གཙང་བུས།
ཁྲག་གི་རྦུ་བ་རྒོད་པའི་དུད་ཁྲོད་ན། །
ཤ་ཁྲག་རུས་གསུམ་གཅན་གཟན་ཚོགས་ཀྱིས་སྤྱོད། །
ཁྱི་ནག་ལྕེ་སྤྱང་ངུར་བའི་མདུན་གྲལ་ན། །
འབྱུང་བཞི་ལྷུན་ཚིགས་བོར་བའི་གྲྭ་རྐྱང་ཞིག །
ལྷ་དང་བླ་མའི་ཚོགས་གྲལ་མ་དབང་ལ། །
བུ་དང་མག་པོའི་མདུན་གྲལ་ཐོབ་མཐོང་དབེན། །
གྲོགས་པོས་ཁྱུ་བཞིན་གཡུགས་པའི་ལས་དབང་འདིས། །
སེམས་ཀྱི་རྨ་ཁ་སྙིང་ལ་ཟུགས་པར་ཚོར། །
དུས་ཐོག་ཆར་པོའི་ངོ་ལོག་སྙན་ངག་དང་། །
གཙང་བུས་གློ་བུར་བྲིས་པའི་སྙན་ཚིག་གཉིས། །
དཀར་ནག་རྒྱ་ལ་བྲིས་ས་མི་གཅིག་ཀྱང་། །
སེམས་གཏམ་ཁ་ནས་ལུད་པ་མཉམ་པར་མཐོང་། །
ལྷག་བསམ་ལ་རྒྱའི་མཇུག་འབྲས་མ་ཤེས་ཀྱང་། །
ཕྱི་ཐག་རིང་བའི་གྲོགས་ཤིག་དཀོན་པར་རྟོགས། །
ནམ་ཞིག་ཁོ་བའི་ཕུགས་འདུན་མངོན་གྱུར་ན། །
གོ་ལ་ཟླུམ་པོ་འདི་ལ་གཡོ་འགུལ་ཞིག །
ལྷ་ལ་མི་དད་འདྲེ་ལ་མི་འཇིགས་ཤིང་། །
ཚོགས་དང་གཏོར་མ་ཅི་ཡང་སྦྱིན་མི་འདོད། །
ཚེ་སྔོན་བསགས་པའི་ལས་ཀྱིས་བསྐོས་ཐང་ལ། །
གློ་བུའི་རྐྱེན་གྱིས་ནམ་ཡང་བསྒྱུར་བར་འདོད། །
ལྷ་འདྲེར་དད་པ་མེད་པ་ཅང་མི་སྐྱོན།།
དོན་དག་རང་ཉིད་རང་ལ་ཡིད་ཆེས་དགོས།།
གྲོགས་ངན་འདུ་ཚོགས་མང་པ་མྱ་ངན་རྒྱུ།།
སེམས་ཐག་ཆོད་ནས་རང་གི་ལམ་ལ་འབོད།།
མྱི་ཡི་རིགས་ལ་དཀར་ནག་ཁྲ་ཁྲ་སྟེ།།
དཀར་ཕྱོགས་པས་ནི་རང་བདེ་གཞན་ཕན་བརྩོན།།
ནག་ཕྱོགས་ཚོ་ནི་རང་འདོད་ཕྱི་ཐག་མེད།།
ཁྲ་ཁྲའི་རིགས་ནི་ཕན་མེད་གནོད་མེད་དོ།།
གྲོགས་ཀྱི་བཟང་ངན་གནད་ལ་ཐུག་ན་ཤེས།།
ཁ་ཡག་ཁོག་བཙོག་གྲོགས་བརྒྱ་ཡོད་ཀྱང་སྤོངས།།
བཟང་པོའི་གྲོགས་ནི་ཕྲག་དོག་འགྲན་སེམས་མེད།།
རྟག་ཏུ་ཕན་པའི་སེམས་ཀྱིས་འཚོ་བ་ཡིན།།
ཀློས་རྒན་ཡར་ལོག་ཚང་སྐུ་ཁམས་བཟང།་
ལྕགས་མགོར་ཁྱེད་རང་ཕེབས་པར་དགའ་བསུ་ཞུ།་
རང་བཟང་ན་རོགས་བཟང་། ཤ་བཟང་ན་ཁུ་བཟང་།
ནོར་གྱི་མཆོག་ནི་མཆོག་ཤེས་དང་། །
གྲོགས་ཀྱི་མཆོག་ནི་དམ་གཙང་རེད། །
དེས་ན་ནོར་གསོག་ནོར་གཏོང་དགོས། །
གྲོགས་དང་དམ་ཚིག་དཀར་གཙང་སྲུངས་། །
ཁྱོད་རང་ཕྱི་ཐག་རིང་ན་མཛའ་གྲོགས་མང་།
ཁྲེལ་མེད་རང་རློམ་གཤིས་སུ་ད་གྱུར་ན།
སྒོ་ཁྱི་ངུ་སྐད་ཤོར་བའི་ཚུལ་འདི་ལས།
འཇིག་རྟེན་འདི་ནས་ལྡོག་ཏུ་མ་མཆིས་སོ །
སྔ་ཐག་ཕྱི་ཐག་ཟེར་བ་མི་ཤེས་ཀྱང་། །
ལྷག་བསམ་ལ་རྒྱ་གྲོགས་ཀྱི་དམ་ཚིག་ཡིན། །
ཁྱི་དང་ཞི་མིའི་ཁྱད་པར་ཤེས་པ་ན། །
ཨ་སྔོན་ས་ལ་ལྷུང་ཡང་འགྱོད་མི་སྲིད། །
ཁྱི་དང་ཞི་ལའི་ཁྱད་པར་ཤེས་པ་ན། །ཞེས་པར་བཅོས་རོགས་ཞུ།
དྲ་གྲོགས་རྣམས་འདིར་ཕེབས་པར་འཚམས་འདྲི་ཞུ།
བླ་ཤིང་ཆག་ཤིང་བླ་མཚོ་བསྐམས་ཡང་རུང་། །
མཁར་རྫོང་དམར་པོ་ཐོག་གིས་གཏོར་ཡང་སྲིད། །
རང་གིས་རང་ལ་སྦྱིན་པའི་སྤོབས་པ་འདི། །
རི་རབ་ལྷུན་པོར་འགྲན་པའི་ཟླ་བོ་ཡིན། །
རྒྱུ་ནོར་ལོང་སྤྱོད་ཐ་དག་འཛོམས་གྱུར་ཀྱང་།
བདེ་སྐྱིད་འཚོ་བས་འཕོངས་པའི་སེམས་པ་དེ།
ངར་རྒྱལ་གཞན་ཕམ་ཕྱོགས་ཞེན་ཁོ་ན་ཡིས།
དེང་དུས་འཇིག་རྟེན་དབང་དེ་ཨེ་མ་སྐྱོ།
ཨ་སྒོར་དུང་ཁྲུར་དུ་མས་ཕྱུག་པ་ཡི།
རྒན་པོ་རྣ་རིང་དེ་ཡིས་བཞིན་རས་ནས།
བདེ་སྐྱིད་འཚོ་བ་མེད་པ་དེ་མཐོང་དུས།
དངུལ་ལོར་གདན་དུ་གཏིང་ཡང་དགོས་པ་ཅི།
གྲྭ་བ་སློབ་གྲྭ་གཉིས་ལ་དབྱེ་བ་ཡོད། །
སློབ་གྲྭ་ཚེ་འདིའི་སློབ་སྦྱོང་ཁོ་ནའི་ཆེད། །
གྲྭ་བ་ཞེས་པ་ཕྱི་མའི་འདོད་དོན་སྒྲུབ། །
ཚོགས་བསགས་སྒྲུབ་སྦྱོང་གཉིས་ཀྱི་ལས་ཀ་ཡོད། །
བསྟན་འཛིན་སྒྲོལ་དཀས་བསྟན་སྙིང་མ་ཤེས་ཐལ། །
འགྱོད་པའི་མཆུ་མ་གཏོང་ས་ནོར་ནས་ཐལ། །
ཟུང་འཇུག་གོ་འཕངས་མཆོག་དེ་མ་རྙེད་ནས། །
ངུ་ན་ངུ་ས་འགྲིག་འདུག་བསྟན་འཛིན་ལགས། །
གྲོགས་གཙང་བུ་ལགས། དོན་དམ་པའི་རང་ཉིད་ཀྱི་ཐག་གཅོད་བྱས་བཞག་པ་དེའི་ཐོག་ལ་འགྱུར་མེད་ལངས་དགོས་པ་དེ་གལ་ཆེ། གཤམ་འོག་ནས་མཆན་འདེབས་མཁན་གང་ཞིག་གིས་དང་ཐོག་བཅད་རྩོམ་ཐོག་མཆན་བཀོད་ན་ཚང་མའི་དེ་འཕྲོ་བཅད་རྩོམ་འབྲི་བ་ནི་རང་ཉིད་གཏད་སོ་མེད་པ་ལྟ་བུ་ཞིག་མཐོང་གི་འདུག་པས་ཚང་མས་ཡིད་འཇགས་གནང་བར་འཚལ།