ཉེ་ཆར་ངས་ཕྲད་གི་སྐོར་གླེང་སློང་གང་འཚམས་ཅིག་བྱས་ཟིན་ཡང་ད་རུང་མཇུག་སྣེ་ཕྲད་ལ་ཐོགས་ནས་ལས་སླ་པོར་རང་ཉིད་ཕྲད་ལས་ཕྲལ་ཐབས་མི་འདུག དེ་རིང་ཁོམ་ལོང་ཅུང་ཟད་སྤྱད་ནས་ཏུན་ཧོང་གཏེར་ཡིག་ནང་གི་ར་མ་ནའི་རྟོགས་བརྗོད་བསྒྱུར་ཡིག་གི་ཕྱེད་ཙམ ཞོལ་རྡོ་རིང་ཕྱི་མ། ཀོང་མོ་དེ་མོའི་བྲག་བརྐོས་ཡི་གེ་སོགས་གནའ་རྩོམ་འགའ་ཤས་ནང་གི་ཕྲད་གི་སྐོར་རྟགས་རྒྱག་གི་རྒྱག་གི་ཕྱིན་པ་ཡིན།
ཡིག་རྙིང་འདི་ཚང་མ་ཐོན་མིས་ ་་སུམ་རྟགས་གི་གཞུང་མཛད་་ གྲུབ་པའི་རྗེས་ལ་བྱུང་བ་ཡིན་ན་ཡང་དེ་དང་མ་མཐུན་པ་མང་པོ་ཅིག་འདུག འཇུག་ཡུལ་གཅིག་པའི་ཕྲད་མང་པོ་ཅིག་གང་བྱུང་འདོད་རྒུར་བཀོལ་འདུག་པར་བལྟས་ན་ངས་ཁ་སང་དེ་རིང་གི་ཕྲད་བེད་སྤྱོད་གཏོང་སྟངས་དང་འདྲ་སེ་འདུག མི་འདྲ་ས་ནི་ང་ནང་བཞིན་གཏན་ཁེལ་བའི་ཕྲད་སྟབས་བདེ་ཅིག་མིན་པར་འདམ་གསེས་གི་རང་བཞིན་ལྡན་པའི་ཕྲད་མང་དག་ཅིག་རེད། དཔེ་བཞག་ན། ཅིག ཆིག ཞིག ཤིག ཚང་མ་མང་ཉུང་ཅིག་མ་གཏོགས་གངབྱུང་ལ་བེད་སྤྱོད་བཏང་འདུག འདིར་སུམ་ཅུ་བའི་གཞུང་དང་མི་མཐུན་པ་སྐོར་ཅིག་དཔེ་མཚོན་གི་ཆེད་བཀོལ་གི་ཡིན། དཔེར་ན། ཞོལ་རྡོ་རིང་ནང་། རྗེ་བླས་གྱྀ་རྔོ་ཐོག་པའྀ། བཀའ་གྱོད་གྱི་ཚིགས་ཅྀ་ལ་བབ་པ་ལས། རབས་ཆད་ན་རབས་ཆད་གྱི་ཁོལ་ཡུལ་དང། ཕྱི་ནང་གཉྀས་གྱི
ཤ་ཁོན་གྱི་བག་དུ་སྲོག་སྲིད་ལ། མཛད་དོ་ཅོག་དུའང་ལེགས་སྟེ། རྟག་དུ་དཔྱ་དར་ཡུག་ལྔ་ཁྲི་ཕུལ་ཏེ། ལྟ་བུའོ།
ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེའི་ནང་། དཔེར་ན། གནམ་ཀོལ་དུ་གནང་བའང་ཅྀས་བས་ཞྀག ནམ་ཞར་ཀྱང་། ལྟ་བུ། ཞྭ་ལྷ་ཁང་གི་རྡོ་རིང་ནང་། བླ་འོག་ཀུན་ཀྱི་གཟུངས་བྱས་ཏེ། ཀུན་ཀྱིས་ཤེས་པར་བྱ།ངའྀ་ཆབ་སྲིད་འདོན་ཅིང་། ཡུན་ཏུ་བརྟན། ལྟ་བུ།
གྲི་གུམ་བཙན་པོའ་སྐོར་བྲིས་པའི་ནང་། མཚན་ཇྀར་གདགས་ཤེས་མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན། མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམསཤེས་མཆི། དྲྀ་གུམ་བཙན་པོར་མཚན་ཐོག་ཤིག་ཆེས་མཆི་ནས། སོ་སོ་ནས་ཀུན་གྱི་མྱྀ་ཕོད་ཆེས་གསོལ་ཏོ། མྱྀ་འུ་ཆུང་ཁ་མ་ཆེ་ཤིག བརྒྱགས་ཐོག་ཤིག་ཆེས་མཆི་ནས་སོང་ངོ་། གང་པར་འཕྲུན་གྱི་འོག་དུ་པྱིན་ན། ལྟ་བུའོ།
རྰ་མ་ཎའི་རྟོགས་བརྗོད་ནང་། ལྷ་མྱྀ་གཞན་ཀྱིས་ནྀ་མྱི་ཐུབ། འཕེལ་ཅིང་དར་ཏེ། བསྲོབ་བའྀ་རིགས་ཤེས་གསོལ་པ་ལས། ཁྱོད་གྱི་ཕ་ནྀ། སྐྱིད་ཆིང་ལོང་སྤྱོད་ཆེ་བ་ལས། ཤིན་དུ། མྱྀ་ཐུབསྟེ། རབ་དུ་མྱྀ་དགྱེསྟེ།འདྀ་བཞེས་ཤིག་ཆེས་གསོལ་པ་དང་། ཁབ་དུ་བཞེས་པ་གནང་ངོ་། སྤྲེ་འུ་གྱྀས་བརླག་པར་གྱུར་ཆིག་ཆེས་དམོད་པ་བོར་རོ། གྲུབ་པར་གྱུར་ཆིག་ཆེས་བཀའ་སྩལ་ཏོ། བཙན་མོ་ལ་བྱིན་ཆིག་དང་། སྣ་ཚོགས་ལོ་མ་ཡན་ལག་རྒྱས་རྒྱུར་ཆིང་། དུས་གཆིག་དུ། གྲུབ་དུ་ཉེ་བ་ལས། ར་མ་ནས་སོ་ར་དུབ་ཆིག་འཕངས་པས། ཀླང་པོ་མཆོག་དུ་སྤྲུལ་ཏེ། མདའས་མ་འཕགས་སྟེ། ནོན་སྐྱབས་བྱེད་པ་འགའ་ཞིག་ཡོད་པ་འདྲས་སྟེ།སྤྲེ་འུ་གྱི་དམག འདྀ་གསུམ་ཆེ་ཤེས་མཆི་ནས། རབ་དུ་དགྱེསྟེ། སྙུན་ཀྱྀ་ཐན་བས་གདུངས་པར་མ་གྱུར་ཏམ། གོབ་ཤིག་ཆེས་བསྒོ་བ་དང་། དངོས་གྲུབ་དུ། སོགས་ལྟ་བུ་མང་ངོ།
ད་ཁྱེད་ནས་ག་རེ་བསམ། སུམ་ཅུ་བའི་རྩ་བ་བློ་སྐྱོར་གཏོང་མ་ཤེས་པར་ནོར་བ་རེད་དམ། ཡང་ན་འདིའི་སྐབས་ད་རུང་སུམ་ཅུ་བའི་གཞུང་མེད་པ་རེད། ཕྲད་གཅིག་པོ་མིན་པར་མིང་གཞིའི་ཡི་གེ་ཕོ་མོ་མ་ནིང་གསུམ་དང་། སྔོན་རྗེས་སྒྲ་འདྲ་བ་མང་པོ་ཅིག་དབྱེ་བ་མེད་པར་བྲིས་འདུག འདིར་བལྟས་ན་སུམ་ཅུ་བའི་གཞུང་རྗེས་ལ་མཛད་པ་རེད་ཟེར་བ་དེ་ལ་ཡང་རྒྱུ་མཚན་མེད་པ་མ་རེད། ཡིན་ན་ཡང་། ཁ་ཚོན་གཅོད་དཀའ།
འདིའི་སྐོར་བོད་ནང་ལ་མི་ཁ་ཤས་ཅིག་ནས་སྔོན་མ་ནས་ཉམས་ཞིབ་གནང་དེ་རྩོམ་ཡིག་བྲིས་འདུག་ཡང་ད་རུང་ཀློག་རྒྱུའི་གོ་སྐབས་ལྡན་མ་སོང་།
སྨྲས་པ། ཕྲད་གི་ཁ་ཏོན་ཡུན་རིང་བཏོན་པ་དང་།། ཕྲད་ལ་ཉམས་ལེན་ཡང་ཡང་གནང་བའི་མཐུས།། ཕྲད་གི་དངོས་གྲུབ་དམ་པ་ཐོབ་གྱུར་ནས།། ཕྲད་གི་གོ་འཕང་འབད་མེད་ཐོབ་པར་ཤོག བསམ་གཞིགས་ཁྲོད་ན་ཕྲད་རྣམས་རབ་རིབ་རིབ།། རྨི་ལམ་ནང་ན་ཕྲད་རྣམས་སྒོ་རོ་རོ།། ཀླད་པའི་རྩ་ཁམས་ཚང་མ་ཕྲད་གིས་ཁེངས།། ཕྲད་འདི་ལྷ་ཅིག་ཡིན་ནམ་བདུད་ཅིག་ཡིན།།
གལ་སྲིད་རྡོ་རིང་ཡི་གེ་འབྲི་བའི་སྐབས་སུ་སུམ་ཅུ་བའི་རྩ་བ་བརྩམས་ཟིན་ན་དམངས་ཁྲོད་དུ་འབྲི་ལུགས་གསར་བ་དེ་འཕེལ་རྒྱས་ཆེན་པོ་ཞིག་ཕྱིན་མེད་པས། དམངས་ཡོངས་ཀྱིས་གོ་བདེ་བའི་ཕྱིར་སུམ་རྩ་མ་བརྩམས་སྔོན་གྱི་འབྲི་སྲོལ་རྒྱ་ཡན་པ་དེ་བེད་སྤྱད་ནས་རྡོ་རིང་དང་བྲག་ལ་ཡི་གེ་བརྐོས་པ་ཞིག་མིན་ནམ་སྙམ། གང་ལྟར་དགེ་ཆོས་ཀྱི་ལོ་སྟོང་ལོན་པའི་རྒད་པོ་འདྲ་ཡོད་ན་འདྲི་བར་ཟད་ཀྱི་ཞེས་པ་རང་རེད་ཡ། དཔེར་ན་ད་ལྟ་ཡང་བོད་ལ་ཀུན་གྱིས་གོ་བདེ་བའི་སྐུར་ཡིག་འབྲི་ལུགས་ཤིག་དང་ཤེས་ལྡན་པས་མ་གཏོགས་ཆེར་མི་གོ་བའི་འབྲི་ལུགས་ཤིག ཨ་མདོ་བ་རང་གིས་མ་གཏོགས་མི་གོ་བའི་ཨམ་སྐད་འབྲི་ལུགས་སོགས་ཡོད་པ་བཞིན་ནོ།།
བརྡ་རྙིང་ཅན་གྱི་ཡིག་རིགས་འདི་དག་སུམ་རྟགས་ཀྱི་ཕྲད་དང་མི་མཐུན་པ་ནི་ཡོངས་གྲགས་སུ་མཆིས་ལགས། རྒྱུ་འདི་ལ་བརྟེན་ནས་འགྲོ་མགོན་འཕགས་པའི་ཡི་གེའི་སྦྱོར་བ་ཞེས་པའི་བསྟན་བཅོས་སུམ་རྟགས་གཉིས་ཀྱི་རྩ་བ་དཀྱུས་གཅིག་ལ་བསྡུས་པ་འདྲ་སེ་བ་ཞིག་བཞུགས་པ་དེ་ལ་ཡང་བརྟག་རྒྱུ་ཞིག་འདུག་ཅེས་ཞུས་པ་ཡིན་ལགས། བཀས་བཅད་ཞེས་པའི་རིམ་པ་དེ་དག་གི་སྐབས་སུ་བསྟན་བཅོས་ཡོད་པ་ལ་བཅོས་ཤིག་བྱས་པ་ཙམ་མ་ཡིན་པར་ཡི་གེའི་འགྲོ་ལུགས་ལ་ཡང་བཅོས་ཤིག་བྱས་ཡོད་པ་དེ་ནི་ཞུ་མ་དགོས། དེའི་རྐྱེན་བྱས་ཏེ། ཐུ་མིའི་བསྟན་བཅོས་བརྒྱད་ཡོད་པ་རྣམས་ལ་ཡང་ཞུ་དག་བྱས་ཡོད་ཁོ་ཐག་རེད། སྒྲ་སྦྱོར་བམ་གཉིས་དང་དཀར་ཆག་ལྷན་དཀར་མའི་གླེང་གཞི་དེ་ཚོ་ནི་ རྟའི་ལོ་བབ་སྟེ་ སོགས་ཏུན་ཧོང་སོགས་ཀྱི་ཡིག་རྙིང་ལ་བཤུས་བཏབ་པ་བཞིན་ཡོད་པ་གང་ཞིག་ལ་ཕྲད་དེ་ཚོ་སུམ་རྟགས་ཀྱི་འགྲོས་དང་བསྟུན་ནས་ཡོད་པ་དེང་གི་པར་མ་དག་ལ་གཟིགས་ན་གསལ་ལགས། ཚུལ་དེ་ལྟར་སུམ་རྟགས་ཀྱི་རྩ་བ་ལ་ཡང་བཅོས་ཐེབས་པ་མིན་འགྲོ དེ་ནས་ད་དུང་བརྡ་གསར་རྙིང་གི་རྣམ་གཞག་འགྲེལ་བཤད་དང་བཅས་པ་བྱུང་པའི་རྗེས་སུ། ཕྲད་གསར་རྙིང་གི་རྣམ་གཞག་འབྲི་རྒྱུ་ཆད་པ་མིན་འགྲོ།
སྐྱོགས་སྟོན་གྱི་ལི་ཤིའི་གུར་ཁང་ན་བརྡ་གསར་རྙིང་དང་བཀས་བཅད་སྐོར་གསལ་བ་གཤམ་གྱི་འབྲེལ་ཐག་ན་ཡོད། མདོར་ན། ཡིག་རྙིང་གི་ཕྲད་ངེས་ཏན་མེད་པ་དེས་ད་ཡང་ཕྲད་ངེས་ཏན་མེད་པ་སྒྲུབ་པའི་རྒྱུ་མཚན་མི་འདུག་བསམས་པ་ཡིན།
http://www.tibettimes.net/news.php?cat=10&&id=428
མ་མཐའ་ཡང་ཐོན་མིའི་རྗེས་རྗེས་གི་ཁྲི་རལ་སྐབས་གི་རྡོ་རིང་ཡི་གེ་དེ་ཚོ་གཞུང་འབྲེལ་གལ་ཆེན་པོར་སོང་ཙང་སུམ་ཅུ་བའི་གཞུང་དང་མཐུན་པ་ཅིག་དགོས་པ་རེད་དེ་མི་མཐུན་པ་མང་པོ་འདུག རྗེ་བློན་གི་མགུར་དེ་ཚོའི་ནང་ཡང་མི་མཐུན་པ་མང་པོ་འདུག
དགེ་འདུན་རབ་གསལ་ཁྱོད་ཀྱིས་ཅི་ཞིག་བཤད་འདོད་པ་ཡིན། གནའ་སྔ་མོའི་བརྡ་རྙིང་བའི་ལུགས་སུ་ཚིག་འཕྲད་ཀྱི་སྦྱོར་ལུགས་མ་འདྲ་བ་སྣ་ཚོགས་ཡོད་པ་ལ་བརྟེན་ནས་རྗེས་འཇུག་ངེས་མེད་ཀྱི་མཐའ་ལ་འབྲེལ་སྒྲའི་གི་ཡིག་སྦྱོར་བ་ལུང་གི་རྒྱབ་ལྗོངས་ཡོད་པ་དང་། སྐད་ཡིག་གི་ཆོས་ཉིད་དང་མཐུན་པའི་སྦྱོར་ལུགས་ཡང་དག་ཅིག་ཡིན་པ་སྒྲུབ་འདོད་པ་ཡིན་ནམ། ལྷག་པར་དུ་སྦྱོར་ལུགས་འདི་ཐོན་མིའི་བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པར་བསྒྲུབ་འདོད་པ་ཨེ་ཡིན། འདི་ནི་ཁྱོད་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཐུན་ཕྱོགས་ལ་ཡོད་པ་ཙམ་ལས། མི་མཐུན་ཕྱོགས་ལ་མེད་པ་དང་མཐུན་ཕྱོགས་མཐའ་དག་ལ་ཡོད་པར་མ་ངེས་པས་འདིས་ཁྱོད་ཀྱིས་འདོད་པ་ཡང་དག་ཏུ་བསྒྲུབ་མི་ཐུབ་པ་ཁྱོད་ཀྱིས་གསལ་པོ་ཤེས་དགོས།
དུས་རབས་བདུན་པ་དང་བརྒྱད་པའི་ནང་དུ་བོད་རིགས་མང་ཚོགས་སྤྱི་ཡོངས་སུ་དར་བའི་རྩོམ་འགྲོས་ཤིག་དང་། མཁས་པ་དང་ཤེས་ཡོན་པའི་ཁྲོད་དུ་དར་བའི་རྩོམ་འགྲོས་ཀྱི་རྣམ་པ་ཐ་དད་པ་གཉིས་ཡོད་པ་གསལ་པོ་ཡིན། རྒྱལ་པོ་དང་བློན་པོ་རྣམས་ཀྱིས་མང་ཚོགས་སུ་གྱེར་པའི་མགུར་དང་རྡོ་རིང་ངོས་ཀྱི་ཡི་གེ་རྣམས་དང་པོ་དང་། ཐོན་མི་ལྟ་བུ་རང་ཉིད་ཀྱིས་གསར་བསྒྲིགས་མཛད་པའི་བརྡ་སྤྲོད་ཀྱི་རྣམ་གཞག་ཇི་བཞིན་ལག་ལེན་དུ་འགེལ་བའི་མཁས་པའི་མགུར་གླུ་དང་ཡིག་རྩོམ། བོད་ཀྱི་རྒྱལ་ཐོག་གསུམ་གྱི་ལོ་ཙཱ་བ་བེ་རོའི་རང་རྣམ་བེ་རོའི་འདྲ་འབག ཀ་ཅོ་ཞང་གསུམ་གྱིས་གཙོ་འགན་བཞེས་ནས་རྩོམ་བསྒྲིགས་མཛད་པའི་བྱེ་བྲག་རྟོག་བྱེད་སོགས་གཉིས་པའི་དཔེ་མཚོན་ཡིན། ང་ཚོས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་རྩོམ་འགྲོས་ལ་གཤིབ་བསྡུར་བྱས་ནས་བལྟས་ན་བོད་ཀྱི་སྐད་ཡིག་ལ་དར་རྒུད་ཀྱི་ལྷུང་བབ་སྣ་ཚོགས་བྱུང་ཡོད་པ་གསལ་པོ་རྟོགས་ཐུབ་ཀྱང་། རྗེས་འཇུག་ངེས་མེད་ཀྱི་མཐའ་ལ་འབྲེལ་སྒྲའི་གི་ཡིག་སྦྱོར་བ་འདིར། འདས་པའི་ལོ་རྒྱུས་ཀྱི་རྩོམ་འགྲོས་དེ་དག་གཏིང་འོག་སློག་ཀྱང་ཁྱེད་ལ་ལུང་རིགས་ཀྱི་བདེན་རྩ་ཡང་དག་རྙེད་དཀའ་བར་མ་ཟད། འབྲེལ་སྒྲའི་བཅོས་བསྒྱུར་འདིས་ད་ལྟ་དང་འདས་པའི་ལོ་རྒྱུས་ཐོག་ནས་ཕན་ལས་གནོད་ཆེ་བ་རིག་གཞུང་བཀོལ་སྤྱོད་ཀྱི་ཐོག་ནས་གཏན་ཚིགས་མང་པོ་བགྲང་དུ་ཡོད། སྔོན་མདོ་སྨད་ཕྱོགས་སུ་མཁས་དབང་ཨ་ལགས་ཞབས་དྲུང་དང་དམུ་དགེ་སོགས་ཀྱིས་རྒྱས་རིག་གསར་སྐབས་དམིགས་ཡུལ་ཡོད་པའི་བཅོས་བསྒྱུར་ནོར་འཁྲུལ་ཅན་རང་སར་གསོ་བར་སྐུ་ལས་ཅི་ཙམ་བསྐྱོན་པ་ཁྱེད་ཀྱིས་ལོས་ཤེས། ཞར་བྱུང་དུ་ཁྱོད་ཀྱིས་འགྲོ་མགོན་འཕགས་པའི་ཡི་གེའི་སྦྱོར་བ་ཞེས་པའི་བསྟན་བཅོས་སུམ་རྟགས་གཉིས་ཀྱི་རྩ་བ་དཀྱུས་གཅིག་ལ་བསྡུས་པ་ཞེས་བཀོད་པ་ནི་སྙམ་མ་བཞག་པ་ཡིན་སྲིད་ཀྱང་། ས་པན་གྱི་ཡི་གེའི་སྦྱོར་བ་ཞེས་པ་ལས་འགྲོ་མགོན་འཕགས་པའི་ཡི་གེའི་སྦྱོར་བ་ཞེས་པ་མེད།
དགེ་འདུན་རབ་གསལ་ཁྱེད་ངོ་ནས་སློབ་གྲྭ་ཚད་ལྡན་ཞིག་ལ་སོང་ནས་དགེ་རྒན་ཡག་པོ་ཞིག་བསྟེན་མྱོང་བ་དང་། གཞུང་ལུགས་གང་རུང་ཞིག་ལ་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་མྱོང་ན་དེང་སང་མི་མང་པོ་ཞིག་ལ་རྣ་སུན་འདི་བཟོ་མི་སྲིད་ཀྱང་། དེ་མ་བྱུང་བས་ང་ཚོའི་སྤྱི་ཚོགས་ནང་སྣ་སུན་འདི་འདྲ་རྒྱུན་ཆད་མི་སྲིད་པ་རེད། གང་ལྟ་ཐག་རིང་ཙམ་བསྡད་ན་གཉིད་ལྷོད་ཙམ་ཁུག་ཐུབ་པ་འདུག འདི་ནི་བོད་མི་ཞིག་གིས་ཁྱེད་དང་ཁྱེད་ཀྱི་ཤེས་ཡོན་ལ་ཡུན་རིང་ཙམ་གཤིབ་ནས་ཐོབ་པའི་མྱོང་ཚོར་དང་བག་ཆགས་གང་འདྲ་བྱུང་བ་གསལ་བཤད་བྱས་པ་ཡིན། དེ་སྔོན་ཁྱེད་ཀྱིས་གི་སྒྲ་འབྲེལ་སྒྲ་མ་ཡིན་པའི་དོན་གཞན་ལའང་འཇུག་པས། གི་སྒྲ་རྗེས་མཇུག་ལ་མཇུག་ཚུལ་ཡང་”ད་བ་ས་ཀྱི་མ་རེད། ད་བ་ས་གི་རེད”་ཟེར་བ་འདྲ་བོ་རེད། ཞེད་སྣང་མེད་རུང་ཚེར་སྣང་ཕྲན་བུ་རེ་བསྟན་རྒྱུ་བརྗེད་མི་རུང་ལགས། “ད་བ་ས་ཀྱི་མ་རེད། ད་བ་ས་གི་རེད”ཟེར་བ་འདི་ཁྱེད་ཀྱིས་ད་བར་དུ་བཤད་འདོད་པའི་སྙིང་བོ་དེ་རེད། ངས་ཁྱེད་ལ་རྩ་ཚིག་འདི་བཟོ་ནས་སྤྲད་པ་ཡིན། རྗེས་མང་པོ་བཤད་མ་དགོས་པར་ད་བ་ས་གི་རེད་ཅེས་ལས་སླ་བོ་སྤྱོད་ཆོག་པ་བཟོ་ཡིན། ཁྱེད་ཀྱིས་རང་གི་འདོད་པ་དང་མཐུན་པའི་རྩ་ཚིག་འདི་འདྲ་ཞིག་ཀྱང་འགོད་མི་ཐུབ་པར་རིང་པོ་རིང་པོ་དང་རྙོག་པོ་རྙོག་པོ་བྲིས་ན་ཚུ་ཚོད་འཕྲོ་བརླག་མ་རེད་དམ།
ཁྱོད་ལྟར་ན་བྱེད་གི་འདུག་ཟེར་དགོས་པ་རེད་ཟེར་ཡང་། འོ་ན་ཐོན་མི་ལྟར་བྱེད་ཀྱི་འདུག་བྲིས་ན་བརྡ་མི་འཕྲོད་པའམ་སྒྲ་མི་དག་པའི་སྐྱོན་ག་རེ་འདུག་གམ། གི་སྒྲའི་སྐོར་ལ་ཆེས་ཕན་ཐོག་ཅན་གྱི་བསམ་ཚུལ་རེ་ཡོད་ཀྱང་དྲ་ཁང་འདིར་ཡིད་ཆེས་བརླག་སོང་བས་ཚད་ལྡན་ཞིག་བཤད་རྒྱུར་ཞེད་སྣང་ཡོང་གི་འདུག་པས། མུ་མཐུད་ནས་ཁྱེད་རང་ཚོ་དང་མཚམས་པའི་ཉི་མ་བསྐྱེལ་བྱེད་ཀྱི་རྩོད་པ་བརྒྱབ་ནས་བསྡོད་ཨ།
སྟག་སྨྱོན་ལགས། དྲ་ཐོག་ནས་མ་འཇལ་བར་ཡུན་རིང་བོར་བྱིན་སོང་། དེ་རིང་འཁྱུག་ཙམ་འཇལ་བ་ཡང་དྲ་གྲོགས་དག་ལ་བསླབ་བྱ་ཐུང་ཐུང་ཞིག་བརྒྱབ་དེ་ཕེབས་ཚར་འདུག ངས་རེ་བ་ལ་དུས་ཚོད་གང་ཡོད་ལ་དྲ་ཐོག་ལ་ཕེབས་ནས་གླེང་མོལ་མང་ཙམ་ཞིག་བྱེད་རོགས་གནོང་།
གངས་ཐིགས་ཟེར་མཁན་ལ། ཁྱོད་ཀྱིས་ང་ལ། “དགེ་འདུན་རབ་གསལ་ཁྱོད་ ཀྱིས་ཅི་ཞིག་བཤད་འདོད་པ་ཡིན། གནའ་སྔ་མོའི་བརྡ་རྙིང་བའི་ལུགས་སུ་ཚིག་འཕྲད་ཀྱི་སྦྱོར་ལུགས་མ་འདྲ་བ་སྣ་ ཚོགས་ཡོད་པ་ལ་བརྟེན་ནས་རྗེས་འཇུག་ངེས་མེད་ཀྱི་མཐའ་ལ་འབྲེལ་སྒྲའི་གི་ཡིག་ སྦྱོར་བ་ལུང་གི་རྒྱབ་ལྗོངས་ཡོད་པ་དང་། སྐད་ཡིག་གི་ཆོས་ཉིད་དང་མཐུན་པའི་སྦྱོར་ལུགས་ཡང་དག་ཅིག་ཡིན་པ་སྒྲུབ་འདོད་པ་ ཡིན་ནམ།” ཞེས་བྲིས་འདུག ང་ལ་འདིའི་ཐད་སྐད་ཆ་གསར་པ་མེད། ཁྱོད་ ངའི་མཆན་དང་མདའ་ཚན་པའི་རྩོམ་གཉིས་ནོར་བ་རེད་ཅེས་ཟེར་བ་ཡིན། ཡི་གེའི་སྦྱོར་བའི་རྩོམ་པ་པོའི་སྐོར་ཉིད་ཀྱིས་བཤད་པ་དེ་བདེན་འདུག། ང་ནོར་འདུག ས་པཎ་གྱི་གསུང་ན་ཡོད་པ་དེ་བོད་ཀྱི་ནང་བསྟན་དཔེ་ཚོགས་ཀྱི་དྲ་རྒྱ་ནས་རྙེད་བྱུང་བའི་འབྲེལ་ཐག་འདི་ན་བཀོད་ཡོད།
http://www.tbrc.org/kb/tbrc-detail-outline.xq;jsessionid=35BDD9241CAF589CB35FFA2369CC62B4?RID=O01CT0026&address=1.4.1.11&wylie=n#O01CT002600KG04194
སྟག་སྨྱོན་ཟེར་མཁན་ལ། ངས་ཁྱོད་ལ་འདིའི་སྐོར་ངའི་འདོད་ཚུལ་གང་ཡིན་གོ་དོན་ཐེབས་ངེས་པ་ཞིག་དང་ཐེབས་དགོས་པ་ཞིག་གི་བར་དུ་གླེང་ཟིན་པ་ཡིན། གི་སྒྲའི་ཕྲད་འདི་འབྲེལ་སྒྲ་མ་རེད་ཅེས་ངས་གཏན་ནས་བཤད་མ་མྱོང་། གང་ན་བཤད་འདུག ད་བ་ས་ཀྱི་ག་ང་གི་མ་རེད་ཅེས་གང་ན་བཤད་འདུག
ངས་བྱ་ཚིག་གི་དུས་གསུམ་སྟོན་སྐབས་ རྩོད་གི་ཡིན་དང་རྩོད་གི་ཡོད། བརྩད་པ་ཡིན་ཞེས་བརྗོད་པའི་གི་སྒྲ་འདི་འབྲེལ་སྒྲའི་ཕྲད་ཇི་བཞིན་སྦྱོར་དགོས་པ་མི་འདུག་ཅེས་བཤད་པ་ཡིན། དེ་ལ་རྒྱུ་མཚན་ནི། གཉིས་བཤད་ཡོད། གཅིག་དེ་ད་ཡོད་སུམ་རྟགས་ཀྱི་གཞུང་ན་འདི་ལ་འགྲེལ་བཤད་ཡོད་པ་མཐོང་མ་བྱུང་ཟེར་བ་དེ་གཅིག་ཡིན། གལ་སྲིད་ཡོད་ན་སྟོན་ཅིག གཉིས་ནི་ཐུ་མིའི་བསྟན་བཅོས་བརྒྱད་ལས་དྲུག་བོར་ཟིན་པ་ཞེས་པའི་གསུང་རྒྱུན་དུ་ཡོད་པའི་བསྟན་བཅོས་དག་གི་བརྗོད་བྱ་འདི་ཡིན་པ་གོར་མ་ཆག་སྙམ་པ་ཡིན། ཚིག་གིས་དོན་རྣམས་སྟོན་པར་བྱེད།། ཅེས་གསུངས་པའི་ “ཚིག་”གི་རྣམ་དབྱེའམ་གཞུང་ལུགས། ཡང་ན། དེབ་ཅིག་གང་ན་ཡོད།
ད་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་མདའ་ཚན་པའི་བརྗོད་གཞིའི་སྐོར་ལ་གསུངས་ཡོད་པ་འདིར་དྲངས་ན། ཐོན་མིའི་ཞལ་ལུང་ལས།
“རྡོ་རིང་ངོས་ཀྱི་ཐབས་ཞེས་པ་ནི་ད་ལྟ་ཐོབ་དང་གོ་ས་ཞེས་བརྗོད་པའི་བརྡ་རུ་གསལ་ལ། མིང་ལ་མྱིང་ཞེས་བྲིས་ཡོད་པ་ལ་དཔགས་ན་དེ་དུས་ད་དུང་སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པའམ་ཕབ་ཀྱང་འཕེལ་དར་མ་བྱུང་བའི་དུས་ཡིན་པ་ཤིན་ཏུ་གསལ་ལོ།”
དྲ་གྲོགས་རྒན་པ་ཚོས་ཕྲད་ཀྱི་སྐོར་ནས་མང་པོ་གསུངས་སོང་ལ་མང་པོ་བརྩད་ཀྱང་སོང་། ད་ཕན་དྲ་གྲོགས་ཚོའི་ཁྲོད་ན་ཕྲད་ཀྱི་སྐོར་ལ་གསུངས་མཁན་མང་པོ་ཞིག་ཡོད་པའི་ཁྲོད་ནས།
ཁ་ཤས་ཀྱིས་ནི་ཕྲད་ཀྱི་སྐོར་ལ་ཉམས་ཞིབ་འདྲ་བོ་ཡང་བྱས་འདུག དེ་ནི་ཧ་ཅང་ཕན་ཐོགས་འདུག
ངེད་ལ་བསམ་ཚུལ་འདི་འདྲ་ཞིག་ཡོད།
ད་ཡོད་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འདིའི་ནང་ན་ཁ་མ་ཚང་བ་དང་མ་འཐུས་བ་ཡོད་ན། དེ་ལ་ཁ་སྣོན་བྱེད་རྒྱུ་གལ་ཆེན་པོ་རེད།
ད་ཡོད་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འདིས་བོད་མིའི་བརྡ་སྤྲོད་ཀྱི་དགོས་མཁོ་བསྐོང་ཐུབ་ཀྱི་མེད་ན། དེ་ལ་ཞིབ་འཇུག་བྱས་ནས་དགོས་མཁོ་བསྐོང་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད།
ད་ཡོད་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ཡིག་སྐད་ལ་ཡོད་པ་དང་བོད་མིའི་ཁ་སྐད་ཀྱི་དབར་ལ་རྒྱང་ཁད་ཤོར་ཡོད་པ་མངོན་གསལ་རེད། དེ་ན་རྒྱང་ཁད་དེ་ཐག་ཉེ་རུ་གཏོང་ཐབས་སུ་ཁ་སྐད་ཡིག་སྐད་ཀྱི་ཕྱོགས་སུ་འཁྲིད་རྒྱུར་འབད་དགོས་སམ་ཡིག་སྐད་ཁ་སྐད་ཀྱི་ཕྱོགས་སུ་འཁྲིད་དགོས་སམ། ཕྱོགས་གང་ལ་ཕུགས་ཀྱི་དགེ་ཕན་དང་དགོས་མཁོ་ཆེ་བ་སོགས་ལ་ཡང་ཏན་ཏན་བསམ་བློ་གཏོང་རྒྱུ་འདུག་སྙམ།
དེ་མིན། ལས་སླ་རུ་གཏོང་དགོས་ཀྱི་འདུག་ཟེར་བ་དང་གསར་བརྗེ་བྱེད་དགོས་ཀྱི་འདུག་ཟེར་བ། མགོ་རྟིང་བསློགས་དགོས་ཀྱི་འདུག་ཟེར་བའི་ལྟ་ཚུལ་སོགས་ནི་ལྟ་ཚུལ་ཡང་དག་ཞིག་ཨེ་ཡིན་སྙམ། ཁྱེད་ཀྱི་གྲོགས་པོ་ཟེར་རྒྱུའི་ཚབ་ལ་ཁྱེད་གི་གྲོགས་པོ་ལབ་ན། དེ་ལ་རྒྱུ་མཚན་ཡང་དག་མེད་པ་འདྲ། མ་རེད་དམ།
ངེད་ཀྱིས་བརྡ་སྤྲོད་ཀྱི་སྐོར་ནས་ཅང་མི་ཤེས། བརྡ་སྤྲོད་ཀྱི་སྐོར་ལ་དམིགས་བསལ་སྦྱངས་བ་བྱས་མྱོང་མེད།
སྔོན་མ་བོད་ཁྱིམ་དུ་ཡོད་དུས། དགེ་རྒན་གྱི་རྩ་ནས་སུམ་ཅུ་བ་སྦྱངས། དེ་ནས་རྟགས་འཇུག་རང་ངོས་ནས་སྦྱངས
བརྡ་སྤྲོད་ཀྱི་ཚོགས་མཐུན་སྐབས་སུ། དགེ་རྒན་གྱིས་ངེད་ལ་འཁྲིད་གསུངས་ན། ངེད་ཀྱིས་སློབ་གྲོགས་ཚོར་རྟགས་འཇུག་འདྲ་བོ་འཁྲིད།
སློབ་གྲོགས་ཚོས་དྲི་བ་གཏོང་དུས་སོ་སོར་དྲི་ལན་ཡང་དག་དེ་འདྲ་མེད་ན། ཕྱི་དྲོར་དཔེ་མཛོད་དུ་སོང་ནས་བརྡ་སྤྲོད་སྐོར་གྱི་དེབ་འདྲ་མིན་བྐླགས་ནས་ལན་བཙལ་ཐབས་བྱས། དེ་འདྲ་རེད།
དེ་རིང་སང་ཉིན་དྲ་གྲོགས་རྒན་པ་ཚོས་ཕྲད་ཀྱི་སྐོར་ནས་གླེང་སློང་བྱེད་དུས། ངེད་ཀྱིས་ཀྱང་རྒྱ་གར་ནང་གི་སློབ་གྲའི་མི་ཚེ་དེ་དྲན་ཡོང་གི་།
འདིར་ངེད་ལ་དྲ་གྲོགས་རྒན་པ་ཚོར་དྲི་བ་ཞིག་ཡོད།
དྲི་བ་དེ་ཐུ་མིའི་བསྟན་བཅོས་བརྒྱད་ཀྱི་སྐོར་ནས་ཡིན། ཐུ་མུས་བསྟན་བཅོས་བརྒྱད་བརྩམས་ཞེས་དཔེ་དེབ་མང་པོར་མཐོང་རྒྱུ་འདུག
བསྟན་བཅོས་བརྒྱད་བརྩམས་ཡོད་ན། སུམ་ཅུ་བའི་གཞུང་དང་རྟགས་འཇུག་གི་གཞུང་གཉིས་ཕར་ཕུད་པའི་གཞུང་གཞན་དྲུག་དེ་བརྡ་སྤྲོད་ཀྱི་སྐོར་ལ་ཡིན་ནམ་མིན།
ཡིན་ན་ཡིན་པའི་ཁུངས་སྐྱེལ་ཡོད་དམ། མིན་ན་གཞུང་གཞན་དྲུག་དེ་བརྗོད་བྱ་ཅི་ཞིག་སྐོར་ལ་ཡིན། དེ་ལ་ཁུངས་སྐྱེལ་རྒྱུ་ཡོད་དམ།
ཁུངས་སྐྱེལ་དེ་ཡང་མཁས་པ་སྔ་མ་ཚོའི་ངག་རྒྱུན་འདྲ་བོ་མ་ཡིན་པར། བརྟག་དཔྱད་ཞིབ་འཇུག་བཏང་ནས་ཁུངས་སྐྱེལ་རྒྱུ་ཡོད་དམ།
འདི་ལ་ལན་ཞིག་གནང་རོགས།
གི་གྱི་ཀྱི་འི་ཡི་འབྲེལ་སྒྲ་མ་ཡིན་པའི་དོན་གཞན་ལ་འཇུག་ཚུལ་ནི། ཨ་ལགས་ཞབས་དྲུང་ཚང་གི་ཐོན་མིའི་ཞལ་ལུང་ནང་། ཚིག་སྔ་ཕྱི་འགལ་བར་འཇུག་པའི་དཔེ་བརྗོད་ཚིག་བཅད་ཅིག་བཀོད་པ་དྲན་གི་འདུག ཁ་སང་ཏུན་ཧོང་གཏེར་ཡིག་ནང་ལ་ཡང་དེ་འདྲ་ཅིག་ལ་ཐུག་སོང་། དེ་རིང་ཅིག་བཙལ་ཡང་རྙེད་མ་སོང་།
དཔེར་ན། ཡིན་མོད་ཀྱི། སོང་མོད་ཀྱི། བསམ་བློ་ཅུང་ཟད་བཏང་བའི་སྐད་ཆ་ཡིན་གྱི་དོན་མེད་ཉི་མ་གཏོང་བའི་བབ་ཅོལ་མིན། ལྟ་བུ་རེད། ཕྲད་འདི་ཚོའི་ཚབ་མཚམས་རེར་ཀྱང་འང་ཡང་གསུམ་གིས་བྱེད་ཆོག་ལ་མཚམས་རེར་ལས་སྒྲས་བྱས་ན་ཡང་འགྲིགས་པ་ལྟ་བུ་རེད། དེས་ན་འདི་ཡང་འབྲེལ་སྒྲ་རེད་ཟེར་ནས་ཨུ་ཚུགས་བྱེད་གི་ཡིན་ནམ།
དཀར་ལེབ་དྲུང་ཡིག་གི་སུམ་རྟགས་རྩོད་ལན་ནང་དུ་ཐོན་མིས་མཛད་པའི་ཡི་གེའི་རྣམ་བཤད་ཡིན་ནམ་གང་ལྟར་སུམ་རྟགས་རྩ་བ་མ་ཡིན་པའི་ཐོན་མིའི་གསུང་ཞིག་གི་སྐོར་ཏོག་ཙམ་གསལ་བོ་ཞིག་ཡོད་པ་དྲན་གི་འདུག
རབ་གསལ་ཟེར་མཁན་ལ། བཤད་ཀྱི་ཡོད། འགྲོ་གི་ཡིན། འགྲོ་གི་རེད་ཟེར་བ་རྣམ་དབྱེ་དྲུག་པ་འཁྲུལ་མེད་རེད། བྱ་བ་དེ་དུས་གང་གི་བྱ་མ་ཡིན་པ་རྣམ་དབྱེ་ཞིང་གསལ་བོར་སྟོན་པ་མ་ཡིན་ནམ། ཐོན་མིའི་བརྡ་སྤྲོད་ཀྱི་གཞུང་བརྒྱད་རྩམ་ཟེར་བའི་བཤད་སྲོལ་ཡོད་ཀྱང་མཐོང་མྱོང་མེད། དེ་ནི་གླང་དར་མའི་སྐབས་སུ་བོད་ཀྱི་སྐད་ཡིག་ལ་བཀས་བཅད་ཐེངས་གཅིག་མཛད་ནས་མི་མཁོ་བའི་གཞུང་དྲུག་ཙམ་མེད་པ་བྱས་པ་མིན་འགྲོ་དྲན་པ་ལས། སུམ་རྟགས་ལྟ་བུའི་གཞུང་རྩ་ཆེན་པོ་དྲུག་མེད་བྱས་པ་རེད་དྲན་གྱི་མི་འདུག མཁོ་མེད་དང་མགོ་རྙོག་ཅན་ཁ་ཤས་དོར་བ་རེད། བཀས་བཅད་སྐབས་དོར་ཟིན་པ་དེ་ཚོ་པཎྟ་ཆེན་པོ་ཚོས་བོད་སྐད་ལ་རྙིགས་འདོར་བཅུད་ལེན་མཛད་པ་རེད། སྐབས་དེ་དག་ཏུ་དོར་ཟིན་པ་རྣམས་པ་དགོས་མཁོ་མེད་པ་ཤ་རྟགས་ཡིན་ངེས་པས་སླར་གསོ་བྱེད་པའི་དོན་གོ་ཆུང་བར་མཐོང་། ཁྱེད་ཀྱིས་ཐོན་མིའི་གཞུང་རྩ་ཆེན་དྲུག་བརླག་པ་རེད་ཟེར་ནས་འཕང་མདོག་བྱེད་པ་ནོར་ཁྲུལ་རེད། གཞུང་རྩ་ཆེན་རྐྱང་ཡིན་པའི་རྒྱུ་མཚན་ཁྱེད་ལ་ག་རེ་སྟོན་རྒྱུ་ཡོད་དམ། ཁྱེད་མི་ཅོལ་ཆུང་དཔེ་རེད། མིག་གསི་མ་མཐོང་བ་ལ་རྩ་ཆེན་པོ་ཡིན་མིན་ཇི་ལྟར་མཁྱེད་སོང་ངམ། སུམ་རྟགས་ཀྱི་ནང་དུ་མ་འདུས་པ་མེད་པ་གཟིགས་ནས་དགོས་མེད་ཀྱི་གཞུང་ལྷག་མ་དང་བསྐྱར་བསྡུས་ལྟ་བུ་ཁ་ཤས་དོར་མེད་འགྲོ་དྲན་གྱི་འདུག གལ་སྲིད་གཞུང་དེ་ཚོ་ཚང་མ་བཞག་ཡོད་ན་ཁྱེད་ལ་དེ་བས་ཀྱང་མགོ་རྙོག་མང་པོ་ཤར་རྒྱུ་ཉག་གཅིག་རེད། སྐབས་དེར་ཁྱེད་ཀྱིས་བོད་སྐད་ནང་བཞིན་བརྡ་སྤྲོད་རྙོག་པོ་དང་མང་པོ་ཞིག་འཛམ་གླིང་ན་མི་འདུག འདི་ཚོ་དགོས་མེད་དང་གད་རྙིགས་རེད་ཟེར་ནས་སྐད་བརྒྱག་རྒྱུ་ཡིན་བཤད་མ་དགོས་པ་རེད། ཕྲད་མང་དྲགས་འདུག་ཟེར་ནས་སྐད་བརྒྱག་གི་ཡོད་པ་བདེན་ནམ། བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་དག་གསུམ་གྱང་ཉུང་དྲགས་འདུག་ཟེར་ནས་བརྡ་སྤྲོད་གཞུང་བརྒྱད་དགོས་མདོག་སོགས་ཡང་སྙིང་ག་རེ་ཟེར་ནས་སྐད་བརྒྱག་གི་ཡོད་དམ།
ཁྱེད་ཕྲད་སྦྱོར་སྟངས་ལ་མགོ་རྙོག་ཆེན་པོ་དང་སེམས་ཁྲལ་མང་པོ་ཡོད་བཟོ་འདུག དེ་ནི་ཁྱེད་ཐོན་མི་གཞུང་གི་འགྲོ་སྟངས་གཏོར་ནས་རང་བཟོ་སྣ་ཚོགས་བྱེད་ཐབས་བྱས་པ་ལས་ཡོང་ལས། ཐོན་མའི་གཞུང་བཞིན་སྤྱོད་དང་ཁྱེད་ལ་མགོ་རྙོག་དངས་འགྲོ་གི་རེད།
ཁྱེད་ཀྱིས་ང་ལ་དྲི་བ་མང་པོ་བཏང་སོང་། ངས་ལན་རེ་རེ་སྤྲད་ཡོད་པ་ལས་ཁྱེད་ལ་རྒྱུ་མཚན་གང་ཡང་བཤད་རྒྱུ་མི་འདུག ག་དུས་ཡིན་ན་འོ་ན་འདི་ག་རེ་དང་དེ་ག་རེ་རེད་ཟེར་བ་ལས། གསལ་བཤད་གནད་ཐིགས་པོ་གང་ཡང་བྲིས་མ་སོང་།
ཆོས་པ་མང་པོ་ཞིག་གླང་དར་མ་ལ་མི་དགའ་བས་ཁོང་གིས་གང་གནང་བ་ཡོད་ཚད་ནག་པོ་བཟོས་པའི་མ་ཚད། ཁོང་གི་དབུ་ལ་གླང་རྭ་ཡོད་པ་རེད་ཟེར་ནས་རྫུན་བཟོ་བྱས་པ་ནང་བཞིན། ཁོང་གི་སྐབས་སུ་བོད་ཀྱི་ཡིག་ལ་སྐད་གསར་བཅད་ཧ་ཅང་ཚད་ལྡན་དང་དགོས་ངེས་ཤིག་གནང་ཡོད་པར་འདོད་ཀྱང་། ཆོས་ཕྱོགས་ཀྱི་བསམ་བློ་མཁྲེགས་འཛིན་ཡོད་མཁན་ཚོས་ཁས་མི་ལེན་པར་། ཁོང་གིས་བརྡ་སྤྲོད་ཀྱི་གཞུང་དྲུག་བསྣུབས་པ་རེད་ཟེར་ནག་འགེལ་བ་ལས་སྐད་གསར་བཅད་གནང་བ་རེད་མི་ཟེར་བ་ལས། ཁོང་གི་བོད་ཀྱི་སྐད་ཡིག་ཚད་ལྡན་ཞིག་ཏུ་འགྱུར་ཐབས་ལ་ཤིན་ཏུ་སྨན་པའི་བཀས་བཅད་མཛད་མེད་འགྲོ་བསམ། མི་མཁོ་བ་དོར། མཁོ་བ་བཞག་ནས་ཆེས་རླབས་ཆེན་གྱི་ཕྱག་ལས་གནང་མེད་དམ་སྙམ།
དེང་སྐབས་ཀྱང་གླང་དར་གཉིས་པ་ཞིག་མཁྲུངས་དགོས་པའི་དུས་ལ་བབ་འདུག བླ་མ་རྫུན་མ་དང་དགེས་བཤེས་རྫུན་མ། གྲྭ་ལོག་མཁས་པ་རྫུན་མ་རྣམས་རྩ་མེད་ཐེངས་གཅིག་བཟོ་མ་ཐུབ་ན་བོད་ལ་རེ་བ་མེད་ཆུང་བ་མཐོང་གི་འདུག
ཐོན་མིའི་ཞལ་ལུང་ལས། ༼རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། པོད་བཞི་པ། ཤོག་གྲངས་ ༡༡༡༽ “དེ་ཡང་ཐོན་མིས་བོད་ཡིག་གསར་བཟོ་མཛད་པའི་རྗེས་ནས་སྒྲ་རིག་པ་དང་ཡི་གེའི་རིག་པ་གཏན་ལ་འབེབས་པའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་པར་གྲགས་སོ། ་་་ ད་ལྟ་སུམ་ཅུ་བ་དང་རྟགས་འཇུག་གི་རྩ་བ་གཉིས་ལས་དེ་འཕྲོས་དྲུག་བསྟན་པ་སྔ་དར་དང་ཕྱི་དར་གྱི་མཚམས་སུ་ནུབ་ནས་དཔེ་མ་བྱུང་བས་ན་ཤིན་ཏུ་ཕངས་ཆེ་ལ། དེའི་ཕྱིར་ད་ལྟའི་སུམ་རྟགས་ཀྱི་གཞུང་དུ། ད་དྲག་རྗེས་སུ་གང་ཐོབ་ཀྱི་ཚིག་ཕྲད་དང་བྱ་བྱེད་ལས་གསུམ་དང་སྐུལ་ཚིག མིང་རྐྱང་གི་དག་ཡོངས་རྫོགས་ཀྱི་བསྒྲུབ་གཞི་རྣམས་དངོས་བསྟན་དུ་མ་བྱུང་བ་ནི་གནད་དེ་ལ་ཐུག་གོ། གཞན་ཡང་ལོ་རྒྱུས་ཀྱི་ཡི་གེ་སྔ་མ་རྣམས་སུ། ཐོན་མིའི་བརྩམས་ཆོས་བགྲངས་སྐབས་སུམ་རྟགས་ལས་གཞན། དང་བོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས་ནས་ཀ་མད་སུམ་བཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་ཟེར་བ་སོགས་ཡོད་པར་བཤད་ལ། ཁྱད་པར་དུ་རྒྱལ་རབས་གསལ་མེ་རྩོམ་པ་པོ་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་དེ་དག་དངོས་སུ་གཟིགས་སམ། གང་ལྟར་རྒྱལ་རབས་༼༡༣༢༨ ལོར་བརྩམས་༽དེར་ཐོན་མིས་ཡི་གེ་བཟོ་ཚུལ་རྒྱས་པར་ཤེས་འདོད་ན་དེ་དག་ལ་གཟིགས་ཤིག་ཅེས་གདམས་ཡོད་དོ།།” ཞེས་གསུངས་ཤིང་།
ཡང་༼རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། པོད་བཞི་པ། ཤོག་གྲངས་ ༡༩༩༽དེ་ཉིད་ལས། “ཡང་ཀྱི་དང་གི་སོགས་མིང་ཚིག་བར་ན་ཡོད་ཚད་འབྲེལ་སྒྲ་ཡིན་པའི་ངེས་པ་མེད་དེ། དཔེར་ན། འདི་ནི་བདེན་གྱི་གཞན་ནི་རྫུན་ནོ།། ཞེས་དང་། འདིར་མ་བྲིས་པ་ཡིན་གྱི་མ་ཤེས་པ་ག་ལ་ཡིན། ཞེས་དང་། བློ་གྲོས་གསལ་བ་ཅན་ལ་བསྟན་པར་བྱ་ཡི་གཞན་དག་ལ་ནི་མ་ཡིན་ནོ།། ཞེས་པ་ལྟ་བུ་ནི་ཚིག་གི་རྒྱན་དང་ཕྲད་ལས་འབྲེལ་སྒྲ་ནི་མིན་ནོ།། ཡང་གཞུང་ཆེན་མོ་རྣམས་སུ།། ཁྱོད་ཀྱིར་གྱུར་གྱིས། ཅི་བདེར་ལོངས་སྤྱོད། ཅེས་པའི་ཚིག་འདི་འདྲ་ཡང་འབྱུང་སྟེ། དོན་ནི་ཁ་ཟས་འདི་ཁྱོད་ཀྱི་ཡིན་པར་གྱུར་ཟིན་པས་ཟོ་ཞིག་ཅེས་པ་ཡིན་ཡང་སུམ་རྟགས་ཀྱི་དགོངས་པ་དང་མི་འགལ་བའི་འགྲེལ་ཇི་ལྟར་བྱེད་དཔྱད་པར་བྱ་སྟེ། འདི་འདྲ་བ་གཞན་ཡང་ཡོད་དོ།།” ཞེས་གསུངས་འདུག་གོ
གླང་དར་མའི་སྐབས་སྐད་གསར་བཅད་བྱས་ཟེར་བ་འདི་སྐད་ཆ་གསར་པ་རེད། དེའི་སྐོར་ཁུངས་སྐྱེལ་གསལ་ཙམ་གནང་ན་དགའ་བསུ་ཡོད།
དགེ་འདུན་ཆོས་འཕེལ་ཚང་གི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ༼དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་དང་པོ་ ཤོག་གྲངས་ ༢༧༤༽ “རྒྱ་གར་ལྟ་བུ་ལ་སྐད་འགྱུར་བ་ན་ཡི་གེ་དང་རྣམ་དབྱེ་སོགས་ཀྱང་བསྒྱུར་ནས་ལུགས་གསར་པ་བྱས་པས་ད་ལྟ་རྒྱ་གར་བའི་ཡི་གེ་བྲིས་པ་རྣམས་ཕལ་པ་ཐམས་ཅད་ཀྱིས་གོ་ནུས། ངེད་ལ་དབང་ཡོད་ན་བོད་ལ་ཡང་ད་ལྟའི་སྐད་འདི་དང་མཐུན་པའི་ཡི་གེ་དང་རྣམ་དབྱེ་ཞིག་བཟོས་ན་སྙམ། ཨ་ཀྱང་ཀུ་རེ་སྟེ། དེ་འདྲ་བྱུང་བའི་དབང་དུ་བྱས་ན། བར་སྐབས་ཤིག་ནས་ཐམས་ཅད་ཀྱིས་སྐད་གསར་པའི་སྲོལ་དེ་བྲིས་ནས་ད་ལྟའི་དཔེ་ཆ་འདི་རྣམས་སླར་ཡང་སྐད་གསར་པ་དེ་ལ་མ་བསྒྱུར་ན་མི་གོ་བ་སོགས་འོང་བར་ངེས་པས་སྐྱོན་ཆེ་ལ།”ཞེས་གསུངས།
གོང་དུ་ལུང་དྲངས་པ་དེ་དག་གིས་སྟག་སྨྱོན་ཟེར་མཁན་དེའི་རྩོད་པ་བཟློག་ཡོད་ལས་ཆེ། ད་དུས་ཚོད་འཕྲོ་བརླག་ལ་གཏོང་ལོང་མི་འདུག འདིའི་སྐོར་ལ་རྩོམ་ཞིག་འབྲི་གི་ཡོད། བྲིས་ཟིན་ན་སྤེལ་ངེས་ཡིན། ང་ཚོས་བརྡ་དག་གི་སྐོར་ལ་སྐད་ཆ་བཤད་སྐབས་དག་ཆ་ཡག་པོ་ཞིག་བྲི་ཐུབ་ན་བཟང་ཆེ་སྙམ། གཤམ་གསལ་གྱི་ཚིག་འདི་དག་གི་དག་ཆ་ལ་གཟིགས་དང་། དེ་དཔེ་མཚོན་ཙམ་ཡིན།
༡ ཐོན་མིའི་བརྡ་སྤྲོད་ཀྱི་གཞུང་བརྒྱད་རྩམ་
༢ རྙིགས་འདོར་
༣ དགོས་མཁོ་མེད་པ་ཤ་རྟགས་ཡིན་
༤ འཕང་མདོག་བྱེད་པ་ ནོར་ཁྲུལ་རེད།
༥ གད་རྙིགས་རེད་ཟེར་
མི་རིགས་ཅིག་གི་སྐད་གི་འཕེལ་རིམ་ལ་ཅིག་བལྟས་ན། དང་པོ་སྐད་བྱུང་བ་དང་། དེ་ནས་ཡི་གེ། དེ་ནས་བརྡ་སྤྲོད་གི་གཞུང་བྱུང་བ་འདི་ཚོར་འཕེལ་རིམ་ངེས་ཅན་ཅིག་ཡོད་པ་དེ་བཤད་མ་དགོས་པ་ཅིག་རེད། གང་སྲིད་ཐོན་མིས་ཡི་གེ་གསར་བཟོ་མཛད་པ་ལྟར་བྱས་ན། ཡི་གེ་གསར་བཟོ་མཛད་མ་ཐག་ལ་གཞུང་ཆེན་པོ་རྣམས་བསྒྱུར་ཐུབ་པ། ཡི་གེ་གསར་བཟོ་མཛད་མ་ཁད་ལ་བརྡ་སྤྲོད་གི་གཞུང་ཡོད་པ་དེ་ཚོ་མིའི་སྐད་ཡིག་གི་བྱུང་འཕེལ་ལོ་རྒྱུས་དང་མཐུན་ཐུབ་མེད་པ་ཅིག་རེད།
ཏུན་ཧོང་གི་ཡིག་རྙིང་དེ་ཚོར་ཅིག་དཔྱད་ན། མིང་གཞིའི་ཕོ་མོ་མ་ནིང་གི་ཡི་གེ་སྒྲ་ཅུང་ཐག་ཉེ་བ་དེ་རྣམས་ལ་ཁྱད་མེད་པར་མི་རེ་རེས་དག་ཆ་མི་འདྲ་བ་རེ་བྲིས་ཡོང་ཡོད་པ་དང་། ཕྲད་དེ་ཚོ་ཡང་ངེས་གཏན་ཆེན་པོ་མེད་པ་དེ་ཚོར་ཅིག་བལྟས་ན་སྐད་ཡིག་ཅིག་གི་ཐོག་མའི་འཕེལ་རིམ་ནང་ཡོད་པ་ལྟ་བུར་འདུག་ཡང་། སྤྱིར་སྟངས་གི་ཚིག་འགྲོས་དང་ཡི་གེ་ཁོ་ནའི་འབྲི་རྒྱུན་ནང་དར་འཕེལ་བྱུང་བར་ཁ་ཚོན་གཅོད་ཐུབ་པའི་ཕྲད་ཅིང་ཞིང་ཤིང་སོགས་དང་ཏེ་དེ་སྟེ། ལ་དོན་དེ་ཉིད་ལ་འཇུག་པའི་ཕྲད། ལས་སྒྲ། ཚིག་རྒྱན་མང་པོ་ཅིག་ལས་ཡི་གེ་དར་ཁྱབ་ཕྱིན་ནས་དུས་རིམ་གང་འཚམས་ཅིག་ལ་སླེབས་པའི་ངེས་ཤེས་སྟེར་གི་འདུག
ཡི་གེའི་འབྲི་ཁྱབ་ཚད་གང་འཚམས་ལ་སླེབས་ཡོད་ན་ཡང་མིང་དང་ཕྲད་སོགས་མང་པོ་ཅིག་གི་དག་ཆ་འབྲི་སྟངས་གཅིག་གྱུར་མེད་པའི་སྐབས་འདི་ནི་སྐད་གསར་བཅད་དང་གཅིག་གྱུར་གི་བརྡ་སྤྲོད་གཞུང་ཅིག་མཛད་དགོས་པའི་ཁ་ཚ་དགོས་གཏུགས་གི་དུས་ལ་བབས་ཡོད་པ་ལྟར། ནམ་ཞིག་ནས་ང་ཚོར་ཡང་སྔོན་འཇུག་ལྔ་དང་ཕྲད་གི་འཇུག་ཡུལ་སོགས་གཏན་ལ་ཁེལ་ནས་ཡི་གེའི་འཕེལ་རིམ་གསར་བ་ཅིག་ནང་བསྐྱོད་ཡོད་པ་གསལ་པོ་རེད། དེ་ནས་མིང་གཞིའི་ཕོ་མོ་མ་ནིང་དང་འཇུག་ཡུལ་གཅིག་པའི་ཕྲད་རྣམས་དབྱེ་བ་མེད་པར་འབྲི་བའི་དུས་རིམ་དེ་རིམ་པས་འཇུག་རྫོགས་པ་ལྟ་བུར་གྱུར།
དེ་བཞིན་ཕྲད་རྣམས་ལ་ཡང་དབྱེ་གསེས་བྱས་ནས་ཕྲད་སྦྱོར་ཚུལ་གི་སྒྲིག་གཞི་ཅིག་བཟོས་ཏེ་ཕྲད་སྦྱོར་ཚུལ་དེ་གཅིག་གྱུར་དང་གཏིང་ཟབ་དུ་ཕྱིན་པ་རེད། དེ་དང་མཉམ་དུ་མགོ་རྙོག་ཚ་རུ་དང་སྐད་དང་ཐག་རིང་དུ་ཕྱིན་པ་དེ་ནོར་འཁྲུལ་ཅིག་ཡང་རེད། དེ་ནི་སྐད་དང་ཡི་གེ་གཉིས་སོ་སོར་གྱེས་པའི་དུས་ཚོད་ཅིག་གི་སྐེ་མཚམས་ཡང་རེད། ད་ལྟ་སྐད་དང་ཡི་གེ་གཅིག་གྱུར་སྐོར་གླེང་སྐབས་སྔོན་མའི་བརྡ་སྤྲོད་གི་གཞུང་མཛད་པའི་དུས་ཚོད་དེར་ཕྱིར་དྲན་ཅིག་མ་བྱས་རང་བྱས་རེད།
དགེ་འདུན་རབ་གསལ་ལགས་ལ་དམིགས་བསལ་ཐུགས་རྗེ་ཆེ། ལན་ཧ་ཅང་གནད་ལ་འཁེལ་བ་བརྒྱབ་འདུག
རྗེས་ཕྱོགས་ཀྱང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྐོར་ནས་དོགས་སློང་འདྲ་ཡོད་དུས།
དྲ་གྲོགས་ལོ་ཆུང་རྣམས་ལ་དོགས་སེལ་བྱེད་རོགས་གནང་། བསྐྱར་དུ་ཐུགས་རྗེ་ཆེ།
ཧ་ཧ་ཧ་
རིག་རྒོད་པོ་
ཧ་ཧ་ཧ་
རིག་པ་ཅན་པོ།
hey why my comment is not allowed .
here i try to give comment .
རབ་གསལ་གུས་ངོ་ནས་ཁྱེད་ཀྱི་ཨུ་ཚུགས་ལ་ཐང་ཆད་སོང་བས་འདི་དག་ཆ་དང་ལྡན་པ་ཞིག་འབྲི་ཨེ་ནུས་ལྟ་རྒྱུའི་སེམས་ཤུགས་མི་འདུག སྐབས་རེ་གསང་སྤྱོད་ལ་འགྲོ་ཞོར་དུ་ལན་རེ་འབྲི་གི་ཡོད་ཀྱང་། དེ་ཡང་ཐད་ཀར་བྲིས་ནས་ཞུ་དག་དང་བསྐྱར་ཀློག་བྱེད་འདོད་ཀྱང་མི་འདུག་པས་འཕྲལ་དུ་དྲ་ཐོག་ལ་གཏོང་གི་ཡོད། ཁྱེད་ཀྱི་ལན་དེས་ངའི་འདོད་པའི་ཟུར་ཙམ་ཡང་ཁ་ཁེངས་ཀྱང་། ཉིད་ཀྱི་ཕྱག་རོགས་རིག་འབྱུང་གི་འདོད་པ་ཁེངས་འདུག་པས་བསྔགས་བརྗོད་ཡོད།
ངས་ཁྱེད་ལ་ཐེངས་བརྒྱ་ཙམ་ལ་བསྐྱར་བཤད་ཡང་བཤད་བྱས་ཀྱང་ད་དུང་ཁྱེད་ཀྱི་བསམ་བློ་ལ་འགྱུར་བ་མེད་པས་ང་ལ་ཡང་མིག་འཕྲུལ་གཞན་ཡང་གང་སྟོན་རྒྱུ་མེད། འོན་ཀྱང་དེ་རིང་སླར་ཡང་ཚིག་གཅིག་གསལ་བོ་བཟོ་འདོད་བྱུང་། འདི་ནི་ངས་ཁྱེད་ལ་ལན་མཐའ་མ་དེ་ཡིན་སྲིད། དང་པོ་ངས་གི་སྒྲ་ཡོད་ཚད་རྣམ་དབྱེ་དྲུག་པ་རེད་ཟེར་ནས་ནམ་ཡང་རྩོད་ཀྱི་མེད། དེ་སྔོན་གྱི་མཆན་བུ་རྙིང་བ་ཞིག་བསྐྱར་བཤད་བྱེད་ཆོག “བྱེད་ཀྱི་འདུག་ལྟ་བུ་རྣམ་དབྱེ་དྲུག་པ་མིན་པས་གི་སྦྱོར་དགོས་པ་རེད་ཟེར་ན་སྒལ་ཚིགས་ནང་ནས་དགོད་ཤོར་ཡོང་གི་འདུག གི་དང་ཀྱི་གང་སྦྱོར་རྣམ་དྲུག་པ་ཡིན་མིན་ལ་ལྟ་མི་དགོས་པར། དེ་ནི་རྗེས་འཇུག་དང་ཚིག་ཕྲད་བར་གྱི་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས། གི་འབྲི་དང་ཀྱི་འབྲི་རྣམ་དབྱེ་དྲུག་པ་ལ་ཇུས་གཏོགས་ཡོད་པ་མ་རེད། དེ་མིང་མཐའ་འདྲེན་ཚུལ་ཁོ་ནའི་གནད་དོན་ཞིག་རེད། གལ་སྲིད་ཁྱེད་ཀྱིས་བྱེད་གི་འདུག་ཟེར་ན་བརྗོད་བདེ་འདྲེན་པ་རེད་ཟེར་ན། ད་དུང་རྣམ་དབྱེ་དྲུག་པ་མིན་པས་གི་སྦྱོར་དགོས་ཟེར་བ་ལས་དྲགས་ཙམ་ཡོང་མོད། དེ་ཙམ་ཡང་མ་དྲན་པ་སྐྱོ་བོ་རེད།”འདི་ལ་བསམ་བློ་ཐོངས།
ཁྱེད་ཀྱིས་ག་རེ་བཤད་ཀྱི་ཡོད་ངས་སྔོ་མི་ནས་ཤེས་སོང་བས་འོར་བཤད་མ་བྱས་ན་ཆོག ཡང་སྙིང་ཁྱེད་ཀྱིས་བྱེད་ཀྱི་འདུག་ལྟ་བུ་རྣམ་དབྱེ་དྲུག་མ་རེད་ཟེར་བ་དང་། རྣམ་དབྱེ་དྲུག་པ་མིན་པའི་རྒྱུ་མཚན་གྱིས་ཀྱི་མི་ཐོབ་པར་གི་ཐོབ་པ་རེད་ཟེར་བ་དེ་རེད། རྣམ་དབྱེ་དྲུག་པ་མིན་པའི་གི་ལ་སྦྱོར་མི་འདྲ་བ་ཡོད་པ་ལུགས་གང་ན་བཤད་འདུག་གམ། རྣམ་དབྱེ་དྲུག་པ་ཡིན་ན་མིན་ན་ཕྲད་གི་སྒྲ་ཞིག་ཡིན་ཚེ་རྗེས་མཇུག་གི་རྗེས་སུ་འཇུག་ཚུལ་གྱི་ཁྲིམས་གཅིག་པ་ཡིན་པ་ལས། འབྲེལ་སྒྲ་མ་ཡིན་པའི་གི་སྒྲའི་ཕྲད་དམིགས་བསལ་གྱི་རང་དབང་ཆེ་བ་ཡོད་པ་ག་རེ་ཡིན་ནམ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་མ་ཡིན་པའི་གི་སྒྲ་ཡོད་མེད་རྩོད་ཀྱི་མེད་པ་མཁྱེན་རོགས་གནང་། དེ་ཐོག་ལ་ཨུ་ཚུགས་ཡང་བཤད་བྱེད་དོན་མ་ཐོང་། མདོ་དོན་བྱེད་ཀྱི་འདུག་བརྗོད་ན་ཉེས་པ་གང་ཡོད་དང་། བྱེད་གི་འདུག་ལབ་ན་དགེ་མཚན་ག་རེ་ཡོད་མེད་གསལ་བཤད་བྱོས་དང་།
ཕྲད་དང་རྗེས་མཇུག་གི་འབྲེལ་བ་དེ་ཡི་གེའི་སྒྲ་གདངས་གཙོར་བཞག་ནས་གཏན་ཁེལ་བ་ལས། ་་་་་་་་་་ཨ་ཡོ་ཤོ། ད་ང་ཐང་ཆད་ཀི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁྱེད་རང་གིས་འབྲེལ་བ་ཡོད་མེད་ཀྱི་ལུང་རྙོག་རིང་པོ་ཞིག་བྲིས་འདུག་པ་རེ་རེ་བཞིན་ཐེར་འདོན་བྱེད་རྒྱུའི་དགོས་པ་མཐོང་མ་སོང་ རང་སྐྱོན་རང་གིས་མི་མཐོང་ཟེར་བ་ལྟར་གཅིག་བྱས་ན་ཁྱེད་ཀྱིས་རང་གི་སྐྱོན་མཐོང་གི་མེད་པའམ། ཡང་ན་ངས་རང་སྐྱོན་མཐོང་གི་མེད་པ་གང་ལྟར་ཡང་ངེད་གཉིས་བསམ་ཚུལ་མཐུན་པ་ཞིག་ནམ་ཡང་ཡོང་བཟོ་མི་འདུག་པས། ངེད་གཉིས་མཚམས་འདི་ནས་གྱེས་ན་འཕྱི་མ་དྲགས་ཀྱང་སྔ་དྲགས་མེད་པ་ཡིད་ལ་ཆོངས། ཁྱེད་དང་ཁྱེད་ཀྱི་འཁོར་དང་ཡང་འཁྲོར་རྣམས་ཀྱི་འདོད་རེ་ཁེངས་པའི་སྨནོ་ལསམ་ཡོད་ལགས།།།།།།།།།།།།།།།།།།།།།།།།
ཉིད་ཀྱི་བསམ་དོན་འགྲུབ་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ་བ་དང་སྦྲགས་སླར་ཡང་ཉིད་དང་གླེང་སློང་གང་ཡང་བྱེད་མ་དགོས་རེ་བ་ཡོད་ལགས
དོན་འགྲུབ་བཀྲ་ཤིས་གྱང་ཁའི་རྩ་ནང་བཞིན་རླུང་བུ་ཕྲན་བུ་ཕོག་པ་ཕྱོགས་གཅིག་ལ་གཡོན་འགྲོ་བ་དང་། ལྷག་པར་དུ་སྟག་སྨྱོན་གྱི་མིང་ལ་ཞེ་འཁོན་ཆེན་པོ་ཡོད་བཟོ་འདུག་པ་དང་། སྟོག་སྨྱོན་གྱི་ཐོག་ལ་རང་གིས་མ་ཤོད་ནའང་གཞན་གྱིས་བཤད་པ་ཀློག་ནས་ཀྱང་སྐོམ་སོད་ཀྱི་ཡོད་པས་འདུག་དཔེ་ཡག་པོ་རེད། དགའ་བ་ཐམས་ཅད་དགེ་བ་རེད། དེ་ཙམ་ཡིན་ནོ།
ད་བརྡ་སྤྲོད་ལ་བསྒྱུར་བཅོས་བྱེད་དགོས་ཟེར་མཁན་ཇེ་མང་ཇེ་མང་ལ་འགྲོ་བཞིན་པས་དགའ་སྤྲོ་འཕེལ། དགེ་འདུན་ཆོས་འཕེལ། དུང་དཀར་བློ་བཟང་འཕྲིན་ལས། རབ་འབྱོར། བསྟན་འཛིན། དགེ་ཆོས་གི་གསུང་ལུང་དྲངས་སྟངས་ལ་བལྟས་ན་རབ་གསལ་གིས་ཡང་བསྒྱུར་བཅོས་གཏོང་དགོས་པར་རྣམ་འགྱུར་ཅིག་བསྟན་པ་མ་ཡིན་ནམ།
ད་ཇི་ལྟར་བསྒྱུར་བཅོས་གཏོང་དགོས་པའི་སྐོར་བཤད་རོགས། ངས་ཡིན་གཅིག་མིན་གཅིག་ངས་འབྲི་བཞིན་པ་ལྟར་བསྒྱུར་བཅོས་གཏོང་དགོས་ཟེར་གི་མེད། ཡིན་ན་ཡང་། ཤེས་དགོས་པ་ནི་སུམ་ཅུ་བའི་གཞུང་རྙིང་ཧྲལ་ཧྲིལ་རྣམས་ཀློག་བསྡད་ནས་མིག་ཞར་བྱེད་ཙམ་ལས་མེད། དེ་བས་ད་ལྟ་ཆོལ་ཁ་གསུམ་ལ་དྭགས་འབྲུག་དང་བཅས་པའི་མི་མང་གིས་ཁ་ནས་བརྗོད་བཞིན་པའི་སྐད་ཆ་དེ་ཚོར་ཉབས་ཞིབ་མང་ཙམ་གནང་རོགས། ལྷག་པར་སྐད་ནང་ཕྲད་བཀོལ་སྟངས་དེ་ཚོར་གཟབ་འཚལ། ཚང་མར་གཅིག་གྱུར་གི་ཕྲད་ཅིག་ཡོད་ན་དེ་འབྲི་རྐྱང་བྱེད་རྒྱུ་ལས་མེད། འབྲེལ་སྒྲའི་ཕྲད་གི་འི། ལ་དོན་གི་ཕྲད་ན་ལ་བཅས་ཕལ་ཆེར་གཅིག་གྱུར་རེད་སྙམ། ཅེས་ཞེས་ཤེས་གསུམ་གི་ཚབ་སྐད་ནང་ཕལ་ཆེར་ ་་ཟེར་ནས་་ བཀོལ་གི་མེད་དམ། གཞན་ཆོལ་ཁ་གསུམ་གི་སྐད་ནང་གཅིག་གྱུར་གི་ཕྲད་ག་རེ་འདུག གལ་སྲིད་མེད་ན་ད་ལྟ་ང་ཚོས་འབྲི་བཞིན་པའི་ཕྲད་དེ་ཚོ་ལས་བསམ་བློ་གཏོང་ས་གང་ཡང་ལྷག་མེད། དེ་ཚོ་ཇི་ལྟར་སྟབས་བདེ་དང་ཇི་ལྟར་བསྒྱུར་བཅོས་གཏོང་བའི་སྐོར་བཤད་རོགས། དེ་མིན། འགྲོ་གི་ཡིན་ཟེར་ན་རྣམ་དབྱེ་ཡིན་མིན་སྐོར་རྩོད་བསྡད་ན་ཆོ་མི་འདུག
ངས་ད་བར་ཚོད་ལྟ་བྱས་པ་ཡིན། མཚམས་རེར་འབྲི་མ་བདེ་བ་དེ་འདྲ་རེ་ཟུང་ལ་ཕྲད་གི་འདུག དཔེར་ན། ཁྱོད་ཀྱི་ལྟ་བུ་ལ་ཁྱོད་གི་ཟེར་ན་བདེ་བོ་མི་འདུག གང་ཞིག། ཅི་ཞིག་ལྟ་བུ་ལ་གང་ཅིག ཅི་ཅིག་ཟེར་ནས་འབྲི་མི་བདེ་བ་ཅིག་རེད། དེ་ནས་དེ་ཉིད་གི་འཇུག་ཡུལ་དེ་ཚོ་རེད།
འདི་ལྟར་འབྲི་སྟབས་མི་བདེ་བའི་རྒྱུ་མཚན་ཡང་སྐད་ནང་དེ་ལྟར་བཤད་སྲོལ་མེད་པས་རེད། དཔེར་ན། ཁྱེད་རང་གི། ཁྱོའི་ཟེར་བ་ལས་ཁྱོད་ཀྱི་མི་ཟེར་བས་རེད། ཅིག་གི་ཚབ་ལ་ཨ་མདོའི་སྐད་ནང་ཆི་ཟིག གང་ཟིག་ཟེར་ནས་ཟིག་བེད་སྤྱོད་བྱེད། ཁམས་སྐད་ནང་ཡང་ཕལ་ཆེར་དེ་ལྟར་མིན་ནམ། ཕྲད་འགའ་ཤས་ཅིག་ཉུང་འཕྲི་བྱས་པས་སྔོན་མའི་བསྟན་བཅོས་རྣམས་ཀློག་མི་ཐུབ་པ་དང་དེ་ལ་འགྱུར་བ་གཏོང་དགོས་པའི་ངལ་བ་སུ་ལ་སྐྱེ། དེ་ཙམ་ཡིན།
ད་གྲོགས་སྟག་སྨྱོན་ལགས།
ངེད་ཀྱིས་དགེ་འདུན་རབ་གསལ་ལ་ཐུགས་རྗེ་ཆེ་ཟེར་དོན་དེ་ཐུ་མིའི་བསྟན་བཅོས་བརྒྱད་སྐོར་གྱི་དྲི་ལན་དེར་ཡིན།
གཞན། ཕྲད་ཀྱི་རྣམ་བཞག་སྐོར་ལ་ངེད་ཀྱིས་ཀྱང་རྨོངས་འཆར་ཞིག་བཏོན་ཡོད་མ་གཏོགས་ཞིབ་འཇུག་གི་སྐད་ཆ་ངེད་ལ་མེད།
དགེ་འདུན་རབ་གསལ་དང་མདའ་ཚན་པ་གཉིས་ལ་མཚོན་ན། དེའི་སྐོར་ལ་ཞིབ་འཇུག་བྱས་ནས་བསམ་ཚུལ་བཤད་ཀྱི་འདུག
འདི་ངེད་ཀྱི་མཐོང་ཚུལ་ཡིན། ཁྱེད་ཀྱིས་ཀྱང་ཞིབ་འཇུག་འདྲ་བྱས་ནས་ལན་རེ་རྒྱག་ཐུབ་ན་ཡག་པོ་འདུག
དེ་མིན་མིང་རྫུན་མ་འདྲ་བོ་ཞིག་བརྒྱབ་ནས་མི་གཞི་ལ་དམའ་འབེབས་དང་གཞན་ལ་ཁབ་བཙགས་འབིག་བཙགས་བྱེད་རྒྱུ་འདི་གོམས་གཤིས་ཡག་པོ་ཞིག་མ་རེད།
ལས་ཀ་འདི་ཚོ་ཐ་མལ་བའི་བྱ་བ་རེད་ལབ་ན་ཡང་མི་འགྲིག་པ་ཅི་ལ་ཡོད། ངེད་ཀྱི་རྨོངས་འཆར་འདི་འདྲ་ཡིན།
རིག་འབྱུང་ལགས་ངས་མཉམ་ཞིབ་ལྟར་ན་བོད་ཡིག་གི་ཕྲད་ཀི་གཅིག་མང་དུ་བཏང་དགོས་ཀྱི་འདུག དཔེར་ན་བྱེད་ཀི་ཡོད་ཟེར་བ་ལྟ་བུ་རེད། འོན་ཀྱང་བོད་ཡིག་གསལ་བྱེད་སུམ་ཅུ་མང་དྲགས་འདུག་པས་མི་དགོས་པ་ཁ་ཤས་དོར་ན་འོས། དཔེར་ན་ཀ་གཅིག་པོ་བཞག་ནས་ག་མེད་པ་བྱས་ཆོག གསལ་བྱེད་དེ་གཉིས་སྒྲ་གདངས་ཧ་ཅང་ཐག་ཉེ་ཆེ་བས་ཕན་ཚུན་ཚབ་བྱེད་ཆོག གཞན་ཡང་གསལ་བྱེད་ཏ་གཅིག་པོ་བཞག་ནས་གསལ་བྱེད་ད་དོར་ཆོག དེ་གཉིས་ཀྱང་སྒྲ་གཅིག་པ་དང་། ལྷག་པར་དུ་ཨ་མདའི་སྐད་ལ་གསལ་བཤད་འདི་དགོས་པ་མེད། དེ་བཞིན་དབྱངས་འབྲེང་བུ་ཨ་མདོའི་སྐད་ནང་མི་དགོས་པས་དེ་ཡང་དོར་ནས། དཔེར་ན་ཕྲད་ཀྱི་མི་གེ་ཡོང་གི་འདུག་དང་། གླི་ལེན་གྱི་འདུག་དང་། ཨི་ཚིགས་ཆེན་པོ་འདུག་ལྟ་བུ་ཨམ་སྐད་དྭངས་མ་དེ་ཡིན་པས་ཞབས་ཀྱུ་མེད་ནའང་འགྲིག་འདུག འདི་བོད་ཡིག་གསར་བཟོ་ལ་བསམ་བློ་གཏོང་མཁན་ཚོར་བྱིན་པ་ཡིན། འོན་ཀྱང་སེམས་སྐྱོ་བ་ཞིག་ལ་བཙན་བྱོལ་ནང་གི་རྩོམ་པ་པོ་ཡིན་ཟེར་མཁན་མང་བ་གྲྭ་ལོག་ཡིན་པ་དང་ཤེས་ཡོན་ཚད་ལྡན་ཡོད་མཁན་མེད་ཀྱང་། མཚན་ཉིད་རྩོད་རྒྱུའི་གོམས་གཤིས་ངན་པ་དེའི་བབ་ཆགས་ཀྱིས་རྒྱུན་ལྡན་གྱི་སྤྱི་ཚོགས་ནང་ལའང་རི་བོང་ལ་རྭ་ཡོད་མེད་ལྟ་བའི་རྩོད་པ་བརྒྱག་པ་དང་། གྲ་ལོག་ཕལ་ཆེ་བར་གྲྭ་སའི་སློབ་གསོ་ཡག་པོ་ཐོབ་མེད་མཁན་གྲས་རེད། ཁོང་ཚོ་དེང་རབས་ཀྱི་ཤེས་ཡོན་དེ་བས་ཀྱང་མེད་པས་ཕན་ཐོགས་ཡོད་པའི་ཤེས་ཡོན་པའི་གྲས་སུ་མི་ཚུད།
ཨམ་སྐད་ནང་འབྲེབ་བུ་ཡང་མི་དགོས་ས་མང་བས་དེ་ཡང་དོར་དགོས་པ་འདྲ། དཔེར་ན་། དང་སང་ཟེར་བ་དང་དེང་སང་ཟེར་བ་ཨམ་སྐད་ནང་ཁྱད་མི་འདུག ལྷག་པར་རེབ་གོང་གི་སྐད་ནང་མི་དགོས་པ་མང་། རེབ་སྐད་དང་རྒྱ་སྐད་ཀྱི་འགྲོས་ཧ་ཅང་མཐུན་པ་འདུག གྲྭ་ལོག་གིས་ཁེངས་པའི་གྲྭ་ཐོག་འདི་ནི་ཆེད་མི་སེམས་ན་ཟུག་སྤྲོད་ཨེ་ཐུབ་ལྟ་མཁན་གྱི་ཆེས་མི་གཤིས་སྐྱོ་དག་ཚོགས་ཡོད་པས་ཐག་རིང་ཐཙམ་ནས་བསྡད་ན་བགཉིད་ཡག་པོ་ཁུག་གི་རེད། མི་ངན་པའི་ཁ་སློང་ན་ཞག་གསུམ་ལ་གཉིད་མི་ཡོང་ཟེར་བ་གོ་ཨེ་མྱོང་། རིག་འབྱུང་ཨ་གསར་དང་ལད་མོའ་དྲི་མོ་ཤུགས་ཆེན་པོ་ཁ་གི་འདུག་པས། རང་གཞིས་གཙང་མ་ཞིག་ཨེ་ཡོང་ལ་སལྟོས་དང་བཟཟང་གི་རེདཞ
ཚིག་ཕྲད་ཀྱི་བསྐོར་ལ་འགྱུར་བ་རེ་ཡོང་རྒྱུ་ཡོད་མེད་དེ་མི་ཤེས་ཀི འོན་ཀྱང་། དྲ་གྲོགས་སྟག་སྨྱོན་ལགས་ཀྱིས་བན་ལོག་དག་ལ་ཁ་བརྡུང་མང་བོ་ཞིག་བཏང་བ་ནས་གྲ་ལོག་དེ་ཚོ་ལ་གང་ཙམ་ཞིག་བསམ་བློ་གཏོང་རྒྱུ་ཡོད་པ་ཆགས་ས་རེད། ཧཧཧཧཧཧཧ
དྲ་གྲོགས་སྟག་སྨྱོན་ཁྱེད་རང་དངོས་ནས་བོད་པ་ཚང་གི་གྲ་ལོག་དེ་ཚོ་ལ་རྩ་ནས་ཡིད་ཆེས་ཤིག་མེད་པ་འདྲ། ཁྱེད་རང་ལ་གྲ་ལོག་གང་མང་མང་ཞིག་གིས་སེམས་བསྐུར་ཡོད་ས་རེད། སེམས་མ་སྡུག དྲ་ཐོག་འདི་ནས་ཆེ་བར་རློམ་མཁན་མང་བོ་ཞིག་གིས་ཁ་ཚ་དགོས་གཏུག་གིས་ད་ལྟའི་འཆར་བོད་ནང་གི་བོད་མི་དག་གི་ལས་དབང་ལ་འགན་འཁུར་ཡོད་མེད་ཀྱི་སྐད་ཆ་བཤད་རྒྱུ་བཞག་ནས་འདི་འདྲའི་སོས་དལ་ངང་གནའ་ནས་ད་ལྟའི་བར་དུ་བརྩད་དེ་འོང་བས་ཚིག་ཕྲད་ཁ་ཤས་ཤིག་བརྩད་དེ་ཉིན་མ་གཏོང་གི་འདུག་པ་འདི་ནི་དངོས་ནས་སེམས་སྐྱོ་བ་ཞིག་མ་རེད། བོད་ནང་གི་བོད་མི་རིགས་ཀྱི་ལུས་སེམས་གཉིས་ཀ་ཉེན་ཁའི་འོག་དུ་འཚུད་ཡོད་དུས་འདིར་་་་ ཨ་་་ཨ་་་་ བོད་པ་འདི་ཚང་གི་ཁ་རྒྱག་པ་འདི་ཚོ་་་་་་་་་་་་་་་་་་་་་་་་་་་་་་་་
སྤྱི་གྲྭ་ལོག་ལ་མཐུན་མོང་གི་གཤིས་ཀ་ཞིག་ཡོད་པ་ནི་དམ་ཚིག་ལ་འགལ་རྒྱུར་མི་སྐྲགས་པ་དང་། ཁྲིམས་དང་ལུགས་སྲོལ་ལ་མི་དགའ་ཞིང་། གང་དྲན་བཤད་ཅི་དྲན་ལས་མཁན། གནས་སྐབས་ཀྱི་ཁེ་ཕན་ཆེད་ཕུགས་ཀྱི་ཁེ་ཕན་བློས་གཏོང་ཐུབ་པ་དང་། བུད་མེད་དང་དུད་ཆང་ལ་ལྷག་པར་དུའང་སྲེད་པ་ཆེ་བ། དེང་རབས་དང་གནའ་རབས་ཀྱི་རིགས་གཞུང་སྣ་གཅིག་ལའང་རྒྱུད་རིམ་ལྡན་པའི་སློབ་སྦྱོང་མེད་པ། མི་ཤེས་ཤེས་ཁུལ་དང་ཧམ་བཤད་ཀྱི་སྙིང་གཡག་མགོ་ལས་ཆེ་བ། སློབ་ཚན་འདྲ་མི་འདྲ་རེའི་ཟུར་སྣེ་རེ་ཨུ་ཚུགས་ཀྱི་ཀློག་ཞོར་དེ་ལ་རྒྱུས་ཡོད་མདོག་དང་གདེངས་ཐོབ་མདོག་གི་ཧམ་པ་བཤད་རྒྱུར་ལངས་ཤོར་བ། མི་དེ་ཚོ་མགོ་བདེ་བོ་ཡོད་པ་རེད། ཁ་མང་པོ་ཡང་ཡོད་པ་རེད། གྲྭ་ལོག་ཚོ་སེམས་གཏིང་ནས་སུན་ཡོང་གི་འདུག
འདི་ཚོ་སེམས་པ་ནག་པོ་དཔེ་རེད། སྐད་ཆ་གང་འདྲ་བཤད་ན་མི་སེམས་ལ་ན་ཟུག་སྤྲོད་ཐུབ་པ་ཤེས་ཀྱི་ཡོད་སྟབས། དཔེར་ན་བོད་མི་བོད་ཡིག་ལ་དགའ་བ་དང་དེ་ལ་དུང་ཞེན་ཡོད་པ་ཤེས་ནས་ཆེད་དུ། བོད་ཡིག་ལ་མཐོང་ཆུང་དང་བཟོ་དཀྲུགས་གང་བྱུང་བྱས་ན་བོད་མི་གནད་མ་མང་པོ་ཞིག་གི་སེམས་ཀྱི་མི་བཟོད་པ་ཤེས་ནས། དེ་ལ་འཁྱོག་བཤད་བརྒྱབ་ནས་མིའི་སེམས་ཁམས་ལ་འཚེ་བ་བྱེད་པ་དེ་རེད། གལ་སྲིད་བོད་མི་ཚོས་བོད་ཡིག་ལ་བཟོ་བཅོས་དགོས་ཀྱི་ཟེར་བ་ཡིན་ན། འདི་ཚོས་མ་རེད་བོད་ཡིག་ལ་འགྱུར་བ་གཏོང་རྒྱུ་མེད་ལུགས་དང་། དེ་འདྲ་བསམ་བློ་འཁོར་མཁན་ཚོ་དུད་འགྲོ་དང་ཟོག་རེད་ཟེར་ནས་ཁ་གཏད་བྱེད་པ་རེད། ཁོ་ཚོས་དམིགས་ཡུལ་ངོ་མ་དེ་མི་གཞན་གྱི་བསམ་བློ་ཐོག་དུང་ཞེན་ལ་གནོད་འཚེ་བྱེད་རྒྱུ་ལས་གཞན་གང་ཡང་མེད། འོན་ཀྱང་ཁྱེད་ཚོས་ཤེས་དགོས་པ་ཞིག་ལ་ཁོ་ནི་བོད་ཡིག་ལ་བསྟེན་འཚོ་མེད་པས། དེ་རྪ་མེད་ཆགས་པ་ཡིན་ནའང་བློ་འགྱོད་ཙམ་ལས་གྱོང་གང་ཡང་རག་རྒྱུ་མེད་སེམས་ལ་བཟུང་། ཁྱེད་ང་བོད་ཡིག་ལ་བརྟེན་ནས་འཚོ་ཡོད་པ་དང་། དེ་མེད་པ་བཟོ་ཐུབ་སོང་ན་སྟག་སྨྱོན་གྱི་ལས་ཀ་ཤོར་འགྲོ་གི་རེད་མ་བསམ། བོད་ཡིག་མེད་པ་ཆགས་ནའང་ངའི་ལས་རང་འཇགས་ཡོད་པ་ལས་འགྱུར་བ་མི་ཡོང་། ཁྱེད་ཚོས་བོད་ཡིག་བཟོ་དཀྲུགས་བྱས་པས་ང་ལ་ཆེན་པོ་ཞིག་གནོད་ཀྱི་ཡོད་པའི་ཡིད་ཆེས་མ་དག་པ་དེ་ནོར་བ་རེད།
ད་ནས་དྲ་ཐོག་འདིར་ཚུལ་མཐུན་ཞིག་བཤད་མི་སྲིད་ལ། བཤད་ནས་དགོས་པའང་མ་མཐོང་ངོ། ངས་སྔོན་ཡང་ཐེངས་གཅིག་བཤད་ཟིན་དྲ་ཐོག་འདིར་ཡག་པོ་ཞིག་བཤད་གཟབ་གཟབ་བྱེད་ཀྱི་ཡོད་པས། གྲྭ་ལོག་ལ་དགྲ་ལན་སློག་པ་ཙམ་ལས་བགྲོ་གླེང་གང་ཡང་བྱེད་ཀྱི་མེད། གྲྭ་ལོག་འདི་མི་སེམས་ཁམས་ཀྱི་ཞི་བདེ་འཕྲོག་མཁན་གྱི་ལག་དམར་ལྟ་བུ་རེད། དེ་ལ་དེ་མཚངས་ཀྱི་ལན་སློག་པ་ཙམ་ཡིན། གྲྭ་ལོག་ཅིག་ལས་རྩམ་ལོག་དགའ་ཟེར་བ་ངོ་མ་བདེན་པ་རེད་འདུག
ཨ་རོ་སྟག་སྨྱོན་ལགས།
ཁྱེད་ཀྱིས་རཀ་ར་རིན་པོ་ཆེས་བརྩམས་པའི་གནས་བརྒྱད་ཀྱི་འགྲེལ་བ་དེ་ཨེ་རིག འགྲེལ་བ་དེ་གང་འདྲ་འདུག རིན་པོ་ཆེ་ལ་ཡང་ཏན་ཏན་ཕྲད་དང་བཅས་པའི་སྐོར་ལ་དགོངས་ཚུལ་གསུངས་རྒྱུ་ཏན་ཏན་ཡོད་པ་རེད།
ཁྱོད་གྲ་ལོག་མི་དགའ་བ་དེ་ལ་ང་དགའ་ནི་ཡིན། གྲ་ལོག་དེ་ཚོ་ སྡོད་ཚུགས་རྩ་ནས་མི་འདུག དགེ་འདུན་ཆོས་འཕེལ་ནས་བརྩིས་ནས་ད་བར་དུ་འདི་ཚོ་ཡག་ག་ཅིག་བྱས་མེད་ཡ།
ངས་ཚང་མ་བློས་བཏང་ནས་གྲྭ་ལོག་ཁ་ལག་གཉིས་ཀ་འདུག་མི་ཐུབ་མཁན་དེ་ཚོའི་གདོང་ནས་ལངས་ཏེ། རང་ཉིད་ལ་ཁ་བརྡུང་དང་ཉེན་བརྡ་སོགས་ག་རེ་རག་ན་རག་བསམ་ནས། གྲྭ་ལོག་ཚོའི་མཚང་དམར་བཤད་བརྒྱབ་པ་ཡིན། ང་ལ་དགའ་བསུ་བྱེད་མཁན་ཞིག་ཡོང་གི་རེད་བསམ་མ་སོང་ཡང་། ཉིད་ཀྱི་བསམ་ཚུལ་འདིའི་ཐོག་ནས་གྲྭ་ལོག་ཚོ་ལ་ཡིད་ལོག་མཁན་ང་གཅིག་པོ་མིན་ཚོད་འདུག་པས་དགའ་བོ་བྱུང་། གཅིག་བྱས་སུ་གཅིག་གིས་ཁ་གཏད་མ་ཆོག་པའི་གྲྭ་ལོག་ཚོ་ལ་བསམ་བློ་གསར་བ་ཞིག་གི་འགོ་འཛུགས་ཏུ་འཇུག་ཐུབ་སྲིད། གཅིག་བྱས་སྔར་ལས་ཀྱང་ཛ་དྲགས་དང་རྣོ་ངར་ལྡན་པའི་རྩོད་པ་ལངས་སྲིད། གང་ལྟར་གྲ་སྒྲིག་ཡོད།
སྟག་སྨྱོན་ལགས། དགེ་འདུན་རབ་གསལ་ལགས་ཀྱིས་ཁྱེད་ཀྱི་ཚིག་ནོར་འགར་ནོར་བཅོས་གནང་བ་དེ་ནི་གནང་དགོས་ངེས་ཤིག་རེད།་ ཁྱེད་ཀྱི་མཆན་བུ་སྔ་མ་གཉིས་སུ་ཡང་ཚིག་ནོར་མང་ཙམ་འདུག ང་ཚོ་ཁ་བརྡའི་སྒང་ལ་རྩོམ་ཡིག་སྤེལ་མཁན་དང་དུས་བབ་ཟིན་བྲིས་ཉར་མཁན་ཚོའི་ཁྲོད་ན། ཚིག་ནོར་དང་སྡེབ་སྦྱོར། དག་ཆ་བཅས་ལ་དཀའ་ངལ་ཡོད་མཁན་གྱི་དྲ་གྲོགས་ཁ་ཤས་ཡོད། དེ་ཚོ་རིམ་བཞིན་ཡར་རྒྱས་འགྲོ་བའི་རེ་བ་ཡོད།
གཞན། ཁྱེད་ཀྱིས་མཆན་བུ་འདེབས་དུས། གཞན་གྱི་མི་གཞི་ལ་དམའ་འབེབས་དང་མི་གཞི་ལ་དབྱེ་འབྱེད། ཐ་ན་ལུང་ཚན་གྱི་སྐད་ཆ་ཡང་འཁྱེར་ཡོང་བ་འདི་ལས་ཀ་ཡག་པོ་ཞིག་མ་རེད། འདི་སྐྱེ་བོ་ཐ་མལ་བ་ཚོའི་ལས་ཀ་རེད། རྗེས་ཕྱོགས་གནས་ལུགས་ཤིག་འཁྱེར་ཡོང་ཨེ་ཐུབ་ལྟོས། རྒྱུ་མཚན་ཞིག་ཨེ་རྙེད་ལྟོས། ད་དུང་སོ་སོར་དེང་རབས་དང་གནས་རབས་ཀྱི་སློབ་སྦྱོང་ཅི་ཞིག་ཡོད་ན་ཡང་། དེ་ཚོ་འཁྱེར་ནས་ཤོག དྲ་གྲོགས་ཚོར་བགོ་བཤའ་རྒྱག་རོགས། གཞན་ཀུན་སློང་གཙང་མ་ཞིག་འཁྱེར་ཡོང་དགོས་རྒྱུ་འདི་ཡང་གལ་ཆེ་བ་འདྲ།
ངེད་ཀྱིས་ཁྱེད་ཀྱི་མཆན་བུ་མང་པོ་མཐོང་མྱོང་། ངེད་ཀྱི་བཀའ་བློན་ཁྲི་བའི་སྐོར་གྱི་རྨོངས་འཆར་དེ་ལ་ཡང་ཁྱེད་ཀྱིས་མཆན་བུ་ཁ་ཤས་བཏབ་ཡོད་ལ་མི་སྒེར་དང་འབྲེལ་བའི་སྐད་ཆ་ཁ་ཤས་ཀྱང་བཤད་ཡོད།་ འོན་ཀྱང་། ངེད་ཀྱི་ངོས་ནས་ཁྱེད་ཀྱི་མི་གཞི་སོགས་གླེང་དགོས་དོན་མེད་ལ་དེའི་འོས་བབ་ཡང་མེད།
གང་ལྟར། ངེད་ནི་གནས་ལུགས་དང་རྒྱུ་མཚན་འཁྱེར་ཡོང་མཁན་ཚོར་རྗེས་སུ་ཡི་རངས་ཡོད། དེ་ཙམ་ཡིན།
དྲ་གྲོགས་རྣམ་པ། མིང་རྫུན་མ་ཞིག་བརྒྱབ་ན་མ་གཏོགས་བསམ་ཚུལ་བཤད་མི་ཐུབ་ནི་རེད། ཡང་ན་ཡག་པོ་ཞིག་བཤད་རྒྱུ་མེད་པ་རེད་དམ།
མིང་རྫུན་མ་འདྲ་འཁྱེར་ཡོང་དུས། དྲ་གྲོགས་ཡང་རྫུན་མ་ཆགས་འགྲོ་གི་འདུག
འདི་ནང་ཕྲད་བཤད་ཁུལ་ཙམ་ལས་བོད་རང་བཙན་དང་ཆབ་སྲིད་སྐོར་བཤད་རྒྱུར་འཛེམ་བཞིན་པའི་མི་བོ་དག་གི་དམིགས་ཡུལ་ནི། རྒྱ་ནག་ལ་ཕོག་ཐུག་གཏོང་རྒྱུར་འདོད་པ་མེད་པ་དང་། གལ་སྲིད་རྒྱ་ནག་ལ་ཕོག་ཐུག་འགྲོ་བའི་ཆབ་སྲིད་སྐོར་ཤུགས་ཆེན་པོ་གླེང་ན། ཁོ་ཚོ་བོད་ནང་གུང་གསེང་དུ་འགྲོ་རྒྱུའི་དམིགས་ཡུལ་ལ་དཀའ་ངལ་འཕྲད་སྲིད་པ་དང་། ཡང་ན་བོད་ལ་གཟི་བརྗིད་ངོམ་དུ་འགྲོ་མི་ཐུབ་རྒྱུའི་ཉེན་ཁ་ཡོད་ཙང་། ག་དུས་ཡིན་ན་རིག་གཞུང་གི་ལས་ཀ་ལས་ཆབ་སྲིད་ཀྱི་ལས་ཀ་སྒྲུབ་ཀྱི་མེད་པ་སྟོན་ཆེད་རེད།
སྟག་སྨྱོན་ལགས། དགེ་འདུན་རབ་གསལ་ལགས་ཀྱིས་ཁྱེད་ཀྱི་ཚིག་ནོར་འགར་དག་བཅོས་གནང་བ་དེ་ནི་གནང་དགོས་ཤིག་རེད།
ཁྱེད་ཀྱི་མཆན་བུ་སྔ་མ་གཉིས་སུ་ཡང་ཚིག་ནོར་མང་པོ་འདུག ང་ཚོ་ཁ་བརྡའི་སྒང་ལ་རྩོམ་ཡིག་སྤེལ་མཁན་དང་དུས་བབ་ཟིན་བྲིས་ཉར་མཁན་ཚོའི་ཁྲོད་ན།
དག་ཆ་དང་སྡེབ་སྦྱོར། ཡིག་ནོར་བཅས་ལ་དཀའ་ངལ་ཡོད་མཁན་གྱི་དྲ་གྲོགས་ཁ་ཤས་འདུག དེ་ཚོ་རིམ་བཞིན་ཡར་རྒྱས་འགྲོ་བའི་རེ་བ་ཡོད།
གཞན། ཁྱེད་ཀྱིས་གཞན་གྱི་མི་གཞི་ལ་དམའ་འབེབས་དང་དབྱེ་འབྱེད། དམའ་འབེབ། ད་དུང་ཐ་ན་ལུང་ཚན་གྱི་སྐད་ཆ་ཡང་འཁྱེར་ཡོང་བ་འདི་ལས་ཀ་ཡག་པོ་ཞིག་མིན་པ་འདྲ།
འདི་སྐྱེ་བོ་ཐ་མའི་བའི་རིགས་ཀྱི་ལས་ཀ་རེད། གཞན། རྗེས་ཕྱོགས་མཆན་བ་འདེབས་དུས། གནས་ལུགས་ཤིག་འཁྱེར་ནས་ཡོང་ཨེ་ཐུབ་ལྟོས། རྒྱུ་མཚན་ཞིག་རྙེད་ཨེ་ཐུབ་ལྟོས།
ད་དུང་ཀུན་སློང་གཙང་མ་ཞིག་ཡོད་ན་རབ་རེད། ཁྱེད་ལ་དེང་རབས་སློབ་སྦྱོང་དང་གནའ་རབས་སློབ་སྦྱོང་སོགས་ཅི་ཞིག་ཡོད་ན་ཡང་། དེ་ཚོ་འཁྱེར་ནས་ཤོག དྲ་གྲོགས་རྣམས་ལ་བགོ་བཤའ་རྒྱག་རོགས། རྗེས་སུ་ཡི་རངས་ཡོད། ངེད་ཀྱིས་ཀྱང་ཁྱེད་ཀྱི་མཆན་བུ་བྐླགས་མྱོང་། ངེད་ཀྱི་བཀའ་བློན་ཁྲི་བའི་སྐོར་གྱི་རྨོངས་འཆར་དེར་ཁྱེད་ཀྱིས་མཆན་བུ་ཁ་ཤས་བཏབས་ཡོད་པ་མ་ཟད་མི་སྒེར་དང་འབྲེལ་བའི་སྐད་ཆ་འགའ་ཡང་བཤད་ཡོད། འོན་ཀྱང་། ངེད་ལ་མཚོན་ན་ཁྱེད་ཀྱི་མི་གཞི་དང་མི་སྒེར་བའི་སྐོེར་ནས་གླེང་སློང་བྱེད་འདོད་མེད་ན་དེའི་འོས་བབ་ཡང་མེད། དེ་ནི་ངེད་ཀྱི་ལས་ཀ་ཡང་མ་རེད་། གང་ལྟར། ངེད་ནི་རྒྱུ་མཚན་དང་གནས་ལུགས་འཁྱེར་ཡོང་མཁན་ཚོར་རྗེས་སུ་ཡི་རངས་ཡོད།
དེ་ཙམ་ཡིན།
ཁྱེད་ཀྱང་མི་དེ་ཚོའི་གྲས་ཀྱི་གཅིག་ཡིན་པའི་ཁུལ་རེད་དམ།
རིག་འབྱུང་ཁྱེད་ཀྱིས་ངའི་ཟིན་བྲིས་ཀློག་མྱོང་ན། ངའི་དག་སྡེབས་ཉིན་རེ་བཞིན་སྐྱོ་རུ་འགྲོ་ཡོད་པ་དང་སེམས་ཤུགས་ཀྱང་བརླག་བཞིན་པ་མཐོང་གི་ཡོད་ཤག་རེད། ངས་དག་སྡེབས་ལ་རྩ་བ་ནས་དོ་སྣང་བྱེད་ཀྱི་མེད། ཐོག་མ་གྲྭ་ལོག་ཁང་འདིར་ཞུགས་དུས་སྲ་ལ་བྱེད་ཁུལ་བྱས་ཀྱང་ད་ནི་དེ་འདྲ་མིན།
ཉན་མཁན་ལ་ཉན་བྱེད་རྣ་ཡག་པོ་ཞིག་མེད་ན། བཤད་མཁན་ཞ་ལྕེ་ཡག་པོ་ཞིག་ཡོད་པས་མི་ཕན། ངས་རབ་གསལ་ལ་གི་སྒྲ་རྗེས་མཇུག་གང་གི་རྗེས་སུ་འཇུག་མིན་རྣམ་དབྱེ་དྲུག་པ་ཡིན་མིན་ལ་དེ་ཙམ་འབྲེལ་བ་མེད་པར། རྗེས་མཇུག་གང་གི་རྗེས་སུ་ཕྲད་ག་རེ་སྦྱོར་དགོས་མིན་རྗེས་མཇུག་གི་གཞུང་ལ་ལྟ་དགོས་པ་རེད་ཟེར་ནས་ཐེངས་མ་ཚོད་བཤད་མྱོང་། ཁོས་ད་དུང་ཡང་རྣམ་དབྱེ་དྲུག་ཡིན་མིན་ཁོ་ན་ལས་གླེང་རྒྱུ་མི་འདུག་པས་ད་ག་རེ་རྩོད། ཕྲད་སྦྱོར་སྟངས་དེ་རྟགས་འཇུག་གི་གཞུང་གི་ཡི་གེའི་སྒྲ་གདངས་དྲག་ཞན་ལ་ལྟོས་ནས་སྦྱོར་དགོས་པ་རེད། རརྗེས་མཇུག་གང་གི་རྗེས་སུ་ཕྲད་གང་སྦྱོར་དགོས་མིན་གཙོ་བོ་རྟགས་འཇུག་གི་གཞུང་ལ་འབྲེལ་བ་རེད། འོན་ཀྱང་ད་དུང་ཡང་གི་སྒྲ་རྣམ་དབྱེ་དྲུག་པ་མིན་པ་ལ་འཇུག་པའི་སྐབས་ཀྱང་འདུག དེའི་ཕྱིར་བརྗོད་གི་ཡོད་ལྟ་བུ་འབྲི་དགོས་ཟེར་ནས་ཨུ་ཚུགས་བྱེད་པས། ངས་ཡག་པོ་ཞིག་བྲིས་ཀྱང་སུ་ལ་ཕན་ནམ། བོང་བུའི་རྣ་བར་གསེར་བླུགས་པར་དགོས་པ་མེད་པ་མ་རེད་དམ།
རིག་འབྱུང་གིས་ག་དུས་ཡིན་ན་རྒྱུ་མཚན་ཁྱེར་ཤོག་དང་རྒྱུ་མཚན་ཁྱེར་ཤོག་ནས་སྐད་བརྒྱག་གི་འདུག་པས་ངས་སྐར་མ་བཅུ་གྲངས་ཤིག་སྤྱད་ནས་ཁྱེད་ལ་གི་སྒྲའི་སྐོར་ཕྲན་བུ་བཤད་ཆོག དང་པོ་འབྲེལ་སྒྲའི་སྐབས་སུ་”ད་བ་ས་ཀྱི་ག་ང་གི”ཟེར་བ་སོགས་ཕྲད་རྣམས་རྗེས་མཇུག་ལ་འཇུག་ཚུལ་དེ་རྣམ་དབྱེ་དྲུག་པ་རང་གིས་ཐོག་ནས་ཐག་བཅད་པ་ཞིག་མ་ཡིན་པར། རྣམ་དབྱེ་དྲུག་པའི་ཕྲད་དེ་རྣམས་རྗེས་མཇུག་ལ་འཇུག་ཚུལ་དེ་རྟགས་འཇུག་གི་སྐབས་སུ་དབྱེ་བའི་ཡི་གེའི་སྐྱེ་གནས་དང་རྩོལ་བ་ལས་བྱུང་བའི་སྒྲ་གདངས་དྲགས་ཞན་རྨང་གཞི་བྱས་ནས་གཏན་ལ་ཕབ་པ་རེད། དཔེར་ན་རྗེས་མཇུག་ག་ཡི་རྗེས་སུ་གི་ཐོབ་པའང་རྟགས་འཇུག་གིས་ཐག་བཅད་པ་ལས། རྣམ་དབྱེ་དྲུག་ཡིན་པའི་རྒྱུ་མཚན་གྱིས་ག་ཡི་རྗེས་སུ་གི་ཐོབ་པ་མ་རེད།
རབ་གསལ་གྱིས་གི་སྒྲ་རྣམ་དབྱེ་དྲུག་པ་མ་ཡིན་པའི་དོན་གཞན་འཇུག་པའི་སྐབས་ཀྱང་འདུག དྲུག་པ་མ་ཡིན་པའི་སྐབས་སུ་ཀྱི་ཐོབ་ས་ལའང་གི་འབྲི་དགོས་ཟེར་བ་གང་ཡང་མ་ཤེས་པའི་བསམ་ཚུལ་ཞིག་རེད། གི་སྒྲ་རྗེས་མཇུག་གང་དག་གི་རྗེས་སུ་ཐོབ་མིན་དེ་གི་སྒྲ་རང་ལས་བྱུང་བའི་སྒྲ་གདངས་དྲག་ཞན་ཁོ་ནའི་ཐོག་ནས་ཐག་གཅོད་དགོས་པ་རེད། གལ་སྲིད་རྣམ་དབྱེ་དྲག་མ་མི་ཡིན་སྐབས་སུ་གི་སྒྲའི་གདངས་འགྱུར་འགྲོ་གི་ཡོད་ན་འཇུག་ཚུལ་གྱང་མ་འདྲ་བ་ཞིག་ཏུ་འགྱུར་སྲིད་ཀྱང་། སྐྱེ་གནས་དང་བྱེད་རྩོལ་ལས་བྱུང་བའི་རྗེས་འཇུག་གི་ཡི་སྒྲ་གདངས་ཇི་སྲིད་མ་འགྱུར་བ་དེ་སྲིད་དུ་གི་སྒྲའི་མཇུག་ཚུལ་ལའང་འགྱུར་བ་འགྲོ་ཐབས་མེད་པ་རེད།
ཐ་ན་རྣམ་དབྱེ་དྲུག་པའི་ཕྲད་རྣམས་ཀྱི་འཇུག་ཚུལ་གྱང་རྟགས་འཇུག་གི་སྐབས་སུ་དབྱེ་བའི་ཡི་གེ་ཕོ་མོ་ན་ནིང་གི་སྒྲ་གདངས་དྲག་ཞན་ཁོ་ན་རྨང་གཞི་བྱས་ནས་གཏན་ཁེལ་བ་མ་རེད་དམ།
ཐ་ན་རྣམ་དབྱེ་དྲུག་པའི་ཕྲད་ཡོངས་རྗོགས་ཀྱི་འཇུག་ཚུལ་དེ་རྟག་འཇུག་གིས་ཐག་བཅད་པ་མ་རེད་དམ།
རབ་གསལ་སོགས་ལ་དྲི་བ། རྣམ་དབྱེ་དྲུག་པའི་སྐབས་ཀྱི་གི་སྒྲ་དང་། རྣམ་དབྱེ་དྲུག་པ་མ་ཡིན་པའི་སྐབས་ཀྱི་གི་སྒྲའི་སྒྲ་གདངས་དྲག་ཞན་གཅིག་པ་རེད་དམ་མ་རེད། གལ་ཏེ་གཅིག་པ་ཡིན་ན་གི་སྒྲ་རྗེས་མཇུག་གི་རྗེས་སུ་མཇུག་ཚུལ་གྱང་གཅིག་པ་ཡིན་དགོས། གི་སྒྲ་རྗེས་མཇུག་གི་རྗེས་སུ་འཇུག་ཚུལ་དེའང་གི་སྒྲའི་སྒྲ་གདངས་དྲགས་ཞན་ལ་ལྟོས་ནས་བྱུང་བ་ཡིན་པས་སོ། གལ་སྲིད་མིན་ན་རྣམ་དབྱེ་དྲུག་པའི་སྐབས་ཀྱི་གི་སྒྲ་ཕོ་མོ་མ་ནིང་དང་སྒྲ་གདངས་དྲག་ཞན་གང་ཡིན་དང་། རྣམ་དབྱེ་དྲུག་པ་མ་ཡིན་པའི་སྐབས་སུ་གི་སྒྲ་ཕོ་མོ་མ་ནིང་གང་ཞིག་ཏུ་འགྱུར་འགྲོ་བ་གསལ་བོ་བཤད་རོགས། དེ་ལྟར་སྐབས་སོ་སོར་གི་སྒྲའི་སྒྲ་གདངས་དྲགས་ཞན་དང་ཕོ་མོ་མ་ནིང་གི་རྟགས་ལ་འགྱུར་བ་འབྱུང་གི་ཡོད་མེད་མི་ཤེས་ཡིན་བཞིན་དུ་ཕྲད་ཀྱི་སྦྱོར་ཚུལ་ལ་རང་བཟོ་ལས་སླ་བོ་ཡོད་པ་མ་རེད། མིང་དང་ཚིག་ཕྲད་ཀྱི་འགྲོ་སྟངས་དེ་གདངས་དྲགས་ཞན་བར་མ་གསུམ་དུ་དབྱེ་ཞིང་དེ་ལ་བརྟེན་ནས་མིང་དང་ཚིག་གི་སྦྱོར་བ་བཟོས་པ་མ་རེད་དམ། ངས་ལྟོས་ན་ཁྱེད་དེ་ཙམ་གྱི་ཚད་ལ་སླེབས་མི་འདུག མདའ་ཚན་ཟེར་བ་དེ་ངའི་མཆན་བུའི་ནང་སྒུམ་འབུ་འཐུ་མཁན་ཞིག་རེད། དེ་ལ་ལན་གང་ཡང་མེད།
སྟག་སྨྱོན་འདི་ཁོང་ཁྲོ་མ་ལངས་པར་གཏམ་བཤད་ན་ངས་གོ་བ་ལོན་གི་འདུག གི་སྒྲ་འདི་ཕྲད་རེད། ཕྲད་དེ་རྗེས་འཇུག་ལ་ལྟོས་ནས་སྦྱོར་དགོས། ད་ངས་གོ་ཐལ། ངས་དེ་ལ་ལན་ཡང་བཏབ་ཟིན་པ་ཡིན། བརྗོད་བདེའི་དམིགས་བསལ་གྱི་གནང་བ་དེ་ལ་མ་འཇུས་པར་ཕྲད་འདྲེན་སྟངས་དེས་ཁུངས་འཁྱོལ་གི་མེད་པ་རེད། དེ་གཅིག་ཡིན། གཉིས་ནས། གསོད་ཀྱི་ཡིན། གཏོང་གི་ཡིན་ཞེས་འབྲི་བདེ་དང་བརྗོད་བདེ་ལ་ཁྱད་པར་མེད་མོད། འགྲོ་ཡི་ཡིན། ཟའི་ཡོད། འདི་འདྲ་ཞིག་ཁ་ནས་འབྱིན་མི་བདེ་ལ་འབྲིར་མི་མཛེས་པ་དང་། ད་དུང་། “ཚིག་གི་དུས་གསུམ་སྟོན་པའི་རྣམ་གཞག་གམ་གཞུང་ལུགས་ཤིག་”འདི་ད་བར་དུ་གཞུང་ལུགས་ནང་མེད་པ་རེད། སྐད་ཆའི་ནང་ཡོད་པ་རེད། ཚིག་གི་རྣམ་གཞག་དཔེར་ན། “ང་རབ་གསལ་ཡིན།” ཞེས་པ་དང་། “ང་འགྲོ་གི་ཡོད། ང་ཤི་གི་མི་འདུག ངས་བལྟས་པ་ཡིན། ངས་མཐོང་མ་སོང་། ངས་བཙལ་གི་ཡིན། ངས་རྙེད་གི་རེད།” ལྟ་བུ་རེད། ཚིག་འདི་དག་གི་བྱེད་པ་པོ་དང་བྱ་ཚིག་བར་གྱི་འབྲེལ་བ། དུས་གསུམ་གྱི་རྣམ་གཞག བྱེད་པ་པོ་ལ་དབང་དང་མི་དབང་གི་བྱ་ཚིག་དང་དེ་ལ་བརྟེན་ནས་ཕྲད་སྦྱོར་སྟངས་འདི་དག་གཞུང་ལུགས་སུ་ད་སྔ་འཁོད་མེད་པ་རེད། འདི་སུས་ཀྱང་མ་ཤེས་པ་ཞིག་ངས་བཤད་རྒྱུའི་རྩོལ་བ་བྱེད་གི་མེད། ཚང་མས་ཤེས་པ་དེ་ལ་དེ་རེད་ཅེས་ཞུས་པ་ཡིན།
ད་སོ་མ་ཉིས་སྟོང་བརྒྱད་ལོའི་ཤར་དུང་རི་དུས་དེབ་ལས་རྩོམ་ཡིག་ཁག་ཅིག་བཀླགས་རྗེས། དྲ་ཐོག་འདིར་འོང་བ་ན་བོད་ཕྱི་ནང་གཉིས་ཀྱི་ཡིག་མཁན་ཚོའི་བརྗོད་གཞི་གོ་ལྡོག་ཏུ་སོང་འདུག་ཨང་བསམ་བྱུང་།
བོད་ཕྱི་ནང་གི་ཡིག་མཁན་ཚོའི་བསམ་ཚུལ་གོ་ལྡོག་ཏུ་ཕྱིན་པ་མ་རེད་སྙམ། ཡིག་མཁན་རེ་གཉིས་བོད་ཕྱི་ནང་གང་ནས་བསྡད་ན་ཡང་། མིང་རྫུན་མ་རེ་འཁྱེར་ནས་
གཞན་ལ་ཁབ་བཙགས་འབིག་བཙགས་འདྲ་བོ་རྐྱང་བྱས་ནས་ཆུ་ཚོད་སྐྱེལ་བཞིན་པ་འདི་རེད། ཡིག་མཁན་དེ་ཚོའི་རིགས་ཀྱི་ནད་དེ་བོད་ཕྱི་ནང་གང་ནས་བསྡད་ན་ཡང་བཅོས་ཐབས་དཀའ་མོ་རེད་བསམ།
ཁྱོད་ཀྱིས་མིང་གི་ཁྱད་པར་གྱི་ཐོག་ནས་གནས་ལུགས་དང་སྤོབས་ཉམས་ཤིག་སྟོན་གྱི་འདུག་མོད། ཡིན་ནའང་འདས་པའི་ཟླ་ངོ་ཁ་ཤས་ཀྱི་རིང་ལ་དྲ་ཐོག་འདི་དང་འདྲིས་གཤིབ་བྱས་པའི་ཉམས་མྱོང་ལྟར་ན། སྟག་སྨྱོན་ནི་ཁྱོད་ཀྱིས་བཤད་པ་ལྟར་གྱི་གང་ཟག་ཅིག་མིན་པའི་ཡིད་ཆེས་ཡོད། སྟག་སྨྱོན་གྱི་མིང་ནི་བརྫུན་མ་ཡིན་མིན་དང་ཡང་ན་ཁོང་ནི་ཡང་སྙིང་མི་སུ་ཞིག་ཡིན་མིན་ལ་མ་ལྟོས་པར་ངས་ནི་ཁོང་གི་ཕྱི་ནང་གི་ཤེས་ཡོན་དང་མི་གཤིས་ལ་བརྩི་བཀུར་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་ཁོང་དང་ཐུག་པའི་གོ་སྐབས་ཤིག་ལྡན་ཚེ། ང་ལ་ཁོང་དང་ལྷན་དུ་གྲོགས་པོ་བསྒྲིག་རྒྱུའི་འདོད་པ་ཆེ།
ངའི་རྩྭ་བཀག་ནང་ལ་ཡོང་ནས་མི་རེ་ཟུང་འཕར་བསྡད་འདུག ལ་ཐུང་ཐུང་གིས་རྟ་རྫོད། སྤྲོ་ཐུང་ཐུང་གིས་མྱི་རྫོད་ཟེར་བའི་གཏམ་དེ་སེམས་ལ་ཟུངས།
ཨ་རོགས་ལྩགས་རྒྱ།
ཁྱོད་ཡུན་རིང་མཐོང་རྒྱུ་མེད་པ་ཅི་རེད།
མདའ་ཚན་པ་ལགས།
ཁྱེད་བདེ་མོ།
ཡུན་རིང་མཐོང་རྒྱུ་མེད་པ་ནི། གཅིག་ནས་ཟླ་གཅིག་རིང་གུང་གསེང་ལ་ཕྱིན་པ་ཡིན། གཉིས་ནས་བཟའ་ཚང་གི་ལྟོ་རྒྱབ་ཀྱི་ཆེད་དུ་མ་ཁོམ་པར་བསྡད་ཡོད། གསུམ་ནས་ལས་ཀའི་བར་གསེང་གི་ཁོམ་ལོང་ཕྲན་བུ་དེ་ཁ་བརྡའི་ཐོག་ཏུ་གཏོང་ཕོད་མ་བྱུང་བར་དྲ་ཚིགས་གཞན་གྱི་ཐོག་ལ་ཤོར་སོང་། གཅིག་བྱས་ན་ཁྱེད་ཀྱིས་མཐོང་ཟིན་མོད། གལ་ཏེ་མཐོང་མེད་ན། དྲ་ཚིགས་འདིར་སོང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ཟེར་བའི་མིང་འདིའི་ཁྲོད་ཀྱི་མི་རིགས་ཟེར་བའི་མིང་ཚིག་གི་བེད་སྤྱོད་གཏོང་ཕྱོགས་ཉེ་ཆར་ནས་འགྱུར་བ་སོང་བའི་སྐོར་ལ་རྩོམ་ཡིག་ཅིག་སྤེལ་འདུག་པ་དེ་ཀློག་རིན་འདུག་སྙམ། http://www.highpeakspureearth.com/2009/01/going-minzu.html
ད་ལྟ་རང་དེར་འགྲོ་གི་ཡིན།
འདི་བཙན་གཡར་ཟིན་བྲིས་ཟེར་བ་ཅིག་ནས་བླངས་ཏེ་ཚང་མའི་དཔྱད་གཞིར་ཕུལ་བ་ཡིན། རྩོམ་མཇུག་ལ་མུ་འགོད་ཅེས་བཀོད་འདུག་ཡང་རྩོམ་འཕྲོ་ད་རུང་ཟིན་བྲིས་ནང་བྲིས་མི་འདུག འདི་ང་རང་གི་འདོད་པ་ཅིག་སྒྲུབ་པའི་ཆེད་བཀོད་པ་མིན་པ་དེ་ཡང་ཤེས་པར་གྱིས།
བོད་ཀྱི་སྒྲ་རིག་པར་བལྟས་པ།
ལྷག་པར་དུ་བོད་སིལ་བའི་དུས་ཀྱི་མཁས་པའི་ཡང་རྩེ་ས་སྐྱ་བ་ཡབ་སྲས་ནི་བོད་ཀྱི་སྒྲ་རིག་པར་ཕྱག་རྗེས་འཇོག་མཁན་གྱི་གཙོ་བོར་ཁས་ལེན་དགོས་སམ་སྙམ། རྗེ་བསོད་ནམས་རྩེ་མོའི་གསུང་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་དང་ ས་པཎ་གྱི་ཡི་གེ་སྦྱོར་བ་གཉིས་ནི་བོད་ཀྱི་ད་ལྟའི་བརྡ་སྤྲོད་རིག་པའི་གཞུང་འདིའི་རྨང་གཞི་དངོས་ཡིན་པར་འདོད། ལྷག་པར་དུ་བསྟན་བཅོས་ཕྱི་མ་དེ་བོད་ཀྱི་སྒྲ་རིག་པའི་ཕྱི་མོ་སུམ་རྟགས་གཉིས་ཀྱི་རྩ་བ་ལྟ་བུར་གྱུར་ཡོད་ཚུལ་དེང་གི་ལོ་རྒྱུས་སྨྲ་བའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་གསལ་ནང་མཛད་འདུག ཁོང་གི་དཔྱད་རྩོམ་དེ་ལས་ས་པཎ་གྱི་ཡི་གེ་སྦྱོར་བ་དང་སུམ་རྟགས་རྩ་བ་གཉིས་ལྷན་སྦྱར་བྱས་ཏེ་ཞིབ་མོར་དཔྱད་ཡོད་པས་མི་ཚད། སུམ་རྟགས་གཉིས་ནི་ཤོང་ལོ་ཙྰ་བ་ལྟ་བུ་ཞིག་གིས་ཡི་གེ་སྦྱོར་བ་སྟབས་ཅེ་བདེ་རུ་བཏང་བ་དང་གོ་རིམ་བསྒྲིགས་སྟངས་ཅུང་ལེགས་བཅོས་བྱས་པ་མ་གཏོགས་གཅིག་པ་གཅིག་མཚུངས་ཡིན་ཚུལ་གསུངས་འདུག་པ་དང་། དེ་གཉིས་ཀྱི་སྔོན་དུ་བརྩམས་པའི་བསྟན་བཅོས་ཡི་གེ་སྦྱོར་བ་ཡིན་ཚུལ་ཚིག་གི་སྦྱོར་བ་དང་སྡེབ་སྟངས་གང་ཕྱོགས་ནས་བལྟས་ན་འཁྲུལ་མེད་དུ་གོ་ཚུལ་བཤད་འདུག ད་རུང་སུམ་ཅུ་བའི་མཆོད་བརྗོད་སྐབས་སུ་དཔྱད་ན་འང་ཐོན་མིས་བརྩམས་པ་ཞིག་མིན་པ་ཧ་གོ་འོང་བར་བཤད། སུམ་ཅུ་བའི་མཆོད་བརྗོད་སྐབས་སུ་བླ་མ་ལ་ཡང་ཕྱག་འཚལ་ནས་ཞེས་པ་དང་། མཇུག་ཏུ་བླ་མའི་མན་ངག་གསུམ་སྦྱར་ནས་ཞེས་པའི་སྐབས་སུ་སྤྱད་པའི་བླ་མའི་ཐ་སྙད་དེ་སློབ་དཔོན་ཐོན་མི་དུས་ཀྱི་བསྟན་བཅོས་གང་གི་སྐབས་སུ་འང་མི་འབྱུང་བར་མ་ཟད། དུས་རབས་བརྒྱད་པའི་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཡང་བྱུང་བ་ཉུང་ཞིང་རེ་གཉིས་བྱུང་བ་དེ་འང་དེང་གི་བླ་མ་ཞེས་པའི་གོ་ཚུལ་འདི་འམ་ཡང་ན་སུམ་ཅུ་བའི་མཆོད་བརྗོད་སྐབས་ཀྱི་བླ་མ་ཞེས་པ་དེ་དང་སྦྱོར་ཚུལ་གཏན་ནས་མི་འདྲ་ཚུལ་དོན་དངོས་དང་མཐུན་པ་མང་དག་ཅིག་གསུངས་འདུག ད་དུང་དེ་ལས་གཞན་སུམ་རྟགས་རང་གི་འཕྲིན་ལས་རྒྱས་སྟངས་སམ་འཆད་ཉན་གྱི་འཇུག་པ་འང་བོད་སིལ་བའི་དུས་སུ་ཡིན་པ་གསལ་བཤད་གནངས་ཡོད། བོད་ཀྱི་སུམ་རྟགས་གཞུང་ལུགས་འདི་རྩ་ཆེན་པོ་ཡིན་པ་ང་ཚོས་འདི་ལྟའི་ཤེས་བཞིན་དུ། བོད་བཙན་པོའི་དུས་ཀྱི་ལོ་ཙྰ་བ་བརྒྱ་ཕྲག་མང་པོས་འགྲེལ་གཅིག་ཀྱང་གནངས་མེད་པ་འདི་དང་། དེ་ལས་གཞན་བོད་བཙན་པོའི་དུས་སུ་ཡིག་སྐད་དང་ཁ་སྐད་ཉེ་བ་དང་། སྡེ་བ་གཅིག་གི་ཡི་གེ་རྣམས་བཀོལ་ཚུལ་གྱི་ཐད་ནས་ཀྱང་ཁྱད་པར་ཆེན་པོ་མི་འདུག་ཚུལ་སོགས་མང་དུ་གསུངས་འདུག དཔེར་ན་བཙན་པོ་ཁྲི་སྲུང་ལྡེ་བཙན་གྱི་རིང་ལ་གཞུང་ཐོག་ནས་བཙུགས་པའི་རྡོ་རིང་ངོས་ཀྱི་ཡི་གེ་དག་ལ་བལྟས་ན། མིང་གཞི་ཅ་དང་ཆ་པ་དང་ཕ་སོགས་ཅི་བདེར་སྦྱར་བའི་འཐུས་པར་བྱས་པ་སོགས་ཀྱིས་ང་ཚོར་སྔ་ན་མེད་པའི་གསལ་ཁ་བྱས་འདུག
འབྲུག་མཁའ་འགྲུལ་གནམ་གྲུ་གི་ཞབས་ཏོགས་ཚུ་ ལེགས་བཅོས་དོན་ལས་རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱིས་རྒྱབ་སྐྱོར་འབད་ནི་ཨིནམ།
དབྱིན་ཟླ་༢ པའི་ཚེས་༢༠།
འབྲུག་མཁའ་འགྲུལ་གནམ་གྲུ་གིས་ གནམ་གྲུ་ཕུར་འགྲུལ་གྱི་ཞབས་ཏོགས་ཚུ་ ལེགས་བཅོས་དང་ཕན་ཐོགས་ཀྱི་ཐོག་ལས་ མི་སེར་ཚུ་ལུ་ ཞབས་ཏོགས་ཚུ་འབྱིན་ཚུགསཔ་སྦེ་བཟོ་ནི་དོན་ལས་རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱིས་ འབྲུག་མཁའ་འགྲུལ་གནམ་གྲུ་ལུ་རྒྱབ་སྐྱོར་དང་གྲོགས་རམ་ཚུ་འབད་ནི་ཨིན་མས། རྒྱས་པ་ལྷག
ཧེ་མ་གི་ལོ་གཉིས་དང་ཕྱེདཔ་ད་དུས་ཅིག་གནམ་དགུན་ལུ་ཚ་དྲོད་མཐོ་ཤོས་སྦེ་ཡོདཔ།
དབྱིན་ཟླ་༢ པའི་ཚེས་༢༠།
དུས་ཅིག་གནམ་དགུན་གྱི་དུས་ཚོད་མཇུག་བསྡུ་ནི་གུ་ལྷོདཔ་ལས་ ལྕང་མ་ཤིང་གི་འདབ་མ་ཚུ་ཡང་གསརཔ་བཏགས་དོ་ཡོདཔ་ཨིན་མས། རྒྱས་པ་ལྷག
ཞབས་ཏོག་བློན་པོ་གིས་ ཕུན་ཚོགས་གླིང་ལུ་མཚན་རིག་དང་འཕྲུག་རིག་ སློབ་ཁང་གི་སློབ་ཕྲུག་ཚུ་དང་ཅིག་ཁར་ ཞལ་འཛོམས་གནང་ཡོདཔ།
དབྱིན་ཟླ་༢ པའི་ཚེས་༢༠།
ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་་པ་གིས་ ཁ་ཉིམ་ཕུན་ཚོགས་གླིང་ལུ་ མཚན་རིག་དང་འཕྲུག་རིག་སློབ་ཁང་གི་སློབ་ཕྲུག་ཚུ་དང་ཅིག་ཁར་ཞལ་འཛོམས་གནང་ནུག
འབྲུག་གི་ཚགས་པར་ནས་བཤུས་པ་ཡིན། ཕྲད་རྣམ་གཞག་ལ་དཔྱད་གླེང་ཡོང་ཆེད་ཡིན། དྲ་ཐག་འདི་ན་ཡོད།
http://www.bbs.com.bt/dzongkha/
ཏུན་ཧོང་ཡིག་རྙིང་དང་བསྡུར་ན་འབྲུག་སྐད་ཁག་པོ་འདུག
གི་སྒྲའི་སྐོར་འདི་གསར་བཏོད་བྱེད་མི་དགོས་པ་དེ་སྔོན་མཁས་པ་སྔ་མ་ཚོས་བེད་སྤྱོད་གཏོང་སྟངས་ལྟར་བྱས་ཚེ།
བོད་ཀྱི་སྐད་ཡིག་ལ་ཕན་ཐོགས་ཆེ་བར་མཐོང་བ་ལས། ས་སེན་མོ་གང་དང་ཆུ་ཐིགས་པ་གཅིག་ཀྱང་བདག་དབང་མེད་པའི་མི་ཡུལ་འདི་ནས་རང་གར་གི་སྒྲར་བཙན་སྤྲད་ན་དེ་ནི་རྙོག་དྲའི་རྒྱུ་ལས་མ་འདས།
གོང་གི་མཆན་རྣམས་ཁོ་བོས་ཞིབ་པར་ཀློག་རྗེས་བསམ་ཚུལ་རེ་སྤེལ་རྒྱུའི་རེ་བ་ཡང་བཅངས་ཡོད།
བགྲོ་གླེང་ཡག་པོ་གནང་འདུག