སྐར་ཁྲི་བཙན་ནས།
གདོང་ལྤགས་ལྕགས་རི་ལས་འཐུག་པའི་ཁ་རྩང་ནས།།
ངོ་ཚའི་ཐ་སྙད་ཙམ་མ་ངེས་དེ་རིང་བར།།
མཐོང་ཚད་གདོན་ལ་ཞིག་སྣང་བའི་ཁ་རྩང་ནས།།
ཐོས་ཚད་རྣ་བར་ཞིག་གཟན་པའི་དེ་རིང་བར།།
རང་ཤོང་ཁུང་བུ་ཡི་བཙན་རྫོང་སྲུང་བ་ནས།།
མཛེས་པའི་སྤང་ཐང་ལ་འབར་འབུར་བཏོན་ན་ཡང་།།
རྩྭ་གཟན་བྱི་བ་ཡི་གྲལ་དུ་མ་ཚུད་པའི།།
ལོང་བ་སྔོ་རིལ་ང་སྙིང་རྗེའི་ཡུལ་དུ་གྱར།།
ངོ་ཚ་རྒྱབ་ལ་ཞིག་གཡུགས་པའི་ཁ་རྩང་ནས།།
མྱི་ཁ་མདུན་ལ་ཞིག་གྲགས་པའི་དེ་རིང་བར།།
ནག་ཉེས་ཡོད་ཚད་ཅིག་བསྐུངས་པའི་ཁ་རྩང་ནས།།
རང་མཚང་ཡོངས་སུ་བརྡོལ་བའི་དེ་རིང་བར།།
རང་ལ་དབང་བ་ཡི་མཚན་ལྗོངས་སྲུང་བ་ནས
མུན་པའི་འཇིག་རྟེན་ནས་འ་འུར་བསྒྲོགས་ན་ཡང་།།
ཤ་གཟན་འདབ་ཆགས་ཀྱི་གྲལ་དུ་མ་ཚུད་པའི།།
སྲིན་བྱ་འུག་པ་ང་ཡ་ངའི་གནས་སུ་ལྷུང་།།
མ་ཡིན་ཡིན་མདོག་ཅིག་བྱས་པའི་ཁ་རྩང་ནས།།
མི་འཇོན་འཇོན་མདོག་ཅིག་བསྟན་པའི་དེ་རིང་བར།།
ལྟ་བ་ཡོངས་སུ་ཞིག་་ལོག་པའི་ཁ་རྩང་ནས།།
སྤྱོད་པ་རང་རིགས་དང་མ་མཐུན་དེ་རིང་བར།།
ཤི་རོ་སྐམ་པོ་ཞིག་གཏན་དུ་སྲུང་བ་ནས།།
རྣོ་ལྡན་མཆེ་བ་ཡི་གྲལ་ནས་ངུ་ཟུག་ཀྱང་།།
གཏུམ་དྲག་གཅན་གཟན་གྱི་སྡེ་རུ་མ་ཚུད་པའི།།
འཕར་བ་རྔ་ནག་ང་མྱ་ངམ་ཐང་ན་ལུས།།
འབྲི་མཁན་གྱི་རེ་བ་ལྟར་བཀོད།
ཨ་ཡུན་རིང་མ་མཇལ་བའི་ངའི་བློས་ཐུབ་གྲོགས་པོ་སྐར་ཁྲི་བཙན་བདེ་བོ་ཡིན་ནམ། དེ་རིང་མཇལ་བ་དང་སྙན་ངག་ལེགས་པོ་ཞིག་སྐྱེས་སུ་ཁུར་ཡོང་བར་ཤིན་ཏུ་དགའ་བྱུང་། ཉིད་ལ་ངོ་དེབ་ཀྱི་ཁ་བྱང་ཡོད་ན་སྤྲོད་རོགས། ཡང་མིན་ན་ངའི་ཁ་བྱང་བརྒྱུད་ནས་འཚོལ་རོགས། ངའི་ཁ་བྱང་ནི་ངའི་མིང་དབྱིན་ཡིག་གིས་འབྲི་དགོས། གྲོག་མ་ཆུང་ཆུང་གཉིས་ཀྱི་པར་བཞག་ཡོད།
དྲ་གྲོགས་ཤ་ཀླན་འཇམ་དབྱངས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ
baichung karmatezen འདི་ངའི་ངོ་དེབ་ཀྱི་མིང་ཡིན
ཧ་ཅང་ཡག་པོ་བྲིས་འདུག་སུ་རེད།
ཡག་པོ་འདུག མུ་མཐུད་དུ།