སྣང་རྒྱལ་ཤེས་དགེ།
༼ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོ།༽ལ་བསམ་ཚུལ་བརྗེས་རེས་སུ།
བདེ་ ཆེན་སྒྲོལ་མ་ལགས། སྐུ་ཉིད་ཀྱིས་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ། ཁོ་བོས་རྩོམ་ཡིག་འདིའི་ཁ་བྱང་ལ་བསམ་འཆར་ཞིག་བཤད་ན་འདོད། ༸གོང་ས་མཆོག་བགྲེས་ཡོལ་བྱས་ནའང་ཉི་མ་ནུབ་སོང་བ་དང་གཏན་ནས་མི་འདྲ་སྟེ། བགྲེས་ཡོལ་དུ་ཕྱིན་པ་དེས་བོད་དོན་བློས་བཏང་བ་མཚོན་མི་ཐུབ་ལ་བློས་གཏོང་རྒྱུ་ མིན་པའང་ཞལ་གྱིས་བཞེས་ཡོད། དེར་བརྟེན་ཉི་མ་ནུབ་པ་དང་མི་མཚུངས། ནང་དོན་གྱི་ཆ་ནས་བཀའ་ཤག་གི་དགོངས་ཚུལ་ལ་གཞི་བཅོལ་འདུག་ཅིང་། བཀའ་ཤག་གི་དགོངས་ཚུལ་དེ་ཁོ་བོས་ན་ཚོད་མ་སྨིན་པའི་གཏམ་རེད་ཟེར་ན་མི་འགྲིག་ ནའང་ཐང་མོད། ཅི་བྱས་ཀྱང་ཁ་སེམས་མཐུན་པའི་གཏམ་ཞིག་གཏན་ནས་མ་རེད། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་རྒྱུ་རེད། ༸ གོང་ས་མཆོག་བགྲེས་ཡོལ་དུ་བཞུགས་ན་་༼རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་ཐབས་ རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་བ་དང་ གཟུགས་བརྙན་གསར་བ་བསྐྲུན་པའི་ནུས་པ་ང་ཚོ་ལ་ཡོད་མེད། གལ་སྲིད། ཡོད་ན་གཟུགས་བརྙན་གསར་བ་བསྐྲུན་པར་དུས་ཚོད་ག་ཚོད་འགོར་མིན།༽ སོགས་མ་འོངས་ལུང་བསྟན་གྱི་ཚུལ་དུ་བཤད་འདུག་མོད། བཤད་སྟངས་དེས་བཀའ་ཤག་གིས་༸གོང་ས་མཆོག་གི་ཞལ་བཞེས་ལ་ཡིད་ཆེས་བྱེད་ཀྱིན་མེད་ པའི་ཚོར་བ་ཞིག་ཀྱང་སྐྱེ་རུ་འཇུག་གིན་འདུག་སྟེ། ༸གོང་ས་མཆོག་གིས་བོད་དོན་ཐད་རང་ཉིད་བོད་པ་ཞིག་ཡིན་པས་ཆ་ནས་མི་ཚེ་གང་བོར་ འགན་འཁུར་རྒྱུ་ཡིན་ཞེས་ལན་གཅིག་མིན་ཏུ་གསུངས་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་བྱེད་སྟངས་འདི་དག་དག་རྒྱ་ནག་ལ་དགོས་རྒྱུ་དེ་རང་ ཡིན་ཞིང་དོན་དངོས་ཀྱི་ཆ་ནས་ཀྱང་ལང་ཤོར་དུ་སོང་བའི་གཞན་བརྟེན་གྱི་བསམ་བློ་ བཙན་དྲགས་པས་རེད། གང་ལྟར་ང་ཚོས་ནམ་ཞིག་༸གོང་ས་མཆོག་མེད་པའི་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་དགོས་ ལ་གྲྭ་སྒྲིག་མེད་པའི་གདོང་ལེན་ཞིག་སུས་ཀྱང་བྱེད་མི་ཤེས་ལ་་བྱེད་མི་འདོད། དེར་བརྟེན་༸གོང་ས་མཆོག་གིས་རྒྱུན་དུ་༼ང་མེད་པ་ནང་བཞིན་བྱས་ནས་ལས་ཀ་བྱས་ཤོག་ ཨ༽ཞེས་གསུང་དགོས་བྱུང་བ་རེད། དེར་བརྟེན་བཀའ་ཤག་གི་གོང་གི་དྲི་བ་དེ་དག་ད་ལྟ་༸གོང་ས་མཆོག་ཞལ་བཞུགས་དུས་ ཀྱི་ཉེན་ཁ་ཞིག་མ་ཡིན་པར་གྲྭ་སྒྲིག་གང་ཡང་མེད་པར་༸གོང་ས་མཆོག་ང་ཚོ་དང་ཞལ་ གྱེས་པའི་ཉིན་མོར་གཞི་ནས་འཕྲད་ངེས་པའི་དཀའ་ངལ་ཞིག་རེད།
བོད་ ཀྱི་མ་འོངས་པའི་ཆབ་སྲིད་སྲ་བརྟན་ཡོང་མིན་གཙོ་བོ་ད་ལྟའི་གྲྭ་སྒྲིག་ལ་རགས་ ལུས་ཤིང་། གྲྭ་སྒྲིག་གི་རྟེན་ས་གཙོ་བོ་སྦྱོང་བརྡར་ལ་རགས་ལས་པ་སྟེ། སྦྱོང་བརྡར་གྱི་ཉམས་མྱོང་ལས་འབྱུང་འགྱུར་གྱི་དཀའ་ཁག་ལ་གདོང་ལེན་བྱེད་ རྒྱུའི་རྒྱུ་ཆ་མང་པོ་ཞིག་གསོག་འཇོག་བྱེད་ཐུབ། ལྗིད་ཚད་འདེགས་པའི་ལུས་སྟོབས་དང་གོམས་སྟབས་སོགས་ལ་སྦྱངས་པ་མེད་པར་གློ་བུར་ དུ་ཕྲག་ཐོག་ནས་མནན་ཚེ་ཐང་ཏུ་འགྱེལ་འགྲོ་བ་བཞིན། ཉམས་མྱོང་དང་གྲྭ་སྒྲིག་མེད་པའི་དུས་སྐབས་སུ་གློ་བུར་དུ་ཆབ་སྲིད་ཀྱི་འགན་ ལྕི་མོ་ཞིག་ཕྲག་ཐོག་ཏུ་ལྷུང་ན་གཞུང་འཐོར་ཞིག་ཏུ་འགྲོ་བ་ལས་གཞན་མེད། དེར་བརྟེན། འགན་ཁག་ཡོད་ཚད་༸གང་ས་མཆོག་ལ་འགེལ་བའི་ལང་ཤོར་གྱི་ལུགས་སྲོལ་འདིས། ཉི་མ་ནུབ་རིར་བཞུད་དུས་དངོས་གནས་ང་ཚོ་མུན་ནག་སྟུག་པོ་ཞིག་གི་ནང་དུ་འཕེན་ ངེས་རེད། ད་ལྟ་༸གོང་ས་མཆོག་སྐུ་འཚོ་གཞེས་ཀྱི་གནས་སྐབས་སུ་ང་ཚོ་ལ་དངོས་སྦྱོང་བྱེད་ རྒྱུའི་གོ་སྐབས་ཡོད་ཅིང་། དངོས་སྦྱོང་ལ་ལམ་ལྷུང་མ་བྱུང་ནའང་ལག་པ་རྟེན་ས་ཞིག་དང་མིག་གིས་བལྟ་ས་ཞིག་ ཡོད་པ་རེད། འགྱེལ་ནས་ལང་པ་དང་ལང་ནས་འགྱེལ་བའི་བརྒྱུད་རིམ་གྱི་ཁྲོད་ནས་ང་ཚོས་གཞན་ལ་ བརྟེན་མི་དགོས་པར་རང་ཚུགས་ཀྱི་གོམས་པ་སྤོ་སྟངས་ཤིག་སྦྱོང་དགོས།དེ་ལས་ལྡོག་ སྟེ། ཕྲུ་གུ་ཞིག་གིས་ང་ཆུང་ངུའི་སྐབས་ནས་ཁྱེད་ཀྱིས་སྐྱོར་ནས་ཡོང་་བ་ཡིན་པས་ཁྱོད་ ཀྱིས་ངའི་ལག་པ་གཏོང་མི་རུང་ཞེས་ནམ་ཡང་ཕ་མ་ཁོ་ནར་བརྟེན་ནས་རང་གིས་གོམ་པ་ རྒྱག་སྟངས་མ་སྦྱང་ན་ག་ལ་འགྲིག དེ་ལྟར་བསྡད་ན། ནམ་ཉི་མ་ཞིག་ལ་ཕ་མ་གཉིས་རང་ཉིད་དང་འབྲལ་ངེས་ཡིན་ཞིང་། བྲལ་བའི་ཉིན་མོ་ཁྱོད་རང་ཡར་ལང་མི་ཐུབ་མཁན་ཞིག་དང་ལག་པ་རྟེན་ས་མེད་པ་ཞིག་ཏུ་ འགྱུར་ངེས་རེད།
རྩོམ་ཡིག་འདི་དོན་དང་གནས་པ་ཞིག་རེད་ལ། དངོས་དོན་གསོང་བོར་བརྗོད་པ་ཞིག་ཀྱང་ཡིན་འདུག་པས། ཐུགས་རྗེ་ཆེ་ཞུ་འདུན་བྱུང་སོང་།
༈ ཤེས་ཡོན་དང་གོ་རྟོག་ལྡན་པ་སྣང་རྒྱལ་མཆོག་གིས་གསུང་པའི་ཚིག་དེ་དོན་ལ་གནས་པ་མ་ཟད། སྔར་གུས་པས་མཆན་ཞིག་འདི་ཡི་སྐོར་བཀོད་ཡོད་ནའང་དེར་དགག་པ་དང་གདོང་ལེན་བྱེད་རྒྱུའི་བསམ་པ་ལས་དེ་ལས་ལྡོག་སྟེ་དེའི་རྒྱུད་རིམ་འཕྲོད་ལེགས་བཤད་ཞིག་ལེན་རྒྱུར་འབད་བརྩོན་གཏན་ནས་བྱེད་ཀྱི་མི་འདུག ད་ལན་ཁྱེད་ཀྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བཀའ་བརྩོམ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། སླད་ཀྱང་དེ་བཞིན་མུ་མཐུད་རང་རིགས་རྣམས་ལ་གོ་རྟོག་བསད་པའི་ཞེན་བསྐུལ་རིགས་ཡང་ཡང་ཡོད་པ་ཞུ།
མ་འོངས་༧རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་ང་ཚོའི་གང་བྱ་རྒྱུ་ཡིན་ལེགས་པར་སོམས་ཤིག
དོན་གི་སྐད་ཆ་བཤད་འདུག་མི་སྒེར་སོ་སོ་ནས་འགན་ཁྱེར་དེ་མགོ་འཛུགས་དགོས། མི་རེ་ངོ་རེ་ནས་རང་གཞུང་ལ་རྒྱབ་སྐྱོར་དང་བརྩི་བཀུར་བྱས་ན་དོན་གྱི་བརྟན་བཞུགས་དེ་རེད། ཁ་ནས་རྒྱལ་བ་རེན་པོ་ རྒྱལ་བ་རེན་པོ་ཆེ་བཤད་ནས་བསྡད་ན་སྟོང་པ་རེད། ད་མང་པོ་མི་བྲིས་ཡ་་་་་་་་གོང་གི་རྩོམ་ཡིག་དེར་རྒྱབ་སྐྱོར་རྒྱ་ཆ་རྒྱ་ཐམ་པ་ཡོད།
བོད་མི་རིགས་ཀྱི་སེམས་ཁམས་དངོས་དེ་མཚོན་པའི་རྩོམ་ཡིག་བྲིས་འདུག་པས་ཐུགས་རྗེ་ཆེ།
ལ་ནི་སྐྱབས་མགོན་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་སྐོར་ཐུགས་འགན་གཞེས་མིན་ཐད་ཁོང་སྐུ་ཉིད་ཀྱིས་གསུངས་པ་ལས་སུས་ཀྱང་མི་དམངས་ལ་གོ་རྟོགས་འཕེལ་བ་བཤད་མཁན་མི་འདུག། རང་རང་གི་འདོད་ཕྱོགས་རེ་ནི་སུར་ཡང་ཡོད།
གང་ལྟར་ཁྱེད་རང་གི་ལས་རིམ་དང་གནས་བབ་ཇི་ལྟར་ཡིན་ཡང མི་རིགས་དང་ལ་རྒྱ་གང་ལ་བསམ་ཡང་ད་ལམ་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དེར་དྲང་ངེས་དང་རྒྱབ་མདུན་གང་ཡང་མེད་པར་ཇི་ལྟར་གསུངས་པ་དེ་ལྟར་སྒྲུབས་དགོས་པ་ནི་ཕྱིར་མེད་ན་སྔ་མི་འདུག་བསམ་གྱི་འདུག་གོ།
བོད་རྒྱལ་ཁབ་ཆེན་པོ་སྔར་ལས་དར་ཞིང་རྒྱལ་གྱུར་ཅེག་་་་་།
སང་ཉིན་གྱི་ཉི་སེར་དེ་མཐོང་འདོད་ན། ཁྱོད་ལ་སྐྲག་སྣང་ཡོད་དགོས། སྐྲག་སྣང་དེ་ཁྱོད་ཀྱིས་ཉེན་བརྡའ་རེད། ཉེན་བརྡའ་ཐོས་བཞིན་ད་དུང་ཁྱོད་ལ་སྐྲག་སྣང་མེད་ན། དོན་དངོས་རང་ཉིད་ཀྱི་ཚེ་སྲོག་གི་འགའ་ཁྲི་མེད་པའི་རྟག་རེད། དེ་བས་འཕྲད་པའི་དཀའ་སྡུག་ཉམས་མྱོང་ཡིན་ལ། སྐྲག་སྣང་ཡོད་ཚོད་ཁྱོད་རང་གསོན་འདོད་ཡིན། ངས་བཤད་འདོད་པ་ནི་སྣང་རྒྱལ་དང་བདེ་སྒྲོན་གཉིས་ཀྱི་རྩོམ་ཡིག་ཁ་བྱང་དེ་ཙམ་འཕྲོད་པོ་ཞིག་མི་འདུག་སྙམས།
བློ་བཟང་ཚེ་རིང་ལགས། ༸གོང་ས་མཆོག་གིས་བགྲེས་ཡོལ་གནང་བ་དེས་བོད་དོན་ལ་འགན་མི་འཁུར་ཟེར་བ་མ་རེད། དེའི་ཐད་༸གོང་ས་མཆོག་གི་ཞལ་ནས་ཀྱང་མང་པོ་གསུང་འདུག་ལ་རྩོམ་ཡིག་འདིའི་ནང་དུའང་ལུང་དྲངས་འདུག ཞལ་ནས་གསུངས་པ་དེར་ཁྱེད་རང་ཡིད་ཆེས་མེད་ན་བྱ་ཐབས་ཟད། ཁྱེད་རང་གིས་འདི་ལྟར་ཐུགས་ཁྲེལ་གནང་བར་དགའ་བྱུང་། ཐུགས་རྗེ་ཆེ།