་ཆུང་དྲགས་པའི་རྐྱེན་གྱིས་རེད་ཅེས་དང། ཡང་རྩིས་པ་རྙེད་ཀྱི་མི་འདུག། དེར་བརྟེན་བྱེད་རྒྱུ་གང་ཡང་མི་འདུག་ཅེས་བཀའ་གནང་ནས་དག་གི་ཡོད་མ་རེད། ་རྩིས་པ་འཇིག་རྟེན་འདིའི་ནང་དུ་ཡོད་ནའང་རེད། འཇིག་རྟེན་ཕར་རོལ་ཏུ་ཕྱིན་ཟིནའང་རེད། གྲོས་ལ་དངུལ་དེ་དག་ཆ་ཚང་བ་བཟོ་རྒྱུ་དེ་བཀའ་བློན་དེར་བབས་བསྡད་ཡོད་རེད། དེ་འདྲ་མིན་པར་མི་གཅིག་གི་རྗེས་ཤུལ་མ་རྙེད་པའམ། རྩིས་ཁྲ་བཞག་སྟངས་བུ་ལོན་ནག་ཟེར་བའི་འགྲོ་སྟངས་ཤིག་ཡོད་པ་དེ་རྒྱུ་མཚན་དུ་བྱས་ནས་དངུལ་འབོར་མ་ཚང་བ་དེ་དག་མཐའ་མ་བསྐྱལ་བར་བ་ལྡིང་དུ་བཞག་རྒྱུ་དང། དྲུང་ཆེ་མི་འདུག་ཟེར་ནས་བཞག་རྒྱུ་མེད་པ་དེ་གྲོས་ཚོགས་ཀྱི་ཐུགས་ལ་མངའ་དགོས་པ་ཞིག་རེད། ཅེས་་་་ཚོགས་གཙོ་མཆོག་གིས་གྲོས་ཚོགས་སུ་གསུངས་པ་ཞིག་རེད། དེས་ནས་རང་དབང་གསར་ཤོག་གི་གསལ་བཤད་དེ་དེ་འདྲིའི་སྟབས་བདེ་པོ་ཞིག་མེད་པ་མཐོང་ཐུབ་ཀྱི་མི་འདུག་གམ།
ཡང་བཀའ་ཟུར་བཀྲས་མཐོང་མཆོག་གིས་རང་དབང་གསར་ཤོག་ཏུ་གསལ་བཤད་གཞན་ཞིག་བྱས་དོན། རྒྱ་གར་མི་ཞིག་དང་མཉམ་དུ་ལ་དགས་ཁུལ་དུ་ར་སྤུའི་་་ཚོང་འབྲེལ་བྱས་པས་རྒྱ་གར་བ་དེའི་ལག་ནས་སྒོར་མོ་འབུམ་བཅུ་གྲངས་ཤིག་མ་རག་པའི་སྐོར་གྱི་གནས་དོན་ལ་བཀའ་ལན། ༼ཚོང་དེ་ནི་ཐོག་མ་ནས་ཚོད་ལྟ་རེད་ཅེས་གསུངས༽ བཀའ་ལན་འདི་ཡང་སྟབས་བདེ་ཞིག་རེད་ཀྱང། དོན་དངོས་ཐོག་སྐབས་དེའི་གྲོས་སུ་བགྲོ་གླེང་གང་བྱུང་ཡོད་མེད་དང། ཚོགས་གཙོས་འགྲེལ་བརྗོད་གང་བྱས་ཡོད་མེད་ལ་བལྟ་ཅི་ཡོད།
ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༧ གྲོས་ཚོགས་ཚོགས་དུས་བདུན་པའི་ནང་དུ་ཚོགས་གཙོ་རིན་པོ་ཆེས་གསུངས་ན། ༼དཔེར་ན་དྲི་བ་དྲིས་ལན་གཅིག་གི་སྐབས་སུ་རག་པའི་མཐོང་ཚུལ་གྱི་གནས་ཚུལ་ཞིག་ཞུས་པ་ཡིན་ན། རྒྱ་གར་གྱི་མི་ཞིག་དང་མཉམ་དུ་ལ་དགས་ཁུལ་དུ་ར་སྤུའི་་ཚོང་འབྲེལ་གྱི་དྲི་བ་བྱུང་སྐབས་ལ། ཐོག་མ་འབྲེལ་ཡོད་བཀའ་བློན་གྱིས་བཀའ་ལན་ག་རེ་གནང་སོང་ཟེར་ན། དེ་ད་ལྟ་ང་ཚོ་དང་འབྲེལ་བ་ཡོད་པ་མརེད་ཅེས། ལས་སླ་པོ་ཞིག་གིས་འབུད་རྒྱག་བཏང་ནས་འགྲིག་ཐབས་དང། ཐར་ཐབས་ཀྱི་དགོངས་པ་བཞེས་སོང། དེ་ནི་གྲོས་ཀྱི་ནང་དུ་ལས་རིམ་གྱི་ཆ་ཤས་ལེན་སྟངས་ཡག་དག་པ་ཞིག་མིན། ཅེས་དང། གནས་འདི་ནི་ལོ་མང་པོ་ཞིག་བརྒྱུད་རིམ་ཡོད་པའི་གནས་སྟངས་རྙོག་འཛིངས་ཅན་ཞིག་རེད།
ཁ་སང་ཕྱི་ཟླ་ ༧ ཚེས་ ༡༧ དགོང་མོར་འབྲེལ་རྒྱ་གྱི་མི་དེ་ཚོགས་གཙོ་ཐུག་སར་སླེབས་བྱུང། མགོ་ནས་མཇུག་བར་དུ་ཡིག་ཆ་དང་བཅས་གསལ་བཤད་བྱེད་ཀྱི་འདུག། ང་དང་འབྲེལ་བ་མེད་པ་སོང་ཙང་བློ་གཏད་བྱ་རྒྱུ་མ་བྱུང། འོན་ཀྱང་ཕྱོགས་གཅིག་གི་སྐད་ཆ་དེ་རགས་པ་ཙམ་བང་བསྒྲིགས་ནས་བལྟས་ན། དྲིས་ལན་གནང་སྐབས་ཀྱི་གསུངས་པ་ནམ་བཞིན་ལས་པོ་དང། སྟབས་བདེ་པོ་ཞིག་རྩ་བ་ཉིད་ནས་མི་འདུག། ཁྲིམས་དང། དཔལ་འབྱོར་གྱི་ཐོག་ནས་རྩིས་བརྒྱབ་པ་ཡིན་ན། ཕྱོགས་གཉིས་ཀར་སྐུ་ངལ་ཡོང་གཞི་མ་གཏོགས་། ལས་སླ་པོ་ཞིག་གི་ཐོག་ནས་འབྲེལ་བ་མེད་ཅེས་གསུངས་ཆོག་ཆོག་ཅིག་མ་རདེ་ཅེས་་་་་་་་་་གྲོས་ཚོགས་ཀྱི་ནང་དུ་ཚོགས་གཙོ་་་ཟམ་གདོང་རིན་ཆེས་འགྲེལ་བརྗོད་བྱས་པའི་དངོས་དོན་ཞིག་ཡིན་།
དེ་འདྲ་ཡིན་དུས་ད་བར་དུ་བཀའ་ཟུར་་་བཀྲས་མཐོང་་་བཀའ་ཁྲིའི་འོས་མི་མི་འོས་པའི་་སྒྲུབ་བྱེད་བཀོད་མཁན་ཚོས་གླེང་རྒྱུའི་དོན་དག་གཙོ་བོ་གོང་དུ་བགྲང་ཟིན་པའི་དཔལ་འབྱོར་གྱི་གནས་དོན་དང། ར་སྤུའི་ཚོང་འབྲེལ་བཅས་ཀྱི་སྐོར་དེ་རེད། དེ་ལ་བཀའ་ཟུར་བཀྲ་མཐོང་མཆོག་གི་རྒྱུད་ལམ་སྣ་ཚོགས་དང། རང་དབང་གསར་ཤོག་བཅས་ཀྱི་ལམ་ནས་གསལ་བཤད་ཇི་ཙམ་བྱས་ཀྱང་མི་མང་པོ་ཞིག་གིས་་ད་དུང་ཡང་བཤད་མཚམས་འཇོག་གི་མེད། དེ་ལ་ངས་དངོས་དོན་ཇི་ཡིན་ཤེས་རྟོགས་ཀྱི་ཆེད་དུ་ཡིག་ཆ་འདྲ་མིན་རྩད་འཚོལ་བྱས་མཐར་སྐབས་དེ་དང་དེའི་ཚེ་གྲོས་ཚོགས་ཀྱི་ཚོགས་གཙོས་གྲོས་ཚོགས་སུ་འགྲེལ་བརྗོད་ཇི་བྱས་ཀྱི་ཡིག་ཆ་དང། བཀའ་ཟུར་བཀྲ་མཐོང་མཆོག་གི་གསལ་བཤད་གཉིས་རགས་པ་ཙམ་མཚུངས་བསྡུར་བྱས་ནས་གླེང་བརྗོད་ཐུང་ངུ་འདི་སྤེལ་བ་ཡིན་ནོ།།
མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་བཀའ་སློན་ཁྲི་པའི་ལས་ཁུར་ཡུན་ལ་བོད་ཀྱི་བདེན་མཐའ་བསལ་ཐོབ་པའི་རེ་བ་ཆེན་པོ་ཡོད།
བློ་བཟང་སེང་གེ་བཀའ་བློན་ཐོབ་འདུག ལྷ་རྒྱལ་ལོ། རྒྱ་ནག་ལ་བརྡ་ལན་གསལ་ཐག་ཆོད་ཅིག་སྤྲད་ཚར་བ་རེད།
ད་དུང་བརྡ་ལན་འཕྲོད་མེད་པ་གཅིག་ནི་དབུས་གཙང་ཆོལ་ཆ་འདི་བཙན་བྱོལ་ནང་མང་ཤོས་ཡིན་ནང་དེའི་མི་གཉིས་ལ་བརྒྱ་ཆ་མ་ལོང་བ་དེ་ནི་ངོ་ཚ་དགོས་པ་ཞིག་རེད། ཁ་སང་རང་བཙན་ལྟ་བ་འཛིན་མི་ཆོག་པ་དང་།
དབུས་གཙང་ཆོལ་ཁ་ལ་ཤ་ཚ་ཞེན་ཁོག་དགོས་ཟེར་བའི་གྲུབ་འབྲས་དེ་རེད།
ཤ་ཚ་ཞེན་ཁོག་ཅན་ཟླ་བ་ཚེ་རིང་གིས་བོད་གཞུང་ཡང་རྒྱ་གར་ཁྲིམས་ཁང་ནང་སྐྱེལ་སྐྱེལ་གིན་ད་དུང་གྲོས་ཚོགས་ནང་མགོ་འཕངས་མཐོ་བྱས་ནས་གཏོང་འདུག ད་དབུས་གཙང་གི་མི་མང་ལ་གཏན་ནས་མི་འདུག
ན་ནིང་ཡུ་ཤུལ་ལ་ས་ཡོམ་རྒྱག་དུས་ཀྱང་དབུས་གཙང་ཕྱོགས་ནས་རོགས་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་མི་འདུག
གྲོགས་པོ་ཚོ། དངོས་གནས་ཡིན། ང་ཚོའི་ནང་ལ་བཀྲ་ཤིས་མ་ཤིས་ན། །ཕྱིའི་དོན་གང་འདྲས་སེ་འགྲུབ་ཀྱི་རེད་དམ། ཟླ་བ་ཚེ་རིང་གིས་ཡང་གླིང་སློབ་གྲྭ་རྡ་སའི་མི་མང་གི་ཡིན་པ་བོད་གཞུང་གི་ཁྲིམས་ཁང་ནས་ཐག་བཅད་ཀྱང་། ཁོས་བོད་གཞུང་གི་བཅད་ཁྲིམས་ངོས་ལེན་མ་བྱས་པ་མ་ཟད། དེ་ཁྲིམས་ཆོད་ཡང་དག་བྱས་མ་བྱུང་ཟེར་ནས། བོད་གཞུང་གི་ཁྲིམས་ཞིབ་ཁང་རྒྱ་གར་སིམ་ལའི་ཁྲིམས་ཁང་དུ་བསྐྱལ་ཟིན་པ་རེད།
དེ་ལ་བོད་གཞུང་གིས་ལོ་ལྟར་སྒོར་འབུམ་མང་པོའི་འགྲོ་སོང་བཏང་ནས་འུ་ཐུག་ཐབས་ཟད་ཀྱི་ཁྲིམས་ཁང་ནས་བཀའ་ཕེབས་རིམ་ལྟར་འགྲོ་དགོས་ཀྱི་ཡོད་པ་རེད།
ཀླུ་ཚང་ཞེས་པ་ཁྱོད་རང་ཆོལ་ཁའི་དབར་དཀྲུག་ཤིང་མ་རྒྱག བློ་སེང་ལ་དབུས་གཙང་མི་དམངས་ནས་རྒྱབ་སྐྱོར་བྱས་མེད་ན་ཁོ་ལ་རྒྱལ་ཁ་ཐོབ་ཐབས་བྲལ་བའི་གནས་ལུགས་དེ་ཁྱེད་རང་གིས་ཤེས་པར་གྱིས།
༄༅།། ངེད་བོད་པ་ཚང་གི་ལས་དབང་འདི་ཡར་མར་གང་འདྲ་བཤད་ཀྱང་། ད་དུང་ལམ་ཁྱོགས་གང་དུ་ལྷུང་ཡང་སྐྱོན་མི་འདུག་ང་ཚོ་ལ་ཞུ་ས་ཡོད་པས་དུས་ད་ལྟ་ནས་གཞོན་སྐྱེས་ཡིན་ལབ་མཁན་ཚོ་དང་ཤེས་ཡོན་པ་ཚོ་སྦྱོངས་བརྡར་དང་བོད་མི་དམངས་ལ་གསལ་བཤད་ཅིག་ཐོབ་ན་ཡག་པོ་རེད། དཔེ་བཞག་ན་ལོ་སྔོན་མའི་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ལྟ་བུ་རེད། བཀའ་བློན་སུ་ཡིན་ཡང་ད་ནི་གསལ་བཤད་འདི་ཚོ་ཕན་ཐོགས་མེད་པ་མ་ཟད་བོད་པའི་མཛའ་བརྩེ་ལ་གནོད་མི་ཡོང་ངམ་སྙམས། དེ་ལས་བཀའ་བློན་སུ་ཡིན་དང་བཀའ་བློན་གསར་བའི་ཕྱག་ལས་གསར་བ་དང་མཛད་རྗེས་རླབས་ཆེན་ལ་རེ་བལྟས་བྱ་དགོས་སོ།། བོད་རྒྱལ་ལོ།།
རང་གྲོལ་གྱིས་ལབ་པ་ལ་རྒྱབ་སྐྱོར་ཆ་ཚང་ཡོད། དེ་བདེན་པ་རེད། འོན་ཀྱང་ཨ་རིའི་རླུང་འཕྲིན་གྱི་གསར་འགོད་པ་རྣམ་རྒྱལ་ཤ་སྟྲི་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་གྲྭ་ལོག་སྐལ་ལྡན་བློ་གྲོས་གཉིས་ཀྱིས་གཙོས་ཕྱོགས་རིས་ཞེན་ཁོག་གིས་མི་བདེན་རྫུན་སྒྲིག་བྱེད་མཁན་ཡང་མང་པོ་བྱུང་སོང་།
ལྷག་པར་དུ་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པ་ཟེར་བ་དེ་ཡང་། ད་ལོ་བཀྲས་མཐོང་ཆེད་སློབ་ཕྲུག་ཚོགས་པ་ཞེས་མིང་བརྗེ་དགོས་པ་མིན་ནམ་བསམ་པ་ཞིག་ཆགས་པ་རེད། འདི་ཚོ་ཧ་ཅང་ཕངས་པོ་རེད། གཞན་དབུས་གཙང་མི་མང་གིས་ཕྱོགས་རིས་བྱས་ཡོད་ན་བློ་བཟང་སེང་གེ་བཀའ་ཁྲིའི་རྒྱལ་ཁ་ཐོབ་འདོད་དེ་རྨི་ལམ་རེད། ཨ་མདོ་བས་བློ་བཟང་གེ་ལ་སྲིད་མཐའ་མ་བཀག་ཙམ་ལས་འོས་ཤོག་བླུག་ཡོད་པ་མ་རེད། དེས་ན་བློ་བཟང་སེང་གེ་བཀའ་བློན་ཁྲི་པ་ག་འདྲ་ཞིག་སླེབས་དགོས་པ་རེད། འདི་བསམ་བློ་གཏོང་མི་ཐུབ་པ་ཞིག་མ་རེད།
ཨ་མདོའི་ཕྱོགས་ནས་བཀའ་ཁྲི་བློ་སེང་ལ་མང་ཤོས་ཀྱིས་བླུགས་ཡོད་པ་རེད། དེའི་ཐད་ནས་དོགས་པ་མེད། རེད་དེ། ཡིག་བྲིས་པ་རེ་ཉིས་ཙམ་ཡིན། ཁོ་ཚོས་ཁ་ན་ན་བར་བཤད་པ་རེད།
དབུས་གཙང་ཕྱོགས་ནས་ལོ་རྒན་བརྒྱ་ཆ་༩༥་གྱིས་ཁོང་ལ་བླུགས་མེད། དེ་ནི་བཀྲས་མཐོང་ལགས་ལ་འོས་གྲངས་༢༩༠༠༠ཡོང་བའི་རྩ་བ་རེད། ངས་དེ་ལ་དབུང་གཙང་གིས་བློ་སེང་ལ་ཕྱོགས་རིས་བྱས་སོང་བ་ཞིག་ལབ་རྒྱུ་མ་བྱུང་། ཡིན་ནའང་ཁོང་ཚོས་བློ་སེང་ལ་འོས་བླུགས་མེད་པ་ནི་བློ་སེང་ལ་གཞི་མེད་སྐྱོན་བརྗོད་སྣ་མང་སྣེ་མང་བྱས་པ་དེ་དག་གིས་གསལ་པོར་ཤེས་ཀྱི་ཡོད།