སྐུ་ཞབས་ཞོགས་དུང་གླེང་སྐབས་དེང་སང་སྐྱ་སེར་གཉིས་ལ་གྲིམ་རིག་སེ་འདུག དེས་དགའ་བྱུང་། སྔ་མོར་དཔྱོད་ཤེས་རྒྱང་འབོད་ཀྱི་རྗེས་ནས་བོད་ཕྱི་ནང་གཉིས་ནས་སྐྱ་སེར་གཉིས་ཀས་རྣམ་རྟོག་བྱེད་ཀི དགག་བཞག་བྱེད་ཀི སྐབས་དེ་ཤེད་དུ་རང་ཉིད་ལོ་ ༢༡ དང་ ༢༢ བར་ཡིན། ཁུག་མའི་ནང་དུ་དེབ་སྔོན་པོ་དེ་བཅུག་ནས་ཡང་ཡང་ཀློག་ཁུལ་བྱེད་ཀྱི་ཡོད། ལོ་ ༢༣ ཐོག་རྒྱ་གར་ལ་ཐར་བ་རེད། དེ་དུས་ཀྱང་དེབ་སྔོན་པོ་འདི་ལག་ནས་བོར་མེད། སློབ་གྲྭའི་ནང་ནས་བར་གསེང་རེ་ཡོད་དུས་དང་གུང་གསེང་རེ་སླེབས་སྐབས་ཅིག་ཡིན་མདོག་གིས་ཀློག་ཁུལ་བྱེད་ཀྱི་ཡོད། སྐབས་དེར་རྒྱ་གར་མཐོ་སློབ་ཁག་ཏུ་དེ་ཙམ་གྱིས་སྐུ་ཞབས་ཞོགས་དུང་གླེང་ཤུགས་ཆེན་པོ་མ་རེད། མཐོ་རིམ་སློབ་མ་ཚོས་རབ་རིབ་ཅིག་གོ་བའི་སྐབས་རེད། ཡིན་ནའང་། དགག་རྒྱག་གི་གཏོར་མ་རྡེབ་མཁན་ཀྱང་རེ་གཉིས་འདུག དེབ་སྔོན་ལག་ཏུ་བཟུང་ནས་གང་ཞིག་ཏུ་ལྟ་ལོག་ཆགས་ཡོད་མེད་སོགས་ཀྱི་ནག་འདེད་འདྲ་བོ་བྱེད་ཁུལ་བྱས་མྱོང་། ཡིན་ནའང་། ང་ཐུག་ས་ཚང་མས་སྐུ་ཞབས་ཞོགས་དུང་གླེང་གི་ཡོད་པ་ལས། ཁོང་གི་བརྩམས་དེབ་ཚར་རེ་ཀློག་མཁན་ཀྱང་མང་པོ་མ་བྱུང་པའི་ཚོར་བ་སྤྲད། གང་ལྟར་སྐབས་དེའི་ཚོར་བ་དང་དག་སྣང་། སྙིང་སྟོབས་སོགས་ནི་ད་ལྟ་བསམས་ཚེ་སྨྲ་འདོད་ཀྱང་བརྗོད་མི་ཐུབ་པ་ཞིག་རེད། དེ་ལྟར་ལོ་ངོ་ཁ་ཤས་འདས་མཚམས་སྙོང་སྟོབས་ལྔ་བརྩེགས་བསླེབས་སོང་ཟེར་བའི་གསར་འགྱུར་ཞིག་ཐོས།
སྐབས་དེ་ནི་དེ་བས་ཀྱང་ཚད་གཟུང་དུ་མེད་པའི་ཚོར་བ་ཞིག་གི་སྔ་རྗེས་རེད་ལ། རེ་བ་ཞིག་གི་སྔ་རྗེས་རེད་ལབ་ཀྱང་མི་ཆོག་པ་ཅི་ཡང་མི་འདུག སྟབས་ཡག་ནས་ང་ཚོའི་སློབ་གྲྭར་བོད་ནས་དཔེ་དེབ་ཚོང་འདྲེན་བྱེད་མཁན་དེ་བསླེབས་སོང་། ངའི་སྤུན་གྲོགས་དང་ངེད་གཉིས་གཞུང་ལ་དེབ་ཕྲེང་གཅིག་ཉོས་པ་ཡིན། དེབ་དེ་ཉོས་ཚར་དུས་སློབ་གྲྭ་རང་དུ་སྡོད་རྒྱུ་ལས་མེག་ལོར་དང་རྡ་སར་སླེབས་ཀྱི་མ་རེད་ཅེས་པ་སྐབས་དེའི་ངེད་སྤུན་གཉིས་ཀྱི་ཧབ་དགོད་ཤོར་སའི་སྐད་ཆ་ཆེས་སྙན་མོ་དེ་ཡིན། ཡིན་ནའང་། དེབ་འདི་དག་༧རྒྱལ་བ་རིན་པོ་ཆེའི་གཟིགས་མོར་སོན་ཐུབ་ན་ཅི་འདྲའི་དགའ་བ་ལ་བསམ་པ་ཞིག་ཡོད། དེ་ནི་མི་རིགས་ཤིག་གི་ཆེད་དང་བདེན་དོན་ཞིག་གི་ཆེད་དུ་ཡིན་པའི་དེབ་འདི་༧རྒྱལ་བ་རིན་པོ་ཆེའི་སྒོ་གསུམ་གྱི་ཆ་ཤས་ཤིག་ནམ་ཞར་དུ་ཡིན་ཡང་། བོད་ནང་ལ་ཁོང་ལ་རེ་བའི་མིག་འབུར་གཏོད་མཁན་ཚོའི་བསམ་ཚུལ་ཞིག་ཁོང་གི་གཟིགས་མོར་སོན་དགོས་པ་ནི་ལས་རྒྱུ་འབྲས་དང་མཐུན་པར་བསམས་ཏེ། སླར་ཡང་པེད་ཤག་གཡར་དུ་ཕྱིན་པ་ཡིན། ངེད་སྤུན་གཉིས་ཀྱིས་པེད་ཤག་གཡར་ས་མ་རྙེད་པའི་ལོ་རྒྱུས་ནི་བཤད་ཀྱང་ཡིད་མི་ཆེས་པ་ཞིག་ཡིན། ཅི་ཁེགས། ཟས་ཟ་མ་སློབ་ཡོན་དང་བཅས་པ་འབད་འབད་ལྷུག་ལྷུག་གིས་སྩོལ་བཞིན་པས་མ་ཆོག ངེད་གཉིས་ལ་དགོས་རྒྱུ་དེ་གཞན་ཞིག་ཡིན་པས་རེད། གྲོས་བསྡུར་བྱས་སྐབས། གལ་སྲིད་སློབ་གྲྭའི་དཔེ་མཛོད་ཁང་གིས་དེབ་ཕྲེང་གཅིག་ཉོས་པ་ཡིན་ན་ངེད་གཉིས་གཞུང་གི་དེབ་དེ་༧རྒྱལ་བ་རིན་པོ་ཆེ་འབུལ་རྒྱུ་ཞུས་ཏེ། དཔེ་མཛོད་དོ་དམ་པར་སྐད་ཆ་དྲིས་སྐབས། དེ་ནི་ད་དུང་ཐག་གིས་གཅོད་རྒྱུར་ཉི་མ་ཟླ་འགོར་རེད་ཟེར། ཡ་མཚན་དང་ཡི་མུག་གི་སེམས་ཚོར་རིམ་བསྟུན་ཡིན་ཡང་། རང་དབང་ལུང་པ་ན་བཤད་ས་ཅང་མི་འདུག སྐབས་དེར་སྐུ་ཞབས་ཞིག་གིས་ངེད་གཉིས་ལ་པེད་ཤག་གཡར་བྱུང་། དེ་མ་ཐག་དེབ་ཕྲེང་དེ་ཉོས་པ་ཡིན། ངེད་གཉིས་རང་ཚོད་ཀྱིས་དགའ་བ་དཔག་མེད་སྐྱེས། དེབ་ཅི་ལྟར་འབུལ་རྒྱུར་གྲོས་བསྡུར་བྱས། རིང་ཐུང་ཀུན་དུ་སྐད་ཆ་སྣ་ཚོགས་ཡོང་གི་ཡོད་ཀྱང་དེ་དག་ནི་དོན་དངོས་ཞོགས་ཀའི་ན་བུན་དང་ཤིན་ཏུ་རིག ངེད་གཉིས་ཀ་མེག་ལོར་ཕྱིན་པ་ཡིན་ན་འགྲིག་གི་མི་འདུག དེ་བས་ངས་དེབ་དེ་ཁྱེར་ནས་༧རྒྱལ་བ་རིན་པོ་ཆེར་འབུལ་དུ་ཕྱིན་པ་ཡིན།
སྐབས་དེའི་མེག་ལོར་ནི་དངོས་གནས་དུས་ཡུན་རིང་པོར་མཐོང་མི་ཐུབ་པའི་ས་ཆ་འགྲོ་ཉན་སྤྲོ་ས་དེ་ཡིན། སྐབས་དེ་དུས་མེག་ལོར་དང་གངས་སྐྱིད་དུ་བློ་བཟང་ཡེ་ཤེས་དང་ཧོར་གཙང་འཇིགས་མེད། ཆབ་བྲག་ཕོ་ཉ་སོགས་ནི་ཅུང་མང་པོ་ཐོས་རྒྱུ་ཡོད་པ་དག་རེད། སྟབས་ཡག་ནས་ཆབ་བྲག་ཕོ་ཉ་ཕྱི་འགྲོགས་མ་ཟད་ནང་འགྲོགས་ཀྱང་བྱེད་སྐལ་བྱུང་སོང་། ཡིན་ནའང་། ཀླུ་ཧོར་གཉིས་ཀས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་དོ་སྣང་ཡོད་མེད་ངེས་ནས་གཏན་ནས་མ་ཤེས། མེག་ལོར་འགྲོ་ཞོར་དུ་ཙོང་ཁ་ཟ་ཁང་གི་ཐོག་ཁར་བློ་བཟང་ཡེ་ཤེས་ཇ་གང་རེ་འཐུང་ནས་ཐུག་པ་ཡིན། ཁོང་གིས་ཞོགས་དུང་གི་སྐོར་ཞེ་དྲག་གསན་མི་འདུག་ཀྱང་སྙན་ངག་ལ་དགའ་བ་ནི་བརྗོད་མི་ཤེས་པ་ཞིག་ཡིན་ས་རེད། ཡིད་སྐྱོ་བ་ཞིག་ལ་དེ་ནས་ཞེ་དྲག་མ་ལོན་པར་ཁོང་དུས་ཆོས་སུ་གྱུར་སོང་ཟེར། མི་རྣམས་ཀྱི་ཁ་རུ་འཇགས་པའི་ཧོར་འཇིགས་ཟེར་བ་དེ་གདོང་ཐུག་རྒྱུ་མ་བྱུང་ལ། ཁོང་གིས་ཞོགས་དུང་གླེང་སྟངས་ནི་གོ་ཐོས་བྱས་ན་ཅུང་ཡ་མཚན་ཞིག་རེད་ཟེར།
ངེད་གཙུག་ལག་ཁང་གི་སྒོ་འགྲམ་དུ་སླེབས་མཚམས། ཡིན་གཅིག་མིན་གཅིག་༧རྒྱལ་བ་རིན་པོ་ཆེའི་སྤྱན་སྔར་སོན་ཐུབ་པ་ཞིག་བྱ་དགོས་བསམས་ནས། མི་ཆེན་པོ་ཅིག་ཅིག་ཅིག་ལ་ཐུག་དགོས་ཞེས་ཧམ་པ་བཤད་པ་ཡིན། སྐུ་སྲུང་བས་དེ་མ་ཐག་ཁ་པར་བཏང་སོང་། རྒྱུས་མེད་ཡིན་མིན་ཅི་ལྟར་ཡང་ཆེན་པོ་དག་གི་སྒོ་ཁ་ནས་ནང་དུ་འཛུལ་རིམ་གཅིག་པུས་ཀྱང་ངེད་ལ་བག་ཆགས་མ་འདྲ་བ་ཞིག་བཞག་ལ། ཉམས་མྱོང་མེད་རྐྱེན་གྱིས་ཞེད་སྣང་ཀྱང་ཅུང་ཙམ་ལངས་སོང་། མི་ཆེན་པོ་དེ་སྐུ་ངོ་རྟ་ར་ལགས་རེད། མདོ་སྨད་པ་ཡོན་ཏན་རྒྱ་མཚོའི་དོལ་རྒྱལ་སྐོར་གྱི་དེབ་སེར་ལས་ཁོང་གི་མཚན་ཡང་ཡང་མཇལ་སྟབས་དགའ་སྣང་ཞིག་ཡོད། ཁོང་གི་གམ་དུ་བཅར་སྐབས། གྲྭ་བ་སྐུ་བགྲེས་ཤིག་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ། མདུན་ཅོག་སྟེང་གི་རས་ཧྲལ་ཟིན་པའི་འཁྲིས་སུ་ཉ་ཁྲི་ཆུང་ཆུང་ཞིག་གི་སྒང་དུ་བསྡད་འདུག ངས་སྐུ་ངོ་རྟ་ར་ཁང་མིག་གཞན་གང་ཞིག་ཏུ་ཡོད་ན་བསམས་ནས་ཡར་མར་ལྟ་སྐབས། གྲྭ་བ་སྐུ་བགྲེས་དེས་ཕྱག་བརྡ་བཏང་ནས་བཞུགས་ཟེར། ཁོང་སྐུ་ངོ་རྟ་ར་བ་རེད་འདུག ཁོང་གི་གསུང་སྒྲ་དང་ཉམས་འགྱུར་བཅས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཡིད་ལ་འཁོར་གི་བཅུགས་སོང་། ངས་དེབ་ཕྲེང་ཁོང་གི་ཕྱག་ཏུ་འབུལ་རྒྱུ་ནི་སྙིང་སྟོབས་ཀྱིས་མ་ལོངས་པའི་བཞག་མེད་ལ། ༧རྒྱལ་བ་རིན་པོ་ཆེའི་ལས་ཁུངས་དང་ཁ་ཐག་ཅུང་རིང་པོ་འདུག་པས་གྲྭ་བ་སྐུ་བགྲེས་ཤིག་ཕེབས་ཐུབ་ཀྱི་ཡོད་ན་བསམས་ནས་ལུས་སོང་།
ཕྱིར་སྒོ་འགྲམ་དུ་སླེབས་མཚམས། ཡང་ཅིག་ཅིག་ཅིག་ལ་མཇལ་དགོས་ཡོད་ཅེས་ཞུས་པར། དེ་མ་ཐག་ཁ་པར་བཏང་སོང་། ཕེབས་ཤོག་ཟེར་བཞིན་སྦུག་སྦུག་ཅིག་ཏུ་ཁྲིད་སོང་། སྟབས་ཡག་པའམ་ལས་བཟང་ནས་ད་ཐེངས་༧རྒྱལ་བ་རིན་པོ་ཆེའི་ཕྱག་ཏུ་སོན་རྒྱུར་ཐེ་ཚོམ་མེད་པ་འདྲ། གང་ཡིན་ཞེ་ན། ཡར་བཅར་དུས་གོམ་པ་ག་ལེར་སྤོ་དགོས་ཀྱི་འདུག དེའི་རྒྱུ་མཚན་ནི་༧སྐུ་མདུན་གྱི་འཁྲིས་སུ་སླེབས་ཡོད་པའི་བརྡ་སྟོན་གྱི་འདུག སྦུག་གི་གྲྭ་བ་མཁས་པ་དེ་ནི་བོད་ནང་གི་ཤེས་ཡོན་པའི་གནས་སྟངས་ནང་བྱུན་ཆུད་པ་ཞིག་རེད། མིང་དང་བརྩམས་ཆོས། ནང་དོན་སོགས་བཤད་སྐབས་ཆུ་བཞུར་བཞུར་རེད། ཁོང་གིས་ངའི་གླེན་ཚུགས་མཐོང་བས་ཡིན་ནམ། ཅུང་ཉེ་པོས། སྐུ་ཞབས་ཞོགས་དུང་གི་སྐོར་ལ་སྙན་ཞུ་འདྲ་མིན་འབུལ་མཁན་ཡོད་ས་རེད་ཟེར། ངས་ནན་བརྗོད་ཀྱིས་ཁོང་གིས་ནང་བསྟན་མི་ཤེས་པ་དང་མི་བརྩི་བ་ཟེར་བ་སོགས་ནི་དཔྱོད་ཤེས་རྒྱང་འབོད་ལས་ཤེས་ཐུབ་ཀྱི་འདུག་ལ། དེ་དག་ནི་གཡམ་སྒྲོགས་རང་རེད་ཅེས་ཞུ་ཁུལ་ཞུས། ཁོང་གིས་ཁྱེད་རང་ལོ་ག་ཚོད་རེད་ཟེར། ལོ ༢༣ ཡིན་ལབ། ཁྱེད་ནས་སེམས་ཁྲལ་བྱེད་མི་དགོས་ངས་དེ་རིང་རང་༧སྐུ་མདུན་ལ་སྤྱན་འབུལ་ཞུ་ཡི་ཡིན་ཟེར། དེ་ལས་ཀྱང་ལས་ལམ་དུ་འགྲོ་བ་ཞིག་ལ། གཟིམ་མཇལ་ཐེངས་གཉིས་པའི་སྐབས་༧སྐུ་མདུན་རིན་པོ་ཆེར་དངོས་སུ་བཀའ་འདྲི་ཞུས་སྐབས། ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་རང་ཡིན་པས་ངེས་ཤེས་འདྲ་ཞིག་ཐོབ་སོང་།
ངེད་སྤུན་གཉིས་དགའ་ནས་སྡོད་པའི་སྐབས་དེ་དག་ཏུ། མཐོ་རིམ་སློབ་མའི་ཚོགས་མགོན་དུ་༧སྐུ་མདུན་རིན་པོ་ཆེས་གསུང་ཆོས་བཀའ་དྲིན་བསྩལ་སོང་། གླེན་པ་ལུག་འདྲ་བ་ཞིག་གིས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་དྲི་བ་བཏང་སོང་། དྲི་བ་དེའང་ཞོགས་དུང་གི་བསམ་བློའི་དཀྱིལ་དུ་མེད་པ་ཞིག་བཏང་སོང་། ཡིན་ནའང་། ༧ཐམས་ཅད་མཁྱེན་པས་བཀའ་ལན་དེ་འདྲ་རླབས་ཆེན་ཞིག་གནང་སོང་། དེ་མ་ཐག་ངའི་སྤུན་ཆུང་ལ་མིག་ཆུ་ཤོར་སོང་། དེ་ནི་གནམ་སའི་བར་མཚམས་ཀྱི་འཚོ་བ་རོལ་བའི་ནང་གི་བརྗེད་པ་མེད་པའི་ཉིན་མོ་ཡིན་པས་སེམས་ཐག་འདྲ་ཞིག་ཆོད་སོང་། ཡིན་ནའང་། སྐབས་དེ་ནས་ད་དུང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་སྐུ་ཞབས་ཞོགས་དུང་གི་བརྩམས་ཆོས་མཇལ་བ་ཞེ་དྲག་ཉུང་ཉུང་རེད། ཚང་མས་མཁྱེན་མཁྱེན་ལྟར། ༢༠༠༨ལོའི་ཞི་རྒོལ་ཚུགས་པ་ནས། བཙན་བྱོལ་ནང་གི་རེ་ཤོས་ཀྱིས། བསམ་གཟས་ནས་སྐུ་ཞབས་ཞོགས་དུང་སོགས་ཀྱི་མཚན་འབོད་གནང་སྟེ་ཧ་ལམ་མ་སོང་ན་སྐུ་ཞབས་ཞོགས་དུང་གིས་རྒྱ་མི་ཁྲིད་ནས་སླེབས་པ་འདྲ་བས་གཤེ་གཤེ་བཏང་། གང་དུ་ཡོད། ག་རེ་བྱེད་ཀྱི་ཡོད་ཟེར་བ་སོགས་ཆར་བ་ལྟར་བབས། རང་ཉིད་ཤེས་ཡོན་པ་དང་བསམ་བློ་བ། རིག་གནས་འཕེལ་འགྲིབ་སྨྲ་བ་ཡིན་པའི་གླེན་ལུག་གི་ང་རྒྱལ་གནམ་སའི་བར་དུ་བརྐྱངས།
དངོས་གནས་ཅང་མ་འགོར་བར། གནམ་ས་གོ་འབྱེད་ཀྱིས་བོད་ཕྱི་ནང་གཉིས་སྦྲེལ་བར་བྱས། སྒུལ་བར་བྱས། སྐྱ་སེར་ཐམས་ཅད་གནམ་ས་གོ་འབྱེད་ལ་འཁོར། མཁས་བརྫུ་ཚོས་གནམ་ས་གོ་འབྱེད་གླེང་། དཔོན་པོ་ཚོས་གནམ་ས་གོ་འབྱེད་སྐྱོར། ཐ་ན་བྱིས་པ་ཚུན་ཆད་ཀྱི་ངག་ཏུ་ཞོགས་དུང་གིས་ཁྱབ་སྟེ། དྲ་རྒྱ་རླུང་འཕྲིན་ཁང་སོགས་ཀྱིས་ཞོགས་དུང་གླེང་དྲགས་ནས་བསམ་འཆར་བཤད་མཁན་ཀྱང་འདུག སྐབས་དེར་ཁོང་གི་ཆེད་དུ་མི་མང་ལས་འགུལ་ཚོགས་པ་འཛུགས་ཟེར་མཁན་ཡང་འདུག དམངས་ཁྲོད་ཤེས་ཡོན་པའི་ཚོགས་པ་འཛུགས་ཟེར་མཁན་ཡང་འདུག དེ་དག་ཚང་མར་གང་བཙུགས་ན་དགའ་བསུ་ཡོད་ལ། རང་ཉིད་མཉམ་ཞུགས་དང་ཧིན་སྒོར་གང་འཚམས་རེ་འབུལ་རྒྱུའི་དམ་བཅས་པ་ཡིན་མོད། དེ་འདྲ་དངོས་སུ་བྱུང་མ་སོང་། གཞན་ཤེས་ཡོན་གྱི་ཆ་ནས་ནག་ཁུངས་ཡིན་པའི་གཞིས་ཆགས་ཁག་གི་ཁོ་ར་ཁོར་ཡུག་ཀུན་ཏུའང་སྐུ་ཞབས་ཞོགས་དུང་གི་མིང་འདི་ཡང་ཡང་གླེང་། རྒྱལ་སྤྱིའི་སྡིངས་ཆ་ནས་སྲིད་དོན་པའི་གྲས་ར་ཚུན་ཆད་དུ་སྐུ་ཞབས་ཞོགས་དུང་ནི་མི་གླེང་མཁན་དང་མི་ཤེས་མཁན་སུ་གང་མི་འདུག
རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་ཁོང་ཉིད་ད་དུང་བཙོན་འོག་ཏུ་ཡོད། སྒྲིག་འཛུགས་དག་གི་ཚེར་སྣང་དེའང་ཡལ་འདུག ཞོགས་དུང་ནི་ཚིག་གི་འགོ་མ་བྱས་ཏེ་ཁ་ནས་ཐོན་གྱི་འདུག ད་དུང་སྐུ་ཞབས་ཟེར་བའི་ཚིག་འདི་མི་སྦྱོར་མཁན་གཅིག་ཀྱང་མེད། ང་དང་གྲོགས་བོན་རྒྱས་ཁོང་གི་ཆེད་དུ་བགྲོ་གླེང་དང་། ས་རྟགས་བསྡུ་རུབ། རྒྱལ་ཚོགས་ཀྱི་འཐུས་མི་ཚོར་རྒྱབ་གཉེར་སོགས་ཞུ་སྐབས། འུ་ཚོའི་ཆེན་པོ་དག་གིས་ཁོང་གི་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་བློ་ཁོག་ཀྱང་འདར་སུག་སུག་བྱེད་ཀྱི་འདུག དེ་ནི་སྐུ་ཞབས་ཞོགས་དུང་ནི་རང་ག་བ་ཞིག་གིས་གླེང་མི་ཐུབ་པ་ཞིག་ཡིན་པས་དན་རྟགས་དངོས་གནས་དེ་རེད།
ལས་འགུལ་དེ་དག་གྲུབ་ནས་རྡ་སར་འཁོར་ནས་ཉིན་ཁ་ཤས་ཀྱི་རྗེས་སུ། གྲོགས་བོན་རྒྱས་ཁ་པར་བསླེབས་ནས། བྱ་བ་ལམ་དུ་སོང་བའམ། རང་ངོས་ན་མགོ་མཇུག་ཚང་པའི་ལྟ་གྲུབ་དང་། མཁས་ཚད། གྲ་སྒྲིག་ཡོད་པའི་སྐུ་ཞབས་ཞོགས་དུང་བཙོན་ནས་གློད་འདུག་ཟེར། སྐབས་དེའི་སེམས་ཚོར་ནི་བརྗོད་མི་ཤེས་པ་ཞིག་རེད་ལ། མངར་མོ་རིག་ན་ལྡགས་ཀྱང་བྱེད་མཁན་ཚོ་ལས་སེམས་ཚོར་རེ་སྨྲས་ཆོག་ཀྱང་། དེ་དག་ནི་གནས་སྐབས་དེབ་ཐེར་དུ་ཁུ་སིམ་མེར་ཉལ་ན་དགའ། རང་གི་སྤུན་གྲོགས་དང་བློ་སེམས་རིག་གནས་ཀྱིས་མཐུན་པ་ཁག་ཅིག་གིས་སྦི་རག་ཚད་མེད་པ་ཞིག་འཐུང་ནས་སྐུ་ཞབས་ཞོགས་དུང་གློད་པ་དང་། སྐུ་ཞབས་ཞོགས་དུང་དང་བོད་མི་རིགས་ལ་གླེང་སློང་བྱས་ནས་མཚན་གཅིག་བསྐྱལ་བ་ཡིན།
དེང་སྐབས་ནི་སྐུ་ཞབས་ཞོགས་དུང་མཆོད་ཁྲིའི་སྟེང་དུ་སླེབས་གྲབས་ཡོད་པའམ། ཁོང་གི་བསམ་བློའི་དཀྱིལ་སྙིང་ལའང་ངེས་ཤེས་ཡོད་མདོག་མདོག་མང་དུ་འགྲོ་བ་སོགས་ནི། ང་ཐེ་བས་བོད་མི་ཚོས་སྐུ་ཞབས་ཞོགས་དུང་ངོ་ཤེས་རིམ་ལྷད་མེད་པ་དེ་ཡིན་པར་སེམས་ལ། ཞོགས་དུང་མར་མེ་བཞིན་འབར་དུས། གློག་འོད་དང་ཟླ་འོད་ལས་མར་མེ་དེ་ལ་དུངས་ཤ་ཞིག་ཡོད། ཞོགས་དུང་ཉི་མ་བཞིན་འཆར་དུས། གློག་འོད་དང་ཟླ་འོད་ལས་མར་མེ་དེ་སྔར་བཞིན་སེམས་ཁོངས་སུ་འབར་གི་འདུག
པར་དེ་དག་ལ་འགྲེལ་བཤད་འདྲ་མེད་དམ། ཡང་བསྐྱར་ཅིག་ག་ལེར་ཀློག་གི་ཡིན།
གྲོགས་ཁུག་རྟས་སྐུ་ཞབས་ཞོགས་དུང་ངོ་ཤེས་པའི་བརྒྱུད་རིམ་དེ་ནི་དང་པོ་དག་སྣང་སྦྱངས་། བར་ཏུ་དད་པ་བྱས། ཐ་མར་ཚད་མས་ལམ་ནས་ངེས་པ་རྙེད་པ་ལྟ་བུ་ཞིག་གི་བཟོ་འདུག་པས་ངས་བལྟས་ན་ཁྱེད་ཀྱིས་སྐུ་ཞབས་ཞོགས་དུང་ངོ་ཤེས་སྟངས་ཅུང་ནོར་འདུག་པ་འདྲ། དེ་ལས་ང་ལ་མཚོན་ན། དང་པོ་ཞོགས་དུང་གི་སྟེང་ལ་ཁོང་ཁྲོ་ལངས། བར་ཏུ་ཞོགས་དུང་གི་བྱ་ལས་ལ་ཡིད་ཐང་ཆད། ཐ་མར་ཞོགས་དུང་གི་བློས་གཏོང་སྤོབས་པ་དང་དྲང་བདེན་གཟུར་གནས་ཀྱིས་ཡིད་འཕྲོག་པ་ཡིན་པས། ངས་ཞོགས་དུང་ངོ་ཤེས་པའི་བརྒྱུད་རིམ་དེ་ནི་ཅུང་ཟབ་བརླིང་གི་རང་བཞིན་འདུག ཨ་ལ་དེ་དག་ཀུ་རེ་ཡིན།
ཁྱེད་ཀྱིས་འུ་གཉིས་ཀྱིས་འཇོན་ཐང་ཡོད་ཚད་བཀོལ་ནས་ཞོགས་དུང་གི་སྐོར་ལ་ལས་འགུལ་ཕྲན་བུ་ཞིག་སྤེལ་བའི་སྐོར་དང་དེ་འབྲེལ་གྱི་པར་ཁ་ཤས་དྲ་ཐོག་ལ་བཞག་པ་དེ་ནི་ཡག་པོ་འདུག ཡིན་ནའང་། འུ་གཉིས་ཀྱིས་བང་ཏིམ་བསྒྲིགས་པའི་ལས་འཆར་སྐོར་བཤད་མེད་ཀི་ར། དེ་བཤད་དགོས་དོན་ཡང་མི་འདུག དེའི་ཕྱིར། དེའི་སྐོར་ངས་ཀྱང་འདི་རུ་གསལ་ཁ་མི་བཏོད། གང་ལྟར་སྐུ་ཞབས་ཞོགས་དུང་བཟུང་སོང་བའི་གཏམ་ངན་ཁྱོད་ལ་བཤད་མཁན་ཡང་ང་ཡིན་ལ། གཏམ་བཟང་བཤད་མཁན་ཡང་ང་ཡིན་པ་དེ་ཁྱོད་ཀྱིས་བརྗེད་སོང་བ་འདྲ་འདི་རུ་བྲིས་མི་འདུག དེ་ཀུ་རེ་ཡིན།
དྲ་གྲོམས་མ་པད་མ་མཚོར་བཤད་རྒྱུར། པར་དེ་དག་གི་འགྲེལ་བཤད་ནི་འདི་འདྲ་ཞིག་རེད། དང་པོ་སྐྱ་སེར་གཉིས་ཀྱིས་པར་སྦྱོར་གིན་པ་དེ་ནི་ཤར་ཕྱོགས་ཁུག་རྟ་ང་བོན་རྒྱ་གཉིས་ཡིན། སྦེལ་ཀོབ་བདེ་སླར་ཚོགས་ཁང་གི་སྒོ་ཁ་རེད། པར་དེ་ནི་སྐུ་ཞབས་ཞོགས་དུང་གི་པར་ཞིག་ཡིན། གོང་གི་རས་བྱང་ཆེན་པོ་དེ་ནི་སྐུ་ཞབས་ཞོགས་དུང་སོགས་བཙོན་འོག་གི་རྩོམ་པ་པོ་བོད་རྒྱའི་གནད་དོན་སྐོར་ལ་བརྩམས་ཆོས་སྤེལ་ཟིན་མཁན་དག་གི་ངོ་སྤྲོད་ཡིན།
དེའི་འོག་གི་ཡིག་ཆ་འགྲེམ་གིན་པ་དེའང་ངེད་གཉིས་ཡིན། ཚོགས་ཁང་གི་སྒོ་སྐུ་ཞབས་ཞོགས་དུང་སོགས་བཙོན་འོག་གི་རྩོམ་པ་པོ་དག་གི་ངོ་སྤྲོད་ཡིག་ཆ་བཀྲམ་སྐབས་རེད། དེའི་འོག་ན་ཁུག་རྟ་སྤྱི་འཐུས་ཚོགས་གཙོ་དང་ལྷན་དུ་ཡོད་པ་དེ་ནི་དེ་དུས་ཀྱི་དམིགས་བསལ་ཚོགས་ཆེན་སྟེང་ལ་ཕེབས་པའི་ཡུ་རོབ་ཀྱི་སྐུ་འགྲོན་དག་རེད། ཁོང་ཚོ་ཚང་མས་སྐུ་ཞབས་ཞོགས་དུང་འཇུ་བཟུང་བྱས་པ་དེ་ནི་རྒྱ་ནག་གིས་སྨྲ་བརྗོད་རང་དབང་རྡོག་རོལ་བྱས་པ་སོགས་དོན་ཚན་ལྔ་ཅན་གྱི་ཡིག་ཆ་ཞིག་ཁོང་དག་གིས་དངོས་སུ་ཕྱག་བྲིས་ཏེ་མཚན་རྟགས་གནང་བའི་སྐབས་རེད། དེ་ནས་ཅུང་མ་འགོར་བར་སྐུ་ཞབས་ཞོགས་དུང་གློད་གྲོལ་གྱི་གཏམ་བཟང་ཐོས་རྐྱེན་བང་རིམ་བསྒྲིགས་པའི་ལས་འགུལ་མང་པོ་ཞིག་དེ་ག་རང་མཚམས་འཇོག་བྱས་པ་ཡིན།
ཨ་རོ་ཁྱོད་ཀྱིས་སྐུ་ཞབས་ཞོགས་དུང་ངོ་ཤེས་པའི་བརྒྱུད་རིམ་དེ་ནི་དང་པོར་དག་སྣང་སྦྱངས། བར་དུ་དད་པ་བྱས། ཐ་མར་ཚད་མའི་ལམ་ནས་ངེས་པ་རྙེད་པ་ཞིག་ཏུ་སྣང་བས་རྨོངས་དད་ཀྱི ཞད་ཅུང་འདྲེས་པ་འདྲ། དེ་ལས་ང་ལ་མཚོན་ན། དང་པོར་དགག་གཞག་བྱས། བར་དུའང་ཞིབ་འཇུག་བྱས། ཐ་མར་ཡིད་ཆེས་རྣེད་པ་ཞིག་ཡིན་པས་ཁྱོད་ལས་ངས་ཞོགས་དུང་ངོ་ཤེས་སྟངས་དེ་ཅུང་ཡག་ག་འདྲ། ཨ་ལ་ཀུ་རེ་ཡིན།
ཨོ་ད་དུང་ཆད་སོང་བ་ཞིག་ལ། དེ་ན་མཚན་རྟགས་གནང་གིན་པ་དེ་ནི་མ་འོངས་པར་བཀའ་བློན་ཁྲི་པར་ཕེབས་ངེས་ཀྱི་མཁས་དབང་བློ་བཟང་སེང་གེ་མཆོག་རེད།
དཔྱོད་ཤེས་རྒྱང་འབོད་བག་ཆགས་དོང་སྤྲུགས་སོགས། །
བྲིས་ནས་བོད་ཀྱི་གནམ་ས་རལ་བར་བྱས། །
ཡང་སྐྱར་གནམ་ས་གོ་འབྱེད་བརྩམས་བྱས་ཏེ། །
གནམ་བདེའི་སྒོ་མོ་ཆེ་ཡང་འདར་བར་བྱས། །
རང་ཉིད་ཞོགས་དུང་ལ་དུང་ཚུལ་གྱི་སྐད་ཆ་འགའ་བཤད་འདུག་པ་དེས་དོན་དུ་རང་ཉིད་ངོ་སྤྲོད་བྱེད་པ་ཁོ་ནར་དམིགས་འདུག ཡིན་རྒྱུ་རེད། རང་ཉིད་ཀྱིས་ཅི་ཡང་མ་འཇོན་ན་མི་ཞིག་གི་འཇོན་ཐང་དེ་བེད་སྤྱད་ནས་རང་ཉིད་ངོ་སྤྲོད་བྱེད་པ་དེ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་ཟེར་མཁན་ཚོ་དང་གཅིག་པ་གཅིག་རྐྱང་རེད། ཡིན་ནའང་ཆབ་སྲིད་སྐྱབས་བཅོལ་བ་ངོ་མ་ཚོས་རང་ཉིད་ཀྱིས་བོད་ནས་ཆབ་སྲིད་ཀྱི་ལས་ཀ་ཅིག་ཅིག་ལས་ཡིན་ཟེར་གྱིན་ཡོད་མ་རེད། ཁོ་ཚོས་དེ་ནི་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་ལས་ཀ་ཞིག་ཡིན་འདོད་ཀྱིན་པ་ལས་སུ་ཞིག་གི་ཆེད་དུ་ཡིན་ཞེས་བཤད་ཀྱིན་ཡོད་བ་མ་རེད། ཞོགས་དུང་གི་ཆེད་དུ་ཡིན་ན་ཞོགས་དུང་ངོ་སྤྲོད་བྱེད་དགོས་བ་ལས་རང་གིས་ཞོགས་དུང་གི་ཆེད་དུ་ལས་ཀ་ལས་བ་འདྲ་བོ་ལབ་དགོས་བ་མ་རེད། རྔ་མོང་མཐོ་ནའང་རྔ་མོང་རིལ་མ་མཐོ་ནི་མ་རེད། ཧོར་གུར་དཀར་རྒྱལ་བོས་འབྲུག་མོར་བཙན་གཡམ་བྱས་བ་ཁོ་རང་གི་ཆེད་དུ་རེད་མ་གཏོགས་འབྲུག་མོའི་ཆེད་དུ་མ་རེད། དེ་བཞིན་ཤར་ཁུག་སྟོང་གིས་ཞོགས་དུང་གླེང་བའང་དེ་བཞིན་རེད། རིག་པའི་བུ་ལ་བརྡ་ཙམ་ཡིན།
ཁུག་རྟ་ལགས་ཁྱེད་ནི་ལྟ་བ་ཅན་ཞིག་དང་བསམ་བློ་བ་ཞིག་འཇོག། ང་ཡང་ཁོང་གིས་དབྱོད་ཤེས་རྒྱང་འབོད་
བརྩམས་ནས་བཟུང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཁུག་རྟ་ཁ་དྲོ་སྔར་ལས་བཟང་གི།
ཨ་རོ། བོན་རྒྱ་ཁྱེད་ནས་ཐེ་ཚོམ་འདྲ་ཞིག་གིས་ཡོང་ལ་མི་ཡོང་ལ་བྱས་ནས་དམ་དུམ་མང་པོ་གཡུག་འདུག ཚང་མ་ངེད་ལ་ཀློག་ཁོམས་མེད་པ་ཁྱེད་ནས་མཁྱེན་ཤག་རེད། ཡིན་ནའང་། མིག་བཤེར་ཅིག་འཕེན་དུས། ངའི་བསམ་པ་ཞིག་ལ་ཁྱེད་ནས་དོན་གྱི་བདག་པོར་དད་པ་བྱས་སྟངས་ཤིག་ཚུར་སྦྱར་འདུག་པར་སེམས། དེ་ཁྱད་པར་ཁྱོན་ནས་མི་འདུག ཨ་ལ་ཀུ་རེ་ཡིན།
དངོས་གནས་ང་དང་པོར་ཞོགས་དུང་འཇུས་འདུག་ཟེར་མཁན་དེ་ཁྱེད་ཡིན་མིན་ད་དུང་མི་དྲན་གི དེ་དུས་ང་ཐེ་ཝན་ན་ཡོད། ཁ་པར་བར་ནས་ལས་འགུལ་འདྲ་སྤེལ་རྒྱུ་བྱས་པ་དྲན་གི་འདུག་གཞན་ཅང་དྲན་མ་སོང་། དེ་ནས་གཙོ་བོ་འདྲ་བོ་དེ། ལས་འཆར་རྣམས་བཤད་མེད་ལ། ལས་འགུལ་སྤེལ་རིམ་དག་ཀྱང་ཉིང་བསྡུས་ཤིག་ལས་བཤད་མེད། ད་དུང་དེ་ལས་ང་སྒེར་གྱི་སྐུ་ཞབས་ཞོགས་དུང་དགོངས་གཞི་ངོ་ཤེས་རིམ་ཚིག་གཅིག་བྲིས་མེད། དེ་དག་ལ་རྒྱུ་མཚན་འདྲ་ཞིག་ཡོད།
ཅིག་ཅིག་བྱས་པ་ཡིན་ཉིག་ཉིག་བྱས་པ་ཡིན་ལབ་སྡོད་མཁན་ཚོར་སུན་སོང་ནས་འུ་གཉིས་ཀྱི་ལས་འགུལ་དེ་ནི་སེམས་དང་བསམ་པའི་ལས་འགུལ་སྤེལ་བ་ཡིན་ཙང་ཅང་བྲིས་མེད། གང་ལྟར་ལས་རྒྱུ་འབྲས་ཡིན་ན་འདྲ། མི་བུའི་རྣམ་རིག་གི་མྱང་ཁུ་མཐར་གཏུག་ལ་ཁ་གྲགས་ནས་ཡིན་ན་འདྲ། ཡི་དམ་ཆོས་སྐྱོང་གི་གྲོགས་བྱས་ན་ཡིན་ན་འདྲ། སྐུ་ཞབས་ཞོགས་དུང་བཙོན་ནས་གློད་སོང་བ་དེས་དེ་བས་ཀྱང་དེའི་སྐོར་བཅམ་བཞག་ལྟ་བུ་བྱས་པ་རེད། དེ་མ་གཏོགས་ཡོ་རོབ་འཐུས་མི་ལྷན་ཚོགས་ཀྱིས་གནང་པའི་རྒྱབ་སྐྱོང་ཡིག་ཆ་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྗེས་ནས་ཅིག་ཡིན་ནི་རེད། འོ་དེ་ཙམ་ཡིན། ནངས་ཇ་འཐུང་གི་ཡིན།
རྒན་རབས་པ་ཀླུ་སྨྱོན་དང་བོད་པ་ཚང་ཕེབས་པར་དགའ་བསུ་ཞུ།
མཐར་ཐུག་ཏུ་བཅོས་ནས་ཀློག་རོགས་ཞུ།
ཨ་རོ་ཁུག་རྟ། ཁྱེད་ཀྱིས་བཤད་པ་བདེན་པ་རེད། ངས་དམ་དུམ་མང་པོ་ཞིག་གཡུག་པ་དེ་སོང་མེད་ཀི་བསམ་ནས་བསྐྱར་གཡུག་བྱས་པ་ཡིན།
དེ་ནས་དང་པོ་ཁྱོད་ལ་བཤད་མཁན་ང་ཡིན་པ་མི་དྲན་གི་ཨི་ཡིན། དེ་ད་ལོས་ཡིན་ངས་VOAནང་ནས་བཤད་པ་མ་གཏོགས་མ་གོ་ཞེས་བཤད་ནོ་ད་རུང་ངའི་རྣ་ལམ་ན་གྲགས་ཀི་ལ་ཡོད་ཀི།
ཡིན་ནའང་། དེ་དུས་ཁྱོད་ཐེ་ཝན་ན་ཡོད་པ་རེད། དེའི་སྟེང་ལ་དེ་དུས་ཁྱོད་ལ་དགའ་རོགས་དྲན་པའི་རོགས་སྡུག་ཡོད་པ་རེད། ཁག་ཡོད་ནི་མ་རེད། ཨ་རོ།
ཨ་རོ། རོགས་དྲན་སྟངས་ལབ་དུས། ངས་དྲན་པ་ཞིག་སོས་བྱུང་། སྙིང་སྡུག་མས་ཀྱང་སྤེལ་ཀོབ་ནས་སྐུ་ཞབས་ཞོགས་དུང་གི་ཆེད་དུ་རྒྱུ་དངོས་བཏང་ཡོད་པ་རེད། ད་དུང་ཨ་ཅག་སྒྲོལ་མ་མཚོ་མོ། ཡེ་ཤེས་སྒྲོལ་མ་སོགས་མཛེས་མ་རྐྱང་རྐྱང་གིས་ངེད་གཉིས་ལ་རོགས་རམ་ཞུས་ནོ་འབྲི་རྒྱུ་བརྗེད་འདུག ཁོང་ཚོ་ཐུགས་རྗེ་ཆེ་ཟེར་དགོ་ཡ་ཡ།
ཨ་རོ་བདེན་ཡ། དེ་དུས་ཨ་ཅེ་སྒྲོལ་མ་མཚོ་མོ་དང་ཡེ་ཤེས་སྒྲོལ་མ་གཉིས་ཀྱིས་དགའ་བཞིན་སྤྲོ་བཞིན་དུ་ངེད་གཉིས་ལ་རོགས་རམ་བྱས་པ་དང་། ད་དུང་ཁྱེད་ཀྱི་སྙིང་སྡུག་མ་ཡང་ན་བོད་ཀྱི་………ངའི་འུ་གཉིས་ཡར་མར་གྱི་འགྲོ་གྲོན་ཐད་གཏོང་གནང་བ་བཅས་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞྀག་རེད་ལ། དེ་ནི་ཞོགས་དུང་ལའང་མངོན་ཤེས་ཐན་ཐུན་རེ་ཡོད་ན་ཐལ་མོ་སྦྱོར་དགོས་ཚད་ཡིན་ཡ། ཡིན་ནའང་། ཁོས་མངོན་ཤེས་ཅན་ཚཽ་སྡིགས་ནོ་མ་གཏོགས་ཁོ་ལ་མངོན་ཤེས་ཡོད་པ་མ་རེད་ཡ།
ཤར་ཕྱོགས་ཁུག་རྟ་ལགས།་མི་མང་གི་ཁ་སངས་རྒྱས་ཀྱི་མི་ཆོད་གོ་ཨེ་མྱོང་། གཞན་ལ་འབྲེལ་བཤད་མི་དགོས།
ལོ་སྔོན་མའི་ནང་བོད་མཚོ་སྔོན་སློབ་མ་ཁག་གཅིག་གིས་བོད་ཀྱི་བླ་སྲོག་སྐད་ཡིག་གི་ཆེད་དུ་ཡར་ལངས་བྱེད་
མཁན་གྱི་སློབ་མ་དང་དགེ་རྒན་ལྷག་བསམ་ཅན་ཚོར་རྒྱབ་སྐྱོར་བྱས་པའི་ཞོགས་དུང་གི་གཏམ་བཤད་དེ་
ལྟ་འདོད་མཁན་མཁན་ཡོད་ན་གཞོན་དྲ་ཐོག་ན་ཞོགས་ལྗང་གིས་བསྒྱུར་འདུག།
ད་བདེ་མོ་བྱིས
བོད་པ་ཚང་གིས་གཏམ་བཟང་ཞིག་འདིར་ལྕལ་ཟེ་གཡུགས་པ་ལ་དགའ་ཡོད། སོང་ནས་ཀློག་ཐབས་བྱེད་རྒྱུ་ཡིན་དྲ། ཨ་ཞང་དྲིན་ཆེན་པོས་བཤད་ལས་ད་མི་བ། བྲིས་ན་ཧྲ་ནོ་མ་གཏོགས། དེ་དུས་མཚོ་སྔོན་རླུང་འཕྲིན་ཁང་གི་ནང་དུ་སྐད་ཆ་བཤད་ཀོ་ནིས་གོ་ནས་ད་ང་ཉོབ་སོང་ང་ཡ།
བོད་པ་ཚང་ཐུགས་རྗེ་ཆེ་ལགས། དེ་འདྲ་བོ་ད་ཁ་བརྡ་དྲ་བའི་སྟེང་བཀོད་ཐུབ་ན་ཡག་པོ་འདུག སྤྱི་ལ་ཕན་གྱི་རེད། གལ་སྲིད་ལྟ་མ་ཐུབ་ན་ཁྱེད་ལ་བརྡ་རྒྱག དེ་དུས་ཁྱེད་ནས་རེག་ཐུབ་རེ་བྱེད་རྒྱུ་མཁྱེན། གནམ་ལོ་ཡག་གིས་དེང་སང་རྩོམ་འཆལ་རེ་ཁྱེར་ཡོང་ནས་བཀོད་པ་ལས་དེས་དགའ་ནོ་ཐག་གཅོད་ཡིན།
ཨ་རོ། བོན་རྒྱ་སྐུ་ཞབས་ཞོགས་དུང་ལ་མངོན་མཁྱེན་མེད་ཟེར་ནོ་སུ་རེད། ད་དུང་ཁོང་ལ་ཡེ་ཤེས་དབྱིངས་དཔྱད་ཀྱང་ཡོད་བསམ་ནས་བསྡད་ཡོད།
ཨ་རོ། བོད་པ་ཚང་ལགས། བཙལ་ནས་རྙེད་ཀྱི་མི་འདུག ག་བ་འདུག
ཀློག་མཁན་ཚོ(tbyouth) ནང་ལ་ཡོད་དཀར་ཆག་མང་བོ་མེད་ཁྱེད་ཚོ་མགོ་འཁོར་མི་དགོས་ཡར་ལྟ་མར་ལྟ་
བགྱིད་ན་རེག་ཁོ་ཐག་ཡིན། ཁ་བརྡ་ནང་འཇོག་ན་ངོ་ཤེས་བརྒྱུད་དགོས་པ་ཤེས་པར་གྱིས།
ཞོགས་དུག་གི་གཏམ་བཤད་བཀླགས་ཚར་དུས་རང་ལ་ཚོར་བ་གང་ཡང་མ་སྐྱེས་ན་རྗེས་མར་ན་གཞོན་དྲ་ཐོག་
མ་ཕེབས་ན་བཟང་།ད་བདེ་མོ་བྱོས།
དགོངས་དག་་ཞོགས་དུང་གི་མིང་གི་དག་ཆ་ཡང་ནོར་སོང་།ད་དུང་གྲྭ་ལྷམ་ཀོག་གིས་ལ་བཅར་འདྲིའི་ལན་
མགོ་འཇུག་མཚུངས་པ་ཞིག་དེར་ན་འདུག་གཅིན་བཏང་ན་བློ་བསྐྱེད་རེར་ཡོན་ན་ཐང་།
གཅིན་མ་རེད་གཅིག་རེད་
ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ཀྱིས་ད་བར་སྐུ་སྒེར་ཡིག་ཚང་ནས་འགྲོ་གྲོན་བཏང་སྟེ་སློབ་ཡོན་སོགས་དངུལ་འབོར་མང་པོ་བཟས་པ་དེ་དག་ཕལ་ཆེར་སྐུ་ཞབས་ཞོག་དུང་དང་།་དྲན་དབང་དགེ་ཆོས་ཀྱི་ཡང་སྲིད་ཡིན་ཚུལ་བརྗོད་དེ་ལེན་ཡོད་ཡོད་ངེས། དེ་ལྟར་ཨེ་རེད། ང་ཚོ་མདོ་སྨད་པའི་མིང་བཤད་བཟོ་མཁན་མི་ཡོང་བར་སྨོན།།
༼ཤར་ཕྱོགས་ཁུག་རྟ་ལགས། བདག་ལ་མཆོ༹ན་ན་ནམ་རྒྱུན་ཁྱེད་ཆོ༹་མགོ་གཉིས་མ་དག་གིས་བྱེད་ལས་འདི་དག་དངོས་ནས་འཇིགས་སུ་རུང་བ་ཞིག་རེད་བསམ་ཀྱིན་ཡོད། རྒྱུ་མཆ༹ན་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་གྱི་སྔ་ནུབ་ཞིག་ལ་ཁྱེད་ཆོ༹ས་ཞོགས་དུང་རྒྱ་མིའི་སོ་བ་ཡིན་ཚུལ་དང་ད་དུང་རྒྱ་དམག་གིས་བོད་མི་ཞི་རྒོལ་བ་དག་དམར་གསོད་བྱོས་པ་ཞོགས་དུང་ལ་མཆོ༹ན་ན་དགའ་བ་སྒོམ་བཞིན་བདེ་སྣང་ཞིག་འདུག་ཅེས་བཤད་ཀྱིན་འདུག རྗེས་སུ་ཞོགས་དུང་བཅོ༹ན་དུ་ལྷུང་རྗེས་སྔར་རང་ཉིད་ཀྱིས་བཤད་ཟིན་པའི་སྐད་ཆ་དག་མི་གཞན་ཞིག་གིས་བཤད་པ་ནང་བཞིན། རང་ཉིད་ཀྱི་མིང་གྲགས་ཞིག་གིས་ཆེད་ཞོགས་དུང་ལ་རིགས་ཞེན་གྱི་ལ་རྒྱ་ཆེ་ཚུལ་དང་དཔྱོད་ཤེས་ཀྱི་བློ་མིག་ལྡན་ཚུལ་སོགས་ངན་པའི་རང་བསྟོད་བྱེད་ཞོར་དུ་སྤྱི་ཆོ༹གས་ལ་བསྒྲགས་སོང་།༽
གོང་གི་ཚིག་དུམ་འདིའི་མཚོན་རྩོམ་ཡིག་འདི་བྲིས་ནས་མི་མང་པོ་ཕྲག་པ་དོག་པའི་མེ་ལྕེ་འབར། མ་འགྲན་པའི་མཐུ་སྔགས་བཤམས། གང་ས་གང་དུ་ཁོ་བོར་སྐུར་འདེབས་བྱས་ཡོད་པའི་ནང་ནས། འདིར་བཀོད་པའི་མིང་མེད་ཡིག་འཁྱམ་འདི་ནི་ཅུང་བཤད་སྟངས་སྙིང་རྗེ་བོ་ཅན་ཞིག་ཡིན་པས། སྐུ་ཞབས་ཞོགས་དུང་ཁོང་གི་དཔུང་གདེང་གཅིག་པའི་ཤེས་ཡོན་ཅན་ཚོ་མིན་ལ། གཞི་རིམ་མི་མང་ལ་དེབ་ཐེར་ནང་གནས་ཆེད་གསལ་བཤད་ཅིག་ཞུ་དགོས་གྱུར་བ་ནི།
སྐུ་ཞབས་ཞོགས་དུང་དང་ཁོང་གི་བསམ་བློ་སྤྱི་ཚོགས་ཅན་དུ་གྱུར་པའི་འཕེལ་རིམ་ཧྲིལ་བོའི་ནང་ངེད་ནི་ཁོང་གི་ཤེས་རབ་ཅན་གྱི་ཀློག་པ་པོ་ཞིག་ཡིན་པས། རིག་གནས་བྱ་བཞག་ལ་བྱས་རྗེས་ཆེ་ལ། རིག་གནས་མངར་ཁུ་དངོས་སུ་འཐུང་མྱོང་པའི་མི་བུ་འདི་དག་ལ་ནི་དགོས་མེད་ཚིག་གཅིག་གིས་ཀྱང་མ་བཀུར་བ་ནི་བྱས་མ་མྱོང་ལ། གཞར་ཡང་བྱེད་དོན་ཡོང་མི་སྲིད་པ་རེད།
མཁས་པའི་དབང་པོ་ཟམ་གདོང་རིན་པོ་ཆེས། གཏམ་རྒྱུད་གསེར་ཐང་གི་གླེང་བརྗོད་ནང་མཁས་པའི་མཁས་པ་བརྩི་བཀུར་མ་ཐོབ་པའི་སྡུག་ཡུས་ཤིག་བྱུང་བ་དང་མྱོང་བ་སྦྱར་ནས་གསོན་ཉམས་ལྡན་ལ། མི་སེམས་འགུལ་བ་ཞིག་བྲིས་འདུག གསུང་དེར་ཡང་ཡང་མཇལ་དབང་གིས་ངེད་ཀྱིས་ཡི་གེ་བ་ཚོའི་ནང་སེམས་ལ་སྙོབས་ཐུབ་པ་འདྲ་ཞིག་བྱུང་ལ། དེས་དྲངས་པའི་ཡི་གེ་བ་ཚོར་འཛིན་པའི་ལངས་ཕྱོགས་དང་བརྩི་བཀུར་ནི་ཕྲག་པ་དོག་པའི་སེམས་བྱུང་གིས་མ་བརླན་ལ། རྨོངས་པའི་ཤེད་ཀྱིས་བསྒྱུར་བ་ཞིག་མིན་པ་ནི་གནམ་ས་དཔང་དུ་བཞག་ནས་སྨྲའང་ཐུབ་པས།
སྐུ་ཞབས་ཞོགས་དུང་གིས་མཚོན་པའི་ཤེས་ཡོན་ཅན་ལ་ཁོ་བོས་སྡང་གཟུགས་ནམ་ཞར་ཡང་བྱས་མ་མྱོང་ལ། ཨམ་ཕྲུག་ཀླད་མེད་ཁོ་བོའི་རྗེས་སུ་མ་བསྙེགས་པ་ཁག་ཅིག་གིས་རྟག་ཏུ་འདི་ལྟར་གཡམ་སྒྲོགས་བྱས་པ་གསལ་བོར་ངེས་ཀྱང་། ངེད་ནས་སྨྱུ་གུ་དང་གནས་ལུགས་ཀྱི་གཡུལ་བཤམས་པ་ལས་ཐབས་གཞན་ནི་ཅི་གང་ཡང་མི་འདུག་གོ་ཅེས་ཞུ་རྒྱུ་དང་།
རང་གྲོལ་དྲ་བ་ཡེ་རྡོར་དྲ་བ་འདོགས་མཁན་ཡང་ཁོ་བོ་ཡིན་ལ། དེའི་སྒྲུབ་བྱེད་ཀྱང་ཁོ་བོར་ཡོད། འོན་ཀྱང་ད་ལྟ་ནི་དྲ་བ་དེས་ལོག་ལམ་སྤངས་རྒྱུའི་རྣམ་འགྱུར་ཅུང་ཙམ་བསྟན་འདུག་པས་དེར་དགའ་བསུ་ཡོད།