(བོད་ཀྱི་བང་ཆེན་མ་རེད། བློ་སེང་གི་བྱ་མ་རྟ་རེད།)
ཉི་མ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས། ༣༢༥ ཕྱི་ལོ་ ༢༠༡༡།༣།༢༣ ཉིན། ཚགས་ཤོག་གི་ཤོག་ངོས་དང་པོའི་མགོ་བརྗོད་དུ་༵༵བོད་རྒྱལ་ཡོངས་དངོས་གཞིའི་འོས་བསྡུ་ཆེན་མོ་ལེགས་འགྲུབ།ྐྐ ཅེས་འཁོད་པའི་གནས་བྲིས་ནང་། ཛྲབཀའ་ཁྲིའི་འོས་མི་གསུམ་གྱི་ནང་ནས་འོས་ཤོག་མང་ཤོས་བློ་བཟང་སེང་གེ་ལ་ཐོབ་རྒྱུ་ཡིན་པ་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།,, ཅེས་དང་། ཡང་གོང་འཁོད་གསར་ཤོག་འདོན་ཐེངས་དེ་གའི་ཆེད་དུ་བརྗོད་པའི་གཏམ། ཞེས་པའི་ནང་། ས་སྐྱ་ལེགས་བཤད་ལས། བློ་ཆུང་སེམས་ལ་འཁོན་འཛིན་ཅན།། གནོད་པ་བས་ཀྱང་རྣམ་འགྱུར་སྔ།། ཞེས་པ་ལྟར། བློ་ཆུང་དགའ་བ་ཁོག་ཏུ་མ་གཤོང་པར། ཅི་ཞིག་བཤད་འདུག་ཅེ་ན། ཛྲདེར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་གཅིག་སྒྲིལ་གྱི་རྣམ་པ་ལ་མདུན་བསྐྱོད་དམ་ཡར་རྒྱས་ཀྱི་རང་བཞིན་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གསོན་ཤུགས་དང་རེ་བ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། སུས་བལྟས་ཀྱང་བསྔགས་བརྗོད་ཀྱི་རང་བཞིན་ཞིག་ཏུ་གྱུར་ཡོད་པ་རེད།,, ཅེས་བློ་སེང་ལ་འོས་ཤོག་གྲངས་མང་ཤོས་ཐོབ་ཡོད་སྙམ་པའི་རྟོགས་བཏགས་ཀྱི་གནས་ཚུལ་དེར་སྒྲོ་འདོགས་ཀྱི་བསྟོད་བསྔགས་ཚད་མེད་བཏང་འདུག
མི་ཕྱུག་པོའི་བུ་ལ་དགའ།། གཏམ་འདོད་ཕྱོགས་སུ་བཤད།། ཅེས་པའི་དཔེ་ལྟར་རྙོག་དྲྭའི་འདམ་རྫབ་ཏུ་ཚུད་པའི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་དང་། གསར་འགོད་པའི་འདོད་ཕྱོགས་ཁོ་ན་ལས། བློ་སེང་ལ་འོས་ཤོག་མང་ཤོས་ཐོབ་པའི་ཚོད་དཔག་དེ་དངོས་བདེན་མ་ཡིན་པའི་རེ་བ་ཡོད། དེ་འདྲ་ཡིན་ན་འོས་བསྡུ་ཆེན་མོ་དེ་ཧ་ལོག་སོང་བ་དང་། འདི་ལོ་ནི་ཤེས་ཡོན་ཅན་གྱི་ཕམ་ཉེས་ཀྱི་ལོ་ཞིག་ཏུ་གཏན་འབེབས་མི་བྱེད་ཀ་མེད་རེད། གང་གིས་ཤེ་ན། བཙན་བྱོལ་བོད་མི་ཤེས་ཡོན་ཅན་བརྒྱ་ཆ་གོ་དགུས་བློ་སེང་རྩ་བ་ནས་ཁས་ལེན་མེད་པའི་ཕྱིར་རོ།
ལར་ནས་བློ་བཟང་སེང་གེ་བཀའ་ཁྲིའི་འོས་བསྡུར་ཞུགས་ནས་བཟུང་། བང་ཆེན་གསར་ཤོག་ལ་བློ་སེང་གིས་རྒྱུན་རིང་ནས་འོ་མས་སོས་◌པའི་བཀའ་དྲིན་འཇལ་བའི་གོ་སྐབས་རྙེད་དཀའ་བ་ཞིག་ཐོབ་སྟེ། བཙན་བྱོལ་གཞུང་འདི་མི་ཚང་གསུམ་གྱིས་འཛིན་ཡོད་ཚུལ་གྱི་འབྱུང་བྱའི་ཐན་སྐད་དང་པོ་དེ་བསྒྲགས་པ་དང་དུས་མཚུངས། བློ་སེང་གཟེངས་སུ་གཏོད་པ་དང་བསྟན་འཛིན་རྣམ་རྒྱལ་གྱི་མཚན་མཐོང་གཅོག་གང་ཐུབ་ཀྱི་ལས་འཛོར་པོ་ལུ་གུ་བརྒྱུད་དུ་ཕྱི་ནང་གསང་གསུམ་གྱིས་སྤེལ་ཡོད། རྒྱ་ཆེའི་མང་ཚོགས་ནས་མཁྱེན་འདོད་ན། ཁོ་པ་ཚོའི་གསར་ཤོག་འདོན་ཐེངས་སྔ་ཕྱི་རྣམས་ལ་གཟིགས་དང་གསལ་པོ་མཁྱེན་ངེས།
ཡང་གོང་འཁོད་གསར་ཤོག་འདོན་ཐེངས་དེ་གའི་ཆེད་དུ་བརྗོད་པའི་གཏམ། ༵༵ སྲིད་དོན་པ་དང་མི་མང་གི་བསམ་བློའི་ཧེ་བགྐྐ ཅེས་པའི་རྩོམ་འཆལ་དེའི་ནང་། ཛྲསྲིད་དོན་པ་ཚོས་ཚོད་དཔག་བྱས་པ་ལས་ལྡོག་སྟེ། ཕྱོགས་ཞེན་མེད་པར་གཅིག་འགྱུར་ཁོ་ན་ལ་ཁ་ཕྱོགས་ནས་འོས་ཤོག་བླུགས་ཀྱི་ཡོད་པའི་གནས་ཚུལ་དེ། སྤྱི་ཚོགས་ནང་ཤོད་བཞིན་པའི་འོས་བསྡུའི་གནས་ཚུལ་ལས་རགས་ཙམ་ཤེས་རྟོགས་བྱེད་ཐུབ་པ་ལྟ་བུ་བྱུང་འདུག,, ཅེས་དང་། བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་སྤེལ་རྗེས་ཀྱི་བང་ཆེན་འདོན་ཐེངས་ཤིག་ཏུ། བློ་སེང་ལ་སྔོན་འགྲོའི་འོས་ཤོག་ཐོབ་པ་དེས་གཞི་ནས་ང་ཚོ་ཆོལ་ཁའི་འཐེན་འཁྱེར་མེད་པར། ཆིག་སྒྲིལ་གྱི་རྣམ་པ་མཚོན་རབས་བཤད་འདུག
བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་རྣམ་པ་དེ་བང་ཆེན་གསར་ཁང་གིས་བློ་སེང་ལ་འོས་ལྡུག་སྟངས་ལས་གཞི་ནས་ཤེས་འདུག སྔོན་གྱི་བྱུང་རབས་མང་པོ་ཞིག་དང་ལྷག་པར་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བདམས་པ་དེ་ནས་ཆོལ་ཁ་གཞན་གཉིས་ནས་འཐེན་འཁྱེར་མ་བྱས་པར། སྤྱི་དོན་ཐོག་ཆིག་སྒྲིལ་གྱི་རྣམ་པ་གསལ་སྟོན་བྱས་ཡོད་པ་ལས། ཟམ་གདོང་གྲགས་པ་མེད་པའི་ལུང་ཆུང་ཞིག་གི་བླ་ཆུང་ཞིག་དང་། ད་ལྟའི་ཟམ་གདོང་འདི་ཡང་རྒྱུན་དུ་དབང་ལུང་ཆོས་བཤད་གནང་མཁན་ཞིག་མིན་པས་དད་པ་དག་སྣང་གིས་འོས་བླུགས་དགོས་མེད། ད་ལྟའི་འོས་བསྡུའི་སྐབས་ཀྱང་ཆོལ་ཁ་གཞན་གཉིས་ཀྱི་མི་མང་ཆེ་བས་ལྷག་བསམ་རྣམ་དག་གིས་འཐེན་འཁྱེར་མེད་པར་འོས་བསྡུར་ཞུགས་ཡོད། བློ་སེང་ལ་རྒྱབ་སྐྱོར་བ་དབུས་གཙང་དང་མད་◌ོསྨད་ཀྱི་མི་ཁྲི་ཁ་ལོང་བ་ཡོད། ཁོང་ཚོས་རང་ཉིད་བློ་སེང་ལ་རྒྱབ་སྐྱོར་བ་ཡིན་ཞེས་ལྷག་བསམ་རྣམ་དག་གིས་མདུན་དུ་ཐོན་ནས་ཤོད་ཕོད་ལ། ལས་འགུལ་ཡང་སྤེལ་ཐུབ་ཀྱི་འདུག
བཀྲ་ཤིས་དབང་འདུད་དང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་བྱེད་པའི་མདོ་སྟོད་ཀྱི་མི་ བཅུ་ཙམ་ཡང་མེད་པ་དང་། རེ་གཉིས་ཤིག་ཡོད་པ་རྣམས་ཀྱང་མདུན་དུ་ཐོན་མི་ནུས་པར་ལྐོག་ལྐོག་སུད་སུད་ངང་གནས་དགོས་པ། དེའི་རྒྱབ་ཏུ་གནོན་ཤུགས་གང་འདྲ་ཞིག་སྤེལ་གྱི་ཡོད་དམ། འདི་ནི་ངེས་པར་སྣང་འཇོག་བྱེད་འོས་པའི་དྲི་རྟགས་ཆེན་པོ་ཞིག་ཡིན། ས་གནས་མང་པོ་ཞིག་ཏུ་བསྟན་འཛིན་རྣམ་རྒྱལ་གྱི་སྐུ་པར་ལ་འདམ་བགས་བྱུགས་པ་དང་དབྲལ་བ། ཁ་མིག་བྲུ་བ་མི་མང་མགོ་བསྐོར་བའི་ཡིག་ཆ་རྫུན་མ་དང་འཆལ་གཏམ་སྣ་ཚོགས་འགྲེམས་སྤེལ་བྱས་པ་དང་། ངས་ཐོས་པར་གཞིགས་ན། བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་བྱེད་པའི་གཞོན་ནུ་ཉམ་ཆུང་ཞིག་གི་མགོ་བོར་ལྷོ་ཕྱོགས་སུ་ཁམས་པའི་གྲྭ་པ་ཞིག་གིས་དབྱུག་པས་རྡུང་བརྡེགས་བྱས་ཀྱང་། ཕོ་གསར་དེས་ཡ་ལན་རྩ་བ་ནས་བྱས་མེད་པ་མ་ཟད། བསྟན་འཛིན་རྣམ་རྒྱལ་གྱིས་གནས་ཚུལ་དེ་ཤེས་རྗེས་ཕོ་གསར་དེར་གནས་ཚུལ་དེ་ཕྱི་ཕྱོགས་སུ་ཁྱབ་བརྡལ་ཕྱིན་ན་སྤྱི་ཚོགས་སུ་བརྡབ་གསིག་ཆེན་པོ་ཡོང་རྒྱུར་བརྟེན། བཟོད་བསྒོམས་དགོས་པའི་སྐོར་བཤད་དེ་གསང་བ་བྱས་འདུག ད་དུང་བློ་སེང་ལ་འོས་གཅིག་ཐོག་ཏུ་འབབ་ཆེད། ཁམས་པ་མང་པོ་གནས་སྡོད་བྱེད་པའི་གཞིས་ཆགས་ཤིག་ཏུ་འོས་ལྡུག་སྟངས་སློབ་སྦྱོང་སྤྲད་པའི་གནས་ཚུལ་འདུག གནས་ཚུལ་དེ་རིགས་ཀྱིས་ད་ལྟའི་འོས་བསྡུའི་གནས་སྐབས་སུ་སུས་ཆིག་སྒྲིལ་གྱིས་རྣམ་པ་མཚོན་དང་སུས་ཆིག་སྒྲིལ་གྱི་རྣམ་པ་བསྟན་མེད་གསལ་རྟོགས་ཐུབ། ཁྱོད་ཚོའི་ཕྱོགས་ལྷུང་ཆེ་བའི་ལྟ་སྤྱོད་ལ། ཁམས་པའི་མི་ཞིག་མགོ་ཁྲིད་དུ་བདམས་ན་ཆིག་སྒྲིལ་གྱི་རྣམ་པ་མཚོན་པ་དང་། ཆོལ་ཁ་གཞན་གཉིས་ཀྱི་མི་ཞིག་མགོ་ཁྲིད་དུ་བདམས་ན་ཆིག་སྒྲིལ་མེད་པ་ཞིག་རེད། གོང་གསལ་དེ་རྣམས་དང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་བྱེད་པའི་དང་བླངས་གཞོན་ནུ་ཚོགས་པའི་ལས་འགུལ་སྤེལ་སྟངས་གཉིས་བསྡུར་ན། ཡ་རབས་མ་རབས་སྤྱོད་པས་ཤེས་པ་འདུག
དབུས་གཙང་མི་མང་གིས་བཅོལ་བའི་སྤྱི་དོན་ལྷག་བསམ་རྣམ་དག་གིས་མ་བསྒྲུབས་པར། དྲིན་ལན་ལོག་འཇལ་བྱེད་མཁན་སྤྱི་འཐུས་ནས་མཐར་ཕུད་བཏང་བའི་ཀརྨ་ཆོས་འཕེལ། རྒྱལ་བ་ཀརྨ་པའི་མཛད་འཕྲིན་ལ་བསམ་གཞིགས་གཏན་ནས་མ་བྱས་པར། བཀའ་རྒྱུད་པའི་སྔོན་འགྲོའི་སྤྱི་འཐུས་སུ་འོས་འདེམས་བྱས་པ་སོགས་སྲིད་དོན་འཁྲབ་ཚུལ་དེ་རིགས། ཚེ་ཕྱི་མ་ཇི་མི་སྙམ་པའི་བརླངས་སྤྱོད་དང་། དགྲ་བོ་རྒྱ་དམར་ལས་ནང་ཁུལ་འཐབ་རྩོད་གཙོ་གནད་དུ་བཞག་པའི་དཔང་རྟགས་གསལ་གསལ་རྗེན་རྗེན་ཞིག་རེད།
གལ་ཏེ་བློ་སེང་ལ་འོས་ཤོག་ཐོབ་ཡོད་ན། ཧ་ལོག་སོང་བའི་རྒྱུ་མཚན་གཞན་ཞིག་ནི། འོས་བསྡུ་ལས་ཁུངས་ནས་ཟླ་བ་དེའི་ཚེས་ ༡༦ ནས་གསལ་བསྒྲགས་རིགས་ཀྱང་སྤེལ་མི་ཆོག་པའི་བཀའ་རྒྱ་གནང་ཡོད་རུང་། ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྱི་ཞ◌ོགས་པའི་ཆུ་ཚོད་ ༡༠ ཐོག་གློ་བུར་བློ་སེང་མི་ཚོགས་མང་བའི་རྡ་སའི་གཙུག་ལག་ཁང་དུ་འོས་རྡུག་བཞིན་པའི་སྐབས། བློ་བཟང་དབང་རྒྱལ་གྱི་ངག་བཀོད་བཞིན་ཐོན་ཏེ། གསར་འགོད་པར་ལན་འདེབས་བྱེད་རྒྱུ་སོགས་རང་ཉིད་ཁྱབ་བསྒྲགས་ཆེད་ཡོང་ཡོད། བོད་མི་མང་སྤྱི་འཐུས་ལེགས་པོ་ཞིག་གདམ་རྒྱུ་དེ་བློ་སེང་གིས་གཏམ་བཤད་སྐབས་ཡང་ཡང་བཤད་ཡོད། འོན་ཀྱང་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་ཤོག་དང་རྒྱ་གར་ནང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་ཤོག་དེ་གཉིས་གཅིག་མིན་པས། བློ་སེང་གིས་སྤྱི་འཐུས་ཀྱི་འོས་ཤོག་དེ་ཇི་ལྟར་འཕངས་ཡོད་དམ། བོད་ཀྱི་བང་ཆེན་གསར་ཤོག་ནས་ད་དུང་དེ་དཔལ་དང་རྒྱན་དུ་ངོམ་ཡོད་པ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ནས་བློ་སེང་རང་གི་ཐོབ་ཐང་གི་འོས་ཤོག་འཕངས་པར་ཕྱིན་པའི་སྐོར་གཅིག་རྒྱབ་གཅིག་སྣོན་ཚུལ་དུ་བཤད་ཡོད། དེ་ལ་སོགས་པ་བོད་ཀྱི་བང་ཆེན་གྱིས་བློ་སེང་གི་ཞན་ཆའི་རིགས་ལ་གླེང་སློང་རྩ་བ་ནས་མི་བྱེད་པར། འ◌ུད་བསྟོད་བྱེད་གང་ཐུབ་དང་། ཕྱི་རྒྱལ་བར་བོད་ཀྱི་མཛངས་མའི་མིང་འཁུར་ནས་དངུལ་སློང་བར་ལྕགས་གདོང་བློ་བཟང་དབང་རྒྱལ་དང་། ཆབ་སྲིད་བཙོན་པའི་ཐ་གྲས་དཔལ་ལྡན་རྒྱ་མཚོ་དང་དགའ་གྲྭ་བག་གྲོ། ལྷག་པར་དཔལ་ལྡན་རྒྱ་མཚོ་བཙོན་དུ་སྡོད་སྐབས་མི་གང་འདྲ་ཞིག་ཡིན་པ་ཁོ་དང་དུས་མཉམ་པའི་ཆབ་སྲིད་བཙོན་པ་རྣམས་ལ་དྲིས་དང་གསལ་པོ་ཤེས་ཡོང་། དེ་བཞིན་ཆོས་དོན་ལས་ཁུངས་ཀྱི་ལས་ཤོག་རྫུན་མ་བཟོས་ཏེ་མི་མང་ལ་མགོ་བསྐོར་ནས་དངུལ་བསྡུ་སློང་བྱས་ཏེ། བྱང་པ་སྐྱིད་སྡུག་ཆུ་ལ་གཡུགས་མཁན་རྡ་ས་ནས་རྒྱང་ཕུད་བཏང་བ་དང་། དེང་སྐབས་ཡང་བསྐྱར་མོན་གྷོ་གཞིས་གྲོང་དུ་གནས་སྡོད་ངམ་རིང་པ་ཚེ་བརྟན་ནོར་བུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་སྐབས་འཚོལ་བ་བོང་བུ་འཆི་མེད་གཡུ་དྲུང་བཅས་རྒྱབ་ལྗོངས་གཙང་མ་མེད་པའི་མི་ཤ་སྟག་གིས་ཕྱོགས་བཞི་མཚམས་བརྒྱད་ཚང་མར་འུད་སྒྲོག་ཚད་མེད་བྱས་ཏེ། མང་གཙོའི་ན་ཚོད་མ་སྨིན་པའི་བཙན་བྱོལ་མི་མང་རྣམས་ལ་མགོ་བསྐོར་བཏང་བས་ན། ང་ཚོ་ཧ་ལོག་སོང་བ་རེད།