དྲ་རྒྱ་དར་ནས་བཟུང་། དྲ་རྒྱའི་སྤྱི་ཚོགས་དང་མི་མང་ཞིག་གྲུབ་བཞིན་ཡོད་། དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་མི་མང་གིས། ཉིན་རེ་བཞིན་དྲ་རྒྱའི་ཐ་སྙད་སྣ་ཚོགས་ཤིག་ལ་ལག་པ་འཆང་བཞིན་ཡོད་། འོན་ཀྱང་། མི་མང་གིས་སྤྱོད་བཞིན་པའི་ཐ་སྙད་འདི་དག་བོད་ཡིག་ཏུ་མེད་པ་འདྲ་།
ངེད་ཀྱི་དོགས་སློང་དེ་ཐ་སྙད་གཅིག་དང་འབྲེལ་ནས་སླེབས་པ་ཞིག་ཡིན། དེ་ཡང་། ཐ་སྙད་དེའི་བེད་སྤྱོད་ཀྱི་ཁྱབ་རྒྱ་དང་འབྲེལ་ནས་ཡིན། ཐ་སྙད་དེ་ནི་དབྱིན་ཡིག་ཏུ་ (Account)ཟེར་བ་འདི་རེད་། སྤྱིར་བཏང་ནས། (Account)ཟེར་དུས་རྩིས་ཕྲ་ལབ་ན་འགྲིག་པ་འདྲ་། (Bank account)ཟེར་དུས་དངུལ་ཁང་གི་རྩིས་ཕྲ་ལབ་ན་ཡང་འགྲིག་པ་འདྲ་། འོན་ཀྱང་། (Account)ཟེར་བའི་ཚིག་འདི་དངུལ་ཁང་དང་རྩིས་ཞིབ་ཀྱི་ཁྱབ་ཁོངས་གཅིག་པོ་ཙམ་མ་ཡིན་པར་། དེང་སང་། (Yahoo account) དང་(Gmail account) ཟེར་ནས་མི་རྣམས་ཀྱིས་བེད་སྤྱོད་གཏོང་གི་ཡོད་། དེས་ན། (Yahoo account)དང་(Gmail account)ཟེར་དུས་། གོང་དུ་གླེང་བཞིན་པའི་རྩིས་ཕྲ་ཟེར་བའི་ཐ་སྙད་དེ་དང་ཕལ་ཆེར་འབྲེལ་བ་མི་འདུག ད་། (Yahoo account)དང་(Gmail account)ཟེར་བ་འདི་ཚོ་བོད་ཡིག་ཏུ་ཇི་ལྟར་བསྒྱུར་དགོས་སམ། ངས་ངོ་ཤེས་ཤིག་གིས། (Account)ཟེར་དུས་འགན་དེབ་ལབ་ནས་བསྒྱུར་ན་འགྲིག་པ་འདྲ་ཟེར།
འོག་གི་ཐ་སྙད་འདི་ཚོ་བོད་ཡིག་ཏུ་ཇི་ལྟར་བསྒྱུར་ན་ལེགས་སམ། བསམ་འཆར་གནང་རོགས།
1) Go to Account
2) Account Setting
3) Account Security
4) Account Change
ྕAccount. ངོ་སྤྲོད་འགྲེལ་བརྗོད་ལ་གོ་དགོས་ཀྱི་རེད།
go to account ངོ་སྤྲོད་འགྲེལ་བརྗོད་ལ་གཟིགས་པར་ཕེབས།
Account setting ངོ་སྤྲོད་འགྲེལ་བརྗོད་བཟོ་སྒྲིག།
Account security ངོ་སྤྲོད་འགྲེལ་བརྗོད་ཉེན་སྲུང།
Account change ངོ་སྤྲོད་འགྲེལ་བརྗོད་བརྗེ་བསྒྱུར།
account ཐོ་བྱང་།
go to account ཐོ་བྱང་ལ་འགྲོ
Account setting ཐོ་བྱང་སྒྲིག་ལུགས།
Account security ཐོ་བྱང་བདེ་སྲུང།
Account change ཐོ་བྱང་བརྗེ་བ།
ཡག་པོ་བསྒྱུར་ཡོད་བསམས།
དཔྱད་གཞིར།
account བཅུག་ཁྲ།
go to account བཅུག་ཁྲ་ལ་འགྲོ་དགོས།
Account setting བཅུག་ཁྲ་སྒྲིག་སྟངས།
Account security བཅུག་ཁྲའི་ཉེན་སྲུང་།
Account change བཅུག་ཁྲ་བརྗེ་སྒྱུར།
སྤྱིར་Account་ཞེས་པའི་གོ་དོན་ནི་རང་གིས་འཆར་གཞི་བཟོས་ནས་གཞན་གྱིས་བཀོད་སྒྲིག་བྱས་པའི་རྣམ་པ་ཞིག་སྟོན་གྱི་ཡོད་པས་བདག་གི་བསམ་པར་འཆར་བཀོད་ཅེས་བསྒྱུར་ན་ལེགས་པར་སྙམ།
1) Go to Account=འཆར་བཀོད་ལ་འགྲོ་བ།
2) Account Setting=འཆར་བཀོད་ཀྱི་སྒྲིག་གཞི།
3) Account Security=འཆར་བཀོད་ཀྱི་བདེ་འཇགས།
4) Account Change =འཆར་བཀོད་ཀྱི་འགྱུར་ལྡོག
Yahoo account ཡ་ཧུ་གློག་འཕྲིན་ཁ་བྱང།།
Gmail account ཇི་མེལ་གློག་འཕྲིན་ཁ་བྱང།
account ཐོ་ཁྱིམ།
go to account ཐོ་ཁྱིམ་་ལ་འཛུལ
Account setting ཐོ་ཁྱིམ་བཟོ་བ།
Account security ཐོ་ཁྱིམ་བདེ་སྲུང།
Account change ཐོ་ཁྱིམ་བརྗེ་བ།
Yahoo account ཡ་ཧོ་ཐོ་ཁྱིམ།
Gmail account ཇི་མེལ་ཐོ་ཁྱིམ།
བོད་པ་ཚང་གི་མིང་ཚིག་ཞིག་ལ་བགྲོ་གླེང་བྱེད་ཚུལ་འདིས་ཀྱང་། བོད་ལ་ཐ་སྙད་མང་བོ་ཡོད་པ་དང་ལུང་ཁུག་མི་འདྲ་བའི་སྐད་ཆ་བཤད་ལུགས་ཤིག་ཀྱང་དྲངས་དེ་འོང་གི་འདུག དགོད་དགོས་པ་ཡིན་ནམ། ངུ་དགོས་པ་ཡིན་མིན་ག་ལེར་བསམ་བློ་གཏོང་དགོས་པ་རེད་འདུག
account མིང་ཐོ།
go to account མིང་ཐོ་ལ་འཛུལ།
Account setting མིང་ཐོ་བཟོ་སྒྲིག
Account security མིང་ཐོའི་ཉེན་སྲུང་
Account change མིང་ཐོ་བརྗེ་བ།
Account = ༡ ངོ་སྤྲོད། ༢ ཐོ་བྱང་། ༣ བཅུག་ཁྲ ༤ འཆར་བཀོད། ༥ ཐོ་ཁྱིམ། ༦ མིང་ཐོ། ༧ ་་་་་་་་་་
བསམ་ཚུལ།
མིང་བྱང་ལ་འགྲོ་བ།
མིང་བྱང་བཟོ་སྒྲིབ།
མིང་བྱང་སྲུང་བ།
མིང་བྱང་བརྗེ་བ།
བསམ་ཚུལ།
མིང་བྱང་ལ་འགྲོ་བ།
མིང་བྱང་བཟོ་སྒྲིབ།
མིང་བྱང་སྲུང་བ།
མིང་བྱང་བརྗེ་བ།
ཡ་ཧོའུ་ཁ་བྱང་
ཇིའི་མེལ་ཁ་བྱང་།
ཀརྨའི་བསལ་ཚུལ་ལ་རྒྱབ་སྐྱོར་བྱེད། འོན་ཀྱང་བཟོ་སྒྲིབ་ཀྱི་ཚབ་ཏུ་བཟོ་བ་ཅེས་བྲིས་ན་ཇི་འདྲ་རེད།
བདེ་སྲུང་དང་བཟོ་སྒྲུབ། ཉེན་སྒྲིག བརྗེ་སྒྱུར་སོགས་ཀྱི་ནང་དོན་བསྐྱར་ཟློས་བྱས་ཡོད་པ་འདྲ།
མིང་བྱང་ལ་འགྲོ་བ།
མིང་བྱང་བཟོ་བ།
མིང་བྱང་སྲུང་བ།
མིང་བྱང་བརྗེ་བ།
དིང་རྡོར་ལགས་ཀྱིས་སྒྱུར་པའི་ཐ་སྙད་དེ་དོན་གོ་བདེ་བར་མ་ཟད།སྐད་ཆར་ཀློག་བདེ་བས།རྒྱབ་སྐྱོར་བྱེད་རྒྱུ་ལགས།
མིང་བྱང་”ལ”་མིན་པར་མིང་བྱང་དུ་འགྲོ་བ་ཟེར་དགོས་པ་འདྲ།
གནད་འགག་ཆེ་ཤོས་དང་ཛ་དྲག་ཆེ་ཤོས་གཉིས་ནི། དང་པོ་གནད་འགག་ཆེ་ཤོས་ནི། ང་རང་ཚོའི་སྐད་ཡིག་ནང་དུ་ས་ཡི་གོ་ལའི་སྟེང་གི་གསར་ཐོན་གྱི་དངོས་པོ་འདིའི་མིང་ལ་འདི་ཡིན་ཞེས་དང༌། དངོས་པོ་འདི་ཡི་མིང་གི་དག་ཆ་འདི་ལྟར་འབྲི་དགོས་ཞེས་ང་རང་ཚོར་བོད་སྤྱི་ཡོངས་ལ་ཁྱབ་པའི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་ཆ་འཇོག་ས་ཞིག་དགོས་རྒྱུ་དེ་གནད་འགག་ཆེ་ཤོས་སུ་སྣང༌།
ཕྱི་ལོ་ ༡༩༥༩ ལོ་ནས་ད་ལྟར་བར་དུ་བོད་ཀྱི་སྐད་ཡིག་ནང་དུ་གསར་ཐོན་གྱི་ཐ་སྙད་ཐམས་ཅད་རྩོམ་པ་པོ་དང་གསར་འཕྲིན། རླུང་འཕྲིན། བརྙན་འཕྲིན་ཁག་གིས་རང་སྣང་གང་ཤར་དང་སྐད་ཡིག་གཞན་ཞིག་ནས་དོན་བསྒྱུར་བྱས་ནས་བྲིས་པ་ཙམ་མ་གཏོགས་མེད། དཔེར་ན། མེ་འཁོར། རླངས་འཁོར། གློག་ཀླད་ཞེས་ཐ་སྙད་ཐམས་ཅད་རྒྱ་མིའི་སྐད་ནས་དོན་བསྒྱུར་བྱས་ནས་བྱུང་བ་ཞིག་རེད།
དེ་དང་འདི་འདྲ་བའི་རང་སྣང་གང་དྲན་གྱིས་མིང་ལྷག་གསར་པ་རེ་ལ་འབྲི་སྟངས་གསར་པ་རེའི་ཐོག་ནས་བོད་ཀྱི་སྐད་ཡིག་འདི་བེད་སྤྱོད་བྱས་པ་ཡིན་ན། མཐའ་མ་སྐད་ཡིག་དང་མི་རིགས་རྩ་བ་ཉིད་ནས་སིལ་བུར་འཐོར་འགྲོ་བའི་རྒྱུ་མཚན་ནི།
ང་ཡི་རྩ་བའི་བླ་མ་བོད་ཁ་བ་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་གསུངས་པ་དེ།
བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་མཁྱེན་སོང་ངམ། བཙན་བྱོལ་བོད་གཞུང་ཤེས་ལས་ཁུངས་བཙུགས་ནས་མི་ལོ་ལྔ་བཅུ་སོང་ཡང་ཞལ་ནས་གསུངས་དུས་བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་ཞེས་མ་ཎི་འདོན་པ་ནང་བཞིན་ཡིན་ཡང་། དོན་དངོས་ཐོག་ཐ་སྙད་གཅིག་མཐུན་ཞིག་དང་ཆ་འཇོག་ས་རྩ་བ་བརྟེན་ས་ཞིག་བཟོས་མེད་པ་དེ་ནི།
འཇིག་རྟེན་གྱི་ཁ་རྒྱུན་ལ། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་ནང་བཞིན་ང་རང་བོད་མི་དཀྱུས་མ་ཞིག་བློ་ཕམ་ཡོད་ལ། སེམས་སྐྱོ་བའི་གནས་ཞིག་རེད། དེང་སང་ཡུ་རོབ་དང་ཨ་མེ་རི་ཀའི་ནང་བོད་པས་བོད་ཡིག་བེད་སྤྱོད་བྱེད་སྟངས་ནི། དཔེར་ན། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་གཞི། ལེཀ་ཊེན་སྤྲཡན་ཞེས་པའི་མིང་ཚིག་གི་ཐ་སྙད་དེ་ནི་འཇར་མན་སྐད་ཡིག་ཐོག་ནས་Liechtenstein ཞེས་བྲིས་ཡོད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཚན་ནས་ Afghanisthan ཞེས་པའི་ཡུལ་མིང་ཞིག་ལ་བོད་ཡིག་ཐོག་ནས་ཨཕ་ག་ནིསྟ྄ན་ཞེས་བྲིས་ཡོད་པ་དེ་ཚོ་ནི། ང་རང་ཚོ་བོད་ཁ་བ་ཅན་གྱི་སྐད་ཡིག་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མི་མཐུན་པའི་འབྲི་སྟངས་ཞིག་རེད་འདུག་སྙམ།
སུམ་བཅུ་པའི་རྩ་བ་ལས། ག་ང་ད་ན་བ་མ་འ། ར་ལ་ས་རྣམས་རྗེས་མཇུག་བཅུ། ད་དང་ས་གཉིས་ཡང་མཇུག་སྟེ་ཞེས་རྗེས་མཇུག་བཅུ་དང་ཡང་མཇུག་གཉིས་གསུངས་ཡོད། དེང་སང་མཁས་དབང་ཚོས་ཀ་དང་ཡ་གཉིས་རྗེས་མཇུག་དང་ན་ཡང་མཇུག་བཞག་ནས་བྲིས་པ་དང༌། ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་པ་འདི་རིགས་བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱིས་ཀྱང་བོད་ཡིག་ཀློག་མི་ཤེས་པ་ཞིག་འོང་ངེས་ལ། རྩ་བ་བརྟེན་ས་དང་ཁུངས་གཏུག་ས་མེད་པར་རང་སྣང་གང་ཤར་བྱས་ནས་བྲིས་པ་དེས་བོད་མི་རིགས་ཀྱི་སྐད་ཡིག་སིལ་བུར་འཐོར་འགྲོ་བའི་རྐྱེན་དུ་སྣང༌།
དེ་ལྟར་མ་ཡིན་པ་མིང་ཚིག་གི་ཐ་སྙད་འདི་གཉིས་ཐོན་མི་སམ་བྷོ་ཊའི་ཡི་གེའི་ལུགས་སྲོད་དང་མཐུན་པ། སྒྲ་རིག་པའི་བསྟན་བཅོས་དང་མ་འགལ་བའི་ཐོག་ནས་འདོན་སྟངས་ཤིག་དང་འགྲེལ་བཤད་ཡོད་པ་ཡིན་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རང་དབང་གླེང་མོལ་ཐོག་ནས་བོད་རིགས་རྒྱ་ཆེ་མི་དམངས་ཀྱི་མདུན་དུ་ཐ་སྙད་འདི་གཉིས་འདོན་ཤེས་པ་དང་འགྲེལ་བཤད་བརྒྱབ་ཤེས་པའི་བོད་མི་དཀྱུས་མ་ང་ལྟ་བུ་ཞིག་ཡོང་ཐུབ་པ་ཡིན་ན།
ཀློག་ཡོན་སུད་སི་སྒོར་མོ་བརྒྱ་ཐམ་པ་དང་མཇལ་དར་གཅིག་འབུལ་རྒྱུ་ཡིན། དེ་ལས་ལྷག་རྩོམ་པ་པོ་དང་གསར་འགོད་པ། དགེ་བཤེས་ལྷ་རམས་པ་ཕེབས་པ་ཡིན་ན། སུད་སི་སྒོར་མོ་ཉིས་བརྒྱ་དང་མཇལ་དར་ཞིག་འབུལ་རྒྱུ་ཡིན།
དེ་ལས་ཀྱང་ལྷག་པའི་བོད་བཙན་བྱོལ་གཞུང་གི་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་ཕེབས་ཐུབ་པ་ཡིན་ན། སུད་སི་སྒོར་མོ་སུམ་བརྒྱ་དང་མཇལ་དར་ཞིག་དང་ཕྱག་གསུམ་འཚལ་རྒྱུ་ཡིན།
གཉིས་པ་ཛ་དྲག་ཆེ་ཤོས་ནི། ང་རང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་དུས་རབས་གསར་པའི་རིག་གནས་ལ་མཁས་པ་དང་བོད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་ཁྱད་ཆོས་གཉིས་ལྡན་གྱི་བོད་མི་རྣམས་དགུང་ལོ་མཐོ་པོ་ལ་སླེབས་བཞིན་འདུག ཁྱད་ཆོས་གཉིས་ལྡན་གྱི་བོད་མི་དེ་ཚོ་ཞལ་བཞུགས་པའི་སྐབས་སུ་ང་རང་ཚོ་བོད་ཁ་བ་རི་བ་ལ་དགོས་མཁོ་ཡོད་པའི་དུས་རབས་གསར་པའི་རིག་གནས་ཐམས་ཅད་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་དགོས་པ་ནི་གནས་ཚུལ་ཛ་དྲག་ཞིག་ཏུ་སྣང༌།
དཔེར་ན། ཁྱད་ཆོས་གཉིས་ལྡན་གྱི་བོད་མི་སྨན་པ་རྟའུ་དཔལ་ལྡན་ལྟ་བུར་ཆ་མཚོན་ན། ནུབ་ཕྱོགས་པའི་གསོ་བ་རིག་པ་ཁོང་དུ་ཆུད་པ་དང་། བོད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་ཁྱད་ཆོས་གཉིས་ལྡན་གྱི་བོད་མི་དེ་ཚོ་ཞལ་བཞུགས་པའི་སྐབས་སུ་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ནུབ་ཕྱོགས་པའི་གསོ་བ་རིག་པ་བོད་ཡིག་ནང་བསྒྱུར་མི་དགོས་པ་ཅི་ཡིན་ཞེས་འདྲི་རྒྱུ་ཡིན། དེ་དང་དེ་འདྲ་བའི་ཞིང་ལས་འབྲོག་ལས་བཟོ་ལས་ལ་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ལས་དོན་རིག་གནས་ཐབས་ཅད་བོད་ཀྱི་སྐད་ཡིག་ནང་དུ་ཚུར་བསྒྱུར་ཐུབ་པ་ཡིན་ན། དེ་ནི་ང་རང་ཚོའི་མི་རིགས་ཀྱི་ཆེད་དུ་རིན་ཆེན་གསེར་ལས་ལྷག་པའི་དགོས་མཁོ་ཡོད་པར་སྣང༌།
དཔེར་ན། ང་རང་ཚོ་བོད་ལ་ཆ་བཞག་ན། འོ་མ་ཡོད་ཀྱང་ཕྱུར་བ་བཟོ་མི་ཤེས། ས་ཆ་ཡོད་ཀྱང་ཞིང་ལས་འདེབས་མི་ཤེས། གཏེར་ཁ་ཡོད་ཀྱང་བཟོ་གྲྭ་འཛུགས་མི་ཤེས། གསེར་དངུལ་ཡོད་ཀྱང་དངུལ་ཁང་འཛུགས་མི་ཤེས། གནས་ཚུལ་འདི་ཚོ་མིག་གི་མདུན་དུ་བཞག་ནས་བོད་ཀྱི་མཁས་དབང་ཚང་མས་ཁ་མི་གྲགས་པར་ལྐུག་པ་ཆགས་སོང་ངམ།
འོ་ན་དུས་རབས་ཉི་ཤུ་རྩ་གཅིག་ནང་དུ་སླེབས་ན་ཡང་རྨོངས་གཉིད་ཁུག་ནས་སྡོད་ཀྱི་ཡིན་ནམ། གལ་སྲིད་དུས་རབས་གསར་པའི་ལག་ཤེས་དང་རིག་གནས་ཐམས་ཅད་ང་རང་ཚོའི་སྐད་ཡིག་ནང་དུ་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་སྐད་ཡིག་འདིའི་ཐོག་ནས་དུས་རབས་གསར་པའི་སྤྱི་ཚོགས་ནང་དུ་བོད་མི་རྣམས་ཀྱིས་རྗེས་སུ་མ་ལུས་པའི་འཚོ་བ་གསར་པ་ཞིག་སྐྱེལ་ཐུབ་པའི་རེ་བ་ཡོད་པ་དང༌། དེ་འདྲ་བྱུང་ན་བོད་ཡིག་སློབ་སྦྱོང་བྱེད་མི་མང་དུ་འགྲོ་བ་དང་བོད་ཡིག་ལ་མཐོང་ཆེ་རུ་འགྲོ་བ་ནི་ཞུ་མ་དགོས་པར་མཁྱེན་གསལ་རེད།
རང་ཉིད་དང་ཁྲག་རྒྱུད་འབྲེལ་བའི་སྤུན་ཟླ་ལྷན་རྒྱས་ལགས། ད་འདི་ནས་གུས་པའི་འབྲི་མཚམས་འཇོག་རྒྱུ་ཡིན། འཇིག་རྟེན་གྱི་ཁ་རྒྱུན་ལ། བཤད་མང་ན་ཕ་གཏམ་བུ་ལ་ཕོག། ཟ་མང་ན་བྲང་ཁའི་མཆིན་པ་ན་ཞེས་པ་ནང་བཞིན་མཚམས་བཞག་ན་བསམ། དེ་ལས་རྒྱ་ཆེ་ཀློག་པ་པོས་གུས་པའི་ཡིག་ནོར་དང་བཤད་པ་ཐལ་དྲགས་པ་རྣམས་ལ་རྐྱོན་བརྗོད་དང་དགག་པ་མང་ཙམ་ཡོད་པ་མཁྱེན། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༨ཉིན་སུད་སི་ནས་བཏང་།
འདོན་སྤེལ།: ༢༠༡༠/༠༤/༠༩
ཨེ་ཤི་ཡ་རང་དབང་རླུངས་འཕྲིན་ཁང་ལ་ཚད་འཛིན་མ་བྱས་ན་དགའ་ ཁོང་ཚོ་སུམ་རྟགས་རང་དབང་ མིང་ཚིག་རང་དབང་ བརྗོད་བྱ་རང་དབང་རེད་
གསར་འགྱུར་ཡིན་ཟེར་སྙན་མངགས་འདྲ་བ་ དེ་འདྲའི་ཨམ་མདོའི་ཡོན་ཏན།
བྱེད་སྒྲ་འབྲེལ་སྒྲ་གཉིས་བརྩེགས་གསུམ་རྩེགས་ དེ་འདྲའི་དབུས་པའི་བྱེད་རྒྱུ།
ན་རོ་མེད་སར་ན་རོས་གང་སོང་ དེ་འདྲའི་ཁམས་པའི་བློ་ཁོག་
ས་ཡོམ་རྒྱབ་ཀྱང་བཀྲིས་བདེ་ལེགས་ དེ་འདྲའི་རང་དབང་ཆེན་པོ།
ཅོ་རི་ཉི་མ་ལགས་ཀྱིས་འདི་གར་བཀོད་པའི་བསམ་ཚུལ་དག་ཤིན་ཏུ་ཡག་པོ་རེད་བསམ་སོང་།
ང་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྣམས་དེང་རབས་རིག་གནས་སུ་སྤྱོད་རྒྱུ་དང་། དེང་རབས་རིག་གནས་དེ་ཚན་རིག་ཅན་དང་། འཕྲུལ་ཆས་ཅན་དུ་སྒྱུར་ཐུབ་ན་བོད་རང་གི་སྲོད་རྒྱུན་རིག་གནས་ལ་ལྷད་མ་འདྲེས་པར་རང་ཚུགས་ཐུབ་པའི་སྒོ་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་ངེས་རེད། དེ་མི་རིགས་ཤིག་གི་འཕེལ་རྒྱས་ཡིན་ལ། ལོ་རྒྱུས་ཀྱིས་ང་ཚོའི་ཕྲག་སྟེང་ལ་བཀལ་བའི་འགན་འཁྲིའང་ཡིན་པས་ཚང་མས་དོ་སྣང་གཟབ་ནན་བྱེད་འོས་པ་ཞིག་རེད།
འོ་ཉིད་ཀྱིས་གཏམ་དཔེ་དེ་ཧ་ཅང་སྙན་པོ་ཞིག་རེད་། འོན་ཀྱང་རྗེས་ཀྱི་ཚིག་རྐང་དེ་ནོར་འདུག
དཔེ་དཔེ་ཅན་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཀོད་ཡོད་ལ་གཙོ་བོ་གནས་ལུགས་སམ་རྒྱུ་འབྲས་ཀྱི་མཚུངས་ཆོས་རང་རེད།
དེ་ལ། བཤད་མང་ན་ཕ་གཏམ་བུར་གནོད་ལ། ཟ་མང་ན་སྦྲང་རྩི་མཆིན་པར་གནོད་ལ། འོ་དེ་རེད།
དིང་རྡོར་གྱི་སྒྱུར་ཚིག་མིང་ཐོ་ཞེས་པ་འདི་ལེགས་ཤོས་རེད། ཚིག་འདི་སྔ་མ་བོད་གཞུང་གི་ཡིག་ཆ་རྙིང་པ་རྣམས་ཀྱི་ནང་ལ་ཡང་གསལ།
ཧ་ཅང་གི་ཡག་པོ་འདུག བོད་མི་རྣམས་ཤེས་ཡོན་གྱི་ཕྱུགས་དྲག་ནས་དབྱིན་སྐད་ཀྱི་ཐ་སྙད་རེ་རེ་ལ་བོད་སྐད་ཀྱི་ཐ་སྙད་བཅོ་ལྔ་ཉི་ཤུ་རེ་ཕལ་ཆེ་སླེབས་ས་རེད། ཤེས་ཡོན་པ་རང་རང་སོ་སོའི་དེབ་རེ་བརྩམས་པའི་སྐབས་སུ་རང་རང་གི་འདོད་མོས་ཡོད་པའི་ཐ་སྙད་དེ་བེད་ཆོད་བཏང་ནས་འགྲོ་དགོས་ཀྱི་ཡོད་རེད། དེས་ན་ཧ་ལས་པའི་ཐ་སྙད་ཀྱི་ཕྱུགས་པའི་མ་འོང་པའི་རྒྱལ་ཁབ་ཞིག་དུ་འགྱུར་ངེས་སོ།
ཐ་སྙད་ཀྱི་ཕྱུགས་པའི་བོད་ཕྲུག་ཚོ་ཤུགས་རྒྱོབ་དང ད་དུང་མུ་མཐུད་ནས་དབྱིན་ཚིག་རེ་ལ་བོད་ཚིག་བརྒྱ་ཕྲག་ཁ་ཤས་རག་སྲིད།
ཅོརི་ཉི་མ་ལགས་ ཁྱེད་རང་གིས་༼འོ་མ་ཡོད་ཀྱང་ཕྱུར་བ་བཟོ་མི་ཤེས། ༽ཞེས་གསུང་པ་དེ་དངོས་གནས་བདེན་པ་རེད་ ང་ཚོ་བོད་མི་རྒྱ་ཆ་༥༠་རྩམ་འབྲོག་པ་ཡིན་ཀྱང་ཆུ་ར་སྣེ་ཁ་ལྔ་རྩམ་ལས་བཟོ་མི་ཤེས་ དེའང་སྤུད་དག་པོ་དང་ཞིམ་པོ་དེ་རྩམ་མེད་ འཛམ་གླིང་ཐོག་ཆུར་ར་ཡག་ཤོས་བཟོ་མཁན་དེ་ཁྱེད་རང་བཞུགས་སའི་རྒྱལ་ཁབ་དེ་ཡིན་པས་ དེར་བཞུགས་བོད་མི་ཁག་གཅིག་སྒྲིགས་འཛུགས་གནང་ནས་སུད་སིའི་ཆུར་ར་བཟོ་གཏང་སློབ་སྦྱོང་གནང་ཐོག་བོད་ཀྱི་འབྲོག་པ་ཚོར་བསླབས་གནང་ཐུབ་ན་ཕན་ཐོག་ཧ་ཅང་ཆེན་པོ་ཡོང་རྒྱུ་དང་ དེར་རྒྱ་མིས་ཀྱང་དགགས་ཆ་བྱེད་ཀྱི་མ་རེད་བསམགྱི་འདུག་པས་ གང་འདྲ་འདུག་གམ།
འཇིགས་མེདལགས།
བདེན་བདེན། ངས་སྔོན་མ་ནས་བསམ་བསྡད་ཀྱི་ཡོད། ཕྱུར་ར་བཟོ་སྟངས་ཐོག་ནས་བསམ་ཚུལ་ཐུང་ཙམ་ཞུས་ན། དང་པོར། ཕྱུར་བཟོ་སྟངས་ཀྱི་ལག་ཤེས་རིག་གནས་བོད་ཡིག་ནང་དུ་བསྒྱུར་དགོས། དེ་དགོས་དུས་སུ་ཐ་སྙད་ཀྱི་མ་འདང་བའི་དཀའ་བསྔལ་ཕྲད་ཀྱི་རེད།
བོད་ཀྱི་སྐད་ཡིག་ནང་དུ་ཕྱུར་བཟོ་སྟངས་བསྒྱུར་ཚར་དུས་བོད་མི་རེ་འགའི་ཕྱུར་ར་བཟོ་སྟངས་ཀྱི་ཆེད་ལས་སློབ་སྦྱོང་ཚད་དང་ལྡན་པ་བྱེད་དགོས་། དེའི་རྗེས་སུ་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་བོད་ནང་དུ་ཕྱུར་ར་བཟོ་སྟངས་ཀྱི་ལག་ཤེས་སློབ་ཆོག་གི་རེད་ལ་སློབ་དགོས་པ་འདོད། འདི་ཚོ་སྤྱི་ཚོགས་ནང་དུ་ལག་ལེན་ཡོང་ཐུབ་ཀྱི་རེད་སྙམ།
གལ་ཆེན་ཤོས་སྤྱི་འཐུས་ལྷན་ཚོགས་ཀྱིས་གནད་དོན་འདིར་ཤེས་དགོས་ལ་རྒྱབ་སྐྱོར་ཐོབ་དགོས། བོད་གཞུང་གིས་ངོས་ནས་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་ཆེད་ལས་རིག་གནས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ཐུབ་པ་བྱེད་དགོས།
བཀའ་སྤྱི་གཉིས་བརྗེ་པོ་བརྒྱབས་ཚར་དུས་སུ་གྲོས་འཆར་བཏོན་དགོས་བསམ་བསྡད་ཡོད་ལགས། གཅིག་གསུང་དང་ གཞན་དག་ཐབས་ཤེས་ག་རེ་འདུག་གམ།
ཁྱུང་སྲས་ལགས། མི་ཡུལ་ས་མཐའ་བསྡད་ཡུན་རིང་སོང་བས་ཡིན་ས་རེད། ཆུང་དུས་ཁ་ནང་དུ་ཡོད་པའི་གཏམ་དཔེར་མང་པོ་ཞིག་དེང་སང་བརྗེད་འགྲོ་གི་འདུག ཐུགས་རྗེ་ཆེ། ཁྱེད་གསུངས་པ་ལྟར་ཡིན་ས་རེད།
ཆེད་ལས་རིག་གནས་སྐོར་དུ་བསམ་ཚུལ་དེ་འདྲ་ཡིན་པས་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང་། བོད་མི་རིགས་སུ་ཅིག་ཕན་ན་བསམ་པ་ཁོ་ན་ཡིན། མུ་མཐུད་ནས་ཤུགས་རྒྱབ་བརྩི་ཡང་ཡོད། སྐབས་དང་དུས་སུ་བབ་དུས་བྱ་བ་ལེགས་གྲུབ་ཡོང་ཆེད་དུ་རྒྱབ་སྐྱོར་གནང་རོགས་ཞུ།
ངས་འདི་ནས་འབྲེལ་བ་མེད་པ་ཞིག རང་གི་ཚོར་སྣང་ལ་སླེབས་པ་ཞིག་བཤད།
རིན་པོ་ཆེ་དང་པདྨ་མཚོ་སོགས་ཁ་ཤས་ཤིག་མི་གཅིག་ཡིན་པ་འདྲ་ཞིག་འདུག གང་གིས་ཟེར་ན་ཚིག་འགྲོས་ལ་དཔྱད་རྒྱུ་འདུག་ལ། རིག་པའི་འདོན་སྟངས་ཡག་མིན་ལ་མ་བལྟས་པས་འདྲ་བོ་ཡོང་གི་འདུག འཁྲབ་སྟོན་མང་གི་ཡ
ཅོརི་ཉི་མ་ལགས་ ཆུ་ར་བཟོ་གཏང་ཡིག་ཐོག་དུ་ཕབས་ནས་དེབ་བཟོས་ན་ཡག་པོ་འདུག་ཀྱང་་ བོད་ཀྱི་འབྲོག་པ་རྣམས་མང་ཆེ་བས་ཡི་གེ་མི་ཤེས་ལ་ཡི་གེ་ཤེས་པ་ཚོས་ཀྱང་ཁ་མདོན་དཔེ་ཆ་དང་གེ་སར་གྲུང་དེབ་མ་གཏོགས་ཀློག་གི་མ་རེད་ དཔེ་ན་བོད་མི་ཁྲི་སྟོང་མང་པོ་རྒྱ་གར་ལ་གནས་སྐོར་ལ་འགྲོ་མྱོང་ཡོད་ཀྱང་ཨ་མདོ་དགེ་ཆོས་ལགས་ཀྱི་ལམ་ཡིག་ལ་ལྟད་ནས་གནས་སྐོར་ལ་འགྲོ་མཁན་ཧ་ལམ་ཉུང་ཉུང་རེད་ དེ་ལས་དངོས་སུ་སྦྱང་ནས་དངོས་སུ་བསླབས་པར་ཕྱིན་ན་ལེགས་ ཆུ་བ་དང་ བཀའ་ཁྲི་ སྤྱི་མཐུས་འབྲེལ་བ་མིན་འདུག་བསམ་་ དེ་ལྟར་བྱུང་ན་ང་རང་ཡང་ཁྱེད་དང་མཉམ་དུ་ཡོང་ངེས་ཡིན་
འཇིགས་མེད་ལགས་ཡི་གེ་མ་ཤེས་ན་སྐྱོན་མེད།
ཐབས་ཤེས་གཞན་མ་ཞིག་ཡོད་པར་ངས་དྲན་བྱུང།
རྒྱ་གར་དང་རྒྱ་ནག་བལ་པོ་དབྱིན་ཇི་སོགས་ཀྱི་སྐད་དུ་སྒྲ་བཅུག་འཁོར་ལོའམ་ལག་ཐོགས་ཁ་པར་གྱི་ནང་དུ་བཅུག་ན།
ཉན་མདོག་ཁ་བོ་རེད།
བོད་སྐད་ཐོག་ཉན་མཁན་དཀོན་པོ་རེད།
ལྷ་སའི་རླུང་འཕྲིན་ཁང་དུ་བཀོད་སྒྲིག་པས་ཕར་བོད་སྐད་རྒྱབ་ཐབས་ཀྱིས་ཨུ་ཚུགས་གནང་མོད་ཕར་ངོས་བོད་པ་ནས་རྒྱ་སྐད་དང་རྒྱ་སྐད་ཀྱི་ཨང་གིའི་སྟེང་ནས་ལན་འདེབས་བྱེད་ཀྱི་འདུག
འཇིགས་མེད་ལགས་བོད་ཀྱི་ཡི་གེ་མ་ཤེས་ན་སྐྱོན་མེད།
ཐབས་ཤེས་གཞན་མ་ཞིག་ཡོད་པར་ངས་དྲན་བྱུང།
རྒྱ་གར་དང་རྒྱ་ནག་བལ་པོ་དབྱིན་ཇི་སོགས་ཀྱི་སྐད་དུ་སྒྲ་བཅུག་འཁོར་ལོའམ་ལག་ཐོགས་ཁ་པར་གྱི་ནང་དུ་བཅུག་ན།
ཉན་མདོག་ཁ་བོ་རེད།
བོད་སྐད་ཐོག་ཉན་མཁན་དཀོན་པོ་རེད།
ལྷ་སའི་རླུང་འཕྲིན་ཁང་དུ་བཀོད་སྒྲིག་པས་ཕར་བོད་སྐད་རྒྱབ་ཐབས་ཀྱིས་ཨུ་ཚུགས་གནང་མོད་ཕར་ངོས་བོད་པ་ནས་རྒྱ་སྐད་དང་རྒྱ་སྐད་ཀྱི་ཨང་གིའི་སྟེང་ནས་ལན་འདེབས་བྱེད་ཀྱི་འདུག
བོད་ནང་གི་མདོ་དབུས་ཁམས་གསུམ་དུ་གཅིག་གྱུར་ཐོག་འགྲོ་བཞིན་པའི་”གསར་བྱུང་རྒྱུན་བཀོལ་མིང་མཛོད་”ཀྱི་དགོངས་དོན་གཞིར་བཞག་ཐོག་འགྲོ་ཐུབ་ན་དགེ་མཚན་ཆེ་བར་མཐོང་། དེར་བརྟེན་གཤམ་དུ་ཕྲན་གྱིས་མིང་མཛོད་ལས་དཔེ་མཚོན་ཁག་ཅིག་དྲངས་ཡོད་པ་དག་དཔྱད་གཞིར་བཟུང་ན་སྙམས།
1 ཐོ་གསུབ་པ། close an account销户
མི་སྒེར་རམ་ལས་ཁུངས་ཀྱིས་དངུལ་ཁང་སོགས་སྡེ་ཁག་གང་རུང་དང་ལས་དོན་གྱི་འབྲེལ་བ་གཅོད་པར་བྱེད་པའོ། །
2 ཐོ་ངོས། account book账面རྩིས་ཐོའི་ངོས་སུ་བཀོད་པའི་ནང་དོན་ནོ། །
3 ཐོ་བདགbank) account户头རྩིས་གཉེར་སྡེ་ཁག་གིས་ཐོ་དེབ་ནང་དུ་རྩིས་དོན་འབྲེལ་བ་ཡོད་པའི་མི་སྒེར་རམ་ཚོང་པའོ། །
4 ཐོ་འཛུགས།open a bank account立户༢དངུལ་ཁང་དུ་དངུལ་བཅོལ་སྐབས་ཐོ་འཛུགས་པའོ། །
5
འཇིགས་མེད་ལགས། ཆེད་ལས་རིག་གནས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་མེད། སུད་སི་རྒྱལ་ཁབ་ལྟ་བུ་ཡིན་ན་ཆེད་ལས་སློབ་སྦྱོང་མེད་མཁན་མི་ཞིག་འཚོ་བ་ཡག་པོ་ཡོང་གི་མེད་པ་ཞིག་ལ་བརྩི་གི་རེད། བོད་རྒྱལ་ཁབ་ལ་ཆེད་ལས་རིག་གནས་མང་པོ་དགོས་དང་དགོས།
འབྲོག་པའི་ལག་ཤེས་ནང་ནས་ཕྱུར་ར་བཟོ་སྟངས་འདི་ཆེད་ལས་སྣ་གཅིག་རང་གཅིག་རེད། ཡིག་ཐོག་དང་གློད་ཀླད་ཐོག་ནས་ལག་ཤེས་རིག་གནས་ཚད་ལྡན་སྦྱང་དགོས་པ་མ་གཏོགས་ལག་ཤེས་ཚད་ལྡན་མེད་ན་བྱ་དངོས་དེ་རྒྱལ་སྤྱིའི་ཚོང་ཁྲོམ་ནང་དུ་འགྲོ་ཐུབ་ཀྱི་མ་རེད།
ཤེས་གསལ་རེད། ནུབ་ཕྱོགས་སུ་ཕྱུར་ར་གོང་ཚོད་ཆེན་པོ་ག་ཚོད་ཡིན་མིན། དེའི་ནང་ནས་ཟས་རིགས་ཀྱི་ལས་ཀའི་ཐོག་ཏུ་ཚད་ལྡན་གྱི་ཆེད་ལས་པ་མིན་ན་མི་དམངས་དུང་ཕྱུར་མང་པོའི་ཚེ་སྲོག་དང་འབྲེལ་བ་ཆགས་བསྡད་ཡོད་རེད། ལག་ཤེས་ཐད་ཆག་གཅིག་མ་ཡིན་པར་ཡག་པོ་གཅིག་དང་ཚད་ལྡན་གཅིག་བོད་མི་རིགས་ཀྱི་ཆེད་དུ་དགོས་མཁོ་ཆེན་པོ་རེད་འདོད།
གཞུང་གཅིག་དང་སྒྲིག་འཛུགས་ཤིག་གིས་ངོས་ནས་མ་གཏོགས་ཆ་ཚང་བ་ཞིག་ཡོང་གི་མ་རེད་འདོད། ཁྱེད་དང་ངེད་གཅིག་པོ་གིས་གང་བྱེད་ཐུབ་ཀྱི་མ་རེད། ང་གཉིས་ལྟ་བུ་དགོས་མཁོ་ཡོད་ངེས་རེད།
ཅོ་རི་ཉི་མ་ལགས་ལ།
གོང་གི་མིང་ཚིག་དེ་གཉིས་ངས་ཀློག་རྒྱུ་ཡིན་ན་ང་ལ་པད་ཤག་བསྐུར་རྒྱུ་མ་བརྗེད་ཅིག
ད་དུང་བོད་ཡིག་སྦྱང་དང་།
ཀློག་ཤེས་འགྲོ་གི་རེད།
Branislava Katic 2011年3月25日 18:06
by Sonam Gyatso :
ད་ལོའི་ཧོར་ཟླ་༢བའི་ཚེས་༡༡ཉིན་ཡང་འབོ་རའི་ས་ཆར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱས་འདུག
ད་ནངས་ཕ་ཡུལ་ལ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་པ་ལྟར་ན། མདོ་ལྷོ་ཤེས་རིགས་འབར་བའི་ཞིང་ཁམས། བསང་ཆུ་རྫོང་གི་མངའ་ཁོངས། འབོ་རའི་ས་ཆར་སུམ་བཅུའི་དུས་དྲན་དང་། ཧོར་ཟླ་༢བའི་ཚེས…་༡༡གི་གཡས་གཡོོན་ཏུ་རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཤུགས་ཆེར་བྱས་ཡོད་འདུག སྤྱིར་ཧོར་ཟླ་༢བའི་ཚེས་༡༡་གི་ཉིན་འདི་ནི་འབོ་རའི་མི་མང་ལ་མཚོན་ན་ལོ་རྒྱུས་ཀྱི་ངོས་ནས་དམིགས་བསལ་གྱི་ཉིན་ཞིག་ཆགས་ཡོད་སྟབས། གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཉིན་དེ་ནས་བཟུང་དད་ལྡན་མི་དམངས་རྒན་གཞོན་མང་བོ་ཞིག་གིས་འདི་ལྟར་རང་སྟེང་གི་དྲི་མ་མ་སྦྱངས་ན་༧རྒྱལ་བ་རིན་པོ་ཆེར་མཇལ་མི་ཐུབ་པས་སྡིག་བཤགས་དང་དགེ་སྒྲུབ་བྱེད་རྒྱུ་སེམས་ཁོངས་སུ་བཅངས་ཏེ། ཁ་སང་དེ་རིང་འབོ་རར་ཁ་བ་ཇི་ལྟར་བབས་ཀྱང་། གནམ་གཤིས་ཇི་ལྟར་གྲང་ཡང་གང་ལ་མ་འདྷེམས་པར་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ཆོས་སྲིད་ཟུང་གི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་དང་དམ་ཚིག་བརྟན་པོའི་སྙིང་སྟོབས་ཀྱི་གོ་ཆ་ཡོངས་སུ་བསྒོས་ཏེ་དུས་འདི་ལ་རང་རང་གི་སྡེ་བ་ནས་མི་ཁ་ཤས་ཀྱིས་རྐྱང་ཕྱག་དང་། ཡང་ཁ་ཤས་ཀྱིས་ཕྱག་མེ་ཏོག་མ་འཚལ་ཏེ་དགོན་པའི་ནང་དུ་ད་དུང་བསླེབས་དང་སླེབ་བཞིན་ཡོད་འདུག
ད་དུང་ཕྱི་ཟླ་༣བའི་ཚེས་༡༩ཉིན་སྡེ་བ་རེ་ཡི་སྡེ་དཔོན་དང་དགོན་པའི་མི་སྣ་སོགས་ཞང་མི་དམངས་སྲིད་གཞུང་དུ་འབོ་བསྐོངས་འགུག་གིས་ཚོགས་འདུད་བསྐངས་ཏེ། ནམ་རྒྱུན་ལྟར་ད་ལྟའི་སྲིད་ཇུས་འདི་ཡག་རབ་བཟང་རབ་དང་། དེ་ལ་ངོ་རྒོལ་དང་མི་འདོད་པའི་ཉམས་འགྱུར་ཙམ་ཡང་སྟོན་རྒྱུ་མེད་ཚུལ། གལ་སྲིད་ངོ་རྒོལ་གྱི་རིགས་འདྲ་བྱུང་ཚེ་བཙོན་འཇུག་དང་། ཉེས་རྡུང་། སྲོག་ཐོག་ལ་གཏོང་རྒྱུ་ཡིན་རབས་སོགས་ཀྱི་འཇིགས་སྐུལ་དང་སྡིག་ར་སྣ་ཚོགས་བསྐུལ་འདུག ལྷག་པར་གྲྭ་བ་ཚོ་ཡག་པོ་མ་བསྡད་ན་ཚོགས་དང་ཆོས་གྲྭར་ཚོགས་སུ་འཇུག་རྒྱུ་མིན་པ་དང་། ཕྱིར་སོང་ནས་མི་མང་ལ་དེ་ལྟར་སློབ་གསོ་རྒྱག་རྒྱུའི་སྐུལ་མ་བཏང་དང་། ཕྱིར་ཉིན་ཚེས་༢༠ཉིན། ཡང་བསྐྱར་དགོན་པའི་གྲྭ་བ་ཚང་མར་རང་གི་ནང་མི་སྲིད་གཞུང་དུ་ཁྲིད་ཡོང་བཅུག་ཏེ། རང་རང་གི་གྲྭ་བར་གནས་ཚུལ་ཅི་ཡང་འབྱུང་དུ་མི་འཇུག་རྒྱུའི་འགན་ཁུར་དགོས་པའི་བཙན་བཀའ་བཏང་སྟེ་ཤོག་སླེ་ཁ་ཤས་ཅན་གྱི་རྒྱ་ཡིག་གི་ཡིག་ཆ་ཞིག་གི་ཐོག་ལ་མཛུབ་ཐེལ་མནན་དུ་བཅུག་སྟེ་སུན་བཙུར་བྱས། ང་ཚོས་ཤེས་གསལ་ལྟར་ཉིན་དེར་བཙན་བྱོལ་དུ་བཀའ་བློ་ཁྲི་བ་དང་སྤྱི་འཐུས་ཀྱི་འོས་ཤོག་བླུགས་པ་དེ། ཁོ་ཚོས་འུ་ཚང་ལ་རྒྱལ་ཁ་ཆེན་པོ་ཞིག་དང་། དགའ་འོས་པའི་འགྱུར་བ་ཞིག་ལ་བརྩིས་ཏེ་དགའ་སྤྲོའི་རྣམ་པ་ཙམ་སྟོན་ཆེད་དེའི་དགོང་མོར་བསང་གཏོང་རྒྱུ་དང་། ཤོག་སྤག་སྒྲོན་རྒྱུ། རླུང་རྟ་སྐུར་རྒྱུ་སོགས་གྲ་སྒྲིག་བྱས་ཡོད་ནའང་། ཉིན་དེའི་སྔ་དྲོ་ནས་འབྱོར་ཡོད་པའི་རྫོང་དང་ཁུལ་གྱི་དྲག་ཆས་དམག་མི་དང་ཉེན་རྟོག་པ་རླངས་འཁོར་ཁ་ཤས་ཡོང་ནས་མཚན་གང་བོར་དགོན་པའི་ལྕགས་རི་བསྐོར་བ་དང་། རླངས་འཁོར་ཆེན་པོ་ཞིག་འདུག་ཁང་ལ་བསྐོར་ཏེ་ནང་ནས་ཧ་ཅང་འོད་ཆེ་བའི་གློག་ཅིག་འདུ་ཁང་ཐོག་སྦར་ནས་བཞག་པ་དང་། དམག་མི་ཚོས་མཚན་གང་བོར་གླིང་དཀྱིལ་ཉུལ་ཏེ་གྲྭ་བ་གཅིག་ཀྱང་རང་ཤག་ནས་ཕྱིར་འབུད་དུ་མ་བཅུག་པས་ཁོ་ཚོས་ཅི་ཡང་བྱས་ཐུབ་པར་བློ་ཕམ་དང་བཅས་མི་འདོད་བཞིན་དུ་ནང་ནས་འདུག་དགོས་བྱུང་ཡོད་འདུག
གོང་དུ་ཞུས་པ་ལྟར་ང་བརྒྱད་ལོའི་ཧོར་ཟླ་༢བའི་ཚེས་༡༡གི་ཉིན་རྒྱ་ནག་གི་དྲག་དམག་ལ་ངོ་རྒོལ་བྱས་པས། ང་ཚོས་ཤེས་གསལ་ལྟར་དམག་གི་མང་ཉུང་དང་མཚོན་ཆའི་བཟང་ངན་སོགས་ཀྱིས་རྐྱེན་པས་ཉིན་དེར་རང་ལ་ལུང་ཁག་ཅིག་ནས་ཁྱིམ་ཚང་ནང་གི་ཀ་གདུང་ལྟ་བུའི་མི་༡༤༧་དམར་གསོད་བཏང་བ་དང་། ༢༠༠༦གི་ལོར་༧གོང་ས་མཆོག་གི་བཀའ་གསུང་ལན་ཅིག་གནངས་པ་ལྟར་ཧོར་ཟླ་༢བའི་ཚེས་༡༡ཉིན་ནས་ཉིན་ཁ་ཤས་རིང་རྩ་ཆེའི་པགས་རིགས་རྒྱ་སྒོར་ཁྲི་སྟོང་ལྷག་གི་རིན་ཐང་མེ་བསྲེགས་བཏང་། ༢༠༠༨ལོའི་གོང་གི་ཟླ་ཚེས་ཉིན་ཀུན་ཀྱིས་མཐོང་ཟིན་ལྟར་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཤས་BBCདང་། CNN CTTསོགས་སུ་བསྟན་པ་ལྟར་ཅང་ཤེས་རྟ་ལ་ཞོན་ཏེ་རྒྱ་གཞུང་གི་སྲིད་ཇུས་ལ་མི་འདོད་པའི་ཉམས་འགྱུར་བསྟན། ཡང་༢༠༠༩ལོའི་གོང་གི་ཟླ་ཚེས་ཉིན་ཨ་མྱེས་དབང་རྒྱལ་ཟེར་བའི་ལབ་ཙེ་དེ་སྟོད་ཞོར་དུ་
ཆང་དང་ཐ་མ་འཐེན་རྒྱུ་བཅད། སྤྱིར་གོང་གི་ལབ་ཙེ་དེ་སྟོད་སྐབས་འབོ་ར་ཚོ་བ་བཞིའི་མི་ཚང་འཛོམས་བྱེད་དགོས་ལ། ཞོགས་པར་ཚང་མ་རི་རྩེ་འཛོམས་པ་དང་བསང་གཏོང་རྒྱུ་དང་། དེ་ནས་ཚང་མས་གདུགས་དཀར་ཚར་ཁ་ཤས་བཏོན་རྗེས་ཚོ་བའི་རྒན་པོ་ཚོས་བླང་དོར་གྱི་གཏམ་བཤད་རེ་བྱས་ཏེ་མཇུག་བསྡུས་བྱེད་བཞིན་ཡོད་ནའང་། ༢༠༠༨ལོའི་རྗེས་ནས་ད་ལྟའི་བར་ཉིན་དེར་སྲིད་གཞུང་གི་མི་སྣ་རི་རྩེར་ཡོང་ཏེ་གདུགས་དཀར་འདོན་རྒྱུ་དང་གཏམ་བཤད་བྱས་སུ་མ་བཅུག་པར། མི་གཅིག་ཐོན་ན་གཅིག་དང་གཉིས་མཉམ་དུ་ཐོན་གཉིས་རེ་བྱས་ནས་བསང་ཙམ་རེ་བཏང་དུ་བཅུག་ནས་ཚང་མ་འཛོམ་དུ་མ་བཅུག་པར་ཕྱིར་ལམ་འཇུག་བྱེད་བཞིན་ཡོད་འདུག འདི་ལྟར་ཁོས་ཚོས་ད་ལྟའི་བར་ཁོ་ཚོའི་ཤེད་ཤུགས་ཀྱི་འཁྱོག་ཚོད་དང་ནུས་ཚོད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ལ་བསམ་ཏེ་སྙིང་སྟོབས་ངོམས་པ་ལ། གོ་ཐོས་ལ་ད་ལྟ་འབོ་རའི་ས་ཆ་དེ་རྒྱ་ནག་གི་དམིགས་འབེན་དུ་གྱུར་འདུག་ལ། ལྷག་པར་གོང་དུ་བཤད་པ་ལྟར་ཧོར་ཟླ་༢བའི་ཚེས་༡༡ཉིན་ལོ་རྟག་པར་རྫོང་དང་ཁུལ་གྱི་དྲག་དམག་དང་ཉེན་རྟོག་པ་ཡོང་ཏེ་དམ་དྲག་བྱེད་བཞིན་ཡོད་འདུག་གོ།
account འཛིན་བྱང
go to account འཛིན་བྱང་ཁ་ཕྱེ་བ
Account setting འཛིན་བྱང་སྒྲིག་འགོད
Account security འཛིན་བྱང་བདེ་འཇགས
Account change འཛིན་བྱང་བརྗེ་བ།
Gmail accountལྟ་བུར་gགློ་འཕྲིན་ཁ་བྱང་ཞེས་བསྒྱུར་ན་ལེགས་པར་བསམ།
ཅོ་རི་ལགས། བོད་མི་རིགས་ལ་འཕེལ་རྒྱས་འགྲོ་མི་ཐུབ་པའི་གནད་འགག་འདི་ན་ཐུག་འདུག བོད་མིའི་སྤྱི་ཚོགས་ནང་ཁ་མང་ལག་སྟོང་མང་དྲགས་ཏེ། གསར་གཏོད་ཀྱི་ནུས་པ་ཆ་ཚང་ཡོད་པའི་སྐྱེས་བུ་ཞིག་བྱུང་ཡང་། དའི་ནུས་པ་བོད་མིའི་སྤྱི་ཚོགས་ནང་འདོན་ཐུབ་ཀྱི་མེད་པ་རེད། མིང་ཚིག་གི་ཐ་སྙད་འདོགས་སྟངས་ལྟ་བུར་ཆ་བཞག་ན་སྒྲ་སྦྱོར་དང་དོན་སྦྱོར། བརྗོད་བདེ། ད་དུང་བཟོ་དབྱིབས་ལ་བལྟས་ནས་མིང་འདོགས་པ་སོགས་རང་འདོད་ལྟར་གསར་བཟོ་བྱས་ཆོག་མོད་ལ་གློག་ཀླད་དང་། གློག་འཕྲིན་སོགས་དངོས་པའི་དོན་དངོས་དང་འཚམ་ལ་མིང་འབོད་སྟངས་ནས་ཧ་ཅང་བདེ་བོ་འདུག དེ་ལྟ་བུ་ཞིག་འགག་བསྒྲུབ་བྱ་དགོས་པའི་གནད་མི་མཐོང་། འཕྲུལ་ཆས་གྱི་རིགས་བོད་ནང་མེད་པ་ཞིག་ཡིན་དུས་དེ་རྒྱ་སྐད་དང་དབྱིན་སྐད་གང་ནས་བསྒྱུར་ཀྱང་། ཚང་མས་གོ་ཐུ་མཁན་ཞིག་དགོས་པ་གནད་དུ་མཐོང་ཀྱང་། ཉེ་ཆར་མཁས་དབང་རེ་གཉིས་ཀྱི་རྩིས་འཕྲུལ་སོགས་བརྗོད་མི་བདེ་བའི་ཐ་སྙད་ཁག་གཅིག་ལ་མིང་ཡོད་བཞིན་དུ། ཡང་བསྐྱར་གསར་བཟོ་བྱས་འདུག་པ་ནི་བྱབ་ཆུང་ལྟ་བུར་མཐོང་། མི་སུ་འདྲ་ཞིག་གི་ནུས་པ་ཇི་ལྟ་བུ་ཞིག་བཏོན་ཀྱང་། དེ་ལ་རྒྱབ་སྐྱོར་གང་ཐུབ་ཀྱིས་སྔར་ཡོད་ངོ་བོ་གང་དེའི་ཐོག་རང་ཉིད་ནུས་པས་ཇེ་ཡག་ཏུ་གཏོང་ཐུབ་ན་དོན་དམ་པའི་མི་རིགས་འདི་ལ་ཕན་ཐུབ་ཀྱི་རེད། དེ་ལས་ལྡོག་ཏེ་མིའི་སེམས་ཤུགས་གཅོག་བྱེད་ཁ་གཏད་ཀྱང་ཀྱང་ལངས་བསྡད་ན་མི་རིགས་འདི་ནམ་ཡང་རྗེས་ལུས་རེད་མ་གཏོགས་འཕེལ་རྒྱས་འགྲོ་ཀྱི་མ་རེད། གང་ལྟར་བོད་པའི་སྤྱི་ཚོགས་ནང་མེད་པའི་དངོས་པོ་རྣམས་ལ། བྱ་དངོས་ཀྱི་ངོ་བོ་དང་བྱེད་ལས་རྣམ་པའི་ཐོག་ས་ཐ་སྙད་བཏག་ན་བཟང་བར་མཐོང་།
རང་གི་བཅུག་ཁྲར་གསལ་བཤད།
Account = ༡ ངོ་སྤྲོད། འདི་ID རེད་དང་ Certificate རེད།
༢ ཐོ་བྱང་། སློབ་གྲར་འཛུལ་ཡ་ཐོ་བྱང་རེད། དམག་མིར་བཅུག་ཡ་ཐོ་བྱང་རེད།
༣ བཅུག་ཁྲ གསར་འགྱུར་དང་ཁྱབ་བསྒྲགས་སམ། མིང་ཐོག་ལ་དངུལ་པའི་བཅུག་པའི་རྩིས་ཁྲ།
༤ འཆར་བཀོད། རྒྱལ་ཁབ་ཀྱི་འཆར་བཀོད་ཡིན་ནམ། སྒེར་པའི་་་་
༥ ཐོ་ཁྱིམ། བྱ་སྤྲེའུ་ལ་ཡང་ཁྱིམ་མེད་པ་ལ་ཐོ་ལ་ཁྱིམ་ཅིག་ཨེ།
༦ མིང་ཐོ། མིང་ཐོ་ནི། ཤོག་སྙིགས་སྟེང་དུའང་འབྲི་ཐུབ། ཀུ་རེ་དང་བཅས།
ཅོ་ཅོ་ཉི་མ་ལགས། ཛུ་རིག་གི་ཉེ་འགྲམ་དུ་བཞུགས་པའི་རག་ཀའི་ཞབས་ལ་བཏུག་ཏེ་བློ་སྐྱེད་འདྲ་ཨེ་རག་ལྟོས།
ཀརྡོ་ཁྱེད་རང་གོ་རྒྱུ་མེད་བཞིན་དུ་ཨུ་ཚུགས་ཀྱིས་བཅུག་ཁྲ་ཞེས་འདོགས་དགོས་ན། བཅུག་ཅེས་པ་དང་འདས་ཚིག་སོང་ཙང་འཇུག་ཅེས་བྲིས་དགོས་པ་རེད། ཐ་སྙད་གང་ཞིག་བྱ་ཚིོགས་ནས་གསར་བཟོ་བྱ་དགོས་ན་ངེས་པར་དུ་བྱ་ཚིག་ད་ལྟ་བ་བཀོལ་དགོས་པ་རེད། འཇུག་ཁྲ
ངའི་མིང་འདོགས་བྱས་པའི་ཐོ་བྱང་ལ་གསལ་བཤད་ཅུང་ཙམ་བྱས་ན།
account ཞེས་པ་ཇི་འདྲ་ཞིག་བཟོ་དགོས་ཀྱང་དང་པོ་ཐོ་རྒྱབ་ནས་དེབ་བསྐྱེལ་བྱེད་དགོས། དེ་ལྟར་ཐོ་རྒྱབ་ནས་སོ་སོར་ཐོུང་མིན་པའི་ཨང་གྲངས་ངམ་མིང་གཅིག་རགས་པའི་རྗེས་དངུལ་དང་ཡི་གེ་སོགས་འབྱོར་སའི་ཁ་བྱང་ལྟ་བུ་ཡིན། དེས་ན་ངའི་བསམ་པར་ ཐོ་བྱང་ ལབ་ན་དོན་ལ་གནས་པ་རེད་བསམས། སློབ་གྲྭ་སོགས་སུ་འཛུལ་དུས་ཐོ་རྒྱབ་དགོས་པ་ལས་ཐོ་བྱང་བཟོས་མིན་དགོས་པས། གོང་འགོད་མཆན་དེས་འགལ་སྐྱོན་མི་འདུག་སྙམ།
དིང་རྡོར་ལགས་ཀྱི་བསམ་འཆར་འདི། ངས་ལོ་བཅུ་བཅོ་ལྔའི་ནང་ལ་ང་ལ་ལན་འདེབས་ཐད་ལྡན་གནང་མཁན་གཅིག་ཀྱང་མ་བྱུང་། འདི་རིང་འདིར་ཁྱེད་ཀྱིས། བཅུག འདས་པ་ཡིནཔས། མིང་ལ་ད་ལྟ་བ་དགོས་པས། འཇུག་ཅེས་འབྲི་དགོས་གསུངས་ནས། ངའི་བཅུག་དེ་འཇུག་ལ་བཙན་བསྒྱུར་བྱས་ནས། འཇུག་ཁྲ་ཞེས་བཅོས་པ་ལ། ད་ནི་འདི་དག་ལན་ཅིག་ཐོབ་ཅིག སངས་རྒྱས། དགྲ་བཅོམ། གྲུབ་ཆེན། ཁྱབ་བསྒྲགས། དྲིལ་བསྒྲགས། མང་དག་ཅིག་འདུག་པ་འདི་དག་མིང་ནམ། ཡིན་ན་འདི་དག་ཀྱང་འདས་ཚིག་འདུག་པས། ནོར་བ་ཡིན་ནམ།
འདི་དག་ནོར་མི་འདུག་ཀྱང་ཀ་རྡོ་རབ་སྨྱོན་ནོར་འདུག ཨུ་ཚུགས་ཀྱིས་ལས་བསྒྲུབ་ན་དོན་འབྲས་མཛེས་པ་ཞིག་དཀའ་བ་མཐོང་།
མིག་ལགས། རབ་སྨྱོན་ནོར་འདུག་ཨེ། ཡ་ཡ་ཧ་གོ་སོང་།
ཀ་རྡོ་ལགས། སྤྱིར་ན་ཁྱེད་ཀྱིས་ཤེས་བཞིན་དུ་ང་ལ་དྲིས་ན་ངས་ལན་རྒྱག་གི་དགོས་པ་རང་མ་མཐོང་། འོན་ཏང་འདིར་ཅུང་ཙམ་འགོད་ན། གོང་དུ་ཁྱེད་ཀྱི་བཀོད་པའི་མིང་ཚིག་དེ་དག་ནོར་བ་མ་རེད། གང་ཡིན་ཟེར་ན་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་ལས་གོང་གི་མིང་ཚིག་དེ་དག་རྗེས་གྲུབ་རེད། ཐ་སྙད་དེ་དག་འདོད་རྒྱལ་མིང་ཡོད་བཞིན་དུ་བྱ་དངོས་དེ་འབྲེལ་ལ་ཐ་སྙད་འདོགས་ལུགས་ཞིག་རེད། ངས་ཁྱེད་ལ་ཞུས་ཡས་དེ་མིང་ཚིག་གཅིག་སྔར་མེད་བཞིན་དུ་གསར་བཟོ་དགོས་ཚེ་བྱ་ཚིག་ད་ལྟ་བ་དགོས་པ་རེད་ཞུས་པ་ཡིན།
ལགས། ལགས་སོ། དིང་རྡོར་ལགས། རྗེས་མར་མཇལ་ཡོང་།
འོ་ཡ། སང་ཉིན་འཇལ་ཡོང་། ད་ཉལ་རན་སོང་།
དྲ་གྲོགས་ཚོ་ལ་ཞུ་རྒྱུ།
ང་རང་འོང་བ་ཅུང་ཟད་འཕྱི་དྲག་འདུག་མོད་བསམ་ཚུལ་ཞིག་ཞུ་རྒྱུ་ཡིུན། རང་རེའི་བོད་ཀྱི་ཐ་སྙད་བཀོལ་སྟངས་ལ་ངས་རྒྱུན་དུ་འདི་འདྲ་ཞིག་མཐོང་། ང་ཚོས་བོད་ཀྱི་ཚིག་རེ་རེ་ལ་ཡིད་ཆས་དགོས་ཀྱི་འདུག ཡིད་ཆས་མེད་པ་ལ་བརྟེན་ནས་ཐ་སྙད་གསར་བ་ཞིག་ཡིན་ན་ཚིག་སྣ་རིང་པོ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་འདུག གནད་དོན་འདི་དབུས་ཕྱོགས་དང་ལྷག་པར་དུ་བཙན་བྱོལ་ནང་དུ་མང་ཡོང་གི་འདུག “ཤིང་ནགས་གཅོད་འབྲེག”་ཞེས་པ་ལ་”གཅོད”་དང་”འབྲེག་པ”་གཉིས་ཀས་དོན་སྟོན་ཐུབ་མོད་ “ནགས་འབྲེག་པ”་ཞེས་པ་ལྟ་བུ་ལ་བཀོལ་བ་པོ་ཚོས་ཡིད་ཆས་མ་བྱས་པར་”ཤིང་ནགས་གཅོད་འབྲེག་”ཅེས་སྤྱོད། འདིའི་སྐྱོན་ཆེ་ཤོས་ནི་ཐ་སྙད་དེ་རིགས་ཀྱི་ནུས་པ་གཅུང་དུ་གཏོང་གི་འདུག་སྟེ། “གཅོད་འབྲེག”་ཅེས་ཚིག་གྲོགས་ཤིག་མ་བཞག་ན་”འབྲེག”་ཅེས་པས་དོན་གསལ་བོར་སྟོན་མི་ཐུབ་འགྱུར་ཉེན་འདུག དེ་བཞིན་ཁོར་ཡུག་འབག་བཙོག་ཞེས་པ་ལ་ཁོར་ཡུག་འབག་པ་ལྟ་བུས་དོན་སྟོན་མི་ཐུབ་པ་ཆེར་མེད་མོད་དེར་ཡིད་ཆས་མེད། འདི་སོགས་ཧ་ཅང་མང་།
སྐབས་འདིར་ཡང་ account ཞེས་པ་ནི་”ཐོ”་ཞེས་པ་འདིས་སྟོན་མི་ཐུབ་པ་ཅང་མི་འདུག སྟོན་ཐུབ་མིན་གྱི་བློ་མ་བདེ་བ་ཞིག་ཡོད་ན་ཡང་ཨུ་ཚུགས་ཀྱིས་འཇོག་དགོས། དེ་ལྟར་བཞག་ན་ཐོ་ཞེས་པ་འདི་ཐ་སྙད་ནུས་ལྡན་ཞིག་ཏུ་འགྱུར་། དེ་ལས་ཁ་གསལ་བ་ཞིག་དགོས་ན་”ཐོ་གཞུང”་ ངམ་ “ཐོ་ཁྲ”་ ཞེས་པ་སྤྱད་ཀྱང་ལེགས་པར་མཐོང་། དེས་ན་ཐོ་བསུབ་པ། ཐོ་བཀོད་པ། ཡ་ཧུ་ཐོ། ཇི་མེལ་ཐོ། ཐོ་བརྗེ་བ། སོགས་སུ་འགྱུར་།
དྲ་གྲོགས་རྣམས་ཀྱི་མཆན་བུ་དག་བཀླགས་ནས་ངས་ཀྱང་བསམ་ཚུལ་འགའ་ཞུ་འདོད་བྱུང་།
དེ་ལ་ཐོག་མར་དྲ་གྲོགས་ཤིག་གིས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་རིག་གནས། དཔེར་ན་ཕྱུར་བ་བཟོ་སྟངས་དང་ཞིང་ལས་ལས་སྟངས་སོགས་བོད་སྐད་དུ་བསྒྱུར་དགོས་པའི་བསམ་ཚུལ་བཀོད་འདུག་པར་ངོས་ནས་དགའ་བསུ་ཞུ། འོན་ཀྱང་དེ་དག་བོད་སྐད་དུ་བསྒྱུར་དུས་སུམ་རྟགས་དང་མཐུན་པའི་ཐོག་བསྒྱུར་དགོས་པའི་བསམ་ཚུལ་བཏོན་པ་ལ་ནི་ངོས་ནས་དགའ་བསུ་ཞུ་ཐབས་བྲལ། རྒྱུ་མཚན་ནི་སུམ་རྟགས་ཀྱི་གཞུང་ལུགས་དེ་དུས་རབས་༦ པའི་ནང་གི་སྐད་ཡིག་གི་སྦྱོར་ཚུལ་བསྟན་པའི་གཞུང་ལུགས་ཤིག་ཡིན་ཅིང་། དེས་དེང་སང་དུས་རབས་༢༠ པའི་སྐད་ཡིག་གི་སྦྱོར་ཚུལ་ལ་ཁྱབ་མི་ཐུབ།
གལ་ཏེ་དུས་རབས་དྲུག་པའི་སྐད་ཡིག་ཁྲིམས་ལུགས་ཀྱིས་དུས་རབས་༢༠ པའི་སྐད་ཡིག་ལ་ཁྱབ་སོང་བ་ཡིན་ན་Afganistan ཞེས་པ་དེ་བོད་ཡིག་ཏུ་ཇི་ལྟར་འབྲི་དགོས། ཨ་ཕ་ག་ནི་སི་ཏན་ཞེས་འབྲི་ན་དབྱིན་ཡིག་ཏུ་ཡོད་པའི་མིང་ཚིག་དེའི་བརྗོད་སྒྲ་གང་ཡིན་ཐོན་མི་ཐུབ་ལ། བརྗོད་སྒྲ་དེ་ཐོན་མ་ཐུབ་ཚེ་དོན་དེ་བརྡ་འཕྲོད་མི་ཐུབ། ཡི་གེ་ནི་བརྡ་སྤྲོད་པར་བྱེད་པའི་ཆ་རྐྱེན་ཞིག་ཡིན་པས་བརྡ་སྤྲོད་མ་ཐུབ་ན་ཡི་གེའི་བྱེད་ལས་ཀྱང་མ་སྟོར་རམ།
དེ་ཡིན་དུས་ངས་བྱས་ན་སུམ་ཅུ་པའི་རྩ་བར། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མིན། །ཞེས་པ་དེ་ལ་བསྒྱུར་བ་ཅུང་ཟད་གཏོང་དགོས་པར་འདོད།
རྒྱུ་མཚན་ནི་མིང་གཞི་གཉིས་སམ་གསུམ་ལ་སོགས་པ་སྦྲེལ་ཞིང་། དེ་ལ་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི་གང་རུང་ཞིག་སྦྱར་དུས་ཐུ་མིའི་སམ་བྷོ་ཊའི་དུས་སུ་དོན་གང་ལ་ཡང་མི་འཇུག་པ་བདེན་མོད། འོན་ཀྱང་དེང་སང་་་་་་་་་་་ཨཕ་ག་ནིསི་ཏཱན། ཇོརཇི་བུཤི་་་་་་་་་་་་་ཞེས་པ་ལྟ་བུ་རྒྱལ་ཁབ་དང་གང་ཟག་གི་མིང་སོགས་ལ་འཇུག་པ་ནི་མངོན་སུམ་བསྙོན་མེད་དུ་གྲུབ་བོ།།
གཅིག་བྱས་ན་བསྒྱུར་བ་མ་གཏོང་ན་ཡང་འགྲིགས། དེ་ཡང་ཐུ་མིས་་་་་་་་་་་དངོས་སུ་་་་་དོན་གང་ལ་ཡང་འཇུག་པ་མིན་པས་སྦྱར་བར་བྱ་བ་ཡང་མ་ཡིན་ནོ་གསུངས་པས། ་་་་ཤུགས་ལ་་་་་གལ་ཏེ་འཇུག་པ་ཡོད་ན་སྦྱར་བར་བྱའོ་ཞེས་གསུངས་པ་ཡང་དོན་གྱིས་གྲུབ་པའི་ཕྱིར་སྙམ་མོ།།
རྒྱུ་མཚན་དེའི་ཕྱིར་དྲ་གྲོགས་རྣམ་པས་རྣམ་དཔྱོད་ཀྱི་བློ་ཁ་ཡངས་པོར་ཕྱེས་ནས། རང་ཅག་རྣམས་ཀྱི་བོད་ཡིག་དེ་དང་སང་ཡར་ཐོན་ཅན་གྱི་གནས་སྟངས་དང་མཐུན་པར་བེད་སྤྱད་རྒྱུར་བརྩོན་མི་ལེགས་སམ།
འཇམ་དཔལ་ཚུལ་ཁྲིམས་ལགས། ཁྱེད་ཀྱིས་ཁོ་བོས་མིང་འདོགས་བྱས་པའི་ཐོ་བྱང་དེ་བཞག་ནས་དེ་ལས་གཞན་ཐོ་གཞུང་ཟེར་བ་དེ་འདྲ་འཚལ་འདུག དྲང་པོར་ཞུས་ན་མ་འགྲིགས་པ་མེད་ན་སྔ་མའི་བཤད་པ་དེར་རྗེས་མའི་མོས་མཐུན་གནང་ན་ཐ་སྙད་གཏན་ཕེབ་ཐུབ་ཀྱི་རེད།
དྲ་གྲོགས་ར་ས་ལགས།
ངས་ཁྱེད་ཀྱིས་གང་བྲིས་ཡོད་པ་བལྟ་ཁོམ་མ་བྱུང་། ལར་ནས་ཐོ་བྲིས་ན་འགྲིག་པ་ལས་བྱང་ཞེས་པའི་དོན་ནི་བྱང་བུ་སྟེ། ཤོག་བུ་འམ་ལག་ཏུ་ལེན་རྒྱུ་ཡོད་པའི་དངོས་པོ་ཞིག་ལ་གོ་བས་གཉེན་ཆས་ལ་གོ་མི་རུང་བར་བསམ་པ་ཡིན། བཀོལ་ཐོ་འམ་སྤྱོད་ཐོ་ཞེས་བྲིས་ན་དེ་ལས་ཀྱང་མི་བཟང་ངམ།
དྲ་གྲོགས་ར་ས་ལགས།
ཁྱེད་ཀྱིས་གང་བྲིས་པ་ཁོ་བོས་བལྟ་ཁོམ་མ་བྱུང་། ཐོ་ཞེས་བྲིས་ན་འགྲིག་པ་ལས་བྱང་ཞེས་པ་ནི་བྱང་བུ་སྟེ་ལག་ཏུ་ལེན་རྒྱུ་ཡོད་པའི་ཤོག་བུའམ་བེམ་པོ་ཞིག་ལ་གོ་དགོས་པས་གཉེན་ཆས་ཤིག་ལ་གོ་བར་བཟོས་ན་མི་འགྲིག་པར་བསམ་པ་ཡིན། ད་དུང་བཀོལ་ཐོ་འམ་སྤྱོད་ཐོ་ཞེས་བྲིས་ན་དེ་ལས་མི་འོས་སམ།
བྱང་ཞེས་པ་ཤོག་བུ་རྐྱང་པ་ལ་གོ་མི་དགོ་པ་ཁ་བྱང་ཞེས་པ་དེས་ཤེས་ཀྱི་འདུག་ལ། ལར་ནས་account ནི་སྣང་ཚུལ་ལ་ཤོག་བུའི་གཟུགས་སུ་མ་གྲུབ་ཀྱང་དོན་ལ་དངུལ་ཡར་འཇུག་མར་འདོན་དང་། ཡི་གེ་ཕར་གཏོང་ཚུར་སླེབས་བྱ་སའི་ལག་དེབ་ལྟ་བུ་ཞིག་ཡིན་པས། དེ་ལྟར་མ་ཡིན་ནམ།
ད་རྩོད་པ་སྐྱོན་དགོས་དོན་མིན་འདུག བྱང་ཞེས་པ་ཞེས་པ་མི་ཚང་མས་གོ་ཐུབ་པའི་ཚིག་གཅིག་རེད་མིན་འདུག
་རྩོད་པ་སྐྱོན་དགོས་དོན་མིན་འདུག བྱང་ཞེས་པ་ཞེས་པ་མི་ཚང་མས་གོ་ཐུབ་པའི་ཚིག་གཅིག་རེད་མིན་འདུག དེ་
འདྲ་སོང་ཙང་དྲྭ་རྒྱ་ལ་འཛུལ་མཁན་ལས་དང་པོ་དཀའ་ངལ་འཕྲད་རྒྱུ་སྨོས་མེད་རེད། ངས་གོང་དུ་ཞུས་ཡོད། མིང་ཐོ་ཞེས་འདོགས་ན་ཚང་མས་གོ་ཐུབ་ཀྱ་རེད། ད་དུང་ཡང་དྲྭ་ཐོ། ཞེས་འདོགས་ཀྱང་ཅུང་ཡག་པ་མཐོང་
དིང་རྡོར་ལགས། account ཞེས་པ་དེ་དྲ་རྒྱ་ཙམ་དུ་མ་ཟད། དངུལ་ཁང་ནང་དུའང་བེད་སྤྱོད་ཡོད་པས་ དྲ་ཐོ་ཟེར་ན་མི་འགྲིགས། ཡང་ཡི་གེ་དང་དངུལ་གཏོང་དུ། གྲོགས་པོ། ངའི་ཡ་ཧོ་ account དང་། ཡང་། ངའི་རྒྱ་གར་མངའ་སྡེའི་དངུལ་ཁང་Account དང་། ཡང། ངའི་account ཨང་གྲངས་༢༢༣༣༤༤༥༥ བྱས་པའི་ནང་གཏོང་ཤོག ཟེར་དགོས་དུས། ངའི་ཡ་ཧོ་མིང་ཐོ་ནང་གཏོང་ཤོག་ཟེར་བ་དང་། ངའི་མངའ་སྡེའི་དངུལ་ཁང་མིང་ཐོ་ནང་གཏོང་ཤོག་ཟེར་ན་གོ་རྒྱུ་མི་འདུག་སྙམ། དེས་ན། ཐོ་བྱང་། ཟེར་ན་ཐོ་འགོད་བྱེད་པའི་ཁ་བྱང་ལྟ་བུ་ཞིག་རེད། དེའི་ནང་གཏོང་ཤོག་ལབ་ན་ཏག་ཏག་བསྡད་ཀྱི་འདུག་དྲན། ལས་དང་པོ་པར་དང་པོ་དཀའ་ངལ་འཕྲད་སྲིད་ཀྱང་རྗེས་མ་ཚང་མའི་ཤེས་དུས་ཡག་པོ་ཡོད། སྔོན་གྱི་ལོ་ཙཱ་ཚོས་ཀྱང་དང་པོ་ཚང་མའི་གོ་མཁན་དེ་འདྲ་གཏན་འབེབ་བྱེད་ཡོད་པ་མ་རེད།
གོང་དུ་བསམ་འཆར་མང་པོ་གནང་འདུག དེ་དག་ཚང་མ་ལ་བཀའ་དྲིན་ཆེ།
དོགས་གཅོད་ཐུང་ཐུང་ཞིག་ཞུ་འདོད་བྱུང་།
གོང་དུ་། (Account)ལབ་ན། ཐོ་བྱང་དང་མིང་ཐོ་ཟེར་ནས་བསྒྱུར་མཁན་འགའ་བྱུང་འདུག ངའི་བསམ་ཚུལ་ལ།
ཐོ་བྱང་ཟེར་དུས།(Account)ལས་(Menu)དང་གོ་དོན་ཐག་ཉེ་བ་ཚོར།
མིང་ཐོ་ཟེར་དུས་ཀྱང་།(Account)ལས་(List)དང་གོ་དོན་ཐག་ཉེ་བ་ཚོར།
ངས་བརྗོད་འདོད་པ་ནི། ང་ཚོས་སྐད་ཡིག་གཞན་ཞིག་ནས་ཚུར་བསྒྱུར་དུས། ངེས་པར་དུ་ཚུར་གང་བསྒྱུར་བ་དེ་། སྐད་ཡིག་དེའི་ཁོངས་ལ་ཕར་བསམ་བློ་ཞིག་གཏོང་དགོས་རེད་དྲན། དབྱིན་ཡིག་གི་ཐ་སྙད་ཅིག་བོད་ཡིག་ཏུ་བསྒྱུར་དུས། བོད་ཡིག་གི་ཐ་སྙད་དེ་དང་གོ་དོན་ཐག་ཉེ་བའི་དབྱིན་ཡིག་གི་ཐ་སྙད་ག་ཚོད་ཡོང་གི་ཡོད་མེད་ལ་ཡང་བསམ་བློ་གཏོང་དགོས་ཀྱི་འདུག
མུ་མཐུད་དུ་བགྲོ་གླེང་གནང་རོགས།
དབྱིན་ཡིག་ཤེས་མཁན་ཚོས་མུ་མཐུད་དུ་བགྲོ་གླེང་གནང་རོགས། ཞོར་དུ་ངས་ཀྱང་བསམ་འཆར་ཞིག་འབུལ་འདོད། ང་ཚོས་སྐད་ཡིག་གང་ཞིག་ནས་ཚུར་བོད་བསྒྱུར་ཞུ་དུས། ངེས་པར་དུ་དོན་བསྒྱུར་བྱེད་དགོས་པའི་ངེས་པ་ཅང་ཨེ་ཡོད་ན་དྲན། གཙོ་བོ་བོད་སྐད་ཀྱི་ངག་ལ་བདེ་ཞིང་གོ་དོན་མ་འདྲེས་པར་སྟོན་ཐུབ་པ་ཞིག་ཡིན་ན་འགྲིག་གི་སྙམ། དེ་མཚུངས་སུ་རང་གི་བརྡ་སྤྲོད་ཀྱི་རང་གཤིས་ལ་འདང་རེ་རྒྱག་རྒྱུ་དེ་ཡང་གལ་ཆེ་བར་སྙམ།
བླུན་པོ་རྐྱང་རྐྱང་འཛོམས་འདུག
ཡ་ར་ས། བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་བར་ཐ་སྙད་བཟོ་སྟངས་ཐད་ནས་ཧེ་བག་ཆེན་པོ་ཡོད་རེད། དབྱིན་ཡིག་ཐོག་བྱ་དངོས་གང་དེའི་བྱེད་ནུས་སམ་ཡང་བྱ་དངོས་དེ་དང་འབྲེལ་བ་ཡོད་པའི་ཐོག་ནས་ཐ་སྙད་གསར་པ་ཞིག་བཟོ་ཐུབ་ཀྱི་མ་རེད། འོན་ཀྱང་བོད་ཡིག་ཐོག་བྱ་དངོས་གང་དེའི་བྱེད་ནུས་ལ་བརྟེན་ནས་བྱ་དངོས་གང་དེ་དང་ཧ་ཅང་ཐག་ཉེ་བའི་མིང་ཚིག་གསར་བཟོ་ཐུབ་ཀྱི་རེད། ཐོ་བྱང་ལས་ཀྱང་སྙན་པ་དང་ཐག་ཉེ་བ་དྲྭ་བྱང་ཞེས་འདོགས་ཀྱང་ཆོག
ཡ་ར་ས། བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་བར་ཐ་སྙད་བཟོ་སྟངས་ཐད་ནས་ཧེ་བག་ཆེན་པོ་ཡོད་རེད། དབྱིན་ཡིག་ཐོག་བྱ་དངོས་གང་དེའི་བྱེད་ནུས་སམ་ཡང་བྱ་དངོས་དེ་དང་འབྲེལ་བ་ཡོད་པའི་ཐོག་ནས་ཐ་སྙད་གསར་པ་ཞིག་བཟོ་ཐུབ་ཀྱི་མ་རེད། འོན་ཀྱང་བོད་ཡིག་ཐོག་བྱ་དངོས་གང་དེའི་བྱེད་ནུས་ལ་བརྟེན་ནས་བྱ་དངོས་གང་དེ་དང་ཧ་ཅང་ཐག་ཉེ་བའི་མིང་ཚིག་གསར་བཟོ་ཐུབ་ཀྱི་རེད། ཐོ་བྱང་ལས་ཀྱང་སྙན་པ་དང་ཐག་ཉེ་བ་དྲྭ་བྱང་ཞེས་འདོགས་ཀྱང་ཆོག ད་འབྲི་རྒྱུར་ཉོབ་སྣང་སྐྱེས་སོང་། རྗེས་ནས་འཇལ་ཡོང་།
དངོས་གནས་གླེན་པ་དེ་གཡུ་མཚོ་ཁྱེད་རང་རེད། གསར་འགྱུར་ཡོད་ན་ཁ་ཐུག་ཁ་བརྡའི་དྲྭ་བདག་ལ་ཐོངས། བསམ་ཚུལ་བཀོད་ས་ནས་འབྲེལ་བ་མེད་པའི་བསམ་ཚུལ་ཀློག་འདོད་མིན་འདུག་ལོ།
བླུན་པོ་ཡིན་སྲིད་ཀྱང་། རྒྱ་ཅན་རྐྱང་རྐྱང་འཛོམས་ཡོད་པས་་་་་
བློ་ཕམ་དང་བྲེལ་བས་ལ་རྒྱའི་ལ་ཆད་འདུག
སྐད་བསྒྱུར་བགྲོ་གླེང་འདི་ཤིན་ཏུ་ཡག་པོ་འདུག དྲྭ་ཐོ་ཟེར་བ་འདི་ཉོབ་ཐོ་ཞིག་རེད། ལས་བྱང་ཀརྨ་ཤ་ཏཾ་། ལས་གཞུང་དང་གཅིག་མིན་ནམ། བྱང་ཟེར་ཚད་ཤོག་བུ་ཞིག་གམ་ཤིང་དུམ་ལྟ་བུ་ཞིག་ལ་གོ་མི་རུང་པ་ངེས་ཅན་ཡིན། བྱང་ཁོག བྱང་སེམས། བྱང་ཆུབ་སོགས་ལ་ཡང་ཐུགས་སྣང་དགོས་པར་སྣང་། སྨན་གཞུང་དུ་བྱང་དང་བྱིངས་གཉིས་དོན་གཅིག་ཏུ་འགྲེལ་བའི་སྐབས་ཀྱང་ཡོད། དཔེར་ན་བྱང་ཁོག་གཡུལ་ཐིག་དང་། ནང་བྱིངས་ཚད་འཇལ་ལ་སོགས་པའོ། ། དེས་ན་སྤྱི་ལ་གོ་རུང་བ་དྲྭ་བྱང་ཞེས་བརྙད་ན་དོན་དང་མི་འབྲེལ་ལམ། མཁས་དབང་ཚོས་ཐུགས་བསམ་བཞེས། སྐུ་ཚེ་རིང་།
བསྟན་འཛིན་ཤེས་རབ་ལགས་ཀྱིས་ང་ཚོས་སྐད་ཡིག་གང་ཞིག་ནས་ཚུར་བོད་བསྒྱུར་ཞུ་དུས། ངེས་པར་དུ་དོན་བསྒྱུར་བྱེད་དགོས་པའི་ངེས་པ་ཅང་ཨེ་ཡོད་ན་དྲན། གཙོ་བོ་བོད་སྐད་ཀྱི་ངག་ལ་བདེ་ཞིང་གོ་དོན་མ་འདྲེས་པར་སྟོན་ཐུབ་པ་ཞིག་ཡིན་ན་ འགྲིག་གི་སྙམ། དེ་མཚུངས་སུ་རང་གི་བརྡ་སྤྲོད་ཀྱི་རང་གཤིས་ལ་འདང་རེ་རྒྱག་རྒྱུ་དེ་ཡང་གལ་ཆེ་ བར་སྙམ།
ཞེས་པ་འདི་ང་ནང་ཡང་སེམས་ན་བསམ་ཞིང་སྐད་ནས་བཤད་བསྡད་དེ་རང་རེད།
དོན་བསྒྱུར་འདིས་མི་རྣམས་མགོ་བོ་རྨོངས་བྱེད་དང་། དཀའ་ངལ་ལྷག་པོ་ལས་མི་འདུག
བསྟན་འཛིན་ཤེས་རབ་ལགས་ཀྱིས་གསུངས་པ་བཞིན་གཙོ་བོ་བོད་སྐད་ཀྱི་ངག་ལ་བདེ་ཞིང་གོ་དོན་མ་འདྲེས་པར་སྟོན་ཐུབ་པ་ཞིག་ཡིན་ན། ཚིག་དེ་ག་ཤེས་པ་ཙམ་གྱིས་སྐད་རིགས་གཉིས་ལ་གོ་བ་ལེན་ཐུབ་པ་ཞིག་རེད་སྙམ།
རིན་འབྱུང་དོན་གྲུབ་ལགས། menu ལ་དཀར་ཆགས་ཟེར་ན་དེ་ག་རེད།
དིང་རྡོར་དང་དྲི་མེད་ལྷག་བསམ་ལགས། ངས་གོང་དུ་བྲིས་པ་དེ་གཟིགས་ཡོད་ཤག account ནི་དྲ་བ་རྐྱང་པའི་ཐོག་བེད་སྤྱོད་བྱ་རྒྱུ་ཞིག་མིན་པར་དངུལ་ཁང་སོགས་ཀྱི་ནང་དུ་བེད་སྤྱོད་དགོས་ན། དྲ་བྱང་ལབ་ན་ཇི་ལྟར་འགྲིགས། གསུངས་དང་།
ར་ས། དབྱིན་ཇིའི་ཐོག་ནས་(content)ཚིག་སྔ་ཕྱི་ལ་ལྟོས་ནས་གོ་བ་ལེན་དགོས་ཀྱི་རེད། menuནི་ཁ་ལག་གི་ཐོའམ་ཟས་ཐོ་ཟེར་བ་རེད། སྤྱིར་བཏང་དཀར་ཆག་ལ་དབྱིན་ཡིག་ཏུ་contentཟེར་བ་རེད། དཀར་ཆག་ལ་contents ཟེར་བ་རེད། དེ་ལས་ཀྱང་གསལ་་ཞུས་ན་contentཟེར་བ་དེ་ཡང་མིང་ཚིག་གཅིག་ལ་བོད་སྤྱོད་གཏོང་སྟངས་མི་འདྲ་བའི་དབང་གི་དོན་མི་འདྲ་བ་ཆགས་པ་རེད། དེ་མཚུངས་account ཟེར་བ་ཡང་ཚིག་སྔ་ཕྱི་དང་བོད་སྤྱོད་གཏོང་སྟངས་གི་ཆ་ནས་བསྒྱུར་དགོས་སྙམ། གང་ལྟར་ཁྱེད་རང་ཨུ་ཚུགས་ཆེ་ཙམ་འདུག། རིག་འབྱུང་གིས་ངས་མིང་ཐོ་ཞེས་བསྒྱུར་བར་མིང་ཐོ་དེ་list དང་ཐག་ཉེ་བ་ཡོད་ཚུལ་འདུག འོན་ཀྱང་ངས་མིང་ཐོ་ཞེས་བསྒྱུར་དུས་སྐབས་དེའི་account ཞེས་པའི་ཐ་སྙད་ཀྱི་བྱེད་ནུས་དང་གོ་བདེ་ལ་བརྟེན་ནས་མིང་ཐོ་དང་ཡང་ན་དྲྭ་བྱང་ཞེས་བསྒྱུར་བ་ཡིན། གང་ཡིན་ཟེར་ན་accountཞེས་པའི་བར་སྟོང་ནང་སོ་སོའི་མིང་བླུགས་དགོས་ཀྱི་རེད། list ལ་ཚིག་སྔ་མ་name མ་སྦྱར་ན་མིང་ཐོ་རང་ལ་གོ་ཐུབ་ཀྱི་མིན་འདུག གང་ལྟར་ངས་བསམ་ཚུལ་ཙམ་ཡིན། འོན་ཀྱང་རྭ་ས་ཁྱེད་རང་ཨུ་ཚུགས་ཚ་བས་བགྲོ་གླེང་བྱས་ཀྱང་འབྲས་བུ་ཐོན་ས་མ་རེད། བྱས་ཙང་ད་ཅང་མི་ཞུ། ཁྱེད་རང་གི་འདོད་པ་བཞིན་ཐོ་བྱང་ཞེས་བཏགས་རོགས།ལོ་
account གཅིག་པོའི་གོ་དོན་ནི། དངུལ་རྩིས།
(Gmail account) ཟེར་དུས་། Gmail གྱི་མཛོད་ལ་གོ་དགོས་སྙམ། (Yahoo account) མིང་ཚིག་འདིར་གོ་དོན་ལོག་སུ་གོ་དགོས་སྙམ་(Gmail account) སྐབ་དེར་Gmail གྱི་མཛོད་ཟེར་བར་གོ་དགོས་སྙམ། གང་ལྟར་ account ཟེར་བའི་མིང་ཚིག་རྐྱང་པ་དེ་དོན་སྒྱུར་ཞུས་ན་དངུལ་རྩིས་རང་ལ་གོ་དགོས་སམ། དཔེར་ན་accounting ཟེས་ན་རྩིས་པ་ རྩིས་རྒྱབས་མཁན།
༡) Go to Account (མཛོད ) (བཅོལ་) ཡུལ་འམ་ (འཇོག་) ཡུལ་ ནང་དུ་རྒྱུག མཛོད་ནང་དུ་རྒྱུག
དཔེར་ན། Do you have Bank Account ཟེར་ན། ཁྱེད་རང་ལ་དངུལ་ཁང་གི་དངུལ་མཛོད་ཡོད་དམ
2) Account Setting (མཛོད་འམ་) བང་མཛོད་བཟོ་བསྐྲུན།
3) Account Security (མཛོད་འམ་) བང་མཛོད་བསྲུང་སྐྱོབ།
4) Account Change (མཛོད་འམ་) བང་མཛོད་རྗེས་པ་རྒྱབས་པ།
computer ཟེར་བར་མང་པོ་ཞིག་གི་ གློག་ཀླད བཞེས་བེད་སྤྱོད་བྱེད་ཀྱི་འདུག་ཡང་། གློག་ཀླད་འཞེས་པ་ནི་ (电脑) 电 བཞེས་པ་ནི་གློག་དང་ 脑 བཞེས་པ་ནི་ཀླད་པ་ཡིན་པས། རྒྱ་སྐད་ནས་ཐད་སྒྱུར་བྱས་པ་ཞིག་ལས་དོན་སྒྱུར་འམ་མིང་དོན་ཚུང་པ་ཞིག་མིན་ཁར། computer ལ་ཀླད་པ་མེད་པ་ཐག་གི་ཆོད་པས། རང་ཉིད་ཀྱི་རྒྱུན་ལྡན་ནས་ computer ཟེར་བ་དེར་ རིགས་མཛོད་འཕྲུལ་ཆས་བཞེས་བེད་སྤྱོད་བྱེུད་ཀྱི་ཡོད། དགོང་འཆར་གནང་སོག་གནང་དང་།
དེའི་བསྐོར་ལ་རྗེས་སུ་རྒྱུ་མཚན་གྲངས་རྒྱུ་ཡོད།།
འཕན་པོ་བསྟན་དར་ནས།།
འཕན་པོ་བསྟན་དར་ལགས། དང་པོ་བརྡ་དག་ལ་སྦྱང་དགོས་རེད། དེ་ནས་ཐ་སྙད་བགྲོ་གླེང་ལ་ཕེབས། ལྟོས་དང་ཡིག་ནོར་རྐྱང་རྐྱང་གི་ཁེངས་འདུག
གོང་དུ་གཡུ་འབྲུག་དཀར་པོས་ནི་བོད་ཡིག་འདི་འབྲུག་ཡིག་དང་འདྲ་བར་
རྣམ་གཞག་གང་ཡང་མེད་མཁན་ཞིག་ཏུ་བརྒྱུར་གྲབས་འདུག
Account རྩིས་ཕྲའི་ཐོ་མཛོད། Bank Account དངུལ་ཁང་ཐོ་མཛོད།
mail Account གློག་ཀླད་ཐོ་མཛོད། go to Account ཐོ་མཛོད་ལ་འགྲོ། Account Setting ཐོ་མཛོད་སྒྲིག་བཟོ། Account Security ཐོ་མཛོད་ཉེན་སྲུང། Account chenge ཐོ་མཛོད་བརྗེ་སྒྱུར།
1) Account རྩིས་ཕྲའི་ཐོ་མཛོད།
2) Bank Account དངུལ་ཁང་ཐོ་མཛོད།
3) mail Account གློག་ཀླད་ཐོ་མཛོད།
4) go to Account ཐོ་མཛོད་ལ་འགྲོ།
5) Account Setting ཐོ་མཛོད་སྒྲིག་བཟོ།
6) Account Security ཐོ་མཛོད་ཉེན་སྲུང་།
7) Account Chenge ཐོ་མཛོད་བརྗེ་སྒྱུར།
Account ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐོ་འགྲེལ།
go to account ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐོ་བཤེར།
Account setting ་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐོ་བསྐྲུན།
Account security ་་་་་་་་་་་་་་་་་་་་་་་་་་་་་་་་་་ཐོ་བདག
Account change ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐོ་བཟོ།
འོལ་ཚོད་དུ་འགྲེལ་བརྗོད་བྱས་པ་ཡིན། འོན་ཀྱང་ཐ་སྙད་གང་ཞིག་བཟོས་ན་དེ་ནི་གོ་བདེ་ཚིག་ཉུང་དོན་ཁེལ་དུ་བསམ་བློ་བཏངས་ལེགས་ཆ་འདུག་སྙམ་ཕྱིར་དེ་ལྟར་དུ་འོ།
Account ཟེར་བའི་ཚིག་དེ་ཁོ་ན་ལ་གོ་སྟངས་མི་འདྲ་བ་བཅུ་ཙམ་འདུག དེས་ན་ང་ཚོས་དབྱིན་ཚིག་ནས་བོད་ཀྱི་ཐ་སྙད་གསར་བཟོའི་ལས་འཆར་ཞིག་ཚུགས་འདོད་ན་ངེས་པར་དུ་དབྱིན་ཇིའི་སྐད་ཡིག་ལ་སྦྱང་ཆ་དང་ཁོར་ཡུག་ལ་འདྲིས་གཤིབ་ཡོད་དགོས། མ་ཟད་དུས་དང་མཐུན་པའི་བོད་ཡིག་གི་འབྲི་སྲོལ་ཤེས་དགོས་ཀྱི་ང་འདྲ་བའི་དབྱིན་ཚིག་ཐར་ཐོར་རེ་ཤེས་པ་དང་བོད་ཡིག་གི་གོ་རིམ་བསྒྲིགས་ཐུབ་པ་ཙམ་གྱིས་ནམ་ཡང་མི་ཆོག་པར་སེམས། སླར་ངེས་པར་དུ་ཤེས་དགོས་པའི་གནས་ལུགས་ཤིག་ནི་ཐ་སྙད་གསར་པ་བསྒྱུར་བཟོ་བྱེད་སྐབས་ངེས་པར་དུ་གོ་བདེ་དང་དོན་བསྒྱུར་ཡོང་ཐབས་ལ་བརྟེན་ན་ལེགས་པར་མཐོང་། དེས་ན་ཤེས་དམན་པ་ངོ་མ་ངས་དེ་ལྟར་ཨེ་ཡོང་གཅིག་བལྟ།
Bank Account ཟེར་དུས་ངའི་བསམ་ཚུལ་ལ་དངུལ་ཁང་ལག་དེབ།
Email Account གློག་འཕྲིན་ཁ་བྱང་།
Go to account དེ་གང་ལ་ཡོད་པ་མཐོང་མ་བྱུང་།
Account setting ཁ་བྱང་སྒྲིག་བཟོ།
Change account ཁ་བྱང་བསྒྱུར།
Account security ཁ་བྱང་གི་ཉེན་སྲུང་།
མཆན་ཐུང་ཞིག་་་་་གལ་གནད་ཆེ་བའི་གནས་ཚུལ་སྐབས་ང་ཚོས་མི་ཤེས་ན་མི་ཤེས་ཞེས་ཁས་བླངས་ཐུབ་ན་ལེགས་ལ་ཤེས་ན་ཤེས་ཞེས་དོན་དངོས་ལག་ལེན་དུ་འཁེལ་ཐུབ་ན་གུས་པར་འོས་ལ་ཡར་རྒྱས་ལ་ཕན་པར་སྣང་།