ཚེ་མདོ་ནས་ཕུལ
གཅེས་མིང་ག་འདྲ་ཞིག་གིས་ད་གཟོད་ངའི་དུང་སེམས་ཀྱི་སྙིང་ཚུལ་ཁྱོད་ལ་མངོན་ཐུབ་མིན་མ་ཤེས།
ཚེ་བཟུང་།
ཁྱོད་ཀྱི་ཡིད་ཆེས་དང་རེ་བའི་ཕྱག་ཟུང་བདག་ཕྱོགས་ལ་སྲོངས་དང་།
ངའི་གཞུང་དྲང་དང་ལྷགས་བསམ་གྱིས།
ཟླ་བ་མེད་པའི་མཚན་གཞུང་ལ།
བརྩེ་དུང་གི་འོད་སྣང་ཆེམ་ཆེམ་དུ་སྒྲོན་ནས།
ཡོད་ཚད་འཐོབ་སོང་སྙམ་པའི།
རྫོགས་ལྡན་གྱི་ཁྱིམ་གཞི་བསྐྲུན་མཆོག
ཚེ་གོ
བརྩེ་དུང་ལ་ཡིད་ཆེས་དང་ རེ་བ་ ཞུམ་མེད་ཀྱི་སྤོད་པའི་བཟུང་དང
སྨེ་ངག་མང་བའི་འཇིག་རྟེན་འདིར་ཡང
ལྟ་ན་སྡུག་པའི་བརྟན་བརླིང་གི་རི་བོ་ཡོད་ལ
ཆུ་སྐྱེས་ཀྱི་འདབ་ལོ་གྲོལ་བའི་མཚེའུ་མང་པོ་ཡོད་།
ཚེ་སྤེ
ས་མཐའི་འཚོ་བ་ཅི་འདྲའི་ཕུམ་སུམ་ཚོགས་ན་ཡང
ཁྱོད་དྲན་པའི་ང་ཧ་ཅང་ཕོང
ཁ་པར་ལས་ལྷུང་བའི་སྙན་ལྷང་ལྷང་གི་ཕ་སྐད་
ངའི་དྲན་འཛིན་གྱི་རྨ་ཁར་སྦྱིན་བའི་རོ་དྲུག་བརྡུད་བརྩི་
ད་དུང འཇམ་སྙན་གྱི་སེམས་གཞས་ཕྲ་མོ།།