སྤོབས་པ་མཐའ་ཡས།
མིང་ཚིག་གསར་འཁྲུངས།
ཉེ་བའི་ཆ་ཞིག་ནས་དགའ་ལྡན་ཕོ་བྲང་དང་རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་སྟེགས་སྟེང་གི་འགན་དབང་མཚན་གནས་འདོར་རྒྱུ་ཡིན་པའི་འུར་ཟིང་འདིའི་ཁྲོད་དུ་མིང་ཚིག་ཅིག་གསར་དུ་འཁྲུངས་སོང་། མིང་ཚིག་དེ་ནི་བོད་འདི་ཡུལ་མིའི་རྒྱལ་ཁབ་ཅིག་ལ་འགྱུར་རྒྱུ་རེད་ཅེས་པའི་ཡུལ་མིའི་རྒྱལ་ཁབ་ཟེར་བ་དེ་རེད། མིང་ཚིག་འདི་བརྗོད་པ་མི་བདེ་ཞིང་རྣ་བར་མི་སྙན་པ་མ་ཚད་དོན་ལ་ཡང་གོ་རྒྱུ་ཅི་ཡང་མི་འདུག དེ་རིང་ནས་བོད་ཀྱི་གཞུང་གི་འཛིན་སྐྱོང་དབང་ཚད་ཚང་མ་མི་མང་ལ་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པ་ཡིན་པ་ནི་ག་ལ་ཡིན། བོད་ཀྱི་གཞུང་འཛིན་ལས་སྣེ་མི་མང་གིས་འདེམས་མགོ་ལོ་མང་པོའི་སྔོན་ནས་ཚུགས་ཟིན་པ་ཞིག་ལས་དེ་རིང་གསར་དུ་མི་མང་ལ་དབང་ཆ་གསར་པ་ཞིག་ཐོབ་པ་གང་ཡང་མ་རེད
ཐ་སྙད་ཀྱི་གོ་དོན།
ཡུལ་མི་ཞེས་པ་ནི་ཡུལ་དེའི་མི་ཞེས་པའི་དོན་པ་འདྲ། ཡུལ་གང་ཡིན་ཁ་གསལ་མེད་ཀྱང་སྐབས་བབ་ཀྱི་དོན་ལས་བོད་ཡུལ་གྱི་མི་ཡིན་པར་གོ་ཐུབ་དགོས་པ་ལོས་ཡིན། དེ་ལ་ཡུལ་མིའི་ཞེས་འབྲེལ་སྒྲ་སྦྱར་ཡོད་པ་དེས་བོད་ཡུལ་གྱི་མི་ལ་དང་དེ་ལ་དབང་བའི་དངོས་པོ་ཞིག་གི་འབྲེལ་བ་སྟོན་གྱིན་ཡོད་པ་འདྲ། གང་ཞིག་དབང་བའི་དངོས་པོ་དེ་རྒྱལ་ཁབ་ཟེར་བ་དེ་རེད་འདུག ད་ཐོག་མར་རྒྱལ་ཁབ་ཟེར་བ་དེའི་གོ་དོན་ལ་བསམ་ཞིབ་ཅིག་བྱེད། རྒྱལ་ཞེས་པ་ནི་རྒྱལ་པོ་ཞེས་པའི་བསྡུས་ཚིག་དང་། ཁབ་ཅེས་པའི་གོ་དོན་ནི་རྒྱལ་པོ་དེ་ལ་དབང་བའི་ཡུལ་གྱི་དོན་ཡིན། དེ་ལྟར་བསམ་སྐབས་ཡུལ་མིའི་རྒྱལ་ཁབ་ཟེར་བ་དེ་ཏག་ཏག་ནང་འགལ་དུ་གྱུར་འདུག ནང་འགལ་དུ་གྱུར་དོན་ནི་ཡུལ་དེའི་འཛིན་སྐྱོང་གི་དབང་ཆ་མི་སེར་ལ་ཡོད་ན་ཡུལ་དེ་རྒྱལ་ཁབ་མ་ཡིན་པ་དང་རྒྱལ་ཁབ་ཡིན་ན་ཡུལ་དེའི་འཛིན་སྐྱོང་གི་དབང་ཚད་རྒྱལ་པོ་ལ་ཡོད་དགོས་པ་རེད།
མ་དག་རྒྱུན་འབྱམས།
ང་ཚོས་ཀྲུང་གོ་རྒྱལ་ཁབ་དང་རྒྱ་གར་རྒྱལ་ཁབ་སོགས་ཡུལ་ཚང་མར་རྒྱལ་ཁབ་ཟེར་བའི་མིང་གི་ཆ་ཤས་ཤིག་འདོགས་སྲོལ་ཡོད་པ་དེ་མ་དག་རྒྱུན་འབྱམས་ཀྱི་མིང་ཚིག་ཅིག་རེད། དབྱིན་ཡུལ་དང་འབྲུག་ཡུལ་ལྟ་བུ་ཡིན་ན་རྒྱལ་པོ་རྒྱལ་མོ་ཡོད་སྟབས་རྒྱལ་ཁབ་ཅེས་འདོགས་ཆོག དབྱིན་སྐད་ལ་ཡང་The United Kingdom དང་། Kingdom of Bhutanལྟ་བུ་རེད། རྒྱ་གར་རྒྱ་ནག་ལྟ་བུ་ཡིན་ན་ཡུལ་དེ་རྒྱལ་པོ་རྒྱལ་མོས་འཛིན་སྐྱོང་བྱེད་པའི་ཡུལ་མིན་སྟབས་དེ་ལ་རྒྱལ་ཁབ་ཅེས་པའི་མིང་འདོགས་དགོས་དོན་མེད། དབྱིན་སྐད་ལ་ཡང་། Republic of India, People’s Republic Of Chinaཟེར་བ་དང་། ཡང་ན་ཐད་ཀར། India, Chinaཟེར་ནས་ཡུལ་གྱི་མིང་ནས་འབོད་པ་རེད།
བོད་རྒྱལ་ཁབ་ཡིན་ནམ།
སྔོན་མ་ང་ཚོས་བོད་རྒྱལ་ཁབ་དང་བོད་རྒྱལ་ཁབ་ཆེན་པོ་ཞེས་འབོད་ཀྱིན་འདུག སྐབས་དེར་ང་ཚོའི་ཡུལ་འདི་རྒྱལ་བ་རིན་པོ་ཆེས་འཛིན་སྐྱོང་བྱེད་པའི་ཡུལ་ཡིན་པ་དང་ཁོང་བོད་ཀྱི་རྒྱལ་པོ་ཡིན་པའི་རྒྱུ་མཚན་གྱིས་བོད་རྒྱལ་ཁབ་ཏུ་གྱུར་པ་རེད་བསམ་མྱོང་། ཡིན་ན་ཡང་ཁྱད་མཚར་བ་ཞིག་ལ་དབྱིན་སྐད་ལ་ནི་རྒྱལ་ཁབ་ཀྱི་སྐད་དོད་Kingdom of Tibet དང་། Royal Tibetanཟེར་བ་ལྟ་བུའི་རྒྱལ་པོས་འཛིན་སྐྱོང་བྱེད་པའི་དོན་སྟོན་པའི་མིང་གི་ཆ་ཤས་དེ་འདོགས་སྲོལ་མི་འདུག བོད་སྐད་ཀྱི་སྟེང་ནས་བོད་ལ་བོད་ཅེས་བཏགས་པས་མི་ཆོག་པར་དེ་ལ་རྒྱལ་ཁབ་ཅེས་པའི་མིང་གི་ཆ་ཆས་ལྟ་བུ་ཞིག་སྦྱར་དགོས་དོན་ཅི་ཡིན་མི་ཤེས།
ད་ལྟ་ང་ཚོ་རྒྱལ་ཁབ་མ་རེད།
ད་ནི་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་འགན་དབང་མཚན་གནས་འདོར་རྒྱུ་ཡིན་པར་ཐག་ཆོད་པ་རེད། འདི་ལ་མི་མང་པོ་ཞིག་གིས་བགྲེས་ཡོལ་ཟེར་གྱིན་འདུག་མོད་འདི་བགྲེས་ཡོལ་ཞིག་མ་རེད། གལ་སྲིད་འདི་ལ་བགྲེས་ཡོལ་ཞེས་ཟེར་འདོད་ཡོད་ན་བགྲེས་ཡོལ་ཆེན་མོའམ་གཏན་གྱི་བགྲེས་ཡོལ་ཞེས་འདོགས་དགོས་ངེས་རེད། རྒྱལ་བ་རིན་པོ་ཆེ་ཞེས་པའི་གོ་གནས་ཞིག་བོད་ཀྱི་སྲིད་སྟེགས་སྟེང་ནས་མེད་པར་གྱུར་པ་རེད། འདི་གནད་འགག་ཚབ་ཆེན་ཞིག་རེད། ནོར་འཁྲུལ་ཚབ་ཆེན་ཞིག་མིན་པའི་རེ་བ་ཡོད། ད་ནི་ལྷག་པར་ཡང་བོད་ལ་རྒྱལ་པོ་མེད་སྟབས་རྒྱལ་ཁབ་ཟེར་བའི་མིང་གི་འཇུག་ཡུལ་ཞིག་མེད།
མིང་ཚིག་ཅིག་གསར་བཟོ་ནི་བུ་ཕྲུག་ཅིག་སྐྱེ་བ་དང་འདྲ།
བུ་ཕྲུག་ག་ཚོད་བཟོ་མིན་གྱི་དབང་ཚད་ཕ་མའི་ལག་ན་ཡོད་ཀྱང་ཁྱིམ་ཚང་གི་འཚོ་བ་དང་། བུ་ཕྲུག་གི་འཚར་ལོངས་འཕྲོད་རྟེན། མི་ཚེའི་མདུན་ལམ་སོགས་ལ་བསམ་བློ་མ་བཏང་བར་མང་པོ་ཞིག་བཟོས་ན་མི་སྒེར་གྱི་མི་ཚེ་ལ་དཀའ་ངལ་དང་། ཁྱིམ་ཚང་གི་འཚོ་བར་བརྡབས་བསིག། ཆེ་ས་ནས་ཡུལ་གྱི་དཔལ་འབྱོར་ལ་དཀའ་ངལ་དང་། འཛམ་གླིང་གི་ཐོན་ཁུངས་འཛད་གྲོན་སོགས་ལ་ཡང་གནོད་གཞིར་འགྱུར་བ་བཞིན། མིང་ཚིག་གསར་བཟོ་ག་ཚོད་བྱེད་མིན་གྱི་དབང་ཚད་དེ་མཁས་པ་ཚོར་ཡོད་མོད་མིང་ཚིག་དེས་གོ་བརྡ་ག་ཚོད་ཅིག་འཕྲོད་མིན་དང་། གོ་དོན་གསལ་སྟོན་གྱི་ནུས་པ་ཡོད་མེད། བརྗོད་བྱ་ལ་མ་ཁྱབ་པ་དང་ཁྱབ་ཆེ་བའི་སྐྱོན་ཡོད་མེད། བརྗོད་པ་བདེ་མིན་བཅས་ལ་བསམ་བློ་རེ་སྔོན་དུ་གཏང་དགོས་པ་གལ་ཆེན་རེད་སྙམ།
སྤྱིར་རྒྱལ་ཁབ་ཞེས་བརྗོད་ན་རྒྱལ་པོས་དབང་བསྒྱུར་བའི་ཡུལ་ཁམས་ཁོ་ནར་གོ་བ་ནི་མཐོང་རྒྱ་ཆུང་བའི་སྐྱོན་རེད།
རྒྱལ་ཁབ་ལའང་རིགས་སྣ་ཚོགས་པ་ཡོད་ཆོག་ཏེ།
རྒྱལ་པོའི་རྒྱལ་ཁབ་དཔེར་ན་འབྲུག་རྒྱལ་ཁབ་ལྟ་བུ།
དམངས་གཙོའི་རྒྱལ་ཁབ་དཔེར་ན་རྒྱ་གར་རྒྱལ་ཁབ་ལྟ་བུ།
སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་དཔེར་ན་རྒྱ་ནག་རྒྱལ་ཁབ་ལྟ་བུའོ
དབྱིན་ཡིག་ཏུ་ nation, country, kingdom ཞེས་བརྗོད་སྐབས་ཁྱད་པར་མེད་པ་རྒྱལ་ཁབ་ཞིག་ལ་གོ་བ་ལས་རྒྱལ་པོས་དབང་བསྒྱུར་བའི་ཡུལ་ཁམས་ཡིན་པ་མིན་པའི་ཁྱད་པ་ཞིག་སྟོན་མེད་དེ། དཔེར་ན་The United Kingdomཏེ་དབྱིན་ཇི་རྒྱལ་ཁབ་ནི་རྒྱལ་པོས་དབང་བསྒྱུར་བའིརྒྱལ་ཁབ་མིན་པར་དམངས་གཙོའི་དབང་བསྒྱུར་བའི་རྒྱལ་ཁབ་ཡིན་པའི་ཕྱིར་རོ།
སྔ་ནས་ད་བར་བོད་ནི་རང་དབང་བཙན་གྱི་རྒྱལ་ཁབ་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔུང་གསལ་པོར་བྱས་ཡོད་པས། ང་ཚོས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་ནས་རྒྱ་དམར་དང་འཐབ་རྩོད་དྲག་པོར་བྱེད་དགོས་སོ།
གལ་ཏེ་ཞིབ་འཇུག་བྱེད་འདོད་ཡོད་ན་གཤམ་གསལ་ཚིག་མཛོད་ཁག་ཨ་ཡི་ཁ་སྤར་བཅུག་ནས་གཟིགས་རོགས་ཞུ།
http://ihttp://www.khabdha.org/wp-content/languages/submit-bo.giftunes.apple.com/gb/app/tibetan-dictionary/id418873951?mt=8
མིང་ཚིག་དེ་འདྲ་ཞིག་ད་བར་གོ་མྱོང་མེད། མིང་ཚིག་དེ་སུས་བཟོས་པ་རེད། གང་གི་ཆེད་དུ་བཟོས་པ་ཡིན་ན། མིང་དེ་གོ་དུས་སེམས་ལ་མི་བདེ་བ་ཞིག་ཡོང་གི་འདུག བོད་རྒྱབ་ཁབ་ཟེར་བའི་ཐ་སྙད་དེ་མེད་པ་བཟོ་ཆེད་དུ་ཡིན་མི་སྲིད?
སྤོབས་མཐའ་ལགས མ་མཇལ་བར་རྒྱུན་རིང་ཙམ་འགོར་སོང་ཁ་བརྡ་དང་དུས་བབས་གཉིས་ལ་ཁྱེད་ཀྱི་དཔྱད་རྩོམ་རེ་ཨེ་ཡོད་བལྟས་ནས་སྒུག་ཡོད འོན་ཀྱང་འདི་ཉིན་མོའི་སྐར་མ་ལྟ་བུ་ཞིག་རེད
ང་རང་ཁྱེད་ཀྱི་དཔྱད་པ་མང་ཆེ་བ་ལ་ཧ་ཅང་འཐད་པ་འདི་ཕ་ཡུལ་གཅིག་པའི་ཞེན་ཁོག་ཙམ་མ་ཡིན་པར་སེམས་གཏིང་ནས་འཐད་པ་ཡིན ད་ཐེང་གི་ཁྱེད་ཀྱིས་དཔྱད་གཞི་འདི་ལ་མ་དག་རྒྱུན་འབྱམས་ཟེར་ན་ཐལ་ཆེ་བའི་སྐྱོན་ཞིག་སླེབ་སོང སྤྱིར་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་སུ་ཡོད་ཆོག་པ་བཞིན་འདི་འདོད་རྒྱལ་གྱི་མིང་ཞིག་རེད་བརྗོད་ནའང་མ་འགྲིག་པ་མི་འདུག རྒྱལ་ཞེས་པ་མཐའ་གཅིག་ཏུ་རྒྱལ་པོ་ལ་གོ་དགོས་པའི་ངེས་པའང་མི་འདུག མང་མོས་ཀྱི་འདོད་པ་རྒྱལ་བ་ཞིག་ལའང་གོ་ཆོག་གི་འདུག་ལ་ཡང་ཁབ་ཞེས་པ་ནི་ཕྱོགས་གཉིས་ཆར་ནས་གོ་བ་དམིགས་བསལ་བ་གང་ཡང་མི་འདུག ངའི་བསམ་ཚུལ་ཡིན
༡) ད་ལྟ་མི་སེར་རྒྱལ་ཁབ་ཅེས་པའི་མིང་ཚིག་དེ་གྲགས་ཆེན་པོ་ཆགས་དོན་ནི། ཉེ་དུས་༸གོང་ས་མཆོག་གིས་གྲོས་ཚོགས་སུ་སྩལ་བའི་གསུང་འཕྲིན་གྱི་མཇུག་ཏུ། ༼བཅའ་ ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ ཞིག་ངེས་པར་བཟོ་དགོས་༽ཞེས་པ་འདི་ནས་བྱུང་བ་ཞིག་རེད། ཡིན་ནའང་གསུང་འཕྲིན་འདིའི་དབྱིན་འགྱུར་ནང་། ༼amendments to the Charter on this occasion must conform to the framework of a democratic system in which the political leadership is elected by the people for a specific term.༽ཞེས། ཡུལ་མིའི་རྒྱལ་ཁབ་ཀྱི་གོ་དོན་དེ། དབྱིན་ཡིག་ནང་དམངས་གཙོའི་ལམ་ལུགས་(democratic system)སུ་བསྒྱུར་འདུག་དྲན།
༢༽ འདིར་གསལ་པོ་བཟོ་དགོས་པ་ཞིག་ལ། གསུང་འཕྲིན་ནང་ བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ ཞིག་ངེས་པར་བཟོ་དགོས་ཞེས་གསལ་བ་ལས། བོད་དེ་ཡུལ་མིའི་རྒྱལ་ཁབ་ལ་བསྒྱུར་དགོས་པའམ་རྒྱལ་ཁབ་ཡིན་པ་གསུངས་མེད།
༣༽ ཡུལ་མིའི་རྒྱལ་ཁབ་ཅེས་པའི་མིང་ཚིག་དེ་གསར་དུ་བྱུང་བ་ཞིག་རེད་དམ་མ་རེད་ཅེས་ན།
མིང་ཚིག་འདི་ནི་ཉུང་མཐར་ལོ་དགུ་བཅུ་ཡན་ལ་སོན་པའི་བགྲེས་སོང་ཞིག་ཡིན་པ་ལས། གཟའ་འཁོར་ཁ་ཤས་ཀྱི་གོང་ལ་སྐྱེས་པའི་བྱིས་པ་གསར་པ་ཞིག་རྩ་བ་ནས་མ་རེད། ༡༩༡༢ ལོར་གོ་མིན་ཏང་གིས་རྒྱ་ནག་གི་སྲིད་དབང་བཟུང་སྟེ། དབྱིན་སྐད་དུ་ The Republic of Chinaདང་རྒྱ་སྐད་དུ་中華民國ཞེས་པ་འཛུགས་སྐབས། བོད་ཡིག་གི་ཡིག་ཆ་ཁག་གི་ནང་། འདི་ལ་༼རྒྱ་ནག་མི་སེར་རྒྱལ་ཁབ་༽ཅེས་བསྒྱུར་ཡོད། དེ་བཞིན་སུན་ཀྲུང་ཧྲན་གྱི་གསུང་རྩོམ་དེབ་ཁ་ཤས་བོད་ཡིག་ཏུ་བསྒྱུར་བ་དེ་ཚོའི་ནང་དུའང་། མི་སེར་རྒྱལ་ཁབ་ཅེས་བསྒྱུར་འདུག
འོན་ཀྱང་རྒྱ་ནག་དམར་ཤོག་གིས་༡༩༤༩ ལོར་རྒྱ་ནག་གི་སྲིད་དབང་བཟུང་སྟེ་དབྱིན་སྐད་དུ་ People’s Republic of China དང་རྒྱ་སྐད་དུ་ 中华人民共和国 ཞེས་པ་བཙུགས་པ་དེ། བོད་ཡིག་ནང་༼ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་༽ཅེས་བསྒྱུར་ཡོད། དབྱིན་ཡིག་ Republic ལ་གོ་མིང་ཏང་གིས་民國 དང་། རྒྱ་ནག་དམར་ཤོག་གིས་共和国 ཞེས་མི་འདྲ་བར་སྤྱད་པའི་དབང་གིས། བོད་ཡིག་གི་ནང་དུའང་ Republic ཞེས་པ་དེ་འགའ་ཞིག་གིས་མི་སེར་རྒྱལ་ཁབ་དང་། འགའ་ཞིག་གིས་སྤྱི་མཐུན་རྒྱལ་ཁབ་ཅེས་བསྒྱུར་སྟངས་གཉིས་བྱུང་བ་རེད། དཔེར་ན། ༡༩༧༢ ལོར་བཏོན་པའི་གདོང་ཐོག་གིོ་དབྱིན་བོད་ཚིག་མཛོད་ནང་ Republic ལ་མི་སེར་རྒྱལ་ཁབ་ཅེས་བསྒྱུར་བ་དང་། ༡༩༨༨ ལོར་བཏོན་པའི་བཀྲ་ཤིས་ཚེ་རིང་གི་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ནང་། འདི་ལ་སྤྱི་མཐུན་རྒྱལ་ཁབ་ཅེས་བསྒྱུར་འདུག དེ་རྗེས་ཀརྨ་སྨོན་ལམ་གྱི་ཚིག་མཛོད་ནང་། འདི་ལ་མི་སེར་རྒྱལ་ཁབ་དང་། སྤྱི་མཐུན་རྒྱལ་ཁབ་ཅེས་གཉིས་ཀ་གདམས་ཀ་ཡིན་པ་ལྟ་བུར་བཀོད་ཡོད།
དོན་དག་གལ་ཆེ་བ་ཞིག་ཆད་འདུག འདི་ལྟར་ཀློག་རོགས་གནང་།
ཡུལ་མིའི་རྒྱལ་ཁབ་ཅེས་པའི་མིང་ཚིག་དེ་གསར་དུ་བྱུང་བ་ཞིག་རེད་དམ་མ་རེད་ཅེས་ན། ངས་དེ་ལོ་བཅུ་ཕྲག་གོང་གི་ཡིག་ཆ་གཞན་ཞིག་ནས་མཐོང་མྱོང་འདུག ཡིན་ནའང་ད་ལྟ་རྙེད་ཀི་མི་འདུག གང་ལྟར་ཡོངས་གྲགས་ཆེ་བ་ཞིག་མ་རེད། ཡིན་ནའང་། འདི་ལ་མིང་ཚིག་གཞན་ཞིག་ཡོད། དེ་ནི་མི་སེར་རྒྱལ་ཁབ་ཟེར་བ་དེ་རེད། མིང་ཚིག་འདི་ནི་ཉུང་མཐར་ལོ་དགུ་བཅུ་ཡན་ལ་སོན་པའི་བགྲེས་སོང་ཞིག་ཡིན་པ་ལས། གཟའ་འཁོར་ཁ་ཤས་ཀྱི་གོང་ལ་སྐྱེས་པའི་བྱིས་པ་གསར་པ་ཞིག་རྩ་བ་ནས་མ་རེད། ༡༩༡༢ ལོར་གོ་མིན་ཏང་གིས་རྒྱ་ནག་གི་སྲིད་དབང་བཟུང་སྟེ། དབྱིན་སྐད་དུ་ The Republic of Chinaདང་རྒྱ་སྐད་དུ་中華民國ཞེས་པ་འཛུགས་སྐབས། བོད་ཡིག་གི་ཡིག་ཆ་ཁག་གི་ནང་། འདི་ལ་༼རྒྱ་ནག་མི་སེར་རྒྱལ་ཁབ་༽ཅེས་བསྒྱུར་ཡོད། དེ་བཞིན་སུན་ཀྲུང་ཧྲན་གྱི་གསུང་རྩོམ་དེབ་ཁ་ཤས་བོད་ཡིག་ཏུ་བསྒྱུར་བ་དེ་ཚོའི་ནང་དུའང་། མི་སེར་རྒྱལ་ཁབ་ཅེས་བསྒྱུར་འདུག འོན་ཀྱང་རྒྱ་ནག་དམར་ཤོག་གིས་༡༩༤༩ ལོར་རྒྱ་ནག་གི་སྲིད་དབང་བཟུང་སྟེ་དབྱིན་སྐད་དུ་ People’s Republic of China དང་རྒྱ་སྐད་དུ་ 中华人民共和国 ཞེས་པ་བཙུགས་པ་དེ། བོད་ཡིག་ནང་༼ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་༽ཅེས་བསྒྱུར་ཡོད། དབྱིན་ཡིག་ Republic ལ་གོ་མིང་ཏང་གིས་民國 དང་། རྒྱ་ནག་དམར་ཤོག་གིས་共和国 ཞེས་མི་འདྲ་བར་སྤྱད་པའི་དབང་གིས། བོད་ཡིག་གི་ནང་དུའང་ Republic ཞེས་པ་དེ་འགའ་ཞིག་གིས་མི་སེར་རྒྱལ་ཁབ་དང་། འགའ་ཞིག་གིས་སྤྱི་མཐུན་རྒྱལ་ཁབ་ཅེས་བསྒྱུར་སྟངས་གཉིས་བྱུང་བ་རེད། དཔེར་ན། ༡༩༧༢ ལོར་བཏོན་པའི་གདོང་ཐོག་གིོ་དབྱིན་བོད་ཚིག་མཛོད་ནང་ Republic ལ་མི་སེར་རྒྱལ་ཁབ་ཅེས་བསྒྱུར་བ་དང་། ༡༩༨༨ ལོར་བཏོན་པའི་བཀྲ་ཤིས་ཚེ་རིང་གི་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ནང་། འདི་ལ་སྤྱི་མཐུན་རྒྱལ་ཁབ་ཅེས་བསྒྱུར་འདུག དེ་རྗེས་ཀརྨ་སྨོན་ལམ་གྱི་ཚིག་མཛོད་ནང་། འདི་ལ་མི་སེར་རྒྱལ་ཁབ་དང་། སྤྱི་མཐུན་རྒྱལ་ཁབ་ཅེས་གཉིས་ཀ་གདམས་ཀ་ཡིན་པ་ལྟ་བུར་བཀོད་ཡོད།
ཡུལ་མིའི་རྒྱལ་ཁབ་ཟེར་བ་འདི་ཚིག་གསར་བ་མ་རེད། ༡༩༩༡ ལོར་གཏན་འབེབས་བྱས་པའི་བཅའ་ཁྲིམས་དོན་ཚན་གསུམ་བའི་ནང་ཚིག་འདི་བཀོད་འདུག
རྒྱལ་པོའི་རྒྱལ་ཁབ།
བླ་མའི་རྒྱལ་ཁབ།
དམག་དཔོན་གྱི་རྒྱལ་ཁབ།
འཇིགས་བསྐུལ་རིང་ལུགས་པའི་རྒྱལ་ཁབ།
གུང་ཕྲན་ཏང་གི་རྒྱལ་ཁབ།
མང་གཙོའི་རྒྱལ་ཁབ་བམ། ཡུལ་མིའི་རྒྱལ་ཁབ། སོགས་ལ་བརྗོད་མི་བདེ་བ་ག་རེ་འདུག
ཡུལ་མིའི་རྒྱལ་ཁབ་ཅེས་པ་དེ་ཡར་ཁྲིད་མར་ཁྲིད་བྱེད་རྒྱུ་ཡོད་མོད། མནའ་གན་མཐུ་མོ་ཆེ་བཞག་པས་བཀའི་ཕྱིར་ཕེབས་སུ་ང་ཚོ་མང་གཙོའི་ལམ་དུ་བསྐྱོད་དགོས། མང་གཙོ་དེའང་གྲལ་གྱི་མཐའ་ན་གནས་པའི་མི་མང་གི་བདེ་སྡུག་དབུས་སུ་བཞག་པ་ཞིག་ཡིན་གསུངས་འདུག སྐབས་དེ་ནས་ད་བར་གྱི་རྒྱུད་རིམ་ཧྲིལ་བོའི་མང་གཙོའི་གོམ་བགྲོད་ལ་ལྟོས་དུས། ༧གོང་ས་མཆོག་གིས་ཡུལ་མི་ཟེར་བ་དེ་ཡིད་ལ་རིང་ནས་བརྣག་པ་ཞིག་བརྣན་པའི་ཚུལ་གྱིས་འབུར་བཏོད་བྱས་ཏེ་གསུངས་པ་མིན་ནམ་བསམས་ལ། ཡུལ་མིའི་རྒྱལ་ཁབ་ཟེར་དུས་སྐྱབས་བཅོལ་པའི་གནས་སྟངས་ལ་ཡོང་མ་ཆོག་པ་ཞིག་དང་། ས་མེད་ན་མི་ཡོང་གི་ལབ་དུས་ཅུང་ཐལ་སོང་བ་མིན་འགྲོ།
མང་གཙོའི་རྒྱལ་ཁབ། ལས། ཡུལ་མིའི་རྒྱལ་ཁབ། ཅེས་པའི་ཚིག་དེ་བཟང་བ་ཡོད་དེ། དམར་པོའི་རྒྱལ་ཁབ་ཚོ་ཡང་། ཁོ་རང་ཚོས་ཁོ་རང་ཚོར་ང་ཚོ་དམངས་གཙོ་ཡིན་ཞེས་ལབ་པ་དེ་ལ་གོ་དོན་རྩ་བ་མེད་པ་མ་རེད་སྙམས་པས་སོ། །
རྒྱལ་ཁབ་ཅེས་པའི་གོ་དོན་ཡུལ་གཞན་ལ་གཏུག་དགོས་དོན་མི་འདུག་ལ། རྒྱལ་པོ་མེད་ན་རྒྱལ་ཁབ་འདོག་ས་མི་འགྲོ་པའི་ངེས་པ་ཡོད་ཀྱི་མ་རེད། རྒྱལ་འདི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་པའི་དོན་དུ་བཞག་ནས། ཡུལ་མིའི་སྲིད་འབྱོར་རིག་གསུམ་མཚོན་བྱེད་དམ་དེའི་ཕུགས་བསམ་ལ་བཞག་ནས་རྒྱལ་དང་། དེ་ལྟའི་ཡུལ་མིའི་ནུས་ཤུགས་ཀྱིས་དབང་བསྒྱུར་པའི་ཡུལ་ལ་ཁབ་ཅེས་བཏགས་ན་མ་འགྲིག་པ་གང་ཡང་མཐོང་གི་མི་འདུག ཁབ་དེའང་ད་ལྟ་འཐབ་རྩོད་ཀྱི་རིམ་པ་ནས་རྗེས་སུ་མངོན་གྱུར་གྱི་རིམ་པར་བཞག་ནས་འགྲེལ་ན། བོད་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་པ་ཡིན་སྟབས། རང་ལ་འཕྲོད་པ་སྤྱི་སྲོལ་ལ་དོ་ཕོགས་མ་སོང་ན་དེས་མ་འགྲིག་པ་ཞིག་ཡོད་པ་མ་རེད།
གོང་དུ་རྩོམ་འབྲི་བ་དང་མཆན་བུ་བ་རྣམས་ཀྱིས་རྩ་བ་བོར་ནས་ཡལ་གྷག་ལ་འཇུས་པའི་དཔེ་ལྟར་དུ་དོན་མེད་ཀྱི་འགྲེལ་བཤད་བྱེད་པའི་ཁུལ་དུ་སྣང་བ་དང་དོན་གྱི་གནད་དམ་པའི་ཕྱོགས་སུ་སོང་མེད་པ་གསལ་བོ་ཡིན། དྷང་ཚོས་དམངས་གྷགཙོ་(Democracy)དང་སྤྱི་འཐུན་(Republic)དང་རྒྱལ་ཁབ་(Country/State)ཅེས་པའི་མིང་ཚིག་གསུམ་ཀྱི་མཚན་ཉིད་ཀྱི་གོ་དོན་ལ་དཔྱད་པ་མ་བཏང་བར་བསྒྱུར་ཡིག་ཙམ་ལ་ཆ་འཇོག་བྱེད་པ་ནི་ལོང་བས་ལོང་བར་སྣེ་ཁྲིད་བྱེད་པ་དང་གཉིས་སུ་མེད་དོ།
མིང་ཐམས་ཅད་འགྲེལ་བཤད་རྒྱབ་ན་དོན་ལ་འབྱོར་མིན་སྣ་ཚོགས་ཡིན་པས་དེ་ལ་དགོས་པ་ཆེར་མ་མཐོང་། མདོར་ན་བླ་མའི་སྲིད་དབང་དང་ཡང་སྲིད་ལམ་ལུགས་ཀྱི་སྲིད་དབང་མཐའ་དྲིལ་བ་དེས་མི་དམངས་རང་ངོས་ནས་ནུས་ཤུགས་སྟོན་རྒྱུ་ཡོད་ན་སྟོན་པའི་དུས་ལ་བབ་པ་རེད། ད་བར་དུ་ཆོས་ལུགས་ཀྱི་གོམས་གཤིས་མི་མང་ལ་ཤུགས་ཆེ་སྟབས་བོད་མི་གཞོན་སྐྱེས་ཚོའི་སེམས་སུ་བོད་ཀྱི་སྲིད་སྐྱོང་ཚུལ་ལ་མི་འཐད་པ་མཐོང་ཡང་ཁ་ནས་ཐོན་མ་ཐུབ་པར་ལུས་པ་རེད། ད་ནི་༧སྐྱབས་མགོན་མཆོག་གི་བཀའ་དྲིན་ལས་རང་དབང་གི་གོ་སྐབས་བསྐྲུན་ཟིན་པས་གཞོན་སྐྱེས་ཚོས་ནུས་འཇོན་སྟོན་པའི་དུས་ཚོད་མངོན་དུ་གྱུར་པ་ཡིན་པས། ཤ་ཁྲག་དང་སྲོག་གི་འགྲོ་སོང་བཏང་སྟེ་འཛམ་གླིང་ཡོམ་ཡོམ་གཡོ་ཐུབ་པ་ཞིག་འབྱུང་བའི་རེ་བ་ཡོད། རྒྱ་ནག་པོའི་སྲིད་གཞུང་ལ་འབྲེལ་བ་བྱས་ཤིང་མཐེ་བོང་སློང་ནས་སྡོད་ན་འགྲུབ་རྒྱུ་མེད་པའི་ལས་ཀ་རེད།
སྤོབས་པ་མཐའ་ཡས་ཁྱེད་སྤོབས་པ་ཆེན་པོ་དངོས་གནས་འདུག་ཁྱེད་བྲིས་པའི་རྩོམ་ཡིག་འདི་ཆ་ཚང་ཀློག་ཡ་འདོད་པ་སླེབས་མ་བྱུང་།རྒྱུ་མཚན་གང་ཡིན་ཟེར་ན།གང་གི་ཁྱེད་ཀྱི་བཤད་པ་ལྟར་《ཡུལ་དེའི་འཛིན་སྐྱོང་གི་དབང་ཆ་མི་སེར་ལ་ཡོད་ན་ཡུལ་དེ་རྒྱལ་ཁབ་མ་ཡིན་པ་དང་རྒྱལ་ཁབ་ཡིན་ན་ཡུལ་དེའི་འཛིན་སྐྱོང་གི་དབང་ཚད་རྒྱལ་པོ་ལ་ཡོད་དགོས་ཟེར》འོ་ན་ང་ཚོས་བོད་མི་རིགས་ཀྱི་མི་ལོ་ལྔ་བཅུ་ཙམ་ལ་དཀའ་ངལ་འདི་འདྲ་མྱོང་དགོས་པ་དེ་ཡང་བོད་ཀྱི་རྒྱལ་ཁབ་རང་གཙང་མ་ཡོད་པ་དེ་རྒྱ་ནག་མངའ་འོག་ཏུ་ཤོར་སོང་བའི་དོན་མ་ཡིན་ནམ།
དེ་ཡང་གཞོན་ནུ་ཚོགས་པ་གཙོ་བོ་བྱེད་པའི་བོད་མི་དམངས་ཡོངས་ཀྱི་རྒྱ་ནག་ལ་བོད་རང་བཙན་གཙང་མ་ཡིན་ཞེས་མི་ལོ་ལྔ་བཅུ་ཙམ་ལ་སྐད་འབོད་བརྒྱབ་པ་དེ་ཡང་རྫུན་དང་ཁྲམ་པ་ཡིན་ནམ་རྒྱལ་ཁབ་མེད་ལ་བོད་རྒྱལ་ཁབ་གཙང་མ་ཡིན་ཞེས་རྒྱ་ནག་དང་འཐབ་རྩོད་བྱེད་པའི་ཕྱིར།
བོད་རྒྱལ་ཁབ་ཀྱི་རང་བཙནབརླགས་སོང་བ་ཡིན་ན་ཡང་བོད་རྒྱལ་ཁབ་ཀྱི་མིང་སྟེ་མི་བརླག་པ་བོད་མི་དམངས་འམ་རང་དབང་མེད་པའི་གངས་ཕྲུག་ངའི་རེ་བ་ཆེ་ཤོག་ཡིན།
གོང་གི་རྩོམ་པ་པོ་དེའི་《དགའ་ལྡན་ཕོ་བྲང་》ཞེས་པ་དེ་ལ་་ཚིག་དོན་གཉིས་འབྲེལ་ཐོག་ནས་འགྲེལ་བཤད་ཞིག་ཡོད་ན་ལེགས།
Today exile Tibetan society is dominated by few new comer kacha opportunities….unfortunately. This is the main reason of getting ruin today’s exile Tibetan society:-(((
སྤོབས་པ་ལགས། རྒྱལ་ཞེས་པ་ནི་རང་གི་མི་མཐུན་ཕྱོགས་ལས་རྒྱལ་བས་རྒྱལ་ཞེས་འབོད་དགོས། ཁབ་ཅེས་པ་ནི་ཡུལ་གྱི་དོན་ཡིན་ལ། དེས་ན་རྒྱ་ནག་གིས་མི་དམངས་དཀྱུས་མའི་སྟོབས་ཤུགས་དང་འཛུགས་བསྐྲུན་ཆ་ནས་གྲུབ་པས། 中华人民共和国མི་སེར་རྒྱལ་ཁབ་བརྗོད་པ་ལྟར་ང་ཚོས་ཀྱང་ཡུལ་མིས་སྟོབས་ཀྱིས་བཙུགས་ཤིང་སྐྱོང་བའི་ཆ་ནས་ཡུལ་མིའི་རྒྱལ་ཁབ་བརྗོད་ན་དོན་མཐུན་སྙམ།
དྲང་པོར་བཤད་ན། སྤོབས་པས་རྒྱལ་པོའི་གོ་དོན་ཤེས་མི་འདུག
སྣང་བར་མི་འགྲོ་བའི་སྐད་ཆ་རང་རེད། པུར་རྒྱལ་བོད་ཀྱི་རྒྱལ་ཁབ་ཆེན་པོ་ཞེས་པ་དེས་མི་ཆོག་པ་གང་འདུག་ཚང་མ་རང་བརྗེ་དགོ་དོན་ཨེ་ཡོད་ནམ།
སྣང་བར་མི་འགྲོ་བའི་སྐད་ཆ་རང་རེད། པུར་རྒྱལ་བོད་ཀྱི་རྒྱལ་ཁབ་ཆེན་པོ་ཞེས་པ་དེས་མི་ཆོག་པ་གང་འདུག་ཚང་མ་རང་བརྗེ་དགོ་དོན་ཨེ་ཡོད་ནམ།
བོད་ཡུལ་མིའི་རྒྱལ་ཁབ་ཀྱི་ཐ་སྙད་ལས་བོད་དམངས་གཙོའི་རྒྱལ་ཁབ་ཞེས་པའི་ཐ་སྙད་དེ་རྣར་སྙན་པ་དང་ག་རྒྱུ་ཆེ་བ་འདུག འོན་ཀྱང་ཐ་སྙད་དེ་གང་འཇོག་ན་ཡང་འགྲིག གཙོ་བོ་ནོ་ང་ཚོ་བོད་དེ་ཡང་དག་པའི་དམངས་གཙོའི་ལམ་དུ་བསྐྱོད་རྒྱུ་དེ་རེད། ང་ཚོའི་སྤྱི་འཐུས་གྲོས་ཚོགས་ཀྱི་ལམ་ལུགས་ཀྱི་གྲུབ་གཞི་དེ་དམངས་གཙོའི་རྒྱལ་ཁབ་གཞན་སུ་དང་མི་འདྲ་བ་ཞིག་རེད། སྲིད་དོན་ཚོགས་པ་མེད་པ། ས་གནས་འཐུས་མིའི་འོས་བསྡུའི་ཚགས་ཚུད་མེད་པ། ཆོས་ལུགས་པ་ལ་འོས་བསྡུ་ཐོབ་ཐང་ལྷག་པོཡོད་པ། སྤྱི་འཐུས་གང་ཞིག་ཆོལ་ཁ་དང་ཆོས་ལུགས་གཉིས་ཀ་ལ་ཞུགས་ཆོག་པ་སོགས་ཡིན། གལ་སྲིད་དེ་ལྟ་བུའི་ལམ་ལུགས་དེ་ཕྱི་ལུགས་ཀྱི་དམངས་གཙོའི་ཐོག་མཁས་དབང་ཞིག་ལ་འགྲེལ་བཤད་ཅིག་རྒྱག་པ་ཡིན་ན་གད་མོ་སློང་རྒྱུ་རང་རེད། ཡིན་ན་ཡང་དམངས་གཙོའི་ལམ་ལུགས་དེ་ལྟ་བུ་དེ་གོང་ས་མཆོག་གིས་གནང་བ་ཡིན་ཙང་འགུལ་བསྐྱོད་གཏང་ཐུབ་ཀྱིན་མེད། འདི་ལ་བསམ་བློ་ནན་ཏན་གཅིག་གཏོང་དགོས། ད་ལྟ་༸གོང་ས་མཆོག་བཞུགས་པའི་སྐབས་ལ་ང་ཚོའི་གོམ་པ་མདུན་སྤོས་ཀྱིས་བཅོས་བསྒྱུར་གཏང་ན་ཕྱིས་མ་དྲག་ སྔ་མ་དྲག་པ་རེད་འདུག་སྙམ།
༄༅། ཨ་ཁ། བོད་རིགས་ལྐུགས་པ་ཤ་སྟགས་སུ་བཏང་བཞག་འདུག བོད་ལ་འབུམ་རམ་པ་ཉུང་དྲག་པས་དེའི་ལག་ཁྱེར་ཞིག་ཐོབ་ཙམ་གྱིས་མཁས་དབང་གི་སར་བཙན་གྱིས་འཇོག་པ་འདིས་བོད་རིགས་སྤྱི་ཡི་ཡོན་ཚད་ལ་བརྙས་བཅོས་བཏང་བ་ཞིག་མིན་ནམ། མདོར་ན་བོད་ལ་འབུམ་རམ་པ་ཉུང་། དེའི་ལག་ཁྱེར་ཡོད་ན་མཁས་དབང་ཡིན་པས་ཁྱབ་ཟེར་བ་འདྲ། འོན་ཀྱང་འབུམ་རམ་པ་ཡིན་ན་མཁས་དབང་་ཡིན་པའི་ངེས་པ་མི་འདུག སློབ་གྲྭ་མཐར་ཕྱིན་པ་དང་མི་ལོ་བཅུ་གྲངས་ལ་སྤྱང་བའི་ཡོན་ཏན་ཆུ་ལ་རི་མོ་བྲིས་པ་ལྟར་རྗེས་མེད་གྱུརབའི་འབུམ་རམ་པའང་མང་པོ་འདུག འབུམ་རམ་པར་ཐོན་པ་ལ་ཆ་རྐྱེན་གསུམ་དགོས། ༡༽འཚོ་བ་ལ་དཀའ་ངལ་མེད་པ་དགོས། སློབ་ཡོན། སྡོད་གནས། ལམ་གྲོན། དེབ་རིན། དགེ་རྒན་ལ་འབུལ་རྒྱུའི་ཕྱག་རྟགས། བཟའ་བཏུང་གི་འགྲོ་སོང་སོགས། ༢༽དབང་པོ་སྐྱོན་མེད་པ་དགོས། རིག་པ་གྲུང་པོ་དང་ཤེས་རབ་རྒྱ་ཆེན་པོ་མེད་ཀྱང་རུང་། བཤད་ན་གོ་ཐུབ་ཙམ། བསླབ་ན་ཤེས་ཐུབ་ཙམ། གནས་སྐབས་ཙམ་གྱི་བློ་འཛིན། རྩོམ་ཡིག་བརྐུ་བཅོས་ལ་བྱང་ཆུབ་པ་ཞིག་དགོས། དེའི་ཆ་རྐྱེན་ཞན་ན་དགེ་རྒན་དང་སློབ་གྲོགས་འབྱོར་མེད་རྣམས་ལ་འབུལ་བ་བྱེད་སྟངས་ཤེས་ན་དཀའ་ངལ་མེད། ༣༽ངོ་དགའ་སྤྲེད་ལད་ཤེས་པ་དགོས། དགེ་རྒན་དང་སློབ་གྲྭའི་འབྲེལ་ཡོད་རྣམས་ལ་ཇ་ཆང་གི་འབུལ་བ་རྒྱུན་མི་ཆད་པའི་ཁར་ཕ་རོལ་པོའི་བློ་དང་འཚམས་པའི་ངོ་སྟོད་དང་ཕྱག་རོགས་དཀའ་ངལ་ལ་མི་འཛེམས་པར་གནང་དགོས། གཞན་ཡང་རྒྱ་རིགས་ཀྱི་བུ་མོ་མཛེས་མ་རེས་རང་གི་ལང་ཚོ་ཡང་དགེ་རྒན་ལ་ཕུལ་ནས་འབུམ་རམ་པའི་ཆེད་རྩོམ་འབྲིར་འཇུག་པ་དང་། ཕོ་སར་འགའ་རེའི་རྒུབ་ཀྱི་འབུལ་བ་བཏེགས་ཏེ་མཐར་ཕྱིན་ལག་ཁྱེར་ཉོ་མཁན་ཡོད། ཡང་ལྟར་ཡང་དངུལ་གཅིག་པོ་ཙམ་མིན་པར། བུ་དང་བུ་མོ་གང་བྱེད་དགོས་ཀྱང་ཐུབ་པ། གཡོགས་པོ་བཙོན་པ་གང་བྱེད་དགོས་ཀྱང་བཟོད་པ། སྤྲང་པོ་ནང་བཞིན་ཁོག་ནས་ཁོང་ཁྲོ་་ལང་ཡང་ཕྱི་ན་ངོ་དགའི་འཛུམ་མདངས་ཡོད་མཁན་ཚོར་ལག་ཁྱེར་ཐོབ་རྒྱུར་ལས་སླ་བོ་ཡོད་པ་མཐོང་ཆོས་རེད། ཡོན་ཏན་ཁོ་ན་ལ་བརྟེན་ནས་འབུམ་རམ་པ་ཐོབ་པ་ཡང་ཡོད་མོད། དེའི་ལམ་ཁ་སོ་སོ་རེད། ཁྲིམས་ལུགས་ཀྱི་འབུམ་རམ་པར་མཚོན་ན། བློ་འཛིན་ཡག་པོ་ཞིག་དང་གཡོ་རྒྱུ་ཚ་བོ་ཞིག་གཞི་རྩའི་ཆ་རྐྱེན་རེད། ཁྲིམས་ལུགས་རིག་པའི་དོན་ཚན་སུམ་བརྒྱ་ཙམ་བློ་འཛིན་བྱེད་ཐུབ་ན་རྩེ་གྲས་རེད། འགྲིགས་པ་རེད། གྲྭ་སའི་གྲྭ་བ་ཚོའི་གཞུང་ཆེན་མོ་མང་པོ་བློ་འཛིན་དང་རྩོད་བ་བྱས་རབས་གོ་ཚེ་ཁྲིམས་ལུགས་འབུམ་རམ་པ་ལ་ངོ་མཚར་ཆེ་རྒྱུ་མི་འདུག འོན་ཀྱང་ཁྲིམས་ལུགས་ཕྱོགས་ལ་ཆེད་རྩོམ་འབྲི་མཁན་མང་དྲག་པས་ཅུང་ཞིག་དཀའ་ངལ་ཡོད། ཤེར་རྟོག་རིག་པ་དང་རྡུལ་ཕྲན་རིག་པ། གནམ་སྤྱོད་རིག་པ་སོགས་ལ་བསྡུར་ན་ཁྲིམས་ལུགས་ལས་སླ་བོ་རེད། མ་ཟད་ནུབ་ཕྱོགས་སྨན་པ་འབུམ་རམ་པའང་ལོ་བརྒྱར་དགུར་སློབ་སྦྱོང་བྱེད་དགོས་པ་དང་ཤེས་བྱ་རྒྱ་ཆེ་བས་དཀའ་ངལ་ཆེན་པོ་ཡོད། ངའི་ཁྲིམས་ལུགས་སྤྱོང་རྒྱུ་མཐར་ཕྱིན་མིན་མ་འཚལ་ཡང་། སྤྱང་བ་ཡོད་མཁན་ཚོར་དགའ་བུ་དང་རྗེས་སུ་ཡི་རང་ཡོད། བོད་ལ་མཁོ་ངེས་ཀྱི་འབུམ་རམ་པ་ནི། ཆབ་སྲིད། དམག་དོན། རྡུལ་ཕྲན། འཛིན་སྐྱོང་། གསང་ཉུལ། ཁྱབ་སྒྲགས། དཔལ་འབྱོར་སོགས་རེད། སྨན་དང་ཁྲིམས་གཉིས་མཁོ་ཡང་དེ་ཙམ་གལ་ཆེན་པོ་མ་མཐོང་། རྨོངས་བློར་དྲན་ཚད་བྲིས་པ་ལགས།
གོང་གི་མཆན་བྲི་ས་ནོར་སོང་། དགོངས་དག་ཞུ། མི་སེར་རྒྱལ་ཁབ་བྱས་ཀྱང་རུང་། མ་བྱས་ཀྱང་ཆོག བོད་རྒྱལ་ཁབ་ཆེན་པོ་ཞེས་འབོད་རོགས།
ཨ་ ཨ་ ཨ ཁང་རྡོར་དང་སྤོབས་མཐའ་སོགས་་་་་མཁས་པ་ཚོ་ནོར་ནོ་དག་ག་ཅིག་ནོར་བ་མ་རེད། རྩ་བ་ནས་ནོར་འདུག གསུང་འཕྲིན་ནང་་་་
༼`བཅའ་ ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ ཞིག་ངེས་པར་བཟོ་དགོས་༽ཞེས་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཟེར་འདི་ཡུལ་ཆུ་འཐུང་ན་ཡུལ་མིར་བསྟུན་ཟེར་བ་དེ་རེད། ང་ཚོ་གནས་རྒྱ་གར་་་་་ཡུལ་མིའི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་བཟོ་དགོས་གསུངས་བ་རེད། དཔེར་ན། བཀའ་ཁྲི་ཟེར་བ་ལས་སྲིད་བློན་ཟེར་ན་ཡུལ་མིའི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་གི་ཡོདཔ་་མ་རེད། ད་ལྟའི་བཅའ་ཁྲིམས་ནང་ཡུལ་ཁྲིམས་དང་མཐུན་པ་བཅོས་དགོས་པ་མང་པོ་ཞིག་ཡོད་པ་རེད།
ཡུལ་གྱི་མིང་ལ་བོད་ གཞུང་གི་མིང་ལ་བོད་གཞུང་
དེ་ལས་ལྷག་པའི་མིང་ད་ལྟའི་ཚོད་ལ་དགོས་ཡས་མིན་འདུག ལས་ཀ་མེད་པའི་ལས་ཀ་ ཞོངས་པ་སྟོང་པའི་ཞོངས་རྩེད་ ས་ཆ་སེ་མོ་རྩམ་ཡང་མེད་པར་མིང་གསར་པ་དགོས་ཀྱི་རེད་དམ།་
རྣམ་པ་ཚོས་དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ། ཡིན་ན་ཡང་དཔྱད་ཞིབ་རྣོན་པོ་གནང་མཁན་ཁང་གསར་རྡོ་རྗེ་ལགས་ཀྱིས་ཀྱང་གྲགས་པའི་རྗེས་འབྲངས་ཙམ་ལས་མིང་ཚིག་དེ་རང་ངོས་ལ་བཙོ་སྦྱངས་བྱས་ནས་གསུངས་མི་འདུག་པས་ཡིད་ཚིམ་པོ་དེ་ཙམ་མ་བྱུང་། རྒྱལ་ཁབ་ཅེས་པའི་མིང་འདོགས་ཆོག་མིན་སྐོར་དེ་བལ་ཡུལ་ལྟ་བུ་ཡིན་ན་སྔོན་མ་Kingdom of Nepal དང་ཡང་ན་Royal Nepalསོགས་འབོད་སྲོལ་ཡོད་ཀྱང་རྒྱལ་པོ་མེད་པ་བཟོས་པའི་རྗེས་སུ་རྗེས་སུ་Republic of Nepal ཟེར་གྱིན་འདུག ངའི་རེ་འདུན་ངོ་མ་དེ་བོད་སྐད་ལ་ཡང་ས་མིང་ཡུལ་མིང་སོགས་ཡུལ་གང་ཞིག་རྒྱལ་པོ་རྒྱལ་མོས་འཛིན་སྐྱོང་བྱེད་བཞིན་ཡོད་མེད་ཀྱི་གསལ་ཁ་འདོན་ཐུབ་པའི་མིང་ཚིག་རེ་ཐོགས་ཐུབ་ན་སྙམ་པ་ཡིན། དེ་རིང་ཆང་གིས་བཟི་འདུག་པས་རྗེས་སུ་དྲ་གྲོགས་ཚོར་ལན་འདེབས་དང་ཅིནུས་བྱ་ཆོག
སྐྱོན་མེད་ཆང་གིས་བཟི་བ་ཙམ་ཡིན་ན་སང་ཉིན་ནས་དྭངས་ཡོང་།
གསལ་པོ་མི་དགོས་སར་གསལ་བོར་བཟོས་བསྡད་ན་དགོས་པ་ལས་དགག་བྱ་ཆེ་བ་འང་ཡོད་པ་རེད།
ཁ་ལ་མི་བདེ་ན་འཇམ་དབྱངས་ཀྱི་སྔགས་དེ་ཚོ་མང་ཙམ་བཟླ་དགོས།
ཁང་གསར་ལགས་ནས་དཔྱད་ཞིབ་དང་དབྱེ་འབྱེད་ལགས་པས་མཆན་འདེབས་པས། ང་ཚོ་ཚང་མས་མིག་དཔེ་འདི་འདྲ་ཞིག་ལ་བལྟ་འོས་བར་འདོད། རྒྱུ་མཚན་ནི་ང་ཚོ་ཡང་གཞན་གྱི་དཔྱད་བརྗོད་པ་བཞིན་གོམ་འགྲོས་ལྷན་སྤོ་དང་དཔུང་བ་མཉམ་བཤིབ་དགོས་བ་འདོད།
ལགས་སོ་བསམ་ཚུལ་ཡག་པོ་འདུག་འདི་འདྲ་རྩོད་དགོས་པ་རེད་ཡར་རྒྱས་ཀྱི་རྣམ་པར་འདུག་
འདི་རྩོད་པ་རིང་པོ་ཞིག་བརྒྱག་དགོས་པའི་ཚོད་འདུག་ཏེ། དུས་ཚོད་ཀྱི་ཡོང་ས་མ་རེད། ཡིན་ནའང་དཔྱད་པ་གཏིང་ཟབ་གང་ཡང་མ་བྱས་པར་ཚོད་ཚོད་ལ་བསམ་ཚུལ་ཐུང་ཐུང་ཞིག་འབྲི་ཆོག་པ་གྱིས། དང་པོ་ཞུ་རྒྱུར་སྤོབས་པ་སོགས་ལ་རྒྱལ་བོ་ཞེས་པའི་རྒྱལ་དེ་ངོ་ཡག་པོ་ཞིག་འཕྲོད་མེད་པ་མིན་འགྲོ་དྲན་སོང་། ཡང་སྙིང་རྒྱལ་ཞེས་པ་བྱ་ཚིག་ཅིག་རེད། རྒྱལ་ཞེས་པ་རྒྱལ་ཁ་ཐོབ་པའི་དོན་ཡིན་པ་འདྲ། རྒྱལ་བོ་ཟེར་དོན་ཀུན་ལས་རྣམ་པར་རྒྱལ་ཏེ་ཡུལ་གྱི་གཙོ་བོར་གྱུར་བའི་མི་དེ་ལ་རྒྱལ་བོ་ཞིག་མིང་བཏགས་པ་འདྲ། ཡིན་ནའང་རྒྱལ་ཟེར་བ་ངེས་པར་མི་གཅིག་ལ་གོ་དགོས་དོན་ཅང་ཨེ་ཡོད་ན་དྲན་གི དཔེར་ན་བོད་མི་ས་ཡ་དྲུག་གིས་རང་བྱུང་གི་ཁོར་ཡུག་རྩུབ་པོ་རྣམས་འདུལ་ནས་འཚོ་གནས་བཅས། ཁྱིམ་འཚེས་གཡས་གཡོན་གྱི་རྒྱལ་ཁབ་ཚོའི་སྟོབས་ཀྱིས་གནོད་མི་ཚུགས་པའི་སྟོབས་ཤུགས་བསྐྲུན་ཏེ། བོད་མི་ས་ཡ་དྲུག་པོའི་བདེ་སྡུག་བཅོལ་སའི་ཁྱིམ་གཞི་ཆེན་ཞིག་བཙུགས་ཏེ། ཡུལ་དེའི་ནང་བོད་མི་རིགས་རང་ཉིད་ཆེ་ཤོས་དང་བཙན་ཤོས་ཡིན་ཙང་བོད་ཡུལ་ལ་བོད་རྒྱལ་ཁབ་ཅེས་བཏགས་ནས་འགྲིག་གི་རེད།
རྒྱལ་བོ་ལབ་ན་དོན་དག་ཁག་ཁག་རེད། རྒྱལ་ཁབ་ཀྱི་གཙོ་བོ་དེ་ལ་རྒྱལ་བོ་ཞེས་བཏགས་པ་རེད། ངའི་བསམ་པར་བོད་མི་ས་ཡ་དྲུག་པོ་རང་ཉིད་ཆེ་ཤོས་དང་བཙན་ཤོས་ཡིན་སའི་ཡུལ་དེ་ལ་བོད་རྒྱལ་ཁབ་ཅེས་བཏགས་ན་འགྲིག་གི་རེད་བསམ་སོང་། གང་ཡིན་ཟེར་ན་ཡུལ་དེར་བོད་མི་རྣམས་རྣམ་པར་རྒྱལ་ཏེ་རང་ཉིད་ཀྱི་ཁྱིམ་གཞི་བཙུགས་ནས་གནས་ཡོད་པ་མ་རེད་དམ། བོད་ཀྱི་བདག་པོ་བོད་མི་ཡིན།། བོད་ཀྱི་ཡུལ་ན་བོད་མི་རྒྱལ།། བོད་ཀྱི་རྒྱལ་ཁབ་བོད་མིའི་ཡིན།། རྒྱལ་བོ་མེད་ཀྱང་རྒྱལ་ཁབ་ཡོད།།
འདིའི་རྗེས་ནས་མུ་མཐུད་རྩོད་ལན་འབྲི་ལོང་མེད་པས་དགོངས་འགལ་མེད་པ་གྱིས།
རྒྱལ་བོ་ཟེར་དུས་མི་གཅིག་ལ་གོ་གི་རེད། རྒྱལ་ཁབ་ལབ་ན་དེས་ཚད་ཀི་མ་རེད། རྒྱལ་ཁབ་ཟེར་བའི་མིང་གཉིས་པོ་འདིའི་ནང་ལ་ཡུལ་དེའི་ས་ཆ་དང་མི་དང་། རྒྱལ་བོ་དང་བློན་པོ་སོགས་ཚང་མ་ཚུད་ཡོད་པ་རེད། རྒྱལ་བོ་ནི་རྒྱལ་ཁབ་ཀྱི་ནང་གི་ཆ་ཤས་ཤིག་རེད། དེ་ལས་མང་བ་མ་རེད། དེའི་ཕྱིར་རྒྱལ་བོ་ཟེར་དུས་རྒྱལ་ཁབ་ལས་ཆེ་བ་མ་ཡིན་པ་འདྲ་ཞིག་འདུག་ཏེ། སྣ་འཐེན་ནས་ཁའི་ནང་ལ་བསྐྱེལ་མཁན་ཚོར་ལན་རྙེད་ཀི་མ་རེད།
ཁྱེད་ཚོ་མཁས་པ་ཚོས་མིང་ཚིག་གི་གོ་དོན་དང་འཇུག་ཡུལ་གར་འཐེན་འཐེན་རེད་འདུག དངོས་གནས་ཁ་ཤས་རེས་སྣ་འཐེན་ནས་ཁ་ནང་ལ་སླེབས་འཇུག་འདོད་ལྟ་བུ་ཡང་འདུག ཡིན་ན་ཡང་རྒྱལ་ཁབ་ཅེས་པའི་གོ་དོན་ངོ་མ་ནི་དབྱིན་སྐད་ཀྱི་Kingdomཟེར་བའི་དོན་རེད། མ་དག་རྒྱུན་འབྱམས་ཟེར་དོན་ནི་ང་ཚོས་རྒྱ་གར་རྒྱ་ནག་བལ་ཡུལ་ཚང་མར་རྒྱལ་ཁབ་ཟེར་བའི་མིང་གི་ཆ་ཤས་མི་དགོས་པ་ཞིག་སྦྱར་བ་དེ་ལ་ཟེར་གྱིན་ཡོད། སྤྱིར་ན་རྒྱལ་ཁབ་ཀྱི་ཁབ་ཅེས་པའི་མིང་གི་འབྱུང་ཁུངས་ལ་བསམ་ན་ཐོག་མར་རྒྱལ་པོའི་ཁབ་ཟེར་བ་དེ་རྒྱལ་པོའི་ཁྱིམ་ཙམ་གྱི་དོན་ཡིན་པ་འདྲ།
Kingdom་ཞེས་པའི་ཚིག་འདི་ནི་རྒྱལ་བོ་དང་ཡང་ན་རྒྱལ་མོས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་གི་གོ་དོན་མཚོན་པ་ལས་རྒྱལ་ཁབ་ཀྱི་ནང་དོན་གཅིག་བུ་ལ་འཇུག་གི་མེད་དོ། ཁྱོད་ཀྱིས་བཤད་པ་ལྟར་དུ་ཁས་ལེན་བྱས་ན་རྒྱལ་ཁབ་ཡིན་ན་རྒྱལ་བོ་དང་ཡང་ན་རྒྱལ་མོས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་འདོད་དགོས་པའི་སྐྱོན་གྲངས་མེད་པའོ། །
སྤོབས་པ་ལགས། རྒྱལ་ཁབ་ཅེས་པ་འདི་དབྱིན་སྐད་Kingdomའདི་ནས་ཚུར་བསྒྱུར་བ་རེད་དམ། དེ་མིན་ན་ང་ཚོས་དབྱིན་སྐད་ཁོ་ན་རྩིས་སུ་འཛིན་དགོས་ཅི་ཡོད།
རྒྱལ་ཁབ་ཅེས་པའི་ཁབ་དེ་རྒྱལ་པོ་ཕོ་བྲང་ངམ་ཁང་པར་ཁྱིམ་ལ་གོ་མི་དགོས།
ཁབ་ཅེས་པ་ནི་མནའ་མ་དང་མངའ་ཐང་ལྗོངས་ལས་སོགས་ལ་གོ་བ་ཡོད།
རྒྱལ་ཁབ་ཅེས་པ་ནི་ཡུལ་གྲུ་གང་འདྲ་ཞིག་ཡིན་མོད་ཐོག་མར་རྒྱལ་པོའམ་བཙན་ཕྱུག་འཕན་དར་འཛོམས་པའི་མི་ཆེ་གེ་མོ་ཞིག་གིས་དབང་བསྒྱུར་བྱས་ཡོད་པའི་རྒྱུ་མཚན་གྱིས་ཕྱིས་སུ་ཡུལ་གྲུ་ཀུན་ལ་རྒྱལ་ཁབ་ཅེས་བསྒྲགས།
དེས་ན་ད་ལྟ་ཀྲུང་གོའི་རྒྱལ་ཁབ་བམ་རྒྱ་གར་རྒྱ་ནག་གི་རྒྱལ་ཁབ་སོགས་ལ་རྒྱལ་ཁབ་ཅེས་བརྗོད་པ་ནི་དོན་དང་མཐུན་ནོ།
རྒྱལ་ཁབ་ཅེས་པའི་ཁབ་དེ་རྒྱལ་པོའི་ཕོ་བྲང་ངམ་ཁང་པར་ཁྱིམ་ལ་གོ་མི་དགོས།
ཁབ་ཅེས་པ་ནི་མནའ་མ་དང་མངའ་ཐང་ལྗོངས་ལས་སོགས་ལ་གོ་བ་ཡོད།
རྒྱལ་ཁབ་ཅེས་པ་ནི་ཡུལ་གྲུ་གང་འདྲ་ཞིག་ཡིན་མོད་ཐོག་མར་རྒྱལ་པོའམ་བཙན་ཕྱུག་འཕན་དར་འཛོམས་པའི་མི་ཆེ་གེ་མོ་ཞིག་གིས་དབང་བསྒྱུར་བྱས་ཡོད་པའི་རྒྱུ་མཚན་གྱིས་ཕྱིས་སུ་ཡུལ་གྲུ་ཀུན་ལ་རྒྱལ་ཁབ་ཅེས་བསྒྲགས།
དེས་ན་ད་ལྟ་ཀྲུང་གོའི་རྒྱལ་ཁབ་བམ་རྒྱ་གར་རྒྱ་ནག་གི་རྒྱལ་ཁབ་སོགས་ལ་རྒྱལ་ཁབ་ཅེས་བརྗོད་པ་ནི་དོན་དང་མཐུན་ནོ།
ངས་འདི་གར་གྲོགས་པོ་ཚོར་ཁ་སྣོན་ཅིག་བྱེད། མཁས་དབང་ཟླ་བ་བློ་གྲོས་ལགས་ཀྱི་གཏམ་བཤད་ཅིག་ན་འདི་ལྟར་ཡོད། བོད་ཀྱི་བཙན་པོ་དང་བོད་ཀྱི་རྒྱལ་བོ་ཞེས་པ་ནང་དོན་གཅིག་མིན། རྒྱལ་པོ་ས་ཆ་ཆུང་ཆུང་ལའང་རྒྱལ་པོ་མང་པོ་ཡོད། བཙན་པོ་ཞེས་པ་ནི་རྒྱ་ནག་སྐད་དུ་(皇帝)ཟེར། རྒྱལ་པོ་ལ་རྒྱལ་ཕྲན་གྱི་རྒྱལ་པོ་སོགས་རྒྱལ་པོའི་རིགས་མང་པོ་ཡོད། བཙན་པོ་ནི་རྒྱལ་པོ་ཐམས་ཅད་ཀྱི་སྤྱིའི་རྒྱལ་པོ་ལ་བཙན་པོ་ཟེར། འདི་ལའང་བསམ་བློ་ཞིག་གཏོང་དགོས་པར་སྙམ།
འདི་ཡར་ཁུངས་མར་ལ་གཏུག་དགོས་དོན་ཡོད་པ་མ་རེད། རིག་པ་དང་མཐུན་ན་དེ་གས་འགྲིག་ནི་རེད། དེ་མིན་འདི་ནི་རྩོད་གཞི་ཞིག་མ་རེད། ཉི་མ་ཕུད་སྤྱད་ཅིག་ཡིན་ན་ཐང་།
སྤོབས་པ་མཐའ་ཡས་ཟེར་མཁན་དེ་དངོས་གནས་ཕྲུག་གུ་ཆུང་ཆུང་ནང་ལྟར་མཆན་རེ་རེའི་རྗེས་སུ་ལན་རེ་རེ་བཏབ་ཀ་འགྲོ་གི་འདུག རྒྱལ་ཁབ་ཞེས་པའི་རྒྱལ་དེ་རྒྱལ་པོ་ལ་གོ་བར་ཆ་བཞག་ནས་བསྒྱུར་དགོས་ན་REPUBLIC OF CHINA ལ་རྒྱ་ནག་མི་མང་སྤྱི་མཐུན་ལུང་པ/ཡུལ། REPUBLIC OF INDIA ལ་རྒྱ་གར་སྤྱི་མཐུན་ཡུལ། UNITED STATES OF AMERICAལ་ཨ་མེ་རི་ཁ་སྤྱི་མཐུན་ལུང་པ་སོགས་སུ་བསྒྱུར་དགོས་ངེས་ལ་སོང་གོ་རྒྱུའང་མེད་ལ་བརྗོད་མི་བདེ་བའི་མིང་ཧ་ཅང་མང་པོ་གསར་དུ་བྲིས་དགོས་ཚེ་དགོས་མེང་ཀྱི་ངལ་བ་ཁྱད་སད་རང་རེད། རྒྱལ་ཁབ་ཅེས་པའི་གོ་དོན་དེ་ཡང་ཡུལ་གཞན་ལ་གཏུག་དགོས་དོན་མེད་ལ། རྒྱལ་པོ་མེད་ན་རྒྱལ་ཁབ་འདོག་ས་མི་འགྲོ་པའི་ངེས་པའང་གང་ཡང་མེད། རྒྱལ་འདི་ཕྱོགས་ལས་རྣམ་པར་རྒྱལ་པའི་དོན་དང་། ཡུལ་མིའི་སྲིད་འབྱོར་རིག་གསུམ་མཚོན་བྱེད་དམ་དེའི་ཕུགས་བསམ་ལ་བཞག་ནས་རྒྱལ་དང་། དེ་ལྟའི་ཡུལ་མིའི་ནུས་ཤུགས་ཀྱིས་དབང་བསྒྱུར་པའི་ཡུལ་ལ་ཁབ་ཅེས་བཏགས་ན་མ་འགྲིག་པ་གང་ཡང་མེད་པར་མ་ཟད་རྒྱལ་ཁབ་ཞེས་པ་འདིས་བོད་སྐད་ནང་རང་བཙན་ལྡན་པའི་ཡུལ་ལུང་ཞིག་གི་སྣང་བ་ངང་གིས་ཤར་ལ་ཡུལ་དང་ལུང་པ་ཞེས་པ་ནི་ས་ཆ་ཆུང་དག་ལའང་གོ་བས་བོད་རྒྱལ་ཁབ་ཆེེན་པོའི་མཚན་མཐོང་ཆུང་དུ་གཏོང་ངེས། དཔེར་ན་། LONDON, NEW YORK, PARIS, BEIJING, MOSCOW སོགས་ཡུལ་དང་ལུང་པ་གཉིས་ཀ་ཡིན་རུང་རྒྱལ་ཁབ་རྩ་བ་ནས་མིན་པ་ལྟ་བུ་ནི་དཔེ་མཚོན་ཆུང་ཆུང་ཞིག་ཡིན།
སྤོབས་པ་མཐའ་ཡས་ཀྱིས་རྒྱལ་ཁབ་ཅེས་པའི་སྒྲ་བཤད་རྐྱང་པའི་སྟེང་ནས་དང། དེའང་གནའ་སྔ་མོའི་གོ་ཚུལ་གཅིག་པུའི་ཐོག་ནས་བཤད་པ་འདི་བློ་རྒྱ་ཧ་ཅང་དོག་པ་དང་འགྲེལ་བཤད་ཆ་མ་ཚང་བ་ཞིག་རེད། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ༡ རྒྱལ་པོ་ཞིག་གི་མངའ་འོག་ཏུ་འདུ་བའི་ས་མི་སྤྱིའི་མིང། ༢ ཡུལ་ཁམས་ཆེན་པོའི་མིང། ༣ རྒྱལ་པོའི་ཁྱིམ། ༤ དབང་སྒྱུར་བྱེད་མཁན་གྲལ་རིམ་གྱིས་དབང་སྒྱུར་དྲག་པོ་བྱེད་པའི་རྩ་འཛུགས་ཤིག་སྟེ། དེ་ནི་དམག་དཔུང་དང། ཉེན་རྟོག་པ། ཁྲིམས་ཁང། བཙོན་ཁང་སོགས་ལས་གྲུབ་པའོ། ཞེས་གོ་ཚུལ་མི་འདྲ་བ་བཞི་བཀོད་པ་འདིས་བློ་རྒྱ་ཡངས་པོར་ཕྱེས་ཤིག འོན་ཀྱང་གོ་དོན་བཞི་པ་འདི་དམར་པོའི་ལམ་ལུགས་ཀྱི་འགྲེལ་ཚུལ་ཡིན་པ་མཁྱེན་དགོས།
འོད་ནག་པོ་ཁྱེད་ཀྱང་མི་སྐྱིད་ཅིག་ཡིན་ཐག་ཆོད་རེད།
གོང་གི་མཆན་བུ ༡༣ པ་དེ་རྐུ་བཤུ་བྱས་ཏེ་རིང་པོ་ཞིག་བཟོས་འདུག ཧཧཧ། དགོད་རེ་བྲོ་ལ་ཐང་རེ་ཆད་པ་ལ།
འོད་ནག་པོས་སྐད་ཆ་དཀར་བོ་ཞིག་བཤད་འདུག་ག
ཀིརྟི་སྐྱབས་ཀྱིས་བོད་རྒྱ་ཚིག་མཛོད་ཀྱི་ལུང་དྲངས་པ་དེར་ཆོ་མི་འདུག རྒྱུ་མཚན་དེར་བརྟེན་ནས་ངས་ཡོད་ཚད་མེད་ཚད་ལ་ཅིག་ཅིག་རྒྱལ་ཁབ་དང་ཉིས་ཉིས་རྒྱལ་ཁབ་ཟེར་བ་དེ་མ་དག་རྒྱུན་འབྱམས་རེད་ཟེར་གྱིན་ཡོད། རྒྱལ་ཁབ་ཡིན་ན་ངས་ཡོད་ཚད་དབྱིན་ཡིག་ལ་ཁུངས་བཅོལ་དགོས་ཟེར་གྱིན་མེད། ཡིན་ན་ཡང་དབྱིན་སྐད་བཞིན་དུ་བོད་སྐད་ལ་ཡང་ཡུལ་གྱི་མིང་འདོགས་སྐབས་ཡུལ་དེ་རྒྱལ་པོས་དབང་བསྒྱུར་བ་ཡིན་མིན་གྱི་གོ་དོན་ལྡན་པ་བཟོ་དགོས་ཀྱིན་འདུག་ཅེས་ཤོད་ཀྱིན་ཡོད།
་་་སྤོབས་པའི་ལུགས་ལ་ REPUBLIC OF INDIA མི་མང་གི་རྒྱ་གར་་་
UNITED STATES OF AMERICA མི་མང་སྤྱི་མཐུན་གྱི་ཨ་མེ་རི་ཁ
སྤོབས་པ་མཐའ་ཡས་ལགས། ཡོད་ཚད་དབྱིན་ཡིག་ལ་ཁུངས་བཅོལ་དགོས་ཟེར་གྱིན་མེད་ན་རྒྱལ་ཁབ་ཅེས་པ་དེ་ཁུངས་གཏུགས་དགོས་པའི་རྒྱུ་མཚན་གང་མཐོང་སོང་ངམ།
སྤོབས་པ་མཐའ་ཡས་ལགས། དབྱིན་སྐད་རྒྱ་སྐད་བོད་སྐད་སོགས་ལ་རང་སོ་སོས་ཐུན་མོང་མ་ཡིན་པའི་མིང་འདོགས་སྟངས་སྣ་ཚོགས་ཤིག་ཡོད་པ་རེད། དཔེརན་ཀམ་པུ་ཊའམ་གློག་ཀླད་ལྟ་བུ་རེད།
རྗེས་གྲུབ་ཀྱི་མིང་རྣམས་བརྡ་སྦྱར་མཁན་་པོས་རང་གིས་མཐོང་ཕྱོགས་ཀྱི་རྒྱུ་མཚན་རེ་ལ་བརྟེན་ནས་བཏགས་དུས་ཐམས་ཅད་ལ་འགྲེལ་བཤད་ཅིག་གིས་ཁ་མཚམས་བཅད་ན་འགྲིག་གིན་མ་རེད་སྙམ།
ད་ཐེངས་སྤོབས་པས་ཀྱག་ཀྱག་བྱེད་ཀྱི་མེད་ན། ཁུངས་ལུང་ཅང་མི་འདུག མ་གཞི་ནས་དོན་འདི་གླེང་དགོས་དོན་ཀྱང་མཐོང་མ་སོང་།
རྣ་བར་མི་འགྲོ་བའི་སྐད་ཆ་རང་རེད། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་པུར་རྒྱལ་བོད་ཀྱི་རྒྱལ་ཁབ་ཆེན་པོ་ཞེས
མཚན་སྙན་ཕྱོགས་བཞིར་ཁྱབ་པའི་རྒྱལ་ཁབ་དེ་ལ། རིན་ཐང་གང་ཡང་མེད་པའི་ཡུལ་མིའི་རྒྱལ་ཁབ་བཞེས་ཟེར་བ་ནི། ཧ་ཅང་གིས་བློ་ཕམ་དགོད་པ་ཞིག་རེད་ལ། དེ་ནི་སྔོན་བྱོན་རྒྱལ་རབས་གོང་མ་རྣམས་ཀྱི་མཛད་རྗེས་རྣམས་འཕོངས་ཕྱིས་ཀྱི་རྡོ་ལྟར་གཡུགས་པ་རང་རེད། བྱ་སྤྲེལ་གཏམ་རྒྱུད་ལས།
ཆུ་མོ་མཁའ་ཤིང་ཆེ་ཆུང་མ་བལྟོས་པར། ཕོ་གསར་རྐྱལ་དེ་སྨྱོ་རྐྱལ་ཡིན་ ཞེས་པ་དོནལ་གནས་ལ་གནས་སོ།།
མང་གཙོའི་གོ་དོན་མཐར་གཏུགས་ན། མི་མང་གི་ཆེད་དུ། མི་མང་གིས་བཟོས་པ། མི་མང་ལ་དབང་བ། ཞེས་པའི་དོན་ལྟར། ཚིག་གཞན་དུ། ཡུལ་མིའི་ཆེད་དུ། ཡུལ་མིས་བཟོས་པ། ཡུལ་མི་དབང་བས་ན། ཡུལ་མི་དམངས་རྣམས་གཙོ་ཆེ་བས་དམངས་གཙོའམ་མང་གཙོའི་དོན་ཡིན་པས་ན། ཡུལ་མིའི་རྒྱལ་ཁབ་ཞེས་པའི་བརྗོད་ཚིག་དེའི་རིན་ཐང་ནི། གཞལ་དུ་མེད་པར་ཁུམས་སོ། །
དེ་རེད། མེ ཏོག་དཀར་པོས་ངས་བཤད་བཞིན་པ་དེ་གོ་འདུག ངས་དེ་ཀ་རང་ཟེར་གྱིན་ཡོད། བོད་མི་འདི་ཚོ་སྔོན་མ་བོད་ཀྱི་རྒྱལ་པོ་ཚོས་བཙུར་བསྡད་པ་དང་མཐོང་རྒྱ་ཆུང་དྲགས་པས་དབུས་སྲིད་གཞུང་ཡོད་ཚད་ཀྱི་ཡུལ་ལ་རྒྱལ་ཁབ་ཅེས་དགོས་མེད་ཀྱི་ཚིག་ཟུར་ཞིག་སྦྱར་གྱིན་ཡོད་པ་དེ་རྣ་བར་མ་སོང་བ་ཡིན།
སྤོབས་པ་མཐའ་ཡས་ལགས། བོད་ཀྱི་རྒྱལ་པོ་ཚོས་ བཙུར་པས་དབུས་སྲིད་གཞུང་ཡོད་ཚད་ཀྱི་ཡུལ་ལ་ རྒྱལ་ཁབ་ཅེས་དགོས་མེད་ཀྱི་ཚིག་ཟུར་ཞིག་སྦྱར་གྱི་ཡོད་རེད་དམ།
སྤོབས་པ་མཐའ་ཡས་ཀྱིས་ད་དུང་ཨུ་ཚུགས་རྒྱག་གི་འདུག ངས་ཀྱང་ད་དུང་གཅིག་བཤད། རྒྱལ་ཁབ་ཅེས་པའི་ཐོག་མའི་གོ་དོན་དང་ད་ལྟའི་གོ་དོན་མི་འདྲ། དེ་ནི་སྔར་རྒྱལ་པོའི་ཁྱིམ་མམ་ཕོ་བྲང་ལ་གོ་བ་དང་ད་ལྟ་རང་བཙན་ལྡན་པའི་ཡུལ་གྲུ་ལ་གོ། དེར་བརྟེན། ཡུལ་གྲུ་ཞིག་གི་མིང་ཟུར་ལ་རྒྱལ་ཁབ་ཅེས་པའི་མིང་ཟུར་སྦྱར་མ་སྦྱར་གྱི་གོ་དོན་ཡང་མི་འདྲ་སྟེ། དཔེར་ན། བོད་ཅེས་པའི་ཐ་སྙད་འདི་རྒྱ་ནག་གིས་ཁས་ལེན་ནའང། བོད་རྒྱལ་ཁབ་ཅེས་པའི་ཐ་སྙད་འདི་ཁས་མི་ལེན་པ་ལྟ་བུའོ།། ཡང་གཅིག་བཤད་ན། རྒྱ་སྐད་ཀྱི་ 国家 ཞེས་པའི་དོན་ནི་བོད་སྐད་དུ་རྒྱལ་ཁབ་ཅེས་པའི་ཐ་སྙད་འདི་མ་གཏོགས་གཞན་གྱིས་མཚོན་མི་ཐུབ་པ་ནི་ཤེས་གསལ་རེད།
རྒྱ་ནག་གིས་བོད་རྒྱལ་ཁབ་ཁས་ལེན་མི་ལེན་མི་ཤེས། བོད་རང་བཙན་དང་བོད་ཆེན་པོ་ཁས་མི་ལེན་ཟེར་བ་གོ་སོང་། དེང་སང་ང་ཚོའི་བོད་སྐད་ཀྱི་རྒྱལ་ཁབ་ཟེར་བས་རང་བཙན་ལ་གོ་ནུས་པའི་ངེས་པ་མི་འདུག དཔེར། སྔ་མོའི་དུས་སུ་སྡེ་དགེ་རྒྱལ་ཁབ་དང་དེང་སང་གི་དུས་སུ་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་སོགས་རང་བཙན་མིན་ན་ཡང་རྒྱལ་ཁབ་ཟེར་བའི་མིང་འདོགས་ཀྱིན་འདུག
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་སྡེ་དགེ་རྒྱལ་ཁབ་ཨ་ཡིན།
སྡེ་དགེ་རྒྱལ་པོ་མིན་འགྲོ།
ཀིརྟི་ལགས། རྒྱ་སྐད་དུ། 国家 ཟེར་བ་འདི་ནང་དོན་ངོ་མ་བྱས་ན་མི་ཚང་གི་ར་བ་ཟེར་རྒྱུ་ཡིན་ཚོད་རེད། སྔོན་མངའ་རིས་ཚང མ་མི་ཚང་གཅིག་གི་དབང་བསྒྱུར་འོག་ཡོད་པས་སོ། །འོན་ཀྱང་དོན་བསྒྱུར་དུ་རྒྱལ་ཁབ་ཞེས་བརྗོད་པ་དངོས་གནས་རེད། རྒྱལ་ཁབ་ཅེས་པའི་རྒྱ་ཡིག་གི་སྐད་དོད། 王國ཟེར་དགོས་པ་རེད། སྡེ་དགེ་རྫོང་ཁག་གཉིས་མ་ལོན་ཙམ་པ་འདི་ས་གཉིས་སྲིད་གཞུང་ཙམ་དུ་ངོས་འཛིན་པ་ལས་བོད་ལས་གཞན་དུ་གྱུར་བའི་རྒྱལ་ཁབ་ག་ལ་ཡིན། དེ་བཞིན་ཨ་མདོ་དམེ་རྒྱལ་པོ་དང་ནང་ཆེན་རྒྱལ་པོ་ལ་སོགས་ཡང་ངོ། །
ང་ཡིན་ན། བཙན་བྱོད་བོད་མའི་སྲིད་གཞུང་ཟེར། དེང་སང་རྒྱ་གར་གཙོའི་རྒྱ་ཁབ་གཞན་དག་གིས་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཟེར་གྱི་ཡོད།
འདིར་མཁས་བརློན་པ་འགའ་ཞིག་གིས་ནམ་ཡང་རང་ལྟ་མཆོག་འཛིན་ཆེ་བའི་དབང་གིས། རང་ཕྱོགས་ཀྱི་ས་གནས་ཆུང་ཆུང་རེའི་ལྟ་ཚུལ་ཐབས་ཆག་དག་གིས་བོད་སྤྱི་ལ་ལྟ་བཞིན་ཡོད་པའི་ངན་སྐྱོན་རྒྱུད་འཇམས་སུ་གྱུར་བའི་སྐྱོན་དུ་རྒྱ་མིའི་རྒྱལ་ཁབ་ཅེས་ལྟབུའོ།