དགུ་རོང་སྤུན་གྲོལ།
རྒྱ་གར་པན་ཆེན་བོད་ལ་བཀའ་དྲིན་ཆེ་ཞེས་པའི་མན་ངག་ཟབ་མོ་འུ་ཅག་བོད་པ་རྣམས་ཀྱི་ཤ་དང་ཁྲག་ལ་འདྲེས་ནས་མི་ལོ་སྟོང་ཕྲག་འགོར། གང་དེ་ནི་རྣལ་འབྱོར་བ་ཆེན་པོ་ཞིག་དང་། བསམ་གཏན་པ་ཆེན་པོ་ཞིག་ཏུ་བསྒོམས་ནས། གློ་སྙིང་བྲང་གསུམ་ཁོ་ཚོར་གཏད་དེ་རང་ཉིད་ལོང་བའི་རྣམ་ཅན་དུ་བཅོས། ཁོང་ཅག་གི་མདུན་དུ་ཉྭ་ཞུམ་ཞུམ་དང་མགོ་སྒུར་སྒུར་བྱས་ཏེ། འཇིན་རྟེན་པའི་བྱ་བཞག་གང་ཡིན་ཀྱང་ཁོ་ཚོར་སྐྱབས་གསོལ་ཞུ་བའི་སྲོལ་དར། ཁོང་ཅག་གིས་ཀྱང་ཡིན་མདོག་མདོག་གིས་འཇིག་རྟེན་པ་རྣམས་ལ་མན་ངག་བསྩལ། ཁྲུས་གསོལ་གནང་། འཇིག་རྟེན་པ་ཚོའི་སྣང་ངོར་ལ་ཡང་རང་རྒྱུད་ཀྱི་མ་རིག་པའི་མུན་པ་སངས་བའི་བདེ་སྣང་ཤར་བས། དཔྱོད་ཤེས་ལ་བདེན་ཁ་ཉུང་ཞིང་། དྲང་བདེན་ལ་གས་སྲུབས་མང་། འདི་ལྟ་བུའི་མི་ཚེའི་རིན་ཐང་གི་ཉམས་རྒུད་ཁྲོད་ནས་མི་བུ་སྐོར་ཞིག་གིས། རྒྱུ་འབྲས་དང་དྲང་བདེན་གྱི་སྐད་ཆ་བཤད། འདྲ་མཉམ་དང་རང་དབང་གི་བདེན་ལུགས་བཙལ་ཏེ་འོངས་ན་ཡང་། འདི་དག་ལ་ཞབས་གཏུག་མཁན་དང་བྱིན་འཚོལ་མཁན་བརྒྱ་ལམ་ཙམ་ན་རེ་གཉིས་ལས་མེད།
དེའི་ཕྱིར་ན། ལོ་རབས་བརྒྱད་ཅུ་བའི་ནང་ལ་མི་རབས་གསར་རྙིང་གཉིས་ཀྱི་བར་དུ་ལྟ་བ་གསར་རྙིང་གཉིས་བྱུང་། ཅིག་ཤོས་ཀྱིས་ཆོས་ལུགས་ལ་དགག་ཅིང་། ཅིག་ཤོས་ཀྱིས་ལྟ་གསར་ལ་དགག ཡིན་ནའང་། དུས་ད་ལྟར། བལྟོས་བཅས་ཀྱིས་རྩོད་གླེང་འདི་རྙིང་བར་གྱུར་ཡོད་མོད། འོན་ཀྱང་འདིའི་རྨང་རྡོ་ད་དུང་འཐོར་ཞིག་ཏུ་གྱུར་མེད།
དེ་ལྟ་ནའང་། མི་རབས་གསར་རྙིང་གཉིས་དང་ལྟ་བ་གསར་རྙིང་གཉིས་ཀྱི་ལབ་གླེང་དེ་གཙང་བོའི་ཕ་རོལ་ཏུ་གཡུགས་ནས། སྐབས་དོན་དམིགས་སུ་གླེང་ན། ཉེ་ཆར་རྒྱལ་སྤྱིའི་སྲིད་དོན་དཔྱད་བརྗོད་པའི་སྡེ་ན་ཏཱ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱིས་པེ་ཅིན་དབུས་གཞུང་དང་མཉམ་དུ་གྲོས་མོལ་བྱེད་པའི་རྩོལ་བ་བྱས་ཀྱང་། ཅིའི་ཕྱིར་ཁོང་ཉིད་ཕམ་དགོས་པ་རེད་ཅེས་པའི་འདྲི་ཚིག་གཏོང་གིན་འདུག གནད་ལ་ཁེལ་བའི་དྲི་ཚིག་དེ་དག་མགོ་ནག་བོད་པ་རྣམས་ཀྱི་རྣ་ལམ་དུ་རྒྱུ་བའི་ཚེ་ན། ཞེ་སྤོ་གཏིང་ནས་ལངས་པར་ཡང་ཐེ་ཚོམ་མེད། རྨོངས་པས་མགོ་འཐོམ་པའི་བོད་པ་གང་མང་ཞིག་གིས་ཏཱ་ལའི་བླ་མ་བགྲོས་ཡོལ་ལ་ཕེབས་ངེས་ཀྱི་གཏམ་གསལ་བོར་གོ་དུས། ཡིད་སེམས་སྡུག་བསྔལ་གྱི་བྲན་དུ་ཚུད་དེ་ངུ་འབོད་དང་གདུང་འབོད་བྱས་ཤིང་། ཆོས་ལུགས་ཀྱི་ཐབས་ཉི་ཚེ་བར་སྐྱབས་བཅོལ་ནས་སྐུ་ཚེ་ཡུན་དུ་་གནས་པའི་བརྟན་བཞུགས་གསོལ་འབུལ་ཤུགས་ཆེན་བྱེད་པའི་ཛ་དྲག་གི་དུས་ལ་བབས་འདུག ཡིན་ནའང་། སྐད་ཅིག་སྐད་ཅིག་ལ་འཇུག་པའི་ཆོས་ཅན་དུ་གྲུབ་པའི་དངོས་པོའི་རང་ལྡོག་ལ་སྲ་མཁྲེགས་ཀྱི་རང་བཞིན་དབེན་པའི་ཆོས་ཉིད་ལྟར། བེམ་ཤེས་ཟུང་གྲུབ་ཀྱི་འགྲོ་བ་མིའི་སྐྱེ་སྲིད་འདི་ཡང་རྒ་བ་དང་ན་བ། འཆི་བ་རིམ་ཅར་གྱིས་འོངས་པའི་ཤ་ཚུགས་ཅན་ཞིག་ཏུ་གྲུབ་ཡོད་པས། ཏཱ་ལའི་བླ་མའི་སྐྱེ་སྲིད་ཀྱང་དེ་ལས་མ་འདས། ས་གོ་ལའི་འཁོར་བསྐྱོད་ཀྱི་ཡུན་ཚད་ཇེ་དལ་དུ་གཏོང་རྒྱུ་ཡིན་ཟེར་ན་དེ་ནི་དགོད་བྲོ་བའི་གཏམ་ཞིག་མ་ཡིན་ནམ། འུ་ཅག་གིས་འཇིམ་སྐུ་བེམ་པོ་ཞིག་ལ་སངས་རྒྱས་དཀོན་མཆོག་གི་འདུ་ཤེས་འཛིན་པའི་རྨོངས་པའི་དད་པ་དེ་བོད་དང་འགྲོགས་ནས་ལོ་ངོ་སྟོང་ཕྲག་ལྷག་ཕྱིན་ཡོད་པ་རེད། དེའི་བྱིན་སྟོབས་ཀྱིས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ནས་བཟུང་ས་ལ་པན་ཆེན་རྣམ་གཉིས་ཞེས་རྟོག་པས་སྒྲོ་བཏགས། རྟོག་པའི་འཁྲུལ་སྣང་དེས་སྐྱེ་རྒ་ན་འཆིའི་བདག་ཉིད་དུ་གྲུབ་པའི་རྒྱལ་བ་པན་ཆེན་རྣམ་གཉིས་སངས་རྒྱས་གསོན་པོའི་རྣམ་ཅན་དུ་བསྒྱུར། བོད་པའི་སེམས་རྒྱུད་ན། རྒྱལ་བ་པན་ཆེན་རྣམ་གཉིས་སྐྱེ་འཆི་ལ་དབང་ཐོབ་ཅིང་། མངོན་མཁྱེན་གྱི་གྲུབ་པ་བརྙེས་པའི་མིའི་རྣམ་ཅན་གྱི་སངས་རྒྱས་ཡིན་པའི་ཡིད་ཆེས་ཤུགས་དྲག་པོ་ཡོད། དེའི་ཕྱིར་ན་རྒྱལ་བ་པན་ཆེན་རྣམ་གཉིས་ཚེ་འདི་ཕྱི་གཉིས་ཀའི་སྐྱབས་དང་མགོན་ལ་བཀུར། ལྟ་ཚུལ་འདི་བོད་ལ་དར་ནས་ལོ་ངོ་བརྒྱ་་ཕྲག་དུ་མ་འགོར་ཡོད་པས་བོད་པ་ཚོས་ཁོང་ཅག་ལ་རྒྱུ་ནོར་ལོངས་སྤྱོད་དང་། མི་ཚེ་ཇི་ཙམ་ཞིག་འགྲོ་གྲོན་བཏང་བའི་རྩིས་ཟིན་དཀའ།
གང་ལྟར་ཡང་། ཏཱ་ལའི་བླ་མས་ཐག་ཆོད་རང་བཞིན་གྱིས་ཁོང་བགྲེས་ཡོལ་དུ་ཕེབས་འགྱུར་གྱི་གཏམ་གསར་དེས་འཕྲད་མ་ཉིད་དུ་ཏཱ་ལའི་བླ་མའི་ཡང་སྲིད་དང་འབྱུང་འགྱུར་བོད་རྒྱུའི་གནད་དོན་ཐག་གཅོད་ཐད་ལ་བློ་འཚབ་བྱེད་མཁན་མི་ཉུང་བ་ཞིག་བྱུང་དུ་བཅུག་ཡོད།
སྤྱི་ལོ་༡༩༥༩ ལོར་ཏཱ་ལའི་བླ་མ་འཁོར་དང་བཅས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་ནས་བཟུང་། བོད་ཕྱི་ནང་གཉིས་ཞེས་པའི་ཁག་ཏུ་གྱེས་ཤིང་། གཅིག་གིས་གཅིག་ལ་རེ་བཅོལ་བྱས་ནས་མི་ལོ་ལྔ་བཅུ་ང་གཉིས་འགོར། ཕྱོགས་གཉིས་ཀས་ཀྱང་ཏཱ་ལའི་བླ་མར་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་ཏཱ་ལའི་བླ་མའི་སྐུ་རིང་ལ་བོད་རྒྱ་ཞི་མོལ་ལེགས་གྲུབ་འབྱུང་བའི་ཡིད་རྟོན་ཆེན་པོ་གནང་། ཏཱ་ལའི་བླ་མས་ཀྱང་གདུལ་བྱའི་ཁམས་དང་མོས་པའི་གཙོ་ཤུགས་སེམས་ལ་བཅངས་ཏེ། ཆོས་འདུལ་བའི་བཅོས་ཁྲིམས་དང་མ་འགལ་བའི་ཐོག་ནས་ཆབ་སྲིད་ཀྱི་བགྱི་བ་ཞིག་གཉེར་བའི་ཐབས་ལ་བརྩོན་དགོས་བྱུང་། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བའི་གཞུང་སྙིང་ཚུར་ལེན་བྱས་ནས། བོད་མཐའ་དང་རྒྱ་མཐའ་གང་ལ་ཡང་མ་ལྷུང་བའི་དབུ་མའི་ལམ་གྱི་སྲིད་ཇུས་དང་། རང་གཞན་སུ་ལ་གནོད་པ་ཕྲ་མོ་ཙམ་ཡང་མི་བྱེད་པའི་འཚེ་མེད་ཞུ་བའི་ཐབས་ལམ་ཟེར་བ་ཞིག་གཏན་འབེབ་གནང་ནས་མི་ལོ་བཅུ་ཕྲག་དུ་མ་འགོར་ཡང་། བོད་རྒྱ་ཞི་མོལ་གྱི་གྲུབ་འབྲས་ཆ་ཤས་ཙམ་ཡང་སྟོན་རྒྱུ་མེད། འདི་ལྟར་རབ་རིབ་དང་མོག་མོག་གི་ངང་ནས་ཁོང་གི་མི་ཚེ་རྫོགས་ལ་ཉེ། དེ་རིང་གི་ལོ་རྒྱུས་ཀྱིས་ཁོང་ལ་གཙང་འཕྱག་བྱེད་པའི་ཉེར་བསྡོགས་བྱས་དང་བྱེད་ཀྱིན་འདུག
དེས་ན་ཁོང་བགྲེས་ཡོལ་ལ་ཕེབས་རྗེས་སུ་ཁོང་གི་ལྟ་དགོངས་གཙོ་བོ་དབུ་མའི་ལམ་ཞེས་པ་དེས་འབྱུང་འགྱུར་བོད་རྒྱ་ཞི་མོལ་གྱི་གནད་དོན་ཐག་གཅོད་ཐུབ་བམ་ཞེ་ན། ཏཱ་ལའི་བླ་མ་བགྲོས་ཡོལ་ལ་ཕེབས་པའི་དུས་དང་བསྟུན་ནས་དབུ་མའི་ལམ་གྱི་སྟེང་ན་ཡང་རྒས་ཉམས་ཤིག་ངང་གིས་ཐོན་འོང་བ་ཁོ་བོས་འདོད་པས། སྔ་ཕྱི་ཙམ་མ་གཏོགས་དབུ་མའི་ལམ་དེ་ཡང་བགྲོས་ཡོལ་ལ་ཕེབས་དགོས་པའི་དུས་ལ་ཐོན་རྒྱུ་རེད་འདོད། གང་ཡིན་ཞེ་ན། ཏཱ་ལའི་བླ་མས་བདམས་པའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་མགོ་ཁུངས་གཙོ་བོ་རྒྱ་གར་གྱི་སེམས་དཔའ་ཆེན་པོ་གན་རྡུ་ལགས་ཀྱི་ལྟ་གྲུབ་ཅིག་ཡིན་ནའང་། ཏཱ་ལའི་བླ་མ་དང་གན་རྡི་གཉིས་ཀྱི་འཚེ་མེད་ཞི་བའི་ཐབས་ལམ་གྱི་བསམ་སྦྱོར་ཐ་དད་དུ་གྱུར་ཡོད་པ་རེད། གན་རྡིའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་དངོས་རྒྱུའི་ཉེར་ལེན་ནི། དབང་སྤྱོད་སྲིད་གཞུང་གི་ཕྱི་ནང་གསང་གསུམ་གྱི་ལས་སྒོ་གང་ལ་ཡང་རུང་བསྟུན་མི་བྱེད་པའི་སྙིང་སྟོབས་ཆེན་པོ་དེ་ཡིན་པ་མ་ཟད། གན་རྡི་ཁོང་ཉིད་ཀྱིས་རྐང་པ་ས་ལ་བཙུགས་ཤིང་། མཁར་བ་ལག་ཏུ་བསྣམས་ནས་མི་སེར་དང་མཉམ་དུ་ལས་འགུལ་ཁྲོད་དངོས་སུ་ཞུགས་ཏེ། རྒྱ་གར་མི་དམངས་ཀྱི་ཁེ་ཕན་གྱི་སླད། བློ་བརྟན་འགྱུར་མེད་ཀྱིས་དབང་སྤྱོད་སྲིད་གཞུང་ལ་ངོ་རྒོལ་བྱས་འདུག ཏཱ་ལའི་བླ་མའི་འཚེ་མེད་ཞི་བའི་ཐབས་ལམ་ནི་དེ་ལས་ལྡོག་སྟེ། ཁོང་ཉིད་ཕྱག་སྟོང་སྤྱན་སྟོང་གི་སྐུར་བཞེངས་ཏེ་གསེར་ཁྲི་ཐོག་ནས་ལྟ་བ་དྲི་མ་མེད་པ་དང་། སྤྱོད་པ་འཚེ་བ་མེད་པའི་ཐུབ་བསྟན་ཆོས་ལུགས་ཀྱི་ལྟ་དགོངས་སྤྱོད་གསུམ་གཙོ་ཁྲིད་གནང་སྟེ། བོད་པའི་བདེ་སྡུག་ཞར་དང་ཞོར་ནས་གླེང་། བོད་དང་འབྲེལ་བ་ཞེ་དྲག་མེད་པའི་འཛམ་གླིང་ཞི་བདེ་དང་ཆོས་ལུགས་རིས་མེད་ཀྱི་བཀའ་མོལ་ཤུགས་ཆེན་གནང་ནས། ཁོང་གིས་ཆོས་ལུགས་དང་མི་རིགས་གཉིས་ལས་ཆོས་ལུགས་གཙོ་བོ་བདམས་ཡོད། དེ་ཡང་ཁོང་ཉིད་བོད་མི་ཤི་གསོན་གཉིས་ཀྱི་རྣམ་ཤེས་ལ་ཁ་བསྒྱུར་མཁན་དུ་བཀུར་དྲག་པས་ཀྱང་རེད་ལ། བོད་པ་རྣམས་ཀྱིས་ཁོང་ཉིད་ནི་མིའི་ཤ་ཚུགས་ཅན་གྱི་ཕྱག་སྟོང་སྤྱན་སྟོང་གི་རྣམ་སྤྲུལ་ཡིན་པར་རྟོག་པས་བཏགས་ནས། ཚེ་འདི་ཕྱི་གཉིས་ཀའི་སྡུག་བསྔལ་ཅི་ཞིག་ཡིན་རུང་སེལ་ཐུབ་པར་ཡིད་ཆེས་ཤུགས་ཆེ་བས་ཀྱང་རེད་འདུག བོད་པ་རྣམས་ཀྱིས་ཁོང་ལ་ཡིད་ཆེས་ཤུགས་དྲག་བྱས་པ་དེ་བཞིན་དུ། ཁོང་གིས་ཀྱང་སྟོན་པ་སངས་རྒྱས་ལ་ཡིད་ཆེས་ཤུགས་དྲག་གནང་གིན་ཡོད་པ་རེད། སྣང་ཚུལ་དེ་ནི་ཁྱོད་ཀྱིས་ང་ལ་རེ་བ་བཅོལ། ངས་ཁྱེད་ཀྱི་རེ་བ་དེ་གནམ་བཅོལ་ཞེས་པའི་དཔེ་བཞིན། ཡིད་རྟོན་བྱ་ཡུལ་གྱི་ངོས་ན། བསམ་དོན་ཅི་བཞིན་དུ་སྐོང་བའི་ནུས་པ་ཞིག་གཞར་ཡང་མེད་པའི་རྟགས་རེད། དེའི་ཕྱིར་ན། ཡིད་ཆེས་དེ་ནི་མུན་ནག་ནང་དུ་ལག་སྙོབ་བྱེད་སྐབས་ཀྱི་ཡིད་དཔྱོད་ལྟ་བུ་ཞིག་རེད་པས། མི་ལོ་སུམ་ཅུ་རིང་གི་མྱོང་སྟོབས་དང་གནས་ལུགས་ཀྱིས་དཔྱད་དེ་འོངས་ན། ཏཱ་ལའི་བླ་མའི་དབུ་མའི་ལམ་གྱི་གྲུབ་འབྲས་ལ་མཛུབ་མོ་ནང་བཀུག་བྱེད་པའི་རྩིས་གཞི་མེད་པ་དཔྱོད་ཤེས་ཀྱི་བློ་མིག་གིས་ཧུར་གྱིས་གཟིགས་ན་གསལ་བོ་ཤེས་ཐུབ་མོད། འོན་ཀྱང་། སྐྱེས་བོ་ཕལ་ཆེར་ཕལ་ལ་ཆགས་པས་དཔྱོད་ཤེས་ཀྱི་བློ་མིག་དེ་འདྲ་མུན་ཁྲོད་དུ་སྤྱུགས་ཤིང་སྐྲོད་པར་བྱེད།
འདི་ལྟར་བསམ་གཞིག་གཏོང་བའི་སྐབས་ལ། འཛིན་པ་ཡུལ་ལ་འཇུག་པའི་ཤེས་པ་ཞིག་གིས་གློ་རྡེག་གི་དྲི་བ་ཞིག་བཏང་བྱུང་ལ། ལོ་རྒྱུས་དང་མི་རབས་ཀྱིས་ངོས་ནས་ཚ་འདྲི་ཡང་གནང་བྱུང་། བརྒྱ་ལ་ཏཱ་ལའི་བླ་མ་ཕྱག་སྟོང་སྤྱན་སྟོང་གི་རྣམ་སྤྲུལ་ཡིན་ཚེ། སྔ་མོ་ནས་ཁོང་གི་མི་ཚེ་ནང་ལ་རྩོད་རྙོག་འདུམ་འགྲིག་བྱེད་མི་ཐུབ་པའི་ཁ་སང་དེ་རིང་གི་གནས་བབ་འདི་ཅིའི་ཕྱིར་མ་མཁྱེན་པ་ཡིན་ནམ། བོད་པ་རྣམས་ཀྱིས་དེ་ནི་ཁོང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་ཞིག་ཏུ་སྒོམ་གྱིན་ཡོད་མོད། ངེས་པ་དོན་གྱི་སྟེང་ནས་ཁོང་གིས་གསུངས་པ་བཞིན་ང་ནི་ནང་པ་སངས་རྒྱས་པའི་དགེ་སློང་ཕལ་བ་ཞིག་ཡིན་ཞེས་པ་ལྟར། ཏཱ་ལའི་བླ་མ་ནི་སྐྱེ་རྒ་ན་འཆི་ཡོད་པའི་འགྲོ་བ་མི་ཞིག་རེད་པས། འུ་ཚོས་ཁོང་ནི་འགྲོ་བ་མི་ཞིག་གི་ངོས་ནས་ལྟ་དགོས། ཁོང་ཉིད་འགྲོ་བ་མི་ཞིག་གི་ངོས་ནས་བལྟས་ནས་འོངས་ན། ཁོང་གིས་བདམས་པའི་དབུ་མའི་ལམ་ནི་མ་གཞི་ནས་རྒས་འཁོགས་ཤིག་རེད་འདུག་མོད། འོན་ཀྱང་བོད་པ་རྣམས་ཀྱི་གཞན་བརྟེན་་གྱི་བསམ་བློ་ཤུགས་དྲག་པོ་དེས་དེ་ཉིད་བསྒྲིབས་ཤིང་བཀབ་པས་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་བོད་མིའི་དད་པའི་གཏེར་མཛོད་དུ་ལུས། དུས་རབས་ཀྱི་རླབས་ཀྱིས་དེད་ནས་འོངས་ན། དེ་ཉིད་ཀྱང་ཕྱི་གོས་ཕུད་ནས་གཅེར་གཟུགས་མངོན་པའི་དུས་ལ་སླེབས་ཡོད།
གང་ལྟར། ང་ཚོ་ལ་དད་པ་ཡོད་ཀྱང་ཆོག་ལ་དད་པ་བྱས་ཀྱང་རུང་། ཡོད་ཚད་དད་པའི་རྗེས་སུ་འབྲངས་ན་དད་པ་དེས་ཁྱོད་ཉིད་བསླུ་བར་བྱེད། བོད་མིའི་དད་པའི་སྟོབས་ཀྱིས་ཏཱ་ལའི་བླ་མར་འཆི་མེད་ཚེ་ཡི་དངོས་གྲུབ་སློང་མི་ཐུབ་ལ། དབུ་མའི་ལམ་གྱི་གྲུབ་འབྲས་ཀྱང་མངོན་གསལ་ཅན་དུ་གཏོང་མི་ཐུབ། འདི་ལྟར་སེམས་པའི་ཞོར་ལ། བློ་མི་བདེ་བའི་དོགས་པ་ཞིག་འཆར་འོངས་ཏེ། བརྒྱ་ལ་ཏཱ་ལའི་བླ་མ་ཕྱི་ཡུལ་ནས་སྐུ་ཚེ་འཕེན་པ་རྫོགས་ཚེ། ཁོང་གི་ཡང་སྲིད་ལ་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པའི་སྤྲུལ་སྐུ་གཉིས་འབྱུང་ངེས་ཡིན་སྟབས། རྩོད་རྙོག་སྔར་ལས་ཤུགས་དྲག་ཏུ་འགྱུར་སྲིད། ངྷ་ས་དང་པེ་ཅིན་གཉིས་ཀྱིས་སྐུ་ཕྲེང་བཅོ་ལྔ་བ་འཚོལ་བའི་དུས་ཀྱི་སྔ་ཕྱི་རྩོད་པར་ཚད་མས་ངེས་པས། བོད་ནང་དུ་ཆུ་མཛོད་གློ་རྡེག་ཏུ་ཤོར་པ་ལྟ་བུའི་གཡོ་འགུལ་ཆེན་པོ་འབྱུང་སྲིད། དུས་དེ་ཙ་ན། མི་སེར་ཕལ་བའི་ཚེ་སྲོག་ལ་གྱོང་གུན་ཚབས་ཆེན་འབྱུང་སྲིད་པས་མི་སེར་ཕལ་བའི་ཚེ་སྲོག་ལ་སེམས་པ་ཤོར་བའི་ཡི་གེ་བྱེད་པོ་ང་ལ་མཚོན་ན། སེམས་པ་བདེ་རུ་འབབ་ཐབས་མི་འདུག དེ་ཡང་གང་གིས་ཤེས་ཐུབ་ཟེར་ན། ༡༩༥༩ ལོར་ར་མོ་ཆེའི་མདུན་ཐང་དུ་བོད་མི་སྟོང་ཕྲག་མང་པོས་ཏཱ་ལའི་བླ་མའི་སྐུའི་བདེ་འཇགས་ཆེད་རང་སྲོག་བློས་གཏོང་བྱས་པ་དང། བཙན་རྒོལ་རྒྱབ་སྐྱོར་གྱི་མཉམ་ཞུགས་ཁུངས་ནས་མི་བུ་མང་པོས་ཏཱ་ལའི་བླ་མའི་སྐུ་སྲུང་ཆེད་རང་སྲོག་བློས་གཏོང་བྱས་འདུག ༢༠༠༨ ལོར་ཏཱ་ལའི་བླ་མ་ཕྱིར་བོད་ནང་དུ་ལོག་ཆེད། བོད་མི་མང་པོས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ཚེ་སྲོག་མང་པོ་ཤོར། མི་སེར་དེ་དག་གིས་རང་དབང་དང་། དམངས་གཙོ། འདྲ་མཉམ་དང་རྩིས་ཐང་གི་དགོས་ཕན་གཡར་ཡང་སེམས་ལ་འཁོར་གྱིན་མེད་སྟབས། འདི་ལྟར་མི་སེར་ཕལ་བའི་ཚེ་སྲོག་མང་པོ་ཤོར་དགོས་པའི་གནད་ཀྱི་གཙོ་བོ་ནི། ཏཱ་ལའི་བླ་མ་ཕྱིར་བོད་ནང་དུ་ཕེབས་སུ་འཇུག་དགོས་པའི་སྲིད་ཇུས་ཀྱི་བཅོས་བསྒྱུར་དེ་རེད་འདོད། དེ་ཡང་བོད་པ་རྣམས་ཀྱིས་ཏཱ་ལའི་བླ་མ་སངས་རྒྱས་གསོན་པའི་རྣམ་སྤྲུལ་དུ་བསྒོམས་དྲག་པས་རེད་ལ། འུ་ཚོས་ཏཱ་ལའི་བླ་མ་མི་ལས་ལྷ་རུ་བཀུར་དྲག་པས་ཀྱང་རེད་འདོད། མཐར་གཏུགས་ན་རང་དབང་རྩོད་པ་དེ་ཡང་ཏཱ་ལའི་བླ་མའི་ཆེད་རེད། དེས་ན། དུས་ད་ལྟ་ནས་འུ་ཚོས་ཏཱ་ལའི་བླ་མར་སྐྱེ་རྒ་ན་འཆིའི་བདག་ཉིད་ཅན་དུ་ལྟ་དགོས་སེམས་ཀྱིན་འདུག་ལ། ཁོང་གིས་བདམས་པའི་དབུ་མའི་ལམ་དེ་ལ་ཡང་རྒས་རྟགས་ཡོད་པར་མཐོང་དགོས། མི་གཅིག་གི་ཆེད་ལ་མི་སེར་མང་པོ་འཆི་ལམ་དུ་བརྫངས་སུ་བཅུག་ན་ལོ་རྒྱུས་ཀྱིས་སྟེང་ནས་འུ་ཚོར་ནག་ཉེས་འབབ་སྲིད།
(རྒད་པོ་རེ་འགའ་ཡིས་སྣང་བར་མི་འགྲོ་ཡང་འདི་ནི་རང་ཉིད་སྒེར་གྱི་ལྟ་ཚུལ་ཞིག་ཡིན་སྟབས། བོད་ནང་གི་ཤེས་ཡོན་པ་ཞེས་གདགས་གཞི་ཆེན་པོ་མི་གདག་པར་བྱའོ།།)
རེད། ཁོང་གི་བསམ་ཚུལ་གསུངས་པར་དགའ་བསུ་ཞུ། ད་དབུ་མའི་ལམ་ཡང་རྒས། མིའི་ཚེ་སྲོག་ཀྱང་ཤོར་མི་རུང་། ཏཱ་ལའི་བླ་མ་ལ་ཡང་བོད་སྐྱོབ་པའི་ནུས་པ་མེད། ཤུགས་བསྟན་ལས་ཏང་དང་ཀྲུང་དབྱང་གིས་བསྟན་པའི་ལམ་དེ་ལས་གཡས་བཟུར་གཡོན་དཀྱོག་མེད་པར་ཤར་སྐྱོད་དགོས་པའི་ལམ་སྟོན་ཞིག་རེད་སྙམ། དེ་མ་ཡིན་པའི་གོ་བ་ཞིག་རྙེད་མ་བྱུང་། དྲ་གྲོགས་ཚོས་གོ་དོན་གཞན་རེ་རྙེད་ན་གསུང་རོགས།
བཤད་ཀྱོ་དེས་དེས་བཤད་ཡོད་གི་ཡ། ཆོས་མིན་སྲིད་མིན་གྱི་མ་གེ་མོག་གེ་ཞིག་ཡིན་པ་ལས། འདི་ལྟ་བུའི་མི་ཆོས་རིང་ལུགས་པ་ཤ་སྟག་ཅིག་ཡིན་ན་དགའ་བ་ལ།
དགུ་རོང་སྤུན་གྲོལ་འདི་ཡང་ཚ་བ་མདའ་སྨྱུག་བཞིན་ཤེས་རབ་ཀྱི་སོ་ཁ་རྣོན་པོ་ཡོད་པ་ཞིག་རེད། ང་འདྲ་བ་བརྒྱ་ལས་འདི་འདྲ་བ་གཅིག་རེ་བོད་ལ་མཁོ་གི་འདོད།
དགེ་འདུན་ཆོས་འཕེལ་བོད་ལ་བཀའ་དྲིན་ཆེ། །
ཚ་བ་མདའ་སྨྱུག་བོད་ལ་བཀའ་དྲིན་ཆེ། །
དགུ་རོང་སྤུན་གྲོལ་བོད་ལ་བཀའ་དྲིན་ཆེ། །
བོད་མི་དཔྱོད་ལྡན་བོད་ལ་བཀའ་དྲིན་ཆེ། །
བོད་མིའི་ཀླད་པར་ཆོས་མེད་རིང་ལུགས་ཀྱི་ལྟ་བ་ཞིག་སྤེལ་ཏེ་གུང་ཁྲན་ཏང་གི་འདོད་འདུན་བསྐོང་འདོད་ཀྱི་བསམ་པས་སྐད་ཆ་འདི་འདྲ་ཞིག་བཤད་པར་ཧང་སང་དགོས་པ་གང་ཡང་མིན་འདུག
ཁྱེད་ཀྱང་སྦལ་བ་ན་ཁུང་ནང་ན་བསྡད་དེ།
གནམ་ལ་མཆོང་འདོད་མཁན་ཞིག་རེད་ལ།
མུ་མཐུད་དུ་མཆོང་ཞིག
ནམ་ཞིག་ནམ་མཁར་སླེབས་མིན་ལྟོས།
བོད་རིགས་དྲ་གྲོགས་རྣམ་པ། གཟབ་གཟབ་བྱེད་དགོས།
རྒྱལ་བ་ཡེ་ཤེས་ནོར་བུས་བགྲེས་ཡོལ་གནང་ཞིང་།
མི་མང་གིས་བདམས་པའི་བཀའ་བློན་ཁྲི་བ་འཁྲི་ལ་འགོད་པའི་སྐབས་འདིར།
བོད་མིའི་ནང་ཁུལ་ལ་དཀྲུགས་ཤིང་འཕེན་མཁན་ནམ་དགྱའི་སོ་པ་ཡོང་སྲིད།
དགུ་རོང་སྤུན་གྲོལ་དགུ་རོང་སྤུན་གྲོལ་ལགས། །
དབུ་མའི་ལམ་ཆེན་རྒས་པ་ག་ལ་ཡིན། །
དབུས་ལམ་ད་ནས་གཞོན་ཤེད་ཆེ་རུ་ཕྱིན། །
རྒྱ་ནག་མི་མང་རེ་བ་ཆེ་རུ་ཕྱིན། །
ཁྱེད་ཀྱི་ཆོས་དད་རྙིང་པ་རུལ་སྲུངས་ཤོར། །
འདས་པའི་ཉི་ཟླའི་འོད་ཀྱི་བཀའ་དྲིན་བརྗེད། །
རྒྱ་གཞུང་རྩུབ་མོས་ཁྱོད་ཀྱི་རེ་སེམས་གཏོར། །
ཁྱེད་ཀྱིས་རྒྱ་བོད་མི་རིགས་རེ་སེམས་རྨོངས། །
བརྗེད་རྨོངས་གཉིས་ལས་རྒྱལ་ན་རྒྱལ་བར་འགྱུར། །
དགུ་རོང་སྤུན་གྲོལ་བཀའ་དྲིན་ཆེ།
རྒྱ་ནག་གི་འདོད་པ་དགུ་རོང་སྤུན་གྲོལ་གྱིས་གོ་འདུག རྒྱ་གར་པན་ཆེན་བོད་ཀྱི་བླ་ཆེན་ཁག་ལ་དད་པ་བཞག་ནས་ཕུངས་པ་མ་རེད། དད་པ་ངོ་ལྐོག་བྱས་ན་བརླགས་སོང་མ་གོ་བ་རེད་འདུག ང་བརྒྱད་ཀྱི་ཤུན་པ་དྲི་མས་རབ་ཏུ་ཕྱུག་པ་ཞིག་རེད། བན་བོན་གྱི་ཞབས་བརྟན་གསོལ་འདེབས་ཚང་མ་བོ་མོའུ་ཁྲི་ལོ་བརྟན་པར་ཤོག་ཟེར་བ་ལྟ་བུར་སོང་ན་བོད་ཀྱི་རིག་གཞུང་ལ་གོམས་འདྲིས་གང་ཡང་མ་བྱས་པ་ཇ་མཆོད་ཙམ་འདོན་ཤེས་པ་ཞིག་མཐོང་གི་འདུག ད་དུང་དཔྱད་རྩོམ་སྤེལ་བ་ཧ་ཅང་ཐལ། དགོངས་པ་མ་ཚོམས།
མཆན་གཏགས་མཁན་ཚོ་ཕལ་ཆེར་གྱིས་དྲང་བདེན་གླེང་ཐུབ་མི་འདུག ཁ་ཤས་རྫུན་ཡང་ཁ་ཤས་བདེན་པར་འདོད།
སྟོད་དུ་རྒྱ་ལྭ་གྱོན་ཞིང་། སྨད་དུ་གྲྭ་ཆས་གྱོན་པའི་ལྟ་ལོག་སྤྱོད་ལོག་པ་ཚོས་ཅི་མི་ཟེར། རང་ཉིད་ཀྱིས་ཆོས་མགོ་མ་ཐོན་དུས་ཆོས་ལ་སྐུར་འདེབས་བྱེད་པ་རེད།
དགུ་རོང་སྤུན་གྲོལ་འདི་དགུ་རོང་སྤུན་གྲོལ་ངོ་མ་དེ་ཡིན་མིན་ལ་དོགས་པ་ཡོད།
ངོ་མ་དེ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་ཞིག་མིན་བསམ་སོང། འདིའི་སྐད་ཆ་རྣམས་ན་ནིང་ལྡི་ལི་ནས་གྲགས་པ་དེ་རེད། གཅིག་བྱས་ན་ཕོ་སར་དེ་མིན་འགྲོ། འདིས་མཚན་སྨད་ཞུ་སྟངས་དང། ལྷག་པར་འཚེ་མེད་ཞི་བ་དང་དབུ་མའི་ལམ་གཉིས་གཅིག་ཏུ་འཁྲུལ་འདུག་པར་བལྟས་ན། འབྲི་ཤེས་པ་ཙམ་ལས་དཔྱད་ཤེས་མཁན་ཞིག་མ་རེད།
རེད་ཡ་རེད་ཡ་དྲཱ་གྲོགས་ཚོ་མི་ཟེར་ཡ་འདི་དངོས་གནས་འདོད་པ་སྐོང་ཡ་གཅིག་ཀྱང་མི་འདུག་ཨ།
དགུ་རོང་སྤུན་གྲོལ་སྐུ་དངོས་སུ་འདི་ལྟར་ཕེབས་པར་ཐུགས་རྗེ་ཆེ། བོད་ཀྱི་དོགས་སློང་རིག་པ་འཕེལ་ཞིང་དར་བའི་སྨོན་འདུན་ནམ་ཡང་ཡོད།
སྐུ་ཞབས་གནམ་ལོ་ཡག་རྩོམ་ཡིག་འདིར་དགའ་ནས་ཁ་མ་སིམ་མ་བསྡད་འདུག རྟེན་འབྲེལ་ཞུས་དང་ནོ་རང་ང་ཅིག་མ་རེད། ཚོར་བ་དེ་ཚད་ག་འདྲ་ཞིག་ཏུ་སླེབས་ཡོད་ན། ཅི་ཞིག་ཤོར་ཟིན་པ་མཐའ་དག་ཕྱིར་ཐོབ་བཞིན་པ་དང་འདྲ་ནི་མ་ར།
ཨོ། འབྲེལ་མཐུད་པ་སྐུ་ཞབས་གནམ་ལོ་ཡག སྤུན་གྲོལ་ཁོ་ཞབས་མཆན་ནང་ཞུགས་ཐུབ་ཀི་མེད་པ་ཡིན་ན། ཁྱེད་ཀྱིས་སྐད་ཆ་འདྲ་མ་དྲིས་སམ།
རང་གི་བསམ་ཚུལ་ཅིག་བརྗོད་ན།
རང་བཙན། འཚེ་བ་དང་། ཉེ།
འཚེ་བ། བདེ་བ་དང་། རིང་།
དབུ་མ། ཞི་བ་དང་། ཉེ།
ཞི་བ། བདེ་བ་དང་། ཉེ།
མི་འདོད་བཞིན་དུ། ཁ་འབྱར་བས། བཙན་པོས་མཉམ་བསྡུས།
ཁ་གཉིས་བཙན་པོས། འབྱར་བས་ན། ཁ་བྲལ་གྱི་ཚིག་འདི་ཆགས།
ད་ནས།
ཁ་བྲལ་གྱིས། ཁེར་རྐྱང།
ཁེར་རྐྱང་གིས། དབུལ་ཕོངས།
གཉིས་སྨན་གྱིས། གཉིས་ཕན།
གཉིས་ཕན་གྱིས། མཉམ་མཐུན།
མཉམ་མཐུན་མེད་ན། ཡར་རྒྱས་མེད།
ཡར་རྒྱས་མེད་ན། བདེ་སྐྱིད་མེད།
བདེ་སྐྱིད་མེད་ན། ལ་རྒྱ་མེད།
ལ་རྒྱ་མེད་ན། གང་ཕྱིར་རྩོད།
གཉིས་སྨན་དབུས་ལམ་ཤེད་ཐོན་ཤོག །
ངས་དབུ་མའི་ལམ་རྒས་ཡོད་པར་མཐོང་གི་མི་འདུག ད་ལྟ་འཛམ་བུ་གླིང་གིས་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པའི་སྒང་ཡིན་པས། ལང་ཚོ་དར་ལ་བབ་བའི་སྐབས་རེད་ཅེས་བརྗོད་ཆོག དེ་ལས་ལྡོག་སྟེ། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ནི་རྒས་ནས་འཆི་ལ་ཉེ་བར་མཐོང། དེའི་དོན་ནི། ཁོང་ཚོ་རྨོངས་ཏེ་རྣམ་རིག་གསལ་པོ་མེད་པ་རྒན་པོ་འཆི་ལ་ཉེ་བ་ལྟ་བུ་ཞིག་རེད་ཟེར་གྱི་ཡོད།
ཨ་རོ་ཀིརྟི་ལགས།
མི་འདིའི་རིགས་ལ་གསལ་བཤད་བྱས་ནས་ཕན་ནི་མ་རེད། དེ་བས་འདི་དག་ལ་ས་ཁོད་ཅང་མ་སྤྲད་ན་དེས་དགའ་ནི་རེད། གཡུག་ཞོག བདེན་ལུང་པ་གཉིས་ཀའི་ཕུ་ཐག་རིང་དུས། ཙ་ག་ཙུག་གེས་མ་རྟོག་ལོག་རྟོགས་ཀྱིས་སེན་འབྲེད་བྱེད་པ་ཆོས་ཉིད་ཅིག་རེད་ལབ་ན་འགྲིག་གི་རེད། འདི་འདྲའི་རིགས་ལ་ཤར་ཕྱོགས་ཁུག་རྟས་བཤད་པ་ལྟར་ཕྱི་ལོག་གི་ཁུངས་མེད་རུ་དཔུང་ལྟོས་བཅས་ཀྱིས་སྨྱན་སྦྱོར་བྱས་ཡོད་པ་ཐག་གཅོད་རེད།
༡༽ དགེ་ཆོས་ཀྱིས། ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ། །ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པ། །ཟེར་བ་བཞིན་མ་འཇོན་པ་ཐམས་ཅད་༧རྒྱལ་བ་རིན་པོ་ཆེ་གཅིག་གི་དབུ་ལ་བསྐོར་བ་འདི་ཡ་རེ་ཆ། ལོ་ཤས་སྔོན་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་སྤྲད་རྒྱུ་ཡིན་གསུང་པ་ནས་བཟུང་རང་ཉིད་ཀྱི་མདུན་ལམ་ལ་ཕན་ཆེར་མི་ཐོགས་པར་འདོད་ནས་འདི་འདྲའི་རྩོམ་འཆལ་ཅི་རིགས་པ་སྤེལ་མཁན་བྱུང་སོང་། རང་ཉིད་ལ་འཇོན་ཐང་ཡོད་ན་སྐྱོན་བརྗོད་བྱེད་ས་བོད་མི་ཡིན་མི་དགོས། ཁ་གཏད་ཀྱི་དགྲ་བོ་གྲངས་ཀྱིས་མི་ཆོད་པ་ཡོད། ཕྱི་ལ་ཕུ་ཟེར་མི་ཐུབ་པར་ནང་ལ་ཕཊ་སྒྲ་སྒྲོགས་པ་འདི་ངོ་རེ་ཚ། ཕ་མེས་བསད། རྒྱུ་ནོར་འཕྲོག ཕུ་ནུ་གཏོར། མཁར་རྫོང་བཤིག མི་རིགས་ཤིག་རྐང་པའི་འོག་ཏུ་བརྫུ་མཁན་ཚོར་མཛུབ་མོ་འདུག་མི་ཕོད་པར་འཛུམ་གྱིས་བསུ་མཁན་ཚོས་འདི་འདྲ་རེ་ལོས་བཤད། དགྲ་གཉེན་གོ་ལོག་དུ་འཛིན་པ་མི་རིགས་ཀྱི་བླ་བཙོང་རེད། ༢༽ ཡང་། འབྱོར་ཚེ་ཉེ་བའི་དྲུང་དུ་གུད་དུ་འགྲོ་ཞིང་། །རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ། །དྲིན་བྱས་དྲིན་དུ་མ་གོ་གྲོགས་ངན་གྱི་གཤིས་ལ། །བསམ་བཞིན་ངུ་་མ་དགོད་ཀྱི་སྣང་བ་ཞིག་ཤར་བྱུང། །ཞེས་པ་ལྟར་རང་ཉིད་ལ་འདི་བྱས་ཀྱི་ངོ་སོ་ངོམ་རྒྱུ་མེད་པར་བཀའ་དྲིན་ཅན་ཀྱི་བོད་ཀྱི་དབུ་འཛིན་ལ་སྐྱོན་ཅི་ཐུབ་བྱེད་པ་འདི་མཁས་པ་དང་དཔའ་བོ། འཇོན་ཐང་ཡོད་པའི་གྲལ་དུ་ནམ་ཡང་ཁས་ལེན་མི་ཐུབ། ༣༽ རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་ལ་སྐྱིད་པོ་བྱས་ནས་དགོངས་པ་ཞུ་མི་འཇུག་ཅེས་བཤད་པའི་འཕྲོ་སྐྱོང་མཁན་ཚོ་ཨ་མདོའི་རྒྱ་ཕྲུག་ཚོ་ལས་གཞན་ཅི་ཡོད། ཁོང་གིས་དགའ་ཞིང་སྤྲོ་བའི་ངང་ནས་དགོངས་པ་ཞུ་རྒྱུ་བཤད་མ་ཐག་མི་ཡུལ་གྱི་བརྩེ་དུང་དང་། ལྷ་ཡུལ་གྱི་དམ་ཚིག་གང་ལ་ཡང་བསམ་བློ་མི་གཏོང་པའི་ཕ་མེས་ཀྱི་ཞབས་འདྲེན་འདི་རིགས་རྒྱ་འདྲེས་རྒྱུད་བརླམ་པའི་འཆལ་གཏམ་འདི་འདྲ་སྨྲ་བ་བོད་མིར་སྡུག་གི་སྣོན་མ་རོ་ཐོག་གི་རྟ་རྒྱུགས་ཁོ་ནར་ངེས། རང་གི་མི་རིགས་དང་རང་གི་དབུ་འཛིན་ལ་ཞེ་ཁྲེལ་བདའ་བ་ནང དཀྲུག་གི་སྟྭ་རེ་འདི་ཚོ་སྡང་དགྲ་བོ་ལས་ཀྱང་ཐུ་བ་ཞིག་ཡིན་པ་བོད་མི་ལ་རྒྱ་ཅན་ཀུན་གྱིས་ཤེས་དགོས། མི་རིགས་ལ་རྒྱ་ཁ་ནས་བཤད་པ་རང་གི་སྐྱོན་ཆ་ལ་དཀར་འདོན་ཙམ་ལས་དོན་དུ་འདི་དག་ནི་ཆོས་སྲིད་གཉིས་ཀ་རྨང་ནས་བཤིག་པའི་དགྲ་བོའི་རྒྱུགས་ཁྱི་ལས་གཞན་དུ་མེད། ༤༽ ཁ་བརྡ་ཚང་གིས་སྐྱོན་ཆ་བརྗོད་མི་རུང་ཟེར་བཞིན་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་སྔ་རྗེས་ཅི་རིགས་པ་བྱུང་བ་གང་འདོད་དུ་སྤེལ་འཇུག་པ་འདིས་ཁྱོད་ཚོས་ཁ་ཕྱོགས་འགྲེལ་བཤད་མི་དགོས་པར་གསལ་འདུག། ངའི་མཆན་འདི་ནས་བཀག་ཀྱང་འགྱོད་པ་གཏན་ནས་མེད།
དགུ་རོང་སྤུན་ྲགོགས་ལགས། ཁྱེས་ཀྱིས་དོན་དངོས་མ་གང་ཞིག་ཅི་བཤད་འདོད་པ་ངས་མ་ཤེས་ཐལ།
དབུ་མའི་ལམ་གཅིག་པོ་མ་རེད། དེ་རྒས་མ་རྒས་ཟེར་བ་ཚིག་ཙམ་རེད། ཕྱོགས་ཡོངས་ནས་འབབ་ས་དེ་ནི་
རྒྱ་བ་རིན་པོ་ཆེའི་ནོར་འཁྲུལ་ཅན་དང་རྒྱ་གར་གན་སྡེ་སྐྱོན་མེད་དམ་གན་སྡེ་ནང་བཞིན་རྒྱལ་བ་རིན་པོ་ཆེས་
སྤོབས་པ་མེད་ཟེར་བ་དེ་རེད། ཞོགས་དུང་གིས་་གན་སྡེ་ནི་བོད་ཀྱི་བླ་མ་སྤྲུལ་དགེ་བཤེས་སོགས་གང་ཡང་མིན་
ཞེས་རིགས་པས་ཞིག་ཟུར་རྒྱན་བྱས་པ་ཞིག་རེད། ང་ཚོས་་གན་སྡེའི་སྐོར་ཞུག་འཇུག་བྱས་ན་ཁོང་གིས་ཀྱང་
ནོར་འཁྲུལ་མང་བོ་ནང་གི་གཙོ་བོ་མི་རིགས་དབྱེ་འབྱེད་སོགས་བྱས་ཡོད་པའི་དེབ་མང་བ་མ་ཟད་མཐའ་མར་ཁོང་བསད་པ་གོང་གི་གནས་ཚུལ་དེ་དང་འབྲེལ་བ་ཡོད། ཡང་རྒྱལ་བ་རིན་པོ་ཆེས་གན་སྡེ་ནང་དཀལ་ངལ་
མ་གནང་བ་ཞིག་བཤད་ཀི་འདུག། གཅིས་བྱས་ན་བདེན་མོལ། ཁྱེད་ཚོ་ལྟར་གན་སྡེ་དཔྱལ་ཁུད་བྱས་ན་ཁོང་གིས་དཀལ་ངལ་ཆེན་པོ་བརྒྱབ་མེད་དེ་ཁོང་རང་རྣམས་ལྟར་ན་
ཐེངས་བདུན་ཁྲིམས་ཁང་དུ་སོང་ཡོད་ཀྱང་སྲོག་གི་ཉེན་ཁ་ཡོད་སར་སོང་མེད། སྐབས་དེའི་ཁྲིམས་ཁང་ཡང་སྨྲ་བརྗོད་རང་དབང་ཡོད་ས་ཞིག་རེད། འོན་ཀྱང་ཁོང་གིས་བཙན་རྒྱལ་དབྱིན་ཇི་
རང་ལུགས་འཇུག་བསྡུས་བསྐལ་དང་མཉམ་དུ་རྒྱ་གར་རང་བཙན་རེག་པ་ཞིག་ཡིན།་ཚིག་འདི་ཚོ་ཇ་འཐུང་ཞོར་ལ་བྲིས་པས་སྐྱོན་ཡོད་ན་རང་གིས་ཁུར་རྒྱུ་ཡིན།
རང་གི་ལྟ་བ་བཤད་ན། དམངས་གཙོ་དང་། ཆོས་སྲིད་སོ་སོ། ༧གོང་ས་དགོངས་ཞུ། ཕན་པའི་སྐྱོན་བརྗོད། སྨྲ་བརྗོད་རང་དབང་སོགས་ལ་དགའ། རྒྱབ་སྐྱོར་ཡོད། སྤྱི་ཚོགས་ལ་གནོད་ན། མ་འོངས་ལ་ཕན་པ་མེད་པ། ནང་དཀྲུགས་གི་འབྱུང་ཁུངས། དྲིན་ལམ་ལོག་མཇལ། དགྲ་གཉེན་གོ་ལོག སྤྱི་སྒེར་རེས་ཆོད་ཀྱི་རྩོམ་ལ་ངོ་རྒོལ་ཡོད། གནས་སྐབས་སུ་བོད་ལ་མ་རྩ་མེད་པའི་ཚོང་ལས་དེ་འདྲ་ཡུལ་དུས་དཞང་མི་འཚམ་པ་དག་། ཕུ་ནུ་གཤེགས་པའི་རོ་དྲོད་མ་ཡལ་གོང་ནང་མཁོན་བྱེད་པའི་རྩོམ་འཆལ་སྤེལ་ན་ལ་རྒྱ་དང་དུང་སེམས། མིག་ལྟོས། གཞན་གྱི་མཐོང་སྣང་། ནང་གིམཐུན་སྒྲིལ་བཅས་ལ་གནོད་པ་ཙབ་ཅེན་འབྱུང་བས། དགེ་སྐྱོན་གཉིས་ལས་སྐྱོན་ཆེ། ང་རང་ལ་མཚོན་ན། གཞན་ལ་ཚིག་ངནབཤད་པའི་རེ་བ་གཏན་ནས་མེད། ད་བར་སྐྱོན་བརྗོད་ཆེན་པོ་བྱེད་མ་མྱོང་། འོན་ཀྱང་ཁ་ཕོ་རུས་བོར། མི་རིགས་ཀྱི་ལ་རྒྱ་བརྗེད། ཆོས་ཀྱི་དམ་ཚིག་ཉམས། ཕུ་ནུའི་དུང་སེམས་གཡུག དགྲ་གཉེན་གོ་ལོག ལེགས་ཉེས་གོ་ལྡོག རང་ལ་མིང་གྲགས་ཅུང་ཟད་ཐོབ་པའི་ཆེད་དུ་ལ་རྒྱ་ཁ་ལ་ཁྱེར། དཀྲུགས་ཤིང་ནང་ནས་བྱེད། སྡང་དགྲ་བོའི་མཐོངན་དགའ་བསུ་བྱེད་པ། གཉེན་ཉེ་བའི་མཐོང་ན་མིག་ཆུ་འཐོར་བའི་་བྱ་བ་ལ་བརྩོན་པ། གཟུ་བོའི་ཞྭ་གྱོན་ཡང་མགོ་ལྤགས་ནང་ན་རུལ་བ་དེ་ཚོ་མཐོང་པ་ཙམ་གྱིས་སྒྱུགས་བྲོ། ཁ་ངན་རེ་མ་བཛད་ཐབས་མེད་བྱུང་། མི་རིགས་ཀྱི་ཞབས་འདྲེན་འདི་རིགས་ནི་ཡིག་ངོ་ཆོད་ཀྱང་ལྷག་བསམ་མེད་པའི་རིག་གནས་ཀྱི་ཆོམ་པོ། ཁ་བཤད་འབྱོར་ཡང་བྱས་རྗེས་མེད་པའི་མོ་གཤམ་གྱི་བུ་མོ། མི་རིགས་སྨྲ་བཞིན་རང་རིག་ལ་སྡང་བའི་་ཁྱི་སྤྱང་བུ་ཟན། སྤྱི་དོན་གླེང་ནས་རང་དོན་གྱི་གཙོར་འཛིན་ཀྱི་སྨྱོ་ཧམ་ཚ་བོ། དགྲ་ལ་ཟུར་ལྟ་མི་ཕོད་པར་ཕ་ལ་ཁ་རྡུང་གཏོང་པའི་རྡར་མ་ཝ་མོ། བོད་མི་དཔའ་བོ་ཡོངས་ཀྱི་བྱས་རྗེས་རྨོངས་དད་བརྩི་བའི་་ཁྲམ་པ་ཁྲེལ་མེད་འདི་བོད་ཕྱི་བཤིག་ཀྱི་སྟྭ་རེ། ནང་དཀྲུག་གི་ཌཱ་རི་ངོ་གཉིས་མ་འདི་དག་གི་ཁ་ལ་ཐལ་བ་རྒྱོབ།
འདི་ནི་གུང་ཁྲན་གྱི་བཤད་པ་རེད། གོང་དུ་བོད་མིང་རྫུན་མའི་འོག་ཏུ་ཞིག་གི་བཤད་སྟངས་གཉིས་གཅིག་རྒྱབ་གཉིསའགེབས་ཏུ་སོང་མི་འདུག་གམ། ཞིབ་མོར་དཔྱད་དེ། ཁ་མི་རིགས་དོན་ནང་དཀྲུགས་མཁན་རྣམས་ཀྱི་མགོ་སྐོར་འོག་ཏུ་མ་འགྲོ། 達賴退休 陸:欺騙國際把戲
中央社 / 2011/03/10
(中央社記者黃季寬北京10日電)中國外交部發言人姜瑜今天表示,關於達賴喇嘛表示要交出政治權力一事,這是達賴欺騙國際社會的把戲。姜瑜下午在中國外交部例行記者會上答問時說,達賴是打著宗教的幌子,長期從事分裂中國的政治流亡者,是從事藏獨活動政治集團的總頭目。近年來,他經常表示退休,「我們覺得這是他欺騙國際社會的把戲。」西藏精神領袖達賴喇嘛今天在「西藏和平抗暴52週年紀念集會」致詞時,正式宣布移交權力給民眾直選的行政首長。1000310
达赖“退休”只是一场政治闹剧 意在缓解其内部危机
2011-04-02 14:52:56 参考军事论坛 网友评论 0 条
字号:T|T
参考军事网消息:3月11日,达赖致信所谓的“西藏流亡政府议会”,要求修改“流亡藏人宪章”,取消他“因具有达赖喇嘛名号而产生的一切政治或行政工作”。达赖“退休”问题立即成为一些西方媒体炒作的热点。3月18日,“流亡议会”决议“同声祈愿达赖喇嘛尊者继续留任西藏政教事务的最高领袖”。在达赖再度表示辞意已决之后,“流亡议会”迅速转变口风,宣布成立一个专门小组研究如何实现达赖的旨意。这个小组提交的方案称,将来由“流亡政府内阁”、“流亡议会”、“流亡政府最高法院”分权行使达赖“在行政上的一切权责”,而达赖必须在重大问题上对“流亡政府”“进行指导”。但随后又传出这个方案没有通过,期间有美国媒体评论不排除达赖最终“顺从民意留任”。一时间你来我往,煞有介事。
“退休”再次亮明达赖分裂主义政治身份
上世纪80年代以来,美国和一些西方国家政要不顾中国政府的强烈反对,频繁会见达赖,他们的理由是:达赖是一位“受人尊 敬的宗教领袖”。现在问题来了:一个单纯的宗教人士,一个喇嘛,会有什么“政治或行政工作”需要交接?当这些西方政要今天又把达赖此举贴上“民主”标签时,他们似乎没有意识到这同时也是达赖煽了他们一个嘴巴。
参考军事