ཟླ་བ་གཞོན་ནུ།
རྒྱུ་སྐར་སྒྱུ་མའི་རོ་བྲོ་འཛོམས་ས་ནས།།
སེམས་ཀྱི་མགོ་འཕང་མཁའ་ལ་གཏད་ན་ཡང་།།
དུག་གི་མཆུ་མདུང་ཕྲ་མོ་བཙུགས་བྱས་ནས།།
དྭངས་མའི་ཁྲག་ཁུ་འདྲེན་ལ་ཨ་ཐང་ཆད།།
ཁུ་སིམ་རླུང་བུས་ཟོས་པའི་གྲུ་ག་ནས།།
ལྷ་ཡི་ཕོ་ཉར་སྒུག་པའི་རེ་སྨོན་འདི།།
ས་སྒང་ཉི་འོད་ཕོག་པའི་དུས་ཀྱི་ཚེ།།
མཁའ་ལ་ངང་གིས་འགྲོ་བའི་རླངས་པར་ངེས།།
དགའ་མའི་ཟོལ་གྱི་དཔེ་དེབ་བརྩེགས་མ་དག།
ནམ་ཡང་ལྷིང་འཇགས་རང་དབང་འཐམས་བྱས་ཏེ།།
མི་སེམས་ལྐུགས་པར་གྱུར་བའི་བརྡ་ཐབས་ལ།།
སེམས་གསོའི་ཚིག་གི་སྣོན་པ་ཅང་མི་འདུག།
ངེས་ངེས་ཆུ་ཚོད་བཤད་ཚོད་མ་ཐུག་ཀྱང་།།
བདེན་པ་ཁ་ལ་འཐུལ་བའི་ཡུལ་ཞིག་ཏུ།།
མ་འོངས་སྦྲང་ཆུང་གཤོག་པའི་སྲབ་མཐུག་ལས།།
ལེགས་ཉེས་རྒན་པོའི་གདོང་པ་མངོན་ནས་འདུག།
ཟླ་བ་སྤྱང་ཀིའི་མཆེ་བའི་སྣེ་མོ་ནས།།
གསོན་ཤུགས་སྙིང་སྟོབས་མེ་ལྕེ་མཆེད་མཆེད་དེ།།
སྙིང་ལ་ཨ་ཚ་ཞིག་གི་རྨ་ཁ་འདི།།
འདས་པའི་རྒྱུན་ཐག་ཅིག་གི་རྩེ་ནས་འཛུམ།།
སེམས་ཀྱི་སྣ་ཐག་གཞན་ལ་གཏོད་དུས་སུ།།
འགྱོད་པའི་འུར་རྡོ་རྒྱང་ལ་དོར་བྱས་ཀྱང་།།
སེམས་ངལ་ཞིག་གི་མཛོ་མོ་ནག་རིལ་མ།།
ཐག་སྣེ་ལྷོད་པོ་དེ་ཡིས་དམ་ལ་བཏགས།།
སེམས་ཚེགས་སྐར་མ་མཁའ་ལ་འཐོར་ན་ཡང་།།
ཉི་མའི་ཕྱག་རིང་རྐྱོང་བའི་སེམས་གསོ་ཡོད།།
ལམ་སྣེ་ཞིག་གི་རྡོག་སྣེ་དེད་བྱས་ཏེ།།
སེམས་ཀྱི་ལམ་བུ་སྙེག་པའི་སྟ་གོན་བྱ།།
དགའ་སྣང་སྤྲིན་ལ་བསྐྱོན་པའི་བྲེལ་ཤ་ལས།།
པང་སེ་ས་ལ་གཡུག་རྒྱུ་མི་ནུས་ཀྱང་།།
འཛུམ་པའི་མུ་ལ་མིག་ཀྱང་སྦྲིད་བྱས་ནས།།
བཅུད་ཀྱི་སྣབས་ཏོ་གང་སར་གཏོར་བར་བྱ།།
འདས་སོང་སྦྲང་རྩིས་སྦགས་པ་ཉིན་མོའི་དུས།།
ཆུ་ཚོད་བདུད་ཀྱི་བགྲོད་པ་མ་ཐོངས་ནས།།
དགའ་སྐྱིད་ཞིམ་མངར་ལྡག་པའི་བྲེལ་སྟབས་ཀྱིས།།
སེམས་པ་ཆུང་ཆུང་དོན་མེད་སྡུག་ལ་བསྐུར།།
སྐྱ་སེང་དུང་ཟླ་འཛུམ་པའི་མཁའ་ལམ་ལས།།
རིན་མེད་ཟླ་ཟེར་མགྲོན་ལ་གདན་དྲངས་ཏེ།།
འདས་ཟིན་རབ་རིབ་གྲོང་ལ་གསལ་བཏབས་ནས།།
བརྩེ་དགའི་འཆར་ཡན་ཡིད་ལ་བསྐྱར་དུ་འགོད།།
༢༠༡༡།༤།༣་ལ།
ཨ་རོད་བདེ་མོ་ཡིན་ནམ། ཅི་རེད། དཔེ་འཇོག་ཚང་མ་གནམ་གྱི་གཟའ་སྐར་རྐྱང་རྐྱང་ཡིན་ནོ།། དེང་སང་སྐར་རྩིས་ལ་ཆེད་དུ་སྦྱོང་གི་ཡོད་ནི་ཆེས་ཡིན་རེ། ཧ་ཧ་ཧ། རྩེད་མོ་ཡིན། ཚིགས་བཅད་སྙན་མོ་ཞིག་བྲིས་འདུག ངོ་མ་དགའ་སོང་ལོ།།
ཉི་མའི་དྲོད་ཁོལ་ལྟ་བུའི་སེམས་གསོ་མི་ཉན།།
རྡོ་རྗེ་ཕ་ལམ་ལྟ་བུའི་རྐང་སྟེགས་མི་ནུས།།
འོན་ཏེ་གྲོགས་ཚོ་དགའ་བདེ་སྤྲོ་བས་འཚོ་ན།།
མི་ངའི་སེམས་ཀྱི་ཟླ་བ་ཡར་ཡར་འཕེལ་ལོ།།
གཟའ་སྐར་ལ་ལྟོས་དང་ཡ། http://www.kyareng.org/
སྙན་ངག་ཟེར་ཡག་འདི་གོ་ཡག་དཔེ་ཁག་པོ་འདུག
སྤྱིར་ང་རང་ལ་སྙན་ངག་གི་གོ་སྟོབས་མེད་པ་གང་ལྟར་སྙན་ངག་གི་ཉིང་བཅུད་དུ་བརྩི་བ་གང་མང་དོན་ཆ་ཚང་གོ་ཐུབ་པ་མི་འདུག
དཔེར་ན་ར་མ་ཎའི་རྟོགས་བརྗོད་དང་ཞུ་འཕྲིན་ཕོ་ཉ་གཞོན་ནུ་དོན་གྲུབ་སོགས་ཀྱི་ཚད་མཐོ་དྲགས་པས་གོ་ཡག་དཔེ་ཁག་པོ་འདུག
ཡིན་ནའང་ང་རང་གིས་དེ་སྙན་ངག་གི་སྐྱོན་དུ་མི་སྙམ་པར་ཀློག་མཁན་རང་གི་སྐྱོན་རེད་བསམ་གི
འདི་ཡང་ཞིང་ཁམས་གཞན་ཞིག་ལ་སླེབས་པ་ལྟ་བུའི་སྙན་ངག་ཅིག་ཏུ་མཐོང་།
ཞི་བདེ་རླུང་བུས་འཁུར་བའི་གྲུ་ག་དེ་ན། །
སྟོབས་འབྱོར་ལང་ཚོས་ཕྱུགས་པའི་ཁེངས་པ་དང་བཅས་ཏེ། །
སྣ་ཐག་མི་ལ་སྤྲད་ནས་བདེ་བ་ཞིག་འཚོལ་ཡང་། །
བསོད་ཟད་མི་ལས་དམན་སྤྱང་ཀའི་མཆེ་བ་ལས་ཅི་ཐོབ། །
ལ་དགུ་ལུང་དགུ་བསྐྱོད་ཅིང་མངོན་འདོད་རེ་བསྒྲུབས་ཀྱང་། །
དུག་གིས་ཚེར་མས་གང་བའི་ཡུལ་ལྗོངས་ཀྱི་ཟུར་ན། །
སེམས་ཀྱི་མགོ་འཕང་མཁའ་ལ་གཏད་ཕོད་དེ་མི་འདུག །
དྭངས་མའི་ཁྲག་ཁུ་འབྱིན་པའི་གསོན་འདྲེ་དེ་མང་བ། །
ལྷ་ཡི་ཕོ་ཉར་སྒུག་པའི་རེ་སྨོན་དེ་ཁུར་ནས། །
ས་སྒང་ཞིག་ཏུ་བགྲང་བྱ་བཅུ་ཕྲག་ལྷག་བསྒུགས་ཀྱང་། །
བྱིས་པས་མཇའ་མཚོན་བསྙེགས་པའི་གཏམ་བརྒྱུད་དང་མཚུངས་ཤིང་། །
མཁའ་ལ་ངང་གིས་འགྲོ་བའི་རློངས་པ་ཞིག་ལས་ཡིན། །
ཞི་བདེ་རླུང་བུས་འཁུར་བའི་གྲུ་ག་དེ་ན། །
སྟོབས་འབྱོར་ལང་ཚོས་ཕྱུགས་པའི་ཁེངས་པ་དང་བཅས་ཏེ། །
སྣ་ཐག་མི་ལ་སྤྲད་ནས་བདེ་བ་ཞིག་འཚོལ་ཡང་། །
བསོད་ཟད་མི་ལས་དམན་སྤྱང་ཀའི་མཆེ་བ་ལས་ཅི་ཐོབ། །
ལ་དགུ་ལུང་དགུ་བསྐྱོད་ཅིང་མངོན་འདོད་རེ་བསྒྲུབས་ཀྱང་། །
དུག་གིས་ཚེར་མས་གང་བའི་ཡུལ་ལྗོངས་ཀྱི་ཟུར་ན། །
སེམས་ཀྱི་མགོ་འཕང་མཁའ་ལ་གཏད་ཕོད་དེ་མི་འདུག །
དྭངས་མའི་ཁྲག་ཁུ་འབྱིན་པའི་གསོན་འདྲེ་དེ་མང་བ། །
ལྷ་ཡི་ཕོ་ཉར་སྒུག་པའི་རེ་སྨོན་དེ་ཁུར་ནས། །
ས་སྒང་ཞིག་ཏུ་བགྲང་བྱ་བཅུ་ཕྲག་ལྷག་བསྒུགས་ཀྱང་། །
བྱིས་པས་མཇའ་མཚོན་བསྙེགས་པའི་གཏམ་བརྒྱུད་དང་མཚུངས་ཤིང་། །
མཁའ་ལ་ངང་གིས་འགྲོ་བའི་རློངས་པ་ཞིག་ལས་ཡིན། །
མིག་ལགས་ཀྱི་རྩོམ་པ་འདི་མཐོང་རྗེས་ང་རང་གིས་གོང་གི་རྩོམ་པ་པོའི་དགོངས་པ་ཅུང་ཙམ་གསལ་ཙམ་རྟོགས་སོང་།
མཚོན་སྟོབས་ཀྱི་ཆ་ཕྱུག་པ་ལ་དཔེ་རེད།
འདི་ཕལ་ཆེར་སྙན་གཞུང་དག་ཏུ་ཕྲ་མོའི་རྒྱན་དང་ཆའི་རྒྱན་ཟེར་བ་ལ་སོགས་པའི་རྒྱན་རྒྱག་སྟངས་ཡོད་པ་དེ་དག་གི་མཚོན་ཐབས་སྤྱད་ཡོད་པ་འདྲ་མོད།
རང་ཉིད་སྦྱང་པ་ཞན་པས་ཞུ་ནུས་མ་སྤོབས།
སྙན་ངག་ལ་འདྲིས་ཆ་ཆེ་བ་ཞིག་གིས་དཔྱད་བརྗོད་རེའམ་ཡང་ན་ཚིག་འགྲེལ་དང་དོན་འགྲེལ་རེ་བྱེད་ཐུབ་ན་ང་ལྟ་བུ་དབང་པོ་རྟུལ་བ་དག་ལ་ཐུགས་ཕན་སོས་སྲིད།
སེམས་ཀྱི་སྣ་ཐག་གཞན་ལ་གཏོད་དུས་སུ།།
འགྱོད་པའི་འུར་རྡོ་རྒྱང་ལ་དོར་བྱས་ཀྱང་།།
སེམས་ངལ་ཞིག་གི་མཛོ་མོ་ནག་རིལ་མ།།
ཐག་སྣེ་ལྷོད་པོ་དེ་ཡིས་དམ་ལ་བཏགས།།
ཨ་ཨ་ཨ་ཨ་ཨཨ