སྐལ་བཟང་ཉི་མས་བསྒྱུར།
བཞི་བའི་ཀྱལ་ཀའི་ཉིན་ལ་སྐབས་འགའ་རེར་ཐམས་ཅད་ཀྱལ་ཀ་ཡིན་པའི་ཉིན་མོ་རུའང་འབོད་ལ། ཉི་མ་འདི་ནི་ལོ་འཁོར་གཅིག་རིང་གི་སྣང་བ་ཆེས་སྐྱིད་པའི་ཉིན་མོ་ཡིན་ཞིང་། ཀྱལ་ཀའི་ཉིན་མོའི་འབྱུང་ཁུངས་གང་ཡིན་གཏན་འཁེལ་ཞིག་མེད་དེ། ཁ་ཤས་ཀྱིས་དེ་ནི་ནམ་དུས་ཀྱི་འགྱུར་བའི་དུས་སྟོན་རྩི་སྲུང་དང་འབྲེལ་བ་ཡོད་པར་སྨྲ་བ་དང་། གཞན་ཡང་ལོ་ཐོ་གསར་བ་ཞིག་དང་དམ་དུ་འབྲེལ་ཡོད་པར་བརྗོད་པའང་ཡོད་དོ།།
དེ་ཡང་རོམ་དང་ཧིན་དྷི་ཚུད་པའི་གནའ་བོའི་སྲོལ་རྒྱུན་ལྟར་ན་ལོ་གསར་སྤྱི་ཟླ་བཞི་བའི་ཚེས་གཅིག་ཉིན་ནམ་ཉི་མ་དེའི་ཡས་མས་ཤིག་ལ་སྲུང་བརྩི་བྱེད་པ་དང་། དེ་ནི་དཔྱིད་ཉིན་མཚན་མཉམ་པའི་དུས་དེ་སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུའམ་ཉེར་གཅིག་ཡིན་ལུགས་དང་ཐག་ཉེ་བར་བྱས་པ་རེད་འདུག་ཅིང་། དུས་རབས་བར་མའི་ནང་དུ་ཡུ་རོབ་ལུང་པ་མང་ཆེ་བས་སྤྱི་ཟླ་གསུམ་པའི་ཚེས་ཉེར་ལྔ་སྟེ་བསྒྲགས་གཏམ་སྤེལ་བའི་ཉིན་མོ་ལོ་གསར་ཚེས་འགོ་རུ་བརྩི་སྲུང་བྱས།
སྤྱི་ལོ་༡༥༨༢ལོར་ཡི་ཤུའི་བླ་ཆེན་བཅུ་གསུམ་པ་ཆེན་པོ་གྷི་རི་གྷོ་རེ་མཆོག་གིས་ལོ་ཐོ་ (ཡི་ཤུའི་ལོ་ཐོ། ཕྱི་ལོ་༡༥༨༢ལོ་ནས་བཟུང་ནུབ་ཕྱོགས་ཀྱི་ལོ་ཐོ་རྩི་སྲོལ། སྨོན་ལམ་ཚིག་མཛོད་ལས་དྲངས།)གསར་བ་ཞིག་བཀོད་ཁྱབ་བཏང་པ་དང་། ལོ་ཐོ་གསར་པ་དེས་ལོ་གསར་སྤྱི་ཟླ་དང་པོའི་ཚེས་གཅིག་ལ་རྩི་སྲུང་བྱེད་དགོས་པའི་འབོད་སྐུལ་གནང་། ལོ་དེར་ཧྥ་རན་སི་ཡིས་ལོ་ཐོ་གསར་པ་དེར་མོས་མཐུན་བྱས་ཏེ་ལོ་གསར་ཕྱི་ཟླ་དང་པོའི་ཚེས་གཅིག་ལ་བསྣུར་བ་དང་། དེའི་སྐོར་གྱི་ཁྱབ་ཆེའི་གསལ་བཤད་ཅིག་དང་བསྟུན་ནས་མི་དམངས་མང་པོ་ཞིག་གིས་ཟླ་ཚེས་གསར་པ་དེ་ཁས་ལེན་མི་བྱེད་པའམ་དེའི་སྐོར་ལ་སྦྱོང་བ་གང་ཡང་མ་བྱས་པར་མུ་མཐུད་ནས་ལོ་གསར་སྤྱི་ཟླ་བཞི་པའི་ཚེས་གཅིག་ལ་བརྩི་སྲུང་བྱས་ཤིང་། གཞན་མི་མང་པོ་ཞིག་གིས་རྒྱུན་སྲོལ་རིག་ལུགས་པ་འདི་དག་གིས་ཀྱལ་ཀ་བཟོ་འགོ་བརྩམས་ཏེ་ཁོང་ཚོར་ཀྱལ་ཀའི་བང་ཆེན་མངགས་པའམ། ཡང་ན་ཁོང་ཚོས་དེ་ལས་གཞན་ཞིག་ལ་ཡིད་ཆེས་བྱེད་པར་བསླུ་ཐབས་བྱས་པ་དང་། དེར་མཐུད་ནས་བྱེད་ཐབས་དེ་ཡུ་རོབ་ཡོངས་ལ་ཁྱབ་བོ།།
ཟླ་བཞི་བའི་ཀྱལ་ཀའི་ཉིན་མོའི་འབྱུང་ཁུངས་ཐད་བཤད་སྟངས་གཞན་ཞིག་ཡོད་པ་ནི་བྷོ་སུ་ཏྲོན་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སློབ་དཔོན་ཆེན་མོ་ཇཱོ་སི་ཧྥི། བྷོ་སུ་ཀིན་མཆོག་གིས་མཁོ་འདོན་གནང་བ་དེ་ཡིན་ལ། ཁོང་གིས་ཀྱལ་ཀའི་བྱེད་ཐབས་འདི་ཁོན་སུ་ཁྲན་ཁྲིན་གྱིས་རྒྱལ་སྲིད་འཛིན་པའི་སྐབས་སུ་བྱུང་བར་འགྲེལ་བརྗོད་གནང་ཡོད་ཅིང་། དེ་ཡང་སྐབས་དེར་རྒྱལ་པོའི་ཁབ་ཀྱི་བཞད་གད་སློང་མཁན་སྐོར་ཞིག་དང་ཀུ་རེ་མཁན་ཚོས་རོམ་གྱི་རྒྱལ་པོ་མཆོག་ལ་ཁོང་ཚོར་རྒྱལ་སྲིད་སྔར་ལས་འཕེལ་བའི་བྱ་བ་ཞིག་བརྩམ་རྒྱུ་ཡོད་ཚུལ་སྙན་སེང་ཞུས་པ་དང་། ཁོན་སུ་ཁྲན་ཁྲིན་དེ་ལ་མགོ་འཁོར་ཏེ་མིང་ལ་ཀ་རྗལ་ཟེར་བའི་བཞད་གད་སློང་མཁན་དེ་ཉིན་གཅིག་གི་རིང་ལ་རྒྱལ་པོ་བྱེད་དུ་བཅུག ཀ་རྗལ་གྱིས་ཉི་མ་དེར་ཆོ་མེད་རྐྱང་བྱེད་པའི་བཀའ་རྩ་ཁྱབ་བསྒྲགས་བྱས་པ་དང་། དེ་ནས་ལམ་སྲོལ་དེ་ལོ་རེ་བཞིན་གྱི་རྩེད་རིགས་ཤིག་ཏུ་གྱུར་བ་རེད་དོ།།
༤པའི་ཚེས་༡སྐོར་དེ། བློ་བསྐྱེད་ཐུབ་བྱུང་བས། རྩམ་བྲིས་ལ་བཀའ་དྲིན་ཆེ།
ཨ་ལེ། བྱས་ན་དེ་འདྲ་ཡིན་པ་རེད།
ངས་འདིའི་བྱུང་བ་དག་མི་ཤེས་མོད། འོན་ཀྱང་ཉིན་མོ་འདིར་ཀྱད་གས་མི་མང་པོར་མགོ་སྐོར་བཏང་མྱོང་། གཞན་གྱིས་ཀྱང་རང་ལ་མགོ་སྐོར་བཏང་མྱོང་། ད་བྱས་དུས་ཉིན་མོ་འདི་འདི་ལྟར་བྱུང་བ་ཡིན་པ་འདྲ། སྐལ་བཟང་ཉི་མས་ཉིན་མོ་འདི་ངོ་སྤྲད་པར་དགའ་བྱུང་ཡག་བྱུང་ཟེར་གི་ཡིན་ད།
ཁྱེད་ནས་གནད་འགག་རྐྱང་རྐྱང་ངོ་སྤྲོད་བྱེད་ཀྱི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཚོ་སློབ་གཉེར་བྱེད་དུས། ཕྱག་དཔེའི་དགེ་རྒན་ཞིག་གིས། རྫུན་ཤོད་པའི་ཉིན་མོ་སྲུང་བརྩི་བྱས་ན། སངས་རྒྱས་བཀའ་དང་འགལ་བ་རེད། ཅེས་བཀའ་བཀྱོན་ཡང་གཟེད་མྱོང་ལགས། ༤པའི་ཀྱལ་ཀའི་ཉིན་མོ། ཞེས་བཏགས་ན་མི་འོས་སམ།
གཅིག་གཅིག་བྱུང་ཤག རེད་པེ། རེད་འདུག ཟེར་དུས། དེ་རེད་མི་འདུག་ག ཞེས་བདེན་པ་གསལ་སྟོན་བྱས་དུས། ཨེབ་རེལ་ཕུལ། ཧ་ཧ་ཧ།
སྤྱི་ཟླ་བཞི་པའི་ཚེས་གཅིག་ཉན་ནི་མགོ་སྐོར་དུས་ཆེན་འདི་ལྟ་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ།
དེང་སང་སྐྱེས་པ་དེ་ཚོས་བུད་མེད་ཀྱི་མིང་རྐུ་རྐྱང་རེད།
ཀརྡོ་རབ་འབྱམས་པ་དང་ཆོས་བཟང་ལྷ་མོ་ལགས་གཉིས་ནས་མིང་འདོགས་སྟངས་ཐད་ལ་བསམ་འཆར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ། གཞན་འདིར་ཕེབས་དྲ་གྲོགས་ཡོངས་ཀྱིས་འདི་ལྟར་ཉི་མ་འདི་ལ་མིང་སྟབས་བདེ་གོ་བདེ་རེ་གནང་རོགས།
ཡང་ན།
ཨེབ་རིལ་ཕྰུལ། ལ། ཀྱལ་ཀ་རྩེད་མཚར་གྱི་ཉིན་མོ།
ཞེས་པ་ཡང་འདོགས་པ་མི་འོས་སམ།
གང་བདེར་བྱོས།
དྲ་ཐོག་རྣམ་པར་བཀྲིས་བདེ་ལེགས།
April fool’s Day ཀྱལ་ཀའི་ཉིན་མོ.
དེ་ཡི་འབྱུང་ཁུངས་དང་བྱུང་རབས་སོགས་ཁ་གསལ་གཏིང་རིང་དུ་གསུང་འདུག་པས་དགའ་བོ་བྱུང་སོང་། ཐུགས་རྗེ་ཆེ། ཕྲན་ཉིད་ནི་ཀླད་རྙིང་ཐལ་མདོག་ཅན་ཞིག་ཡིན་སོང་བས་རང་རིས་ཕ་གནས་བུ་ཐོག་གི་སྐབས་སུ་ཁྱད་པར་གྱི་དུས་བཟང་གང་དང་གང་ལ་རྩིས་སྲུང་བྱས་ཡོད་པ་དེ་རང་ལས་གཞན་ནི་ཅི་ལ་ཡང་མི་འཐད་མཁན་ཞིག་ཆགས་ཡོད། ཕྱོགས་གཅིག་ཏུ་ན། ཕྲན་རང་་སྟན་པ་གཅིག་རྐྱང་གི་རྗེས་སུ་འབྲང་བ་དང་། དགོས་པ་དང་ཆེ་བ་དེ་ཙམ་མེད་པའི་ལམ་ལུགས་ལ་དོ་སྣ་དང་སྣང་མེད་དུ་གཏོང་མཁན་ཞིག་ཡིན་པ་རེད། དཔེར་ན། སྤྱི་ལོའི་ལོ་གསར། ཡི་ཤུའི་འཁྲུངས་སྐར། ཀྱལ་ཀའི་ཉིན་མོ། མཛའ་བརྩེའི་ཉིན་མོ་སོགས་ལཧ་ཅང་གི་དགའ་བོ་མེད། ངའི་དྲ་གྲོགས་འགའ་ཞིག་ནི། དེ་དག་ལ་དགའ་ཞེན་དང་དོང་ལེན་ལག་བསྟར་བྱས་བྱེད་བཞིན་ཡོད་དུས། ངས་ཁོང་ཚོར་ཀུ་རེ་དང་འབྲེལ་ཏེ། ཁྱེད་ཚོ་མི་གཞན་དང་གཞན་གྱི་ལམ་ལུགས་སུ་ཆུད་པ་རེད། ང་ནི་ང་རང་གི་རིག་གཞུང་དང་ཆོས་ཀྱི་མཉམ་དུ་ཡོད་ཅེས། ཟེར་གྱིན་ཡོད།
གཅིག་བྱས་ན། ང་བློ་སྦུབས་དོག་དྲགས་པ་རེད། གཅིག་བྱས་ན། ང་ང་རང་གི་ས་ན་ཏག་ཏག་བསྡད་ཡོད་བསམ་པ་ཡོང་གི ལགས་སོ།།