ཤ་ཀླན་འཇམ་དབྱངས་གྲགས་པ།
དབྱུག་རྩེད་སྤོ་ལོ་ཞེས་དབྱིན་ཇིའི་མངལ་འོག་གི་རྒྱལ་ཁབ་སྤྱི་དང་།
ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་འགའ་ཞིག་ལ་ཉིན་གྱི་ཟས་དང་མཚན་གྱི་རྨི་ལམ་དུ་གྱུར་ཡོད་པའི་རྩེད་མོ་འདི་ག་དུས་ནས་དར་མིན་དེ་ཙམ་གསལ་ཁ་མེད་ཀྱང་དབྱིན་ཇིས་གསལ་གཏོད་བྱས་ཏེ་རང་གི་མངའ་འོག་གི་རྒྱལ་ཁབ་དག་ལ་དར་སྲོལ་བཏང་བ་ནི་གསལ་བོ་རེད།
དཔེར་ན། ཨ་ཧྤི་རི་ཁ་ལྷོ་མ་དང་ཝེས་ཊ་ཨིན་ཌས། པར་ཀི་ས་ཐན། རྒྱལ་གར། ལངྐ།
བྷང་ལ་རྒྱལ་ཁབ། ཨོ་སུ་ཏྲོ་ལི་ཡ།
དབྱིན་ཡུལ་བཅས་དབྱུག་རྩེད་སྤོ་ལོ་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཡོད་ཚད་དབྱིན་ཇིའི་མངའ་འོག་ཏུ་བསྡད་མྱོང་བ་ཤ་སྟག་རེད།
རྩེད་མོ་གཞན་ཚོ་བཞིན་དབྱུག་རྩེད་སྤོ་ལོའང་ཐོག་མར་བྱིས་པའི་རྩེད་མོ་ནས་རིམ་བཞིན་མི་རྒན་པའི་རྩེད་མོར་གྱུར་བ་ཡིད་ཆེས་བྱེད་བཞིན་ཡོད་ལ།
བྱིས་པའི་རྩེད་མོར་གྱུར་ནས་ལོ་བརྒྱ་ཕྲག་མང་པོར་བརྒྱུད་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད།
སྤྱི་ལོའི་བརྒྱ་ཕྲག་བཅུ་དྲུག་དང་བཅུ་བདུན་ནས་རིམ་བཞིན་མི་རྒན་པའི་རྩེད་མོར་གྱུར་བ་དང་།
དེ་ནས་རིམ་པས་རྒྱལ་སྤྱི་ཅན་དུ་འགྱུར་མགོ་ཚུགས་ཏེ།
༡༨༤༤ལོར་རྒྱལ་སྤྱིའི་རྩེད་འགྲན་ཐེངས་དང་པོ་དེ་རྩེས།
རྩེད་མོ་འདིའི་ལོ་རྒྱུས་ལ་བལྟས་ན་བར་ཆད་མང་པོ་ཞིག་བྱུང་ཡོད་ལ།
དེའང་གཙོ་བོ་ལུང་པ་ཆུང་ཆུང་ཕར་ཚུར་དམག་རྒྱག་པའི་སྐབས་དང་།
ལྷག་པར་དུ་འཛམ་གླིང་མདག་ཆེན་་དང་གཉིས་སྐབས་སུ་རྩེད་མོ་འདིའི་འཕྲོ་ཆད་ཡོད་ཀྱང་།
འཛམ་གླིང་ཞི་བདེ་ཆགས་པ་དང་། རྩེད་མོ་འདི་ལའང་བསྐྱར་དུ་གསོན་ཤུགས་རྒྱས་མགོ་ཚུགས།
འཛམ་གླིང་ཡངས་པའི་ཁྱོན་འདིར་རྩེད་མོ་འདི་ལ་དགའ་བོ་བྱེད་མཁན་བགྲང་གིས་མི་ལང་བ་ཡོད་སྲིད་ཀྱང་།
རྒྱ་གར་མི་དམངས་འདྲ་བའི་རྩེད་མོ་འདི་ལ་དགའ་བོ་བྱེད་མཁན་ཞིག་གང་དུའང་མེད་པར་གྲགས།
མཁས་པ་འགའ་ཞིག་གིས་རྒྱ་གར་གྱི་ཡར་རྒྱས་ལ་བཀག་རྡོ་གསུམ་ཡོད་པ་དེ་ནི།
དབྱུག་རྩེད་སྤོ་ལོ་དང་། གློག་བརྙན།
ཆང་ས་བཅས་རེད་ཅེས་རྩེད་མོའི་ཚུལ་གྱིས་བཤད་མྱོང་ལ། དོན་ལའང་དེ་འདྲ་ཞིག་སྟེ།
ལས་རིགས་སོ་སོའི་མིས་དབྱུག་རྩེད་སྤོ་ལོ་ལ་དགའ་བོ་བྱེད་དྲགས་པའི་ལས་དོན་གང་མང་ཞིག་འཐུས་ཤོར་འགྲོ་བ་དང་།
གློག་བརྙན་ལ་དགའ་ཆེ་དྲགས་པས་གློག་བརྙན་འཁྲབ་སྟོན་པ་ཚོ་ཕྱུག་པོར་བསྒྱུར་ཡང་རྒྱ་གར་མི་མང་རྒུད་པ་ནས་རྒུད་པར་གཡུགས་པ།
།
ཆང་ས་ལ་ཚོད་ལས་བརྒལ་བའི་འགྲོ་སོང་བཏང་སྟེ་གསོག་གསོག་གྲུང་གྲུང་བྱས་པའི་དངུལ་སྒོར་གང་མང་ཞིག་དེའི་ཐོག་ཏུ་བཏང་ནས་ཉིན་ཞག་མང་པོར་བཟའ་རྒྱུ་མ་རག་པ་བསྡད་དགོས་པའི་དཀའ་ངལ་འཕྲོད་པ་བཅས་འདི་གསུམ་གྱིས་རྒྱ་གར་མི་མང་ཡར་རྒྱས་ཞེས་པའི་ཐ་སྙད་དེ་དང་རྒྱང་རིང་དུ་བྱེ་བཅུག་ཡོད་པ་རེད།
དེ་ལྟར་ལགས་མོད་ཀྱང་རྒྱ་གར་མི་མང་གིས་འདི་གསུམ་ལ་དགའ་བོ་བྱེད་པ་དེ་རྒྱ་མཚོ་ཆེན་པོའི་རླབས་རྒྱུན་བཞིན་དར་རྒུད་མེད་པར་གནས་ཡོད་པར་མ་ཟད།
ལོ་འདི་འགར་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་མི་སྣ་སྟེ་ཚོང་པ་དང་།
གློག་བརྙན་འཁྲབ་སྟོན་པ་བཅས་ཀྱིས་ཁྱི་སྤྱང་ངན་འབྲེལ་གྱིས་རྒྱལ་ཁབ་གཞན་དང་འགྲན་བསྡུར་བྱས་ཏེ་རྒྱལ་ཁབ་ཀྱི་མཚན་མཐོང་མཐོ་སར་འཇོག་མཁན་གྱི་རྩེད་མོ་བ་ཚོ་བེད་སྤྱོད་ཀྱིས་IPLཞེས་རྒྱལ་ནང་དུ་རུ་ཁག་བགོས་ཏེ།
རྩེད་མོ་འདི་རྩེ་མགོ་ཚུགས་ཡོད་ལ། ད་བར་ཐེངས་གཉིས་རྩེ་ཚར་བ་དང་།
འདི་ལོའི་རྩེད་མོ་མགོ་ཚུགས་ཚར་ཙམ་རེད།
རྩེད་མོའི་རྒྱུད་རིམ་ལས་རྒྱལ་ཁབ་འགྱེལ་བ་ནས་ལངས་མི་བཅུག་པའི་ལྐོག་ཟ་རུལ་སུངས་ཀྱི་ནད་རྙིང་བསྐྱར་དུ་འཕར་ཏེ།
མི་མང་གི་ཁྲག་དང་རྣག་གིས་བསྒྲུབས་པའི་དངུལ་སྒོར་དག་རིམ་པ་མཐོ་བའི་མི་འདི་དག་གི་སྤྲང་སྣོད་དུ་བཅུག་འགྲོ་གིན་ཡོད།
།
དེ་ལས་ཀྱང་གནོད་ཚབས་ཆེ་བ་ཞིག་ནི་རྩེད་མོ་འདི་རྩེད་མཁན་ཚོ་ལ་གཞུང་གིས་མཐུན་འགྱུར་བྱེད་པ་མང་དྲགས་ཏེ།
རྩེད་མོ་བ་གཞན་ཚོ་སྟེ་ཨོལ་རྩལ་འགྲན་ཚོགས་སུ་ཞུགས་ནས་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་ལ་བསྒྲགས་ཐུབ་མཁན་ཚོར་ལྡེང་ངེས་ཀྱི་མཐུན་འགྱུར་མ་རག་པས།
། ད་བར་རྒྱལ་ཁབ་སྟོབས་ཆེན་འདིས་གསེར་གྱི་རྟགས་མ་གསུམ་བཞི་ལས་ལེན་མ་མྱོང་།
དེ་ནི་སྟོབས་ཆེན་རྒྱལ་ཁབ་རྒྱལ་གར་ལྟ་བུ་ཞིག་ལ་མཚོན་ན་ངོ་ཚ་ཞིག་ཅི་ལ་མིན།
དེ་ལྟར་ནའང་རྩེད་མོ་འདིས་རྒྱ་གར་ལ་ཕན་ཐོགས་མེད་པའང་མ་ཡིན་ཏེ།
༡༩༨༦ལོར་རྒྱལ་སྤྱིའི་འགྲན་བསྡུར་ལས་མཐའ་མའི་རྒྱལ་ཁ་ཐོབ་སྟེ་རྒྱལ་ཁབ་ཀྱི་མཚན་སྙན་རྒྱལ་ཡོངས་ལ་ཁྱབ་བཅུག་ཡོད་པ་དང་།
ལྷག་པར་དུ་ད་ལོར་རྒྱལ་སྤྱིའི་འགྲན་བསྡུར་ལས་ཐེངས་གསུམ་ཙམ་རྒྱལ་ཁ་བླངས་མྱོང་བའི་ཨོ་སུ་ཀྲོ་ལི་ཡ་ཕམ་བཅུག་པ་དང་།
། ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་ལང་ཀ་བཅས་ཀྱང་ཕམ་བཅུག་སྟེ།
མཐའ་མའི་རྒྱལ་ཁ་བླངས་པས་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་གི་སྲིད་མཐོར་སྒྲེང་ཡོད།
དབྱུག་རྩེད་སྤོ་ལོ་ཆོས་ལུགས་ཏུ་བརྩི་ཞིང་རྩེད་མོ་བ་ཚོ་ལྷ་རུ་སྒོམ་བཞིན་པའི་རྒྱ་གར་ལ་སྐྱབས་བཅོལ་ཡོད་པས་ནས།
ང་ཚོ་བོད་པ་ཚོས་ཀྱང་རྩེད་མོ་འདི་ལ་ཚད་ལས་བརྒལ་བའི་དང་དོད་བྱེད་བཞིན་ཡོད་ལ།
སྐྱ་སེར་རིས་མེད་དང་།
རྒན་གཞོན་ཁྱད་མེད་ཀྱིས་རྩེད་ཐུབ་མཁན་གྱིས་ཐང་དུ་རྩེས་ཤིང་རྩེ་མི་ཐུབ་མཁན་ཚོས་བརྙན་འཕྲིན་གྱི་ཤེལ་ངོས་ལ་མིག་འབུར་ཚུགས་སུ་ཅེར་ནས་ཉིན་ཞག་མང་པོ་ཞིག་གཏོང་བཞིན་ཡོད།
རྐང་རྩེད་སྤོ་ལོ་དང་བསྡུར་ན་བོད་པས་འདི་ལ་དོ་སྣང་དེ་ཙམ་བྱས་མེད་པར་འདྲ་ནའང་།
ན་ནིང་ས་ཆ་ག་གེ་མོ་ཞིག་ལ་འགྲན་བསྡུར་ཞིག་གི་མགོ་ཚུགས་འདུག་ཟེར་བ་གོ་བྱུང་བས།
ད་འདིའི་བསྟན་པ་དར་ཞིང་རྒྱས་པ་འགྱུར་བ་གདོན་མི་ཟ།
ཁྱེད་བདེན་པ་རེད། དབྱུག་རྩེད་སྤོ་ལོ་དབྱིན་ཡུལ་ནས་དར་ཞིག་རིམ་གྱིས་རྒྱ་གར་སོགས་དར་བ་ཡིན་
འོན་ཀྱང་ངས་བོད་གྲོགས་ཁ་ཤས་ལ་འདིའི་སྐོར་བཤད་ཀྱང་སུ་གང་ང་ཁས་མ་བླངས་ཐལ།
དབྱིན་ཇི་རྒྱལ་མོ་འདིའི་རིང་ལ་རྩེད་མོ་མང་བོ་གསར་བཏོན་གནང་ཡོད་།་དཔེར་ན་ཤོག་པེ་འམ་རྒྱ་ནག་སྐད་དུ༼ཏ་སི༽་དང་ལྕགས་རྟ་མེ་འཁོར་སོགས་མང་བཟོས་པ་རེད།
བདེ་མོ་བྱོས
ཨིན་ཡུལ་ནས་ དར་བའི་ ཀིར་རྩེད་ པོ་ལོ་དང་། རྒྱ་གར་ནས་ བོད་ལ་ དར་བའི་ ཏག་སེ། རྐང་འཁོར་ནི་།ཤིན་ཏུ་ མཁོ་བའི་ འཕྲུལ་ཆས་འ ཁོར་ཡུག་ལ་ མི་གནོད་པའི་ འགྲུལ་བཞུད་ ཡག་ཤོས་ དེ་རེད་།
དེང་སང་རབ་འབྱམས་པས་བོད་ཡིག་འབྲི་ཐབས་ཐབས་ཅག་ཅིག་ལག་བསྟར་བྱ་གིན་འདུག་ག
མེ་དཀར་ལགས།
ཀིར་རྩེད་ པོ་ལོ།
ཏག་སེ།
རྐང་འཁོར་འདི་ཚོ་ནི། ཆེས་ཕུལ་འབྱུང་གི་འབྲི་སྟངས་ཅིག་མ་རེད་པེ། ལགས།
རབ་འབྱམས་པས་མཆན་འདིས་རྩོམ་ཡིག་འདི་རྩོག་པ་བཟོས་འདུག
རབ་འབྱམས་ལུག་འབྱམས་གང་ཡིན་མ་ཚོར་ཐལ།
མིག་གིས་མ་མཐོང་བའི། དབྱུག་རྩེད་སྦྰེས་སྦོལ། དབྱུག་རྩེད་ཧོ་ཀི་སོགས་ལ་མིང་ག་རེ་འདོགས་རྒྱུ་ལྷག་བསྡད་ཡོད་རེད། འགའ་ཞིག་གིས་མཐོང་རྒྱུ་ཕར་ཞོག རྣ་བས་ཀྱང་ཐོས་མེད་པར་ཁུམས་སོ། ཨ་ཁ་ཁ།
རྣ་བས་ཐོས་པ།
ཁ་ནས་བཤད་པ།
ལག་པས་འབྲི་བ།
རབ་འབྱམས་པ་གཅིག་པུ་འོ།།
དག་དང་སྡེབ་སྦྱོར་སོགས་སྦྱོང་མ་མྱོང་བ་ཞིག་ཡིན་ན་ཤོག་དང་ངས་ཁྲིད་དོ།།
རབ་འབྱམས་པ་ལ་ ར་ལྕམ་པའི་ འཁྲིད་དེ་ དགོས་ཡ་ མི་འདུག་གོ ཁྱོད་རང་གི་ ཕྲུ་གུ་ཚོར ་བོད་སྐད་དང་ བོད་ཡིག་ ཡག་པོ་ སློབས་ཅིག་ བུ།
རབ་འབྱམས་པས་གསུང་ལ་མི་འགྲིག་པ་མི་འདུག་མོད། ཤ་ཀླན་རང་ཉིད་ཀྱི་རྩོམ་ལ་སྐྱོན་རེ་ཟུང་མཐོང་། ཐོག་མ་ཡིག་ནོར་དེ་དག་དང་། དེ་ནས་དབྱུག་རྩེད་ཅེས་པ་ཙམ་གྱིས་cricket ལ་གོ་མི་ཐུབ་པ། རྒྱ་གར་ལ་འཛམ་གླིང་འགྲན་སྡུར་ནང་མཐའ་མའི་རྒྱལ་ཁ་རག་ལོ་༡༩༨༦་མིན་པར་༡༩༨༣་ཡིན་པ་བཅས་སོ།
རབ་འབྱམས་པའི་གསུང་ལ་མི་འགྲིག་པ་ཆེ་མི་འདུག་མོད། ཤ་ཀླན་རང་ཉིད་ཀྱི་རྩོམ་ལ་ནོར་འཁྲུལ་རེ་ཟུང་མཐོང་། ཐོག་མར་ཡིག་ནོར་དེ་དག་དང་། དེ་ནས་དབྱུག་རྩེད་ཅེས་པ་ཙམ་གྱིས་cricket ལ་གོ་མི་ཐུབ་པ། གསུམ་ནས་རྒྱ་གར་ལ་འཛམ་གླིང་འགྲན་བསྡུར་ནང་མཐའ་མའི་རྒྱལ་ཁ་རག་ལོ་ནི་1986མིན་པར་1983་རེད།
འཇམ་དཔལ་ཚུལ་ཁྲིམས་ཀྱིས་གསུངས་པ་བདེན་པ་རེད། རྒྱ་གར་ལ་རྒྱལ་ཁ་ཐོབ་པའི་ལོ་དེ་ངས་ཁ་སང་འཁྲུགས་འདུག དེ་བས་བཟོ་བཅོས་བྱེད་དགོས་ངེས་རེད། ད་དུང་ཡིག་ནོར་ག་རེ་འདུག གསུང་དང་།
སྐད་ཆ་ཡོད་ན་ཁ་ཐུག་བཤད་རོགས། ཡིན་ཡང་དང་པོ་ནས་མདོག་འགྱུར་གྱི་མིག་ཤེལ་གོན་ནས་རྩོམ་ཡིག་ལ་བལྟས་ན་སྐྱོན་ཞིག་ལ་ཡོན་ཏན་མཐོང་མི་སྲིད། ཡང་འཇམ་དཔལ་ལགས་ཀྱིས་མདོག་འགྱུར་གྱི་མིག་ཤེལ་གོན་འདུག་མདོག་མདོག་མིན་ད།
ལགས་སོ།
དྲ་གྲོགས་ལགས། གཏགས་ནོར་ཤོར་བ་དང་ངོ་མ་ནོར་ཆ་མ་འཚལ་མོད་ཡིག་ནོར་ཡིན་པ་ནིཿ
༡། དབྱིན་ཇིའི་མངལ་འོག་གི་རྒྱལ་ཁབ་སྤྱི་དང་། ཞེས་པ་ལ་ མངའ་འོག་
༢། གསལ་ཁ་མེད་ཀྱང་དབྱིན་ཇིས་གསལ་གཏོད་བྱས་ཏེ་་ ཞེས་པ་ལ་ གསར་གཏོད་
༣། རིམ་བཞིན་མི་རྒན་པའི་རྩེད་མོར་གྱུར་བ་ཡིད་ཆེས་བྱེད་་་ ཞེས་པ་ལ་ གྱུར་བར་
༤། ལོ་བརྒྱ་ཕྲག་མང་པོར་བརྒྱུད་ཡོད་པ་ཚོད་དཔག་བྱེད་་་་ ཞེས་པ་ལ་ མང་པོ་བརྒྱུད་ཡོད་པའི་
༥། རྒྱལ་སྤྱིའི་རྩེད་འགྲན་ཐེངས་དང་པོ་དེ་རྩེས། ཞེས་པ་ལ་ བརྩེས་ བྲིས་ན་ལེགས་བསམ།
༦། ལྷག་པར་དུ་འཛམ་གླིང་མདག་ཆེན་་ཞེས་པ་ལ་ དམག་ཆེན་
༧། ཉིན་ཞག་མང་པོར་བཟའ་རྒྱུ་མ་རག་པ་བསྡད་་་་ ཞེས་པ་ལ་ མ་རག་པར་
༨། དཀའ་ངལ་འཕྲོད་པ་བཅས་་་ ཞེས་པ་འདི་ལ་ འཕྲད་པ་
༩། ལོ་འདི་འགར་རྒྱལ་ཁབ་་་ ཞེས་པ་ལ་ འདི་གར་
༡༠། འཛམ་གླིང་ལ་བསྒྲགས་ཐུབ་མཁན་་་་ ཞེས་པ་ལ་ སྒྲོག་ཐུབ་མཁན་ ་བྲིས་ན་ལེགས་བསམ།
༡༡། རྒྱལ་ཁབ་ཀྱི་མཚན་སྙན་རྒྱལ་ཡོངས་ལ་ཁྱབ་་་ཞེས་པ་ལ་ རྒྱལ་སྤྱི་
༡༢། འཛམ་གླིང་གི་སྲིད་མཐོར་སྒྲེང་ཡོད། ཞེས་པ་ལ་ བསྒྲེངས་ཡོད།
༡༣། དབྱུག་རྩེད་སྤོ་ལོ་ཆོས་ལུགས་ཏུ་བརྩི་ཞིང་་་་ ཞེས་པ་ལ་ ཆོས་ལུགས་སུ་
༡༤། རྒྱ་གར་ལ་སྐྱབས་བཅོལ་ཡོད་པས་ནས། ཞེས་པ་ལ་ ཡོད་པའི་
༡༥། ཚད་ལས་བརྒལ་བའི་དང་དོད་བྱེད་བཞིན་་་ ཞེས་པ་ལ་ དང་འདོད
༡༦། བསྟན་པ་དར་ཞིང་རྒྱས་པ་འགྱུར་བ་་་་ ཞེས་པ་ལ་རྒྱས་པར་
གོང་གི་དེ་དག་ནི་མཐོང་ཚད་བཀོད་པ་ཡིན།
དྲ་གྲོགས་ཤ་ཀླན་ལགས།
ངས་ཁྱེད་ལ་སྐྱོན་བརྗོད་བྱས་ཡོད། ད་ཁྱེད་ཀྱིས་སྐྱོན་སེལ་མི་མཛད་དམ།