ཞོགས་པར་ཉི་འོད་དྲོན་པོ་ཞིག་གིས་གྲོང་ཁྱེར་འདི་ཡོངས་སུ་ཁྱབ་སོང་།
ཞོགས་པར་དཔྱིད་རླུང་འཇམ་པོ་ཞིག་གིས་ས་ཆ་འདི་རེ་ཞིག་དཀྲིས་སོང་།
མལ་ལས་ལངས་སྔ་བས་ཡིན་ནམ་གཉིད་ལྕོགས་ཡང་མོ་རེ་ད་དུང་རྒྱག་བཞིན་འདུག
ཡིན་ན་ཡང་སྙན་ངག་གང་མང་ཞིག་འཐུ་ཐུབ་ཕྱིར་མགྱོགས་པོར་ལམ་ལ་ཆས་དགོས།
རྩོམ་ཡིག་གི་འཕྲོ་ཀློགས།
སྙན་མོ་འགུ་ལེ། མུ་མཐུད་དེ་སྙན་རྩོམ་བཏུ་རོགས།༼ དཔྱིད་ཁའི་བསམ་གཞིག དཔྱིད་ཉིའདི་ནི་ངའི་མགོ་བོའི་སྐྲ་དཀར་ཀྱི་ཉག་མ་བཞིན། བརྩི་ཐེངས་རེ་བཞིན་འཇིགས་སྐྲགས་རེ་སྐྱེ། དཔྱིད་མཚན་འདི་ནི་བརྒྱད་ཅུའི་རྒན་པོའི་ཕོ་མཚན་བཞིན། མཁྲེག་ན་འདོད་ཀྱང་ཉོབ་ནས་ལང་དུས་མེད། དཔྱིད་རླུང་འདི་ནི་སྒེག་མོའི་ལུས་ཀྱི་དྲི་བཟང་བཞིན། སྣ་ལ་སིམ་པས་སྙིང་རྩ་ཡང་འཕྱོད་འཕྱོད། དཔྱིད་དཔལ་འདི་ནི་ངའི་ངོ་གདོང་གི་གཉེར་བ་བཞིན། བལྟ་མཁན་ལ་མཚར་ཏུ་ཆེ་ཡང་རང་ལ་རང་ཉིད་སྐྱོ་བའི་རྒྱུ། ལྷག་བསམ་གྱིས།
ཐོག་མར་ཁ་བརྡར་འཛུལ། དེ་ནས་སྨྱོན་པའི་འཇིག་རྟེན་དུ་འགྲོ་བ་འདུག ཐག་ཙིག་གེ་ཟིག་རིང་གི་ད་འགྲོ་དགོས་རྒྱུ་རེད།