ཀླུ་སྨྱོན་ཧེ་རུ་ཀ
དུས་སྐར་མང་པོ་ཞིག་རྩོམ་རིག་གསར་རྩོམ་གྱི་ཕྱོགས་སུ་བཏང་བའི་ལོ་ངོ་ཉི་ཤུའི་སྐྱིད་ལ་སྡུག་པའི་མི་ཚེ་རིང་མོའི་ཁྲོད་དུ། ངས་ཅི་ཞིག་བྲིས་རྗེས་གང་ཞིག་ཏུ་སྤེལ་འདོད་ཡོད་ཀྱང་སྤེལ་མི་ཐུབ་པ་དང་། སྤེལ་བར་ལོ་དང་ཟླ་བར་སྒུག་དགོས་པའི་གནས་སྟངས་སྐྱོ་བོ་དེ་དག་ལ་ཕྱིར་འདང་རེ་བརྒྱབ་ཚེ། ཁ་བརྡ་དྲ་བ་འདི་སྒོ་ཕྱེས་ནས་བཟུང་སྟེ་དྲ་དཔོན་རབ་གསལ་ལགས་ཀྱིས་བརྩེ་གཟིགས་ཆེན་པོས་ཁོ་བོར་ཡང་ཁ་བརྡ་དྲ་ངོས་སུ་རྩོམ་ཡིག་གང་འདོད་དུ་སྤེལ་ཆོག་པའི་དྲ་མིང་དང་གསང་ཨང་ཞིག་གནང་བྱུང་བས། དུས་དེ་ནས་བཟུང་སྟེ་རང་ཉིད་ཀྱིས་སེམས་ལ་གང་ཤར་ཡིག་ཐོག་ཏུ་བྲིས་ཤིང་། བྲིས་པ་མང་ཤོས་ཁ་བརྡ་དྲ་ངོས་སུ་སྤེལ་བ་ཡིན། རྩོམ་ཡིག་སྤེལ་མགོ་བརྩམས་མ་ཐག་ཏུ་དྲ་གྲོགས་ངོ་ཤེས་དང་མི་ཤེས་པ་གང་མང་ཞིག་གིས་མཚང་འདྲ་སྡིག་དམོད་ཆར་ལྟར་བབས་ཀྱང་ནང་ཆོས་པ་ཞིག་གི་ངོས་ནས་བཟོད་བསྲན་ཆེན་པོས་ཁ་སྨྲས་ཚིག་རྩུབ་ཡོད་ཚད་རྣ་རྒྱབ་ཀྱི་ལྷགས་པར་བརྩིས་ནས་སྙན་རྩོམ་དང་ལྷུག་རྩོམ་སོགས་ཡིད་ལ་གང་ཤར་གྱི་རྟོག་པའི་བསྡུས་གཟུགས་དག་དྲ་ངོས་འདི་རུ་བཤོ་ཅི་ཐུབ་བྱས་པ་ཡིན། ད་ནི་ལོ་ཟླ་འདི་དག་ལ་ཕྱི་མིག་ཅིག་བལྟས་དུས། རྩོམ་རེ་ཟུང་ཞིག་མ་གཏོགས་ཀློག་མཁན་དག་ཕར་ཟད་རང་ཉིད་ཀྱི་འདོད་པ་ཁེངས་པ་ཞིག་ཀྱང་བྲིས་མི་འདུག་ཀྱང་། ས་ཆའི་ཚོད་ཀྱི་རི་དྭགས་ཀྱི་དྲ་ངོས་འདིར་རྩོམ་པ་པོ་ཚད་ལྡན་ཅུང་དཀོན་པའི་གནས་སྟངས་ལ་གཞིགས་པའི་རང་ཉིད་ཀྱིས་ཀྱང་དྲ་ངོས་འདིར་ཚྭ་ཡོད་ཚྭ་མེད་གཉིས་ཀའི་ཚོད་མ་གང་མང་ཞིག་ཀློག་མཁན་དག་ལ་མཆོད་སྤྲིན་དུ་སྤྲོས་འདུག་ཨང་།
འདོད་པ་གང་བ་ཞྀག་ཕར་ཆེར་ཡོང་གི་མ་རེད། འདོད་ཁམས་པ་རེད་པ།
འདོད་པས་མ་ཚིམས་ནས་ཡོད་རེད་པ། ནམ་ཡར་ལོངས་ནས་དགོང་མ་ཉལ་བར་ཅི་ཚོད་གཉིད་ཀྱི་རྨིན་ལམ་གནས་སྐབས་སུ་ཡང་འདོད་ཡོན་རྐྱང་བ་བསམ་ནས་ཡོད་པ། འདོད་སྐམ་གྱིས་གདུང་བས་སྙན་ཚིག་གིས་རྩོམ་དེབ་གང་ཡོད་པ།
རེད་དེ་འདི་ཐམས་ཅད་ནི་སྙན་ངག་དང་། སྒྱུ་རྩལ་རང་རེད།
ཨ་ལགས་རྒྱལ་གྱུར་ཅིག
ངོ་མ་ཁྱོད་ལ་བཀའ་དྲིན་ཆེ་ཟེར་དགོས་པ། འོན་ཀྱང་རྩོམ་ཡིག་གི་མཇུག་དག་གཞན་དུ་ཀློག་པར་འགྲོ་དགོས་པ་འདི་ཡང་ཅུང་དཀའ་ལས་ཞིག་རེད་པས་ཁྱོད་ལའང་ཐུགས་ཁག་མི་འདུག
ཨ་རོགས་ཨ་ལགས་ཚང་ལགས། ཁ་བརྡ་ཚང་ལ་བཀའ་དྲིན་ཆེ་ཞུས་པ་དེ་ཡང་འགྲོ་ལུགས་དངོས་ནས་ཡག་པོ་ཞིག་རེད་འདུག དེ་བཞིན་བཀའ་དྲིན་དྲན་པ་གནང་བཞིན་དུ་ཁ་བརྡ་ཇི་སྲིད་གནས་པ་དེ་སྲིད་དུ་ཁ་བརྡ་ཚང་གི་བཞུགས་ནས་མུ་མཐུད་དུ་རྩོམ་ཡིག་གང་མང་མང་ཞིག་སྤེལ་ན་བཟང་གི་ཡ་
ང་ལ་ནི། ཁ་བརྡ་དྲ་ཚིགས་ཙམ་མ་ཟད། དྲ་གྲོགས་སྤྱི་དང་། ལྷག་པར་ཀླུ་སྨྱོན་ཡང་བཀའ་དྲིན་ཆེ་བས། བཀའ་དྲིན་ཆེའོ། །
ད་ཐེངས་རྒད་པོ་ཀླུ་སྨྱོན་གྱིས་ཡག་པོ་བཤད་འདུག ཡིན་ནའང་རྒད་པོ་འདི་ཀློག་པ་པོ་སྒུག་པ་དང་འབོད་པའི་བཤང་བཙོང་མ་འདྲ་ཞིག་ཆགས་གྲབས་འདུག རྒན་པ་ཡིན། ལོ་བཅོ་ལྔ་ཉི་ཤུར་བྲིས་པ་ཡིན་ཟེར་མཁན་ཚོས་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། ལྷག་པར་ཏུ་སྙན་ངག་ཡིན་མིན་རེ་བྲིས། སྣང་བ་དག ཞིབ་འཇུག་གི་ལས་གཞི་གཞན་མ་བྱས་པར་ཤེས་ཡོན་པའི་འགྲེང་གཟུགས་ནི་མ་ཐོབ་པས་རེད། འདིའི་ང་ཚོའི་རྒན་རབས་ཚོའི་གནས་སྟངས་གང་ལ་གང་འཚམས་མཚོན་གྱི་འདུག
སོ་སོར་མི་ཚེར་ཁྱེར་ནས་ཕྱི་མར་བསྣམས་ཆོག་པ་ཞིག་མ་རྙེད་པ་ཐག་ཆོད་དུ་གནས་བཞིན་པའི་སྐབས་སུ། མི་འདིས་སྨྱོན་པ་འཁྲབ་ཅེས་པ་ནི་དངོས་གནས་རྫུན་མ་མ་རེད།
བཙན་བྱོལ་ནང་གི་རྒན་རབས་པ། པདྨ་འབུམ། རྡོར་དབང་། ཆབ་བྲག ཧོར་འཇིགས། རབ་གསལ། བེ་རི། ན་གཱ། ཆུང་སོགས་སུ་ལྟོས་དུས། ད་ལྟ་སྔོ་ཐོགས་པ་ཞིག་ནི་པདྨ་འབུམ་དང་རྡོར་དབང། ན་གཱ རབ་གསལ། ཆུང་བཅས་རེད། འདི་དག་གི་གནད་དོན་ཀྱང་ཆེད་ལས་འཇུས་མ་འཇུས་ནས་ཤེས་ཐུབ་པ་ཞིག་རེད།
འདི་ནས་ཡེ་ཤེས་རྒྱ་མཚོ་འདྲ་བོ་ཕར་ཅིག་ལྟོས་དུས། དོན་དངོས་ད་ཚར་བསྡད་ཡོད་པ་མངོན་སུམ་རེད། དེས་ན་ཚང་མས་སློབ་སྦྱོང་གཏིང་ཟབ་རེ་བྱེད་རྒྱུ་གལ་ཆེན་རེད།
ཨ་ལེ། རེད་པེ།
རྗེ་མི་ལས།
སྙིང་རྗེས་ན་ཕར་རྗེ་ཚུར་རྗེས་ཡིན། །
ཤོད་དགོས་ན་ཕར་ཤོད་ཚུར་ཤོད་རེད། །
བསམས་ཤེས་ན་སྤྱི་དོན་གཙང་མ་ཡིན། །
བསམས་མ་ཤེས་བྱུས་གཏོགས་བཞག་ན་དགའ། །
བོད་ཀྱི་རྩོམ་རིག་དར་རྒྱས་ཡུན་གནས་ཤོག །
བར་སྐབས་ཤིག་ནས་བཟུང་ངས་སེམས་ལའང་། ཨ་ཁུ་ཀླུ་སྨྱོན་གྱིས་ཚེ་རིང་སྐྱིད་ལ་བྲིས་པའི་རྩོམ་ཡིག་སྔ་ཕྱི་གཉིས་ཀྱི་ཕན་ནས། སེམས་ལ་དྲན་ཚུལ་དང་ངག་སྒོར་ཡོང་ཚུལ་ཞིག་འབྲི་བཞིན་འདུག་ཨང་བསམ་མྱོང་། སྤྱིར་བཏང་ནས་རྒན་རབས་རྩོམ་པ་པོ་དག་ལ་གཅིག་བྱས་ན་ངན་གོམས་འདི་ཡོད་ཀྱང་སྲིད་པ་ཞིག་རེད། དཔེར་ན། ངས་བྲིས་བྲིས་པོ་རྩོམ་ཡིན་ལ། ངས་བཤད་བཤད་པོ་གཏམ་ཡིན་ནོ་སྙམ་པ་དེ་རེད། གལ་སྲིད་དེ་ལྟར་ཡིན་པའི་དབང་དུ་བཏང་ན། ཁོང་རྣམ་པ་ཚོས་ཀློག་པོ་དག་ལ་འགན་མ་ཁུར་བ་རང་རེད།
གང་ལྟར་དེ་ནི་བསམ་ཚུལ་ཙམ་ཡིན།
དེ་མིན། ཉེ་ཆར་ཞིག་བཟུང་། ཨ་ཁུ་ཀླུ་སྨྱོན་གྱིས་སྤེལ་བའི་རྩོམ་ཡིག་ཡིན་ཚུལ་ལ་དེ་དང་མཉམ་དུ་འདྲ་པར་ཞིག་ཡོད་མོད། འདྲ་པར་དེ་ཁོང་གིས་བླངས་པའི་འདྲ་པར་རམ། ཡང་རི་མོའི་འདྲ་པར་དག་རང་གིས་བྲིས་པ་གང་ཡིན་སོགས་གསལ་མི་འདུག
ངས་ཚོད་དཔག་བྱས་པ་ནོར་མེད་ན། ཁོང་གིས་རྩོམ་ཡིག་ཅིག་བྲིས་རྗེས་གྷོ་གྷལ་དྲ་སྟེང་དུ་ཕེབས་ཏེ་རྩོམ་ཡིག་དེ་ལ་རན་པའི་པར་བཙལ་གྱིན་པ་དང་། རང་གིས་བློར་བབས་པའི་པར་ཞིག་རྙེད་རྗེས་ཕབ་ལེན་བྱས་ཏེ་དྲ་སྟེང་གི་འཇོག་གིན་འདུག་སྙམ། གལ་སྲིད་དེ་ལྟར་ཡིན་པའི་དབང་དུ་བཏང་ན། པར་དེ་དག་གང་ནས་བླངས་པའི་ཁུངས་སམ། ཡང་ན་ཆོག་མཆན་ copy right ཞུ་དགོས་པ་རེད་འདོད།
ངས་ལོ་འགའི་སྔོན་བོད་རིགས་ཤིག་གིས་གྷོ་གྷལ་དྲ་ཚིགས་ནས་པར་ཞིག་ཆོག་མཆན་མ་ཞུས་པར་བེད་སྤྱད་པར་བརྟེན། གཞུག་ནས་ཁོང་ལ་དཀའ་ཁག་ཅུང་ཙམ་འཕྲད་པའི་སྐོར་ཞིག་ཐོས་མྱོང་། གང་ལྟར་ཡང་གཟབ་རྒྱུ་གལ་ཆེ་བར་མཐོང་བ་དང་མཐོང་ཚད་རང་གིས་མིན་པ་དང་། རིག་ཚད་ལེན་རྐྱང་མིན་པའི་འཇིག་རྟེན་གྱི་གནས་ལུགས་སྤྱི་རྡོག་པོ་ཙམ་རྒན་རབས་ཁོང་གིས་མཁྱེན་གསལ་ལོས་ཡིན་སྙམ་པས། ཆེ་བཤད་ཆུང་བཤད་མང་བོ་མི་བཤད་པར་རྒན་རབས་ཁོང་ལ་དྲན་སྐུལ་ཙམ་དུ། གྲོགས་མིང་བས།
དབུ་རྒྱན་འཕྲིན་ལས་རྡོ་རྗེ་ཞེས་པའི་བླ་མའི་མིང་འཁྱེར་མཁན་དེའི་མཆན་ད་དུང་བཀག་མི་འདུག
གྲངས་བཤེར་ཞིག་བྱས་པ་ཡིན་ཏེ་རང་གིས་ད་བར་ཁ་བརྡ་དྲ་ཚིགས་སུ་རྩོམ་ཉོག་འདྲ་མིན་དགུ་བཅུ་གོ་གཅིག་སྤེལ་འདུག རང་གི་འདོད་པ་ཚིམ་པ་དེ་ཙམ་མི་འདུག ད་ཅི་བྱེད། རྩོམ་རིག་གི་སློབ་སྟོན་སུ་ལ་ཞུ་དགོས། སྙན་ངག་གི་ཕྱོགས་ནས། སྒྲུང་གཏམ་གྱི་ཕྱོགས་ནས། འཁྲབ་གཞུང་གི་ཕྱོགས་ནས། ཡུལ་སྐོར་ཟིན་བྲིས་ཀྱི་ཕྱོགས་ནས། ཆེད་རྩོམ་གྱི་ཕྱོགས་ནས། དྲ་གྲོགས་ཚོས་དགེ་རྒན་ཡག་པོ་རེ་ངོ་སྤྲོད་བྱོས་དང་།
འགྱུར་མེད་ལགས་ཀྱིས་དྲ་སྟེང་གི་པར་འདྲེན་བཀོད་ཆོག་མིན་དེ་འདི་འདྲ་ཞིག་རེད། པར་དང་རི་མོའི་རིགས་མང་པོ་ཞིག་ལ་བདག་དབང་བཟུང་མི་འདུག སུས་བེད་སྤྱད་ཀྱང་བེད་སྤྱད་ཆོག་པ་རེད་འདུག བདག་དབང་ཡོད་མཁན་མང་ཆེ་བ་ཞིག་ལ་དེ་ལུགས་ཀྱི་གསལ་བཤད་བྲིས་ཡོད་པ་དང་མང་པོ་ཞིག་པར་དངོས་ཇི་མ་ཇི་བཞིན་འདྲ་བཤུས་བྱེད་ཀྱང་མི་ཐུབ་པ་བཟོས་འདུག ཁྱད་པར་ཡོད་སྟབས་སེམས་ཁྲལ་དགོས་ས་དང་མི་དགོས་ས་གཉིས་ཆར་འདུག་ལགས། དཔེར་ན། Microsoft Word ལྟ་བུའི་ནང་ན་པར་དང་། འདྲ་རིས། མཚོན་རྟགས་སོགས་ཧ་ཅང་མང་པོ་ཞིག་བཟོ་ཚོང་རང་ཉིད་ཀྱིས་མཉེན་ཆས་དེ་བེད་སྤྱད་མཁན་ཚོར་མཁོ་སྤྲོད་བྱས་པ་ཡིན་སྟབས་སོ་སོར་གང་དགོས་སོ་སོས་བདམས་ཆོག་པ་རེད། དེ་ནི་ང་ཚོས་མཉེན་ཆས་དེ་ལ་རིན་སྤྲད་ནས་ཉོས་དགོས་པའི་རིན་གྱི་ཆ་ཤས་ཤིག་ཀྱང་དེ་ཚོའི་ཆེད་དུ་ལོས་ཡིན། རྩོམ་ཡིག་ཡིན་ན་Plagiarismབྱེད་མི་ཆོག་པ་རེད།
རྒན་རབས་པ་ཀླུ་སྨྱོན་ལགས་སུ་དགེ་རྒན་ཡག་པོ་ཞིག་ངོ་སྤྲོད་བྱེད་ཉན་འདོད་བྱུང་།
དེ་ནི་མཁས་པ་པདྨ་འབུམ་ལགས་ཡིན།
ཤར་ཕྱོགས་ཁུག་རྟ་ལགས། ཐུགས་རྗེ་ཆེ། དྲན་དབང་པདྨ་འབུམ་ལགས་སུ་གུས་བརྩི་ཆེན་པོ་ཡོད། ཡིན་ན་ཡང་ཁོང་དེང་སང་ཕྱག་ལས་ལ་བྲེལ་བ་ཆེ་བས་གཞན་ལ་སློབ་ཁྲིད་དམ་སློབ་སྟོན་གནང་རྒྱུའི་དུས་ཚོད་ཧ་ཅང་དཀོན་པོ་རེད། དེ་བཞིན་ཁོང་རང་ཉིད་ཀྱི་ངོས་ནས་ཀྱང་སྒྱུར་རྩོམ་མ་གཏོགས་རྩོམ་རིག་གསར་རྩོམ་གནང་མཚམས་བཞག་ནས་ལོ་བཅུ་བཅོ་ལྔ་ཙམ་འགྲོ་བཞིན་འདུག
ཀླུ་སྨྱོན་ལགས་ཁྱོས་ང་མི་ཤེས་ངས་ཁྱོད་ཤེས་འོན་ཀྱང་དེ་ལ་ཁྱད་པར་མི་འདུག་ངས་བལྟས་ན་ཁྱེད་ལ་བོད་ཡིག་དགེ་རྒན་མི་དགོས། དང་བོར་་བླ་མའི་མིང་དེ་བེད་སྤྱེད་ནས་དཔལ་འབྱོར་རིགས་བཟོས་དེ་ནས་ཁྱེད་ཀྱི་
ཡོན་ཏན་ངོམ་ས་འགྲོ་རྒྱུ་རེད་འདོད། ་བླ་མའི་མིང་ཁུར་ཐུབ་ན་བླ་མའི་ལས་ཀ་ཡང་ཤེས་དགོས།
བོད་ཡིག་ཤེས་མཁན་ཞིག་ལ་གོ་སྐབས་ཡག་པོ་མ་རེག་ན་ང་སེམས་མི་སྐིད་ཀི།
དྲང་མོ་དང་རྩོམ་ལ་མག་འཁོར་མ་འདུག
ཀླུ་སྨྱོན་ལགས། ངོ་མ་མི་རིགས་རིགས་རང་བཞིན་གྱི་ཆེད་ལས་རྩོམ་པ་པོ་ཞིག་བྱ་འདོད་ན། ཐོག་མར་རིགས་གང་རུང་གི་བྱེ་བྲག་ཅི་ཞིག་དམིགས་འབེན་དུ་འཛིན་ཤེས་དགོས་པ་དེ་རེད། ཀླུ་སྨྱོན་ཟེར་དུས་ཕྱོགས་གང་ཐད་ནས་དེ་ཙམ་གདེངས་འཇོག་ཡོད་པའི་རྩོམ་པ་པོ་ཞིག་མ་རེད། དེ་ནི་རང་ངོས་ནས་རྩོམ་ཡིག་འབྲི་བར་མ་དགའ་བ་དང་འབད་བརྩོན་མ་བྱས་པས་རེད། གཙོ་བོ་མི་གཅིག་གིས་འཁྲབ་གཞུང་རྩོམ་པ་པོ། སྙན་ངག་པ། སྒྲུང་གཏམ་རྩོམ་པ་པོ། རྩོམ་རིག་དཔྱད་བརྗོད་པ་སོགས་ཆ་ཚང་བྱེད་ཀྱི་ཡིན་སྙམ་པའི་བྱེད་སྟངས་འདི་མ་འགྲིག་པ་རེད། ངས་བལྟས་ན། ཀླུ་སྨྱོན་ལ་འཚམ་ཤོས་ནི་བྱིས་སྒྲུང་རྩོམ་པ་པོ་ཞིག་བྱས་ན་གྲུབ་འབྲས་གང་འཚམ་ཐོན་ངེས་རེད་སྙམ། བོད་པས་ཆེད་ལས་ཟེར་དུས་སྨན་གྱི་ཆེད་ལས་པ་དང་རྩོམ་རིག་ཆེད་ལས་པ་ཞེས་རྒྱ་ཆེ་དྲགས་པའི་སྐྱོན་འདིས་གྲུབ་འབྲས་ལའང་ཚད་ཐིགས་ཤིག་ཕབ་ཟིན་པ་རེད།
ཀླུ་སྨྱོན་ལགས། ངོ་མ་མི་རིགས་རིགས་རང་བཞིན་གྱི་ཆེད་ལས་རྩོམ་པ་པོ་ཞིག་བྱ་འདོད་ན། ཐོག་མར་རིགས་གང་རུང་གི་བྱེ་བྲག་ཅི་ཞིག་དམིགས་འབེན་དུ་འཛིན་ཤེས་དགོས་པ་དེ་རེད། ཀླུ་སྨྱོན་ཟེར་དུས་ཕྱོགས་གང་ཐད་ནས་དེ་ཙམ་གདེངས་འཇོག་ཡོད་པའི་རྩོམ་པ་པོ་ཞིག་མ་རེད། དེ་ནི་རང་ངོས་ནས་རྩོམ་ཡིག་འབྲི་བར་མ་དགའ་བ་དང་འབད་བརྩོན་མ་བྱས་པས་རེད། གཙོ་བོ་མི་གཅིག་གིས་འཁྲབ་གཞུང་རྩོམ་པ་པོ། སྙན་ངག་པ། སྒྲུང་གཏམ་རྩོམ་པ་པོ། རྩོམ་རིག་དཔྱད་བརྗོད་པ་སོགས་ཆ་ཚང་བྱེད་ཀྱི་ཡིན་སྙམ་པའི་བྱེད་སྟངས་འདི་མ་འགྲིག་པ་རེད། ངས་བལྟས་ན། ཀླུ་སྨྱོན་ལ་འཚམ་ཤོས་ནི་བྱིས་སྒྲུང་རྩོམ་པ་པོ་ཞིག་བྱས་ན་གྲུབ་འབྲས་གང་འཚམ་ཐོན་ངེས་རེད་སྙམ། བོད་པས་ཆེད་ལས་ཟེར་དུས་སྨན་གྱི་ཆེད་ལས་པ་དང་རྩོམ་རིག་ཆེད་ལས་པ་ཞེས་རྒྱ་ཆེ་དྲགས་པའི་སྐྱོན་འདིས་གྲུབ་འབྲས་ལའང་ཚད་ཐིགས་ཤིག་ཕབ་ཟིན་པ་རེད། གང་ལྟར། ཀླུ་སྨྱོན་གྱིས་ཅི་ཞིག་སྦྱང་དགོས་ཀྱང་སློབ་སྟོན་པ་དང་དགེ་རྒན་མ་རེག་པའི་དཀའ་འབྱུང་མི་སྲིད།
ཀླུ་གྲུབ་ཀླུ་ཡི་ཡུལ་ནས་ཀླུ་འབུམ་དྲངས།
ཀླུ་སྨྱོན་མགོ་སེར་ཡུལ་ནས་སྙན་ངག་སྤེལ།
བཞུགས་གནས་གཏན་མེད་གཞན་ཡུལ་ཡིན་ན་ཡང་།
གཞན་དབང་མ་གྱུར་གཞན་དོན་མ་དོར་རྨད།
ང་ནི་སྤྱིར་རྩོམ་པ་པོའི་རིགས་ལ་དགའ་བ་དང་དུང་ཞེན་ཆེན་པོ་ཡོད། ལྷག་པར་དུ་ཨ་ཁུ་ཀླུ་སྨྱོན་ལྟ་བུས་རྩོམ་པ་པོ་འགའ་ཞིག་ལ་དགའ་དུང་གི་ཚོར་ཤུགས་གཏན་པོ་ཡོད། ཁ་ཡག་དང་ངོ་དགའ་བཤད་པ་གཏན་ནས་མིན། ཁོང་ཚོའི་ལམ་ལུགས་གཙོ་བོ་དེ་དྲང་མོ་བྱེད་པ་ལས་གཡོ་ལྐོག་གི་རྣམ་པ་གཏན་ནས་འདྲེས་མི་སྲིཙ། ང་ཚོར་ལྟོས་དང་ཁ་ནས་བཤད་པ་ལག་ལེན་ཕྱིན་ཅི་ལོག་རྐྱང་ཡིན་མོད།