འབྲུག་ཐར་རྒྱལ། གོ་པལ་པུར་བོད་ཁྱིམ།
དེ་རིང་གནམ་གཤིས་དྭངས་ལ་ཕྱིའི་ཁོར་ར་ཁོར་ཡུག་ཀུན་ཏུ་མཛེས་སྡུག་རྣམ་པར་བཀྲ ང་གཉིད་ལས་སད་ནས་ཕྱི་རོལ་ཡུལ་གྱི་མཛེས་ལྗོངས་ལ་བལྟ་ཙམ་བྱས་པ་དང་ལྷན་གློ་བུར་ཏུ་དེ་རིང་འོས་བསྡུ་ཆེན་མོའི་དངོས་གཞིའི་འོས་སུ་ལ་ཐོབ་ཡོད་མེད་ཀྱི་གསལ་བསྒྲགས་ཀྱི་ཉིན་མོ་ཡིན་པ་དྲན་སོང་། དེ་རིང་ནི་བོད་མི་ཚོས་ཡུན་རིང་རེ་སྒུག་བྱས་པའི་ཉིན་མོ་ཞིག་རེད་ལ། ལོ་ངོ་གཅིག་དང་ཕྱེད་ཀ་ལྷག་རིང་བཀའ་ཁྲིའི་བགྲོ་གླེང་དང་གོམས་བགྲོད་བར་ནས་རྒྱལ་ཕམ་གྱི་ཐག་གཅོད་བྱེད་པའི་ཉིན་མོ་གཅིག་ཀྱང་རེད། སེང་ནོར་ཉི་གསུམ་མམ་སེང་བསྟན་བཀྲ་གསུམ་གྱིས་ཕྱོགས་བསྐྱོད་ཀྱི་འགྲུལ་བཞུད་འདི་ལྟ་བུ་བོད་ཀྱི་ལོ་རྒྱུས་ནང་སྔར་བྱུང་མ་མྱུང་བས་གཟི་བརྗིད་ཀྱི་ལེའུ་གཅིག་བསྐྲུན་པ་རེད་ལ། མི་མང་གིས་ཐོག་མཐའ་བར་གསུམ་ལ་བརྡར་བཤའ་བཅད་ཡོད་པ་མ་ཟད། རང་ཉིད་ཀྱི་འོས་མི་དེར་ཐོབ་པར་ཐབས་ཤེས་ཡོད་རྒུ་རྩལ་དཀྲུག་བྱས་ཏེ་མཉམ་ཞུགས་བྱས་ཡོད།
དེ་རིང་འོས་ཤོག་ཤིན་ཏུ་མང་པོའི་ཁྱད་པར་མེད་ནའང་བརྒྱ་ཆའི་མང་བོ་ཞིག་གིས་རྒྱབ་བསྐྱོར་ལ་བརྟེན་ནས་མཁས་དབང་བློ་བཟང་སེང་གེ་བོད་ཀྱི་སྐབས་གསུམ་པའི་བཀའ་ཁྲིར་དངོས་སུ་གཟི་བརྗིད་ལྡན་པའི་ངང་ནས་སྲིད་བསྟེགས་བཞེས་སོང་། དེའི་དུས་སུ་རྒྱལ་ཁའི་འཛུམས་མདངས་དང་ལྷན་དུ་མི་མང་ཀྱི་ཐལ་མོ་རྡབ་སྒྲའི་དགའ་བསུ་ཆེན་པོ་ཐོབ་སོང། ཁོང་གི་ཡིད་ཆེས་དང་གདེང་སྤོབས་མཐོ་པོས་བོད་མི་རིགས་ལོ་རྒྱུས་གསར་པ་ཞིག་ལ་ཁ་ཕྱོགས་དགོས་པ་དང་། ད་བར་མི་མང་བརྒྱ་ཆ་མང་པོས་ཡིད་རྟོན་ཆེན་པོ་གནང་བ་ལྟར་རང་ངོས་ནས་ཀྱང་འབད་འབུངས་དང་མི་མང་གིས་མུ་མཐུད་ནས་རྒྱབ་བསྐྱོར་དང་ལམ་སྟོན་དགོས་པ་སོགས་ཀྱི་རེ་སྐུལ་དང་དམ་བཅའ་བརྟན་པོས་བསྒྲགས་གཏམ་སྤེལ་སོང་།
བརྒྱུད་རིམ་འདིར་མཚོན་ན་བོད་ཀྱི་ལོ་རྒྱུས་ནང་དུ་མི་མང་གིས་འོས་འདེམས་བྱུང་བའི་མི་སྐྱའི་བཀའ་ཁྲི་ཐོག་མ་ཆགས་པ་རེད་ལ། རྣམ་དཔྱོད་དང་ཤེས་ཡོན། གཏམ་བཤད་ཀྱི་སྒྱུ་རྩལ་དང་གསར་བཏོད་ཀྱི་རང་བཞིན་ལྡན་པའི་ན་གཞོན་མཁས་དབང་བློ་བཟང་སེང་གེས་བསམ་བློ་གསར་བ་དང་། ཐབས་ལམ་གསར་བས་སླར་ཡང་བཙན་བྱོལ་བོད་གཞུང་ལ་བསྐྱར་ཞིབ་དང་འགྲོ་ལུགས་གསར་བ་ཞིག་དང་གྲ་སྒྲིག་གསར་བ་ཞིག་བསྣབ་ནས་ཕེབས་ཡོད་ངེས།
འོན་ཀྱང་གཟུར་གནས་མཁས་དབང་དང་བསམ་བློ་བ་མང་དག་ཅིག་སྔར་བས་སེམས་འཚབ་ནང་ལྷུང་། ཁོང་ཚོས་སེམས་འཚབ་བྱེད་དོན་ཡང་བློ་བཟང་སེང་གེའི་ཉམས་མྱོང་ལས་འཕྲོས་པའི་རྣམ་རྟོག་དག་རེད། མི་མང་གིས་འོས་འདེམས་བྱས་པའི་བཀའ་ཁྲི་ལ་སྔར་བས་ང་རྒྱལ་ཆེན་པོས་སྡིག་དམོད་བྱེད་ཀྱིན་འདུག སྤྱིར་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་པ་དང་གསར་བརྗེའི་རྣམ་དཔྱོད་ལྡན་པའི་མི་བུ་དག་འབུར་འཇོམ་དང་། ཁོང་ཚོར་སྤྱི་ཚོགས་སྟེང་འགོག་རྐྱེན་སྣ་ཚོགས་བཟོ་མཁན་གྱི་རྙིང་ཞེན་པ་དག་ད་དུང་སེམས་ཁམས་གཙང་ཕྱག་བྱེད་ཐུབ་མེད་པ་འདི་ཡིད་སྐྱོ་བ་ཞིག་མ་ཡིན་ནམ།
འཐབ་རྩོད་ཀྱི་གོ་རིམ་བརྒྱུད་རྒྱལ་ཕམ་གྱི་གསལ་བསྒྲགས་གནང་མ་ཐག་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་ལྡི་ལིར་གནམ་གྲུར་བསྡད་ནས་ཨ་རིར་ཕྱིར་ལོག་སོང་། ཉམས་མྱོང་དང་ལྷག་བསམ། ཤེས་ཡོན་དང་འཇོན་ཐང་ཆེ་བའི་རླབས་ཆེན་གྱི་མི་སྣ་ཁོང་སྐབས་འདིར་བཀའ་ཁྲིར་མ་ཐོབ་ནའང་བོད་གཞུང་ལ་ཕྱག་ལས་གནང་ཏེ་བོད་ཀྱི་དཀའ་སྡུག་ཆེ་བའི་ལས་དབང་ལ་མཉམ་ཞུགས་གནང་ན་ཅི་མ་རུང་སྙམ། ཁོང་གི་ཕྱོགས་བསྐྱོད་ཀྱི་གཏམ་བཤད་དག་ལ་སླར་ཡང་བསྐྱར་ཞིབ་ཐེངས་ཤིག་བྱེད་དགོས་བྱུང་།
མཁས་དབང་བློ་བཟང་སེང་གེས་བཀའ་ཁྲི་དང་ཕྱི་འབྲེལ་བཀའ་བློན་གཅིག་ལྕོགས། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཤག་གི་ངེས་སྟོན་པ། ཆོས་དོན་བཀའ་བློན་ཐུབ་བསྟན་ལུང་རིག དཔལ་འབྱོར་བཀའ་བློན་ཚོགས་གཙོ་སྤེན་པ་ཚེ་རིང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ། འཕྲོད་བསྟེན་བཀའ་བློན་དབུ་དཀར་ཚང་གཡུ་སྒྲོན། ནང་སྲིད་བཀའ་བློན་བཀའ་ཟུར་བཀྲ་ཤིས་དབང་འདུས། ཤེས་རིག་བཀའ་བློན་ཆུང་ཚེ་རིང་། དྲིལ་བསྒྲགས་བཀའ་བློན་འཇམ་དབྱངས་ནོར་བུ། ད་དུང་ཆེད་ལས་གཞོན་སྐྱེས་གཅིག་བཀའ་ཤག་ལ་བཀོད་གནང་སོང་། འོན་ཀྱང་། ཁོང་གི་གསར་བཏོད་རང་བཞིན་ལྡན་པའི་ལེའུ་དང་པོས་མདུན་མཆོངས་ལམ་ལྷོང་ཡོང་མིན་ནི་ཐེ་ཚོམ་གྱི་གནས་ཤིག་རེད།
ཁོང་གིས་བཀའ་ཁྲིའི་ལས་འགན་ཐོག་མ་དེ་རྒྱ་ནག་དང་ལྷན་ཏུ་ཞི་མོལ་བསྐྱར་འཛུགས་གནང་ནས། ཁོང་རང་གཞུང་གི་མགྲིན་ཚབ་གནང་སྟེ་རྒྱ་ནག་ལ་ཕེབས་ནས་སྲིད་བློན་ཝེན་ཅཱ་པོ་ལ་དངོས་སུ་མཇལ་འཕྲད་གནང་སོང་། ལོ་མང་རིང་རྒྱ་ནག་གི་རྩོམ་པ་པོ་དང་མཁས་དབང་དག་ལྷན་དུ་གྲོས་མོས་གྱི་གྲུབ་འབྲས་ལ་བརྟེན་རྒྱ་ནག་གི་གནད་དོན་མང་པོར་རྒྱུས་མངའ་ཡོད་པས་ཞིབ་ལྷོད་ངང་སྤོབས་སེམས་ཆེན་པོས། ཁོང་གི་གཏམ་བཤད་ཐོག་མར་མཐུན་སྒྲིལ་དང་གཅིག་སྒྲིལ་ནས་མགོ་བཟུང་སྟེ་མཐའ་འཇུག་བོད་རྒྱལ་ལོ་ནས་མཇུག་བསྒྲིལ་སོང་། ཝེན་ཅཱ་པོ་བོད་ཀྱི་ལོ་རྒྱུས་ནང་རྣམ་དཔྱོད་ལྡན་པའི་མཁས་དབང་ཁོང་ཐེངས་དང་པོར་འཕྲད་པར་ཡིད་དབང་འཕྲོག་པ་མ་ཟད། བོད་ཀྱི་གནད་དོན་གང་མྱུར་ཐག་གཅོད་བྱེད་རྒྱུ་ཡིན་པ་མོས་མཐུན་གནང་བ་དང་། ཝེན་གྱིས་དོན་དགུ་ལོར་ཏིང་ཞོ་ཕིང་གི་བཤད་པ་ལྟར་རང་བཙན་མིན་པའི་སྐད་ཆ་ག་རེ་ཡིན་ནའང་གཉིས་ཕན་ལམ་ནས་ཐག་གཅོད་ཀྱི་གྲོས་གཞི་བཏོན་གནང་སོང་། དེ་ནས་རིམ་བཞིན་ཤེས་ཡོན་དང་ནང་སྲིད་སོགས་ཀྱི་ལས་དོན་ཐད་འཆར་འགོད་གནང་སོང་།
འདི་ནི་སེང་ནོར་ཉི་གསུམ་གྱི་བཀའ་ཁྲིའི་ཕྱོགས་བསྐྱོད་དང་རང་ཉིད་དྲིལ་བསྒྲགས་ཐད་འགྲན་རྩོད་དང་། དེ་ལས་གལ་འགངས་ཆེ་བ་ནི་སང་ཉིན་ཁོང་རྣམས་ལས་གནས་དངོས་ལ་ཞུགས་དུས་ལྷག་བསམ་རྣམ་དག་ཡིན་མིན། དངོས་སུ་ང་ཚོས་མཐོང་ཐུབ་ངེས་ཡིན་པ་དང་འབྲེལ་བའི་འཆར་སྣང་གི་རྩོམ་ཡིག་དུམ་བུ་འདི་འབྲི་མཚམས་འདི་ནས་བཞག བོད་རྒྱལ་ལོ།
རྨི་ལམ་སྐྱིད་པོ་གཏོང་འདུག ཡིན་ཡང་བཤད་ཚོད་ཐེབས་ཀྱིན་མ་རེད། རྒྱ་ནག་གི་གསར་ལམ་ཁག་ཏུ་བློ་སེང་གླེང་གཞི་གཙོ་བོ་ཆགས་ཏེ་ཡང་ཁོང་འཇིག་སྐུལ་དྲག་སྤྱོད་པ་རེད་ཅེས་ཀྱང་བྲིས་འདུག གཅིག་བྱེད་ན་རྨི་ལམ་སྐྱིད་པོ་འདི་ནང་བཞིན་ཡིན་འགྲོ དེ་ལྟར་མ་ཡོང་ཡང་དེ་དང་པྱོགས་འདྲ་བོ་ཞིག་ལ་སླེབས་འགྲོ
ཁ་སང་མཚན་མོའི་རྨི་ལམ་ནང་ལ་བོད་ལ་སླེབས་པ་འདྲ་པོ་བྱུང་སོང་། ད་རངས་ལང་དུས་རྒྱ་གར་ལུང་པ་རེད་ཤག ང་ནི་དེ་འདྲའི་སེམས་པ་སྐྱོ་བ་ལ། ལལལ་་ལལལ་་ལལལ
སྲིད་དོན་མཁས་པའི་དབང་བོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གནས་སྐབས་རིང་ཨ་རིང་ཕྱིར་ཕེབས་གནང་བར་བཀྲ་ཤིས་བདེ་ལེགས།
མགོ་ཆག་རྐྱང་རེད་འདུག བཀའ་ཁྲི་དང་ཕྱི་དྲིལ་གཅིག་ལྕོགས་བློ་བཟང་སེང་གེ་ཟེར་ཞོར་ཕྱི་དྲིལ་བཀའ་བློན་འཇམ་དབྱངས་ནོར་བུ་ཟེར། ཆོས་དོན་བཀའ་བློན་ཐུབ་བསྟན་ལུང་རིགས་ཟེར། རྒྱུས་མངའ་མེད་པ་རང་རེད། བསྟུད་མར་ཐེངས་གཉིས་ལས་ལྷག་བྱེད་མི་ཆོག་པའི་གནས་ཚུལ་ཡང་ཤེས་མི་འདུག གྲོས་ཚོགས་ར་བའི་ནང་དུ་རྐུབ་སྟེགས་སྲུང་མཁན་གྲས་ཀྱི་དབུ་དཀར་ཚང་ཅིག་གི་བཀའ་བློན་ཟེར་དགོད་བྲོ་བ་རང་རེད།
ཁྱེད་ནི་བོད་གངས་ཅན་གྱི་ཤེས་རིག་གི་རྒྱ་མཚོར་ཞུགས་མ་ཐག་པའི་བྱིས་པ་ཞིག་ཡིན་ནའང་འདྲ། ཤེས་རིག་གི་རོ་བཅུད་ཉམས་སུ་མྱོང་བཞིནཔའི་དར་མ་ཞིག་ཡིན་ནའང་འདྲ། གང་ལྟར་ཁྱེད་ཀྱི་བསམ་ཚུལ་དང་དེ་བརྗོད་པར་འདོད་པའི་ཁྱེད་ཀྱི་བློ་སྟོབས་ལ་རྗེས་སུ་ཡི་རང་ཞུ།
རྨི་ལམ་དེ་ཡང་རྨི་ལམ་རང་རེད་འདུག་པས་ཡིད་སེམས་སྨྲེང་བ་ལ།
གོང་དུ་བཀོད་པ་ལྟར་རྒྱུས་མངའ་མེད་པའི་རྫབས་རྟགས་བསྟན་འདུག
ཅང་མི་ཕྲིས་ན་མ་བྲིས་ཀྱང་འགྲིག་པ
རྩོམ་བྲིས་ཚར་ན་ཡང་། རྩོམ་པ་པོ་གཉིད་མ་སད་པར་རྨི་ལམ་གཏོང་བགྱིན་བསྡད་ཡོད་པ་འདྲ། ད་ག་དུས་་་་
གནའ་མོའི་དགེ་རྒམ་བཀའ་དྲིན་ཅན་ཚོ་ཡིན་ན་སློབ་གྲྭ་དང་སློབ་ཕྲུག་གི་བདེ་དོན་ལྟ་ཞིབ་ཁོ་ན་གནང་སྟེ་ཉི་མོ་གཉིད་ཁུག་མཁན་དང་ཁུག་ལོངས་འཕེལ་ཆེར་མེད་ སློབ་གྲྭའི་སློབ་དགེ་ཞིག་གི་ཡིན་པའི་ཆ་ནས་ཆབ་སྲིད་ནང་ཐེ་རྟོགས་བྱ་མི་ཆོག་ ཁྱེད་ལ་བལྟས་ཚེས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་འཐུད་ཤོར་ཇི་ཙམ་ཕྱིན་པ་ཡོད་པ་ངོ་སྤྲོད་ཐུབ་ ཁྱེད་ཀྱིས་རང་གི་སློབ་གྲྭའི་ལས་སྣེ་བཞག་སྟེ་བོད་སྤྱི་པར་ཕན་རྟོགས་ཤིག་གནང་དང་ གལ་ཏེ་ཁྱེད་ལྟ་བུས་སློབ་གྲྭའི་སློབ་དགེ་འམ་ལས་བྱེད་མུ་མཐུད་བྱེད་ཚེ་ སློབ་ཕྲུག་ཚོའི་བསམ་བློའི་ནང་དུའང་འཐེན་འཁྱེར་གྱི་དུག་བཏབ་ཐག་གཅོད་རེད་འདུག་
དོན་དག་འདི་ལྟར་ཡོང་མིན་གནད་འགག་མ་རེད། གནད་འགག་གཙོ་བོ་ནི་བོད་པའི་གཞོན་སྐྱེས་ཚོས་སྤོབས་པ་ཆེན་པོའི་ལམ་ནས་མ་འོངས་ཇུས་འགོད་དམ། འབྱུང་འགྱུར་སྔོན་དཔག་བྱེད་པའི་སྒོ་མོ་བརྟོལ་འདུག་པས། བཀྲ་ཤིས་བདེ་ལེགས་ཡོད། འབྱུང་འགྱུར་སྔོན་དཔག་གི་ཚ་རླབས་ཤིག་རྩོམ་འདི་ནས་བཟུང་སྟེ་ཕྱོགས་ཀུན་མཆེད་པར་སྨོན།
བཀུར་འོས་རྩོམ་པ་པོ་རྣམས་ཁམས་བཟང་།
འཆར་སྣང་དང་འཆར་སྣང་རང་ཡིན་སྲིད་ལ། ཚོད་དཔག་ནི་ཚོད་དཔག་ཡང་ཡིན་སྲིད། འདི་བསྒྲུབ་པའི་ངེས་པ་གང་ཡང་ཡོད་མ་རེད་དེ། བརྒྱ་ཆ་མང་བའི་མངོན་འགྱུར་ཡོང་བར་ཡིད་རྟོན་ཡོད། གལ་གནད་ཆེ་ཤོས་སང་ཉིན་བཀའ་ཁྲི་སུ་ཐོབ་མིན་མིན་པར་བཀའ་ཁྲིའི་ལས་གནས་དངོས་ལས་གྲུབ་འབྲས་གང་འདྲ་ཐོན་མིན་རེད་སེམས། འདི་འཐེན་འཁྱེར་གྱི་ཕྱོགས་ཞེན་མིན་པར་གཅིག་སྒྲིལ་གྱི་ནུས་སྟོབས་སྤོངས་ཤིག་ཡིན། བཀའ་ཁྲི་ཐོབ་མིན་གང་ལྟར་ཡང་བཙན་བྱོལ་གཞུང་ལ་ཞབས་ཞུ་བསྒྲུབ་པའི་རྩ་གནད་འཛིན་དགོས་པར་སེམས།
ནོར་བུ་ལགས། ཁྱེད་ཀྱི་མཆན་བཀོད་གནང་བར་བཀའ་དྲིན་ཆེ། ཁྱེད་ཀྱི་སྐད་ཆ་བཤད་སྟངས་ལས་བོད་མི་རིགས་ལ་ལྷག་བསམ་ཆེན་པོ་གཅིག་ཡིན་པར་མཚོན་གྱི་འདུག འོན་ཀྱང་། ཁྱེད་རང་གི་ཚོད་དཔག་ནོར་འདུག ང་རང་ཉིད་སློབ་མ་གཅིག་ཡིན་པའི་ངོས་ནས་གུང་གསེང་གི་དུས་ཡུན་ལ་རང་ཉིད་ཀྱིས་བསམ་ཚུལ་གཞིར་བཞག་ནས་བརྗོད་གཞི་འདྲ་མིན་སྟེང་ལ་རྩོམ་ཡིག་སྦྱང་བརྡར་བྱེད་ཚེ་མ་འགྲིགས་བ་རེ་ཡོད་དམ། འདི་འཐེན་འཁྱེར་གྱི་ཕྱོགས་ཞེན་མིན་པར་འཆར་སྣང་ལས་བསྐྲུན་པའི་མ་འོངས་བོད་རེད།
ཁྱེད་ལྷག་བསམ་བཟོད་མེད་གཅིག་ཡིན་ཚེ་བོད་ཁྱིམ་སློབ་གྲྭར་ཁྱེད་ལྟར་བའི་དགེ་རྒན་ཤིན་ཏུ་མཁོ། འོན་ཀྱང་། ཁྱེད་ཀྱི་འདི་ལྟར་མི་གནང་བར་ཐག་རིང་ཞིག་ནས་ཚིག་རླུང་ལ་བཀུར་ནས་བསྒྲུབ་དོན་ཡོད་དམ།
སུ་འོས་མ་ཐོབ་པར་ཨ་རིར་ལོག་རྒྱུར་དགའ་བ་བྱེད་མཁན་གྱི་སྐུལ་སློང་འཁྱེར་སྟངས་དེ་ཡག་པོ་མ་རེད།ནོར་འཁྲུལ་རེད།བཀྲས་མཐོང་ཡིན་ནའང་འདྲ་བཀྲིས་དབང་འདུད་ཡིན་ནའང་རེད།བློ་སེངྒེ་ཡིན་ནའང་ཆོག་གང་ལྟར་ཁོང་ཚོར་ཕན་ནས་དེ་ཙམ་མེད།་བོད་སྤྱི་པའི་ཆེད་དུ་ལས་འགན་ཞིག་བསྒྲུབ་ན་བསམ་འོས་མིའི་ནང་བཞུགས་པ་རེད།རྒྱབ་སྐྱོར་མ་འཐོབ་ན་སྔོན་མའི་ལས་དོན་གང་ཡོད་ཀྱང་དེ་བྱ་རྒྱུ་ལས་མི་སྒེར་ལ་དོ་ཕོགས་འགྲོ་གཞི་མེད།བཀྲས་མཐོང་བཀའ་བློན་ཐེངས་གཉིས་དང་ཁྲི་པ་ཐེངས་གཅིག་བྱས་མྱོང་བ་དང་བཀྲིས་དབང་འདུད་བཀའ་བློན་ཐེངས་ལྔ་བྱས་མྱོང་བས་བློ་ཕམ་ཡོང་གཞི་མེད།བཀའ་བློན་ཐོབ་ན་འང་ད་ལྟ་ནས་དགའ་བོ་བྱེད་ཐལ་དྲག་ན་བཀའ་བློན་ཡུན་རིང་མ་ཡོང་བའི་སྔ་ལྟས་ཤིག་ཡིན་ན་ཡིད་གཟབ་བྱ་དགོས།བཀའ་ཁྲིའི་མཚན་བརྗིད་ཉམས་ལྡན་པ་ཡོད་ཀྱང་ལས་འགན་ཧ་ཅང་རྙོག་འཛིངས་དང་གཞན་དབང་སྟབས་བསྟུྟན་གྱིས་བྱེད་ཁག་པོ་ཡོད་སྟབས།ཨ་ཁུ་བསྟན་པའི་ཁ་དཔེ་ལྟར་ཨ་ཁུ་ཡུན་རིང་མི་ཡོང་བའི་ངེས་པ་མེད།གང་ཡིན་ཟེར་ན་ད་ལྟའི་བཀའ་ཁྲི་ལས་ཐོག་པས་བོད་གཞུང་གི་ལས་དོན་གཞི་རྩ་བརྟན་པོ་སྲ་ཐག་ཐག་ཅིག་བཟོས་གནང་ཡོད་ཀྱང་དེ་དག་འགྱུར་བ་གཏོང་རྒྱུ་ལས་སླ་བོ་དང་མཇུག་སྐྱོང་ཡག་པོ་ཞིག་བྱ་མི་ཐུབ་ན་ཨོ་བྷ་མའི་དཔེ་ལྟར་ཨ་རིའི་སྨན་བཅོས་ཐོབ་ཐང་སྐོར་འགྱུར་བ་གཏོང་རྒྱུའི་ཚབ་ཏུ་རང་གི་གྲོས་ཚོགས་འོག་མའི་ནང་ཡོད་པའི་རྐུབ་གཏེགས་མང་པོ་ཤོར་བ་དང་རང་ཉིད་ཡང་བསྐྱར་སྲིད་འཛིན་བསྐྱར་འདེམས་བྱ་རྒྱུ་དཀའ་ཉེན་འཕྲད་པ་དེ་དག་དཔེ་མཚོན་ཡག་པོ་རེད།དེར་བརྟེན་ནམ་མ་ལངས་གོང་ནས་བྱ་སྐད་བརྒྱབ་ན་ཡག་པོ་མེད་པས་སུ་ཨ་རིར་པྱི་ལོག་བྱོས་ཟེར་བའི་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་དེ་རིགས་ཤོད་མི་ཉན།
རྨི་ལམ་ཡག་པོ་ཞིག་གཏང་འདུག་ལ་རྩོམ་ཡག་པོ་ཞིག་བྲིས་འདུག
གཉིད་ཁུག་རྒྱུ་མང་དྲགས་ན། ཡིག་རྒྱུགས་འཕྲོད་ཀྱི་མ་རེད་ལོ།
དིང་རྡོར་ལགས། ཁྱེད་ཀྱི་ལམ་སྟོན་གནང་བར་བཀའ་དྲིན་ཆེ། འོན་ཀྱང་། ད་ལྟ་གུང་གསེང་རེད། ཧཧཧཧཧཧཧཧཧཧཧཧ།
གོ་པལ་པུར་སློབ་གྲྭའི་ནང་འོས་ཤོག་འཕང་མ་ཐུབ་པ་ཞིག་གོ་སོང་། གལ་ཏེ་བདེན་པ་ཡིན་ན་བློ་ཕམ་རེད། ད་དུང་དིའི་རྒྱབ་ལ་འཇིག་རུང་གི་འཁྲབ་བསྟོན་མེད་ན་ཨོ་ཙི་རེད།
རྩོམ་ཡིག་བྲིས་མཁན་དེ་གོ་པལ་པུར་གྱི་སློབ་མ་ཞིག་རེད་འདུག་པའི་ཁོང་ལ་བཀྲིས་བདེ་ལེགས་ཡོད།
བཀྲས་མཐོང་ལགས་ལ་བཀའ་ཁྲི་མ་ཐོབ་ཀྱང་ཁོང་གི་མཛད་རྗེས་དང་གཤིས་སྤྱོད་བཟང་པོ་ཇི་སྲིད་པར་བོད་མི་ཚོའི་སེམས་སུ་གནས་ངེས་རེད། ཁོང་སྐུ་ཚེ་བརྟན་པར་ཤོག
བཀྲ་ཤིས་སྒྲོལ་མ་ལགས། ཁྱེད་ཀྱི་བོད་རིགས་མཁས་དབང་བློ་སེང་ལས་མེད་པ་རེད་དམ་ཟེར་བ་དང་ཨ་རིའི་ཧ་ཝར་ཌི་ལས་ཚད་ལྡན་གྱི་མཐོ་སློབ་འཛམ་གླིང་འདིར་མེད་པ་རེད་དམ། ཅེས་པའི་སྐད་ཆ་འདི་དྲི་བའི་ཚུལ་དུ་དེ་ལྟར་མ་ཡིན་པའི་གནས་ལུགས་བགྲང་གི་ཡོད་པ་འདྲ་། ཡིན་ཡང་ཁྱེད་ཀྱི་མ་ཡིན་ཡིན་མདོག་དང་མེད་ན་ཡོད་མདོག་བཟོ་བའི་རྣམས་འགྱུར་ཙམ་སྟོན་ན་ཕན་ཐོག་མེད་པ་ཤེས་དགོས། རྒྱུ་མཚན་ནི་ངས་ཁྱེད་རང་མཐའ་ན་བུ་མེད་ཡིན་མདོག་བྱེད་པའི་ངོ་དགོང་འདི་ཡིན་སྟོན་ནུས་པས་གནས་ལུགས་སྟོང་པ་དེ་འདྲའི་ངར་གནོད་བྱེད་དུ་འགྲོ་གི་མ་རེད་། དྲན་བཀུལ་ཞུ་རྒྱུ་ཅིག་ལ་ཁྱེད་རང་གི་བློ་སེང་ལ་སྐྱོན་འཛུགས་བྱེད་པའི་ལས་འགུལ་ཕྱིས་དྲག་སོང་། ཡང་ན་དགོས་ཡ་མི་འདུག། ད་རྒྱ་གཞུང་དངོས་སུ་ཐོན་སོང་། བྱེད་སྟངས་འདིར་ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་བྱེད་འདུག།
འདས་པའི་བཀའ་ཁྲི་སྐབས་ཀྱི་རྡ་སར་གླ་ཕོག་བསགས་ཏེ་ཨ་རི་ཡུལ་དུ་ཉོས་པའི་ཨ་སྒོར་འབུམ་༧ གྱི་ཕོ་བྲང་མ་འབད་ལྷུན་གྲུབ་ཏུ་ཕྱིར་ཕེབས་གནང་བར་བཀྲ་ཤིས་བདེ་ལེགས་ཀྱི་བསུ་མ་དང་བཅས་ཨ་རི་གནམ་ཐང་ལ་ཕེབས་སྒུགས་ཞུས་ཡོད།། །།