བདེ་ཆེན་སྒྲོལ་མ།
ད་ཡོད་བོད་ཀྱི་དབུ་མའི་ལམ་བུ་འདི་ཐོག་མར་༧གོང་ས་མཆོག་གི་ཐུགས་འདུན་དང་སྦྲགས་ནས་སྐུ་འཁྲུངས་ལ། ད་ཆ་ལམ་བུ་འདི་ཉིད་ཀྱང་༧གོང་ས་མཆོག་གི་བགྲེས་ཡོལ་དང་ལྷན་དུ་བགྲེས་ཡོལ་ལ་ཕེབས་འགྲོ་བཞིན་ཡོད། མ་མཐའ་ཡང་ཕྲན་པས་བསམ་བློ་འདི་ལྟར་གཏོང་བཞིན་ཡོད།
མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་རང་དབང་དང་། བདེ་སྡུག་གི་ཐོབ་ཐང་རྩོད་པར་ཆབ་སྲིད་ཀྱི་ལམ་ལུགས་ངེས་ཅན་ཞིག་དགོས་པ་ནི་བཤད་མ་དགོས་ལ། ལམ་ལུགས་དེ་ཡང་དུས་རབས་དང་མཐུན་ཞིང་མི་དམངས་ཡོངས་ཀྱིས་ཡིད་ཆེས་དང་དགའ་མོས་བྱེད་པ་ཞིག་ངེས་པར་དུ་ཡིན་དགོས།
ད་ཡོད་བོད་ཀྱི་རང་དབང་རྩོད་པའི་ཆབ་སྲིད་ལམ་ལུགས་ཀྱི་ངོས་ནས་བཤད་ན། དབུ་མའི་ལམ་ནི་བོད་གཞུང་དམངས་གཉིས་ཀྱི་ལང་ཕྱོགས་མཚོན་པ་དང་། ཁ་ཞེ་གཉིས་མེད་ཀྱིས་དགའ་མོས་དང་རྒྱབ་སྐྱོར་ཡོད་པའི་ལམ་བུ་གཅིག་པུ་དེ་ཡིན། ༼གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་རང་བཙན་གཙང་མའི་ལམ་བུ་ཁ་ལ་འཁྱེར་མཁན་ཡོད་ཀྱང་། ཁོང་ཚོའི་བྱེད་བབ་དང་ལས་འགུལ་སྤེལ་ཐབས་ཀྱི་ཕྱོགས་གང་ནས་བསམ་ཡང་། ཁོང་ཚོ་ནི་སྐབས་འཚོལ་བའི་ཚོགས་ཁག་ཞེ་གཅིག་ལས་གཞན་དབུ་མའི་ལམ་ལྟར་བོད་ཀྱི་གནད་དོན་ལ་འགན་འཁུར་བ་དུས་ནམ་ཡང་མེད། ཁོང་ཚོའི་ལས་འགུལ་མང་ཆེ་ཤོས་ནི་ནང་ཁུལ་ལ་གྲོས་ཆོད་རྫིག་པོ་འཇོག་རྒྱུ་དང་བོད་ནང་གི་ལས་འགུལ་དག་ཁ་ལ་འཁྱེར་ནས་ཞལ་འདེབས་བསྡུ་སྐོང་བྱེད་རྒྱུ། གཞན་ཡང་རྡ་རམ་ས་ལའི་ཁྲོམ་བར་ལ་ཐོན་ནས་སྐད་འབོད་ཙམ་བྱེད་རྒྱུ་དེ་ཁོ་ན་ཡིན།༽
རྒྱལ་སྤྱིའི་གནས་བབ་ཀྱི་ཐད་ནས་ཀྱང་དབུ་མའི་ལམ་བུ་འདི་ཉིད་ལ་ཆེས་མཐོའི་རྒྱབ་སྐྱོར་དང་གདེང་འཇོག་བླ་མེད་བྱེད་བཞིན་ཡོད།
ཡིན་ནའང་། ང་ཚོས་བསམ་བློ་གཏོང་དགོས་ས་གཅིག་རང་ཡོད་པ་ནི། ༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་འདི་རེད། བོད་ལ་ཁེ་ཕན་སོགས་ཕྱོགས་གང་ཐད་ནས་རིན་ཐང་ཆེ་ཚོད་དུ་ཡོད་པའི་ད་ལྟའི་དབུ་མའི་ལམ་འདི་ཉིད་༧གོང་ས་མཆོག་གི་བགྲེས་ཡོལ་དང་མཉམ་དུ་བགྲེས་ཡོལ་དུ་བུད་པ་ཡིན་ན། ལམ་བུ་འདི་ཉིད་ནས་བྱུང་བའི་གྱོང་གུད་ནི་བོད་རང་གི་གྱོང་གུད་ཡིན་པ་ལས། མི་བུ་རེ་ཟུང་ཞིག་གི་གྱོང་གུད་གཏན་ནས་མིན།
ང་ཚོ་མང་པོ་ཞིག་གིས་གནད་དོན་གྱི་ཕྱོགས་ཡོངས་ལ་བསམ་གཞིག་མི་བྱེད་པར་རང་ཉིད་ཀྱི་ཚོར་སྣང་ཙམ་དང་གནས་སྐབས་ཀྱི་ངོ་གདོང་ཙམ་ཞིག་གི་ཆེད་དུ། ༧གོང་ས་མཆོག་གི་བགྲེས་ཡོལ་གྱི་གནད་དོན་ཆེན་པོ་འདི་ཡང་ཀུ་རེ་རྩེད་མོ་ལྟ་བུ་ཞིག་གི་འདུ་ཤེས་ལ་འགྲེལ་རྒྱག་བཞིན་འདུག
གལ་སྲིད་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། དབུ་མའི་ལམ་བུ་འདི་ཉིད་འགག་འགྲོ་བ་བཤད་མ་དགོས་པ་ཞིག་རེད་ལ། དབུ་མའི་ལམ་བུ་འདི་ཉིད་འགག་སོང་བ་ཡིན་ན། ད་ནི་བོད་རྒྱའི་བར་དུ་ལམ་བུ་གསར་བ་ཞིག་སུས་ཀྱང་གསར་དུ་བསྐྲུན་དཀའ་ཚོད་རེད་སྙམ། མ་ཟད་དེ་དུས་ནམ་རྒྱུན་རང་བཙན་གཙང་མ་ཁ་ལ་འཁྱེར་བའི་སྐབས་འཚོལ་བ་དག་གིས་ཀྱང་ད་ལྟའི་དབུ་མའི་ལམ་ལས་ལྷག་པའི་བོད་དོན་གྱི་ལས་ཀ་བྱེད་མི་ཐུབ་པ་ནི་ང་ཚོས་ད་ལྟ་ནས་ཐག་བཅད་ཆོག་པ་ཞིག་སྟེ། ཁོང་ཚོའི་ནུས་ཤུགས་དང་ལས་འགུལ་ནི་གོང་ནས་བཤད་ཚར་བ་དེ་ཙམ་དང་། ཕྱོགས་གཞན་ནས་འདས་པའི་ལོ་རྒྱུས་ཀྱིས་སྐབས་འཚོལ་བ་དེ་དག་གི་ནང་སྙིང་རྗེན་པ་ང་ཚོར་ངོ་སྤྲོད་གསལ་བོ་མཛད་མྱོང་ཡང་ཡོད་དོ།།
རང་བཙན་འཐབ་རྩོད་པ་ཚོར་དེ་འདྲའི་ཁ་རྡུང་མ་གཏོང་རོགས། ལས་འགུལ་སྤེལ་བ་དེས་ཕན་ག་ཚོད་ཐོག་ཡོད་པ་མིག་མཐོང་ལག་ཟིན་རེད། གཞོན་ནུ་ཚོགས་པ་ལྟ་བུར་མཚོན་ན་རྒྱ་གཞུང་གི་མིག་ནང་གི་ཚེར་མ་རེད་ལ་མ་འོངས་པའི་སེམས་ཁྲེལ་ཡང་རེད། རང་ཉིད་ཀྱི་ལྟ་བ་སྐྱོང་བའི་རང་ཚུགས་ཅན་གྱི་ཚོགས་པ་འདི་ལ་བོད་ནང་དུའང་ཆ་འཇོག་ཆེན་པོ་ཡོད། བོད་ནང་གི་བོད་མི་ཚོས༸གོང་ས་མཆོག་གི་འཕྲོ་ནས་ཚོགས་སྡེ་འདིར་རེ་ལྟོས་བྱེད་བཞིན་འདུག མ་མཐའ་ཡང་ངའི་ཕ་ཡུལ་ཕྱོགས་ནས་དེ་ལྟར་རེད།
༼གལ་སྲིད་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། དབུ་མའི་ལམ་བུ་འདི་ཉིད་འགག་འགྲོ་བ་བཤད་མ་དགོས་པ་ཞིག་རེད་ལ། ༽ ཞེས་པར་ངོས་ལེན་རྩ་བ་ནས་མེད། གཉིས་ཕན་དབུ་མའི་ལམ་གྱི་སྲོལ་བཟང་ཐོག་མར་༸མགོན་པོ་མཆོག་གིས་སྲོལ་གཏོད་གནང་བ་ཞིག་ཡིན་ཡང་། དེའི་རྗེས་སུ་བོད་རྒྱ་ཆེ་མི་མང་གིས་མང་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་པས་ཁྱེད་ཀྱིས་བཤད་པ་ལྟར་ཨེ་ཡིན།
རྒྱ་རིགས་ གཞུང་དམངས་ལ་ ཁོང་ཁྲོ་ མེ་ལྟར་ འབར་ན་ རང་བཙན་རྩོད། དེ་མིན་ དབུ་མའི་ ལམ་ལ་ ཤུགས་ ག་ཚོད་ཐུབ་ཐུབ་ རྒྱོབས་རོགས་ གནོངས་དང་། བོད་རིགས་དང་ རྒྱ་རིགས་ གཉིས་ཀྱི་ མཐུན་ལམ་ གོང་མཐོར་ ཤོག །
ཚིག་འགའ་ཤོས་རྣོ་དྲགས་པས་སེམས་ཆུང་བྱེད་དགོས། ཉིན་མ་གཅིག་མགོ་ལ་རྡོ་ཡི་ཞྭ་མོ་གྱོན་དགོས་ཐུག་ཡོང་། ཨ་ལ་ཀུ་རེ་ཡིན།
དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་ཡོད་ཆོག་པ་མ་ཟད། ཡོད་འོས་ཤིང་ཡོད་དགོས་པ་ལྟ་བུ་ཞིག་ཀྱང་ཡིན། འོན་ཀྱང་དམངས་གཙོའི་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་ལྟ་གྲུབ་དེ་ཚོ་དམངས་གཙོའི་གཞུང་དེ་ཚགས་ཚུད་དང་གཞུང་དེ་སྐྱོང་སྟངས་ཀྱི་ལམ་ལུགས་མ་འདྲ་རེ་ཡིན་དགོས་པ་ལས། ལྟ་གྲུབ་དེ་གཉིས་ནང་འགལ་དང་གཅིག་གཅིག་ལ་ཁ་གཏད་གཅོག་པའི་ཆེད་དུ་མ་ཡིན་པ་འདི་ཡང་ཤེས་དགོས་པ་ཞིག་རེད་འདོད་ཀི
འོན་ཀྱང་ཆབ་སྲིད་ནི་དངོས་ཡོད་དུས་རབས་དང་དུས་ཚོད་དང་བསྟུན་ནས་འགྲོ་དགོས་པས་ན། བོད་ཀྱི་རང་བཙན་ལས་རང་སྐྱོང་རྩོད་དགོས་པ་འདྲ་ཞིག་མཏོང་གི་འདུག འོན་ཀྱང་རང་སྐྱོང་གི་ལམ་དུ་འགྲོ་བཞིན་ཁ་ནང་དུ་འཁོར་ནས་རང་བཙན་ལ་དགག་པ་དང་རྩོད་་པ་བྱེད་དགོས་པ་མ་ཡིན་པར། རང་གི་དམིགས་ཡུལ་དང་ཁ་གཏད་ས་དེ་གང་ཡིན་ན་དེར་གཏོད་དགོས་པ་རེད་ཀྱང་དྲན་གི་ཡོད།
དམངས་གཙོི་ལམ་ནས་རང་བཙན་དང་རང་སྐྱོང་གང་ཡིན་ཀྱང་རྩོད་དགོས་ལ་རྩོད་ཆོག་པ་ཞིག་ཀྱང་རེད་འདོད། རང་བཙན་ལ་གཞི་མེད་པ་ཞིག་དང་རེ་བ་གཏན་ནས་མེད་པ་ཞིག་མ་ཡིན་པར་ཉེ་ཆར་སི་པན་གྱིས་ཀྱང་བོད་དེ་བཙན་བཟུང་བྱས་པའི་གཞུང་ཞིག་ཡིན་པར་ཁས་ལེན་བྱས་སོང་བས་ན། འདི་ནི་ལེགས་པའི་གནས་ཚུལ་ཞིག་ཀྱང་ཡིན་ནམ་སྙམ།
ཡང་རང་བཙན་ནི་རང་སྐྱོང་རྩོད་པའི་བགེགས་རྡོ་ལྟ་བུ་དང་། རང་སྐྱོང་རྩོད་པ་དེ་ཡང་རང་བཙན་རྩོད་པའི་བགེགས་རྡོ་རུ་མི་བསམ་པར་གཉིས་ལ་བོད་ཀྱི་བདེན་མཐའ་རྩོད་པའི་ཐབས་ལམ་གཉིས་ཡིན་པར་དགོངས་ན་ཅི་འདྲ་འདུག
ངའི་སྐད་ཆ་འདི་ཚོར་ཆོ་མི་འདུག་ན་གད་སྙིགས་སུ་གཡུག་གནང་རོགས།
༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང། ལམ་དབུ་མ་བགྲེས་ཡོལ་དུ་འཕེབས་ངེས་མིན་ནའང། ལག་ལེན་དུ་ཐག་ཉེ་བའི་ལམ་དབུ་མ་དེ་ཡང་རང་རིགས་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོགས་པ་ཁག་གི་རྩ་དོན་ལྟར་ཁ་ལག་བར་གྱི་རྒྱང་ཐག་དེ་ཉིན་ནས་ཉིན་རིང་དུ་འགྲོ་ངེས་ཡིན།
བདེ་ཆེན་ལགས།ཁྱོད་བདེ་མོ།
སྐུ་ཉིད་ཀྱིས་༸གོང་ས་མཆོག་གི་བགྲེས་ཡོལ་གནང་རྗེས་དབུ་མའི་ལམ་གྱིས་ཀྱང་བགྲེས་ཡོལ་གནང་འགྲོ་བར་གསུང་གིན་འདུག་་་སྐུ་ཉིད་ཀྱི་དགོངས་ཚུལ་དེར་བདག་གིས་ངོས་ལེན་བྱེད་ཐུབ་མ་སོང་།
གོང་དུ་ཤེལ་དཀར་བློ་བཟང་གིས་གསུང་བ་དེར་རྒྱབ་སྐྱོར་ཞུ་རྒྱུ་དང་སྦྲགས།
༸གོང་ས་མཆོག་ནི་དབུ་མའི་ལམ་གྱི་སྲོལ་འབྱེད་གནང་མཁན་ཡིན་པ་བདེན་མོད།༸གོང་ས་མཆོག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཐག་གཅོད་གནང་མཁན་མིན།
དབུ་མའི་ལམ་ནི་རྒྱ་ཆེའི་བོད་མི་མང་ཚོགས་ཀྱི་མང་མོས་ཀྱི་མངོན་འདོད་དང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་པས།བོད་མི་རྒྱ་ཆེའི་མང་ཚོགས་ནི་དབུ་མའི་ལམ་གྱི་བདག་པོ་ཡིན་ལ།ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་ང་ཚོས་བློ་སྟོབས་དང་ཆོད་སེམས་ལ་འགྱུར་བ་གཏོང་དགོས་པ་གང་ཡང་མཐོང་མ་སོང་།
ལྷག་པར་བཀའ་ཤག་གི་གསུང་འཕྲིན་དུའང་འདི་འདྲ་ཞིག་ཕེབས་ཡོད།
༸གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐོག་མཐའ་བར་གསུམ་དུ་ཕྱི་གསལ་ནང་གསལ་དང་།འཚེ་བ་མེད་པ།གོ་སྐབས་དང་བསྟུན་ཏེ་འབྲེལ་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་དམ་བཅའ་གསུམ་པོ་ནི་འགྱུར་མེད་རྒྱུན་འཁྱོངས་བྱ་རྒྱུ་ཡིན།
༸གོང་ས་མཆོག་དགུང་གྲངས་དོན་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྐབས་ཀྱི་བཀའ་ཤག་གི་གཏམ་བཤད་ལས།
རྒན་རྨོག་བསྟན་ལགས། དེ་དེ་བཞིན་ནོ དེ་དེ་བཞིན་དེ།
དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དྲུང་ཆེ་རྨོག་རུ་བསྟན་པ་ལགས་ཀྱིས།
དབུ་མའི་ལམ་ནི་རྒྱ་ཆེའི་བོད་མི་མང་ཚོགས་ཀྱི་མང་མོས་ཀྱི་མངོན་འདོད་དང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་པས།བོད་མི་རྒྱ་ཆེའི་མང་ཚོགས་ནི་དབུ་མའི་ལམ་གྱི་བདག་པོ་ཡིན་ལ།ཞེས་གསུངས་འདུག་པས་དབུ་མའི་ལམ་འདི་རྒྱ་ཆེན་མི་དམངས་མང་ཚོགས་ཀྱིས་དམངས་མོས་ག་དུས་བྱུང་བ་རེད་དམ།
འོས་བསྡུ་བྱས་ནས་དམངས་མོས་བྱུང་བ་རེད་དམ། འོས་གྲངས་ག་ཚོད་ཀྱིས་དམངས་མོས་བྱུང་ཡོད་དམ། རྒྱ་ཆེན་མི་དམངས་ཀྱིས་མང་མོས་ཡོད་མེད་ཇི་ལྟར་ཤེས་སོང་ངམ། གཅིག་རོགས།
དབུ་མའི་ལམ་འདིར་དམངས་མོས་ཡིན་གསུངས་པ་འདི་ཧམ་བཤད་ཁོ་ན་རེད་འདོད་ཀྱི་ཡོད། བཙན་བྱོལ་རྒྱ་ཆེན་མི་དམངས་བརྒྱ་ཆ་བརྒྱད་ཅུའི་མོས་མཐུན་ཡོད་པ་བོད་རང་བཙན་ཡིན་པ་ལས་རང་སྲིད་རང་སྐྱོང་མིན་པ་ཤེས་ཀྱི་ཡོད།
ད་དུང་ཡང་ཧམ་བཤད་བྱས་ནས་བསྡད་ཀྱི་ཡོད་པས། བཙན་བྱོལ་རྒྱ་ཆེན་མི་དམངས་སུ་སྒེར་གཅོད་བྱེད་འདོད་ཡོད་པས། རྒྱ་ཆེན་མི་དམངས་ཀྱི་འདོད་མོས་དང་མ་བརྟེན་ནས་ཁ་ཤུགས་ཆེ་ཆུང་གིས་ཐོག་ནས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ཕྱོགས་ཁ་ལོ་བསྒྱུར་བ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཤོས་སུ་འགྱུར་ངེས་རེད་དོ།
ང་དེ་རིང་ཁ་བརྡ་བྱེད་དུ་ཁྱེད་ཚང་ལ་ཡོང་བ་ཡིན། སྣེ་ལེན་མ་གནང་ཡང་སྒོ་ཕྱེ་ནས་ཁྱེད་ཚང་ག་འདྲ་སྡད་འདུག་ལྟ་ཙམ་བྱེད་དུ་འཇུག་རོགས།
ཟླ་བ་ནས།
ལས་འགུལ་གང་སྤེལ་ཀྱང་ཆོག་མོད་མེད། དབུ་མའི་ལམ་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་རེད་ཟེར་བ་དང་བདེན་མཐའ་མ་གསལ་བར་དུ་དེ་ལ་སྒྱུར་བ་མེད་ཟེར་བ་ནི་ཚ་གྲང་གི་འགལ་བ་ཞིག་མིན་ནམ། བདེན་མཐའ་ཟེར་བའི་སྒྲ་གང་ལ་འཇུག་གམ། གཞི་བྱེས་མཉམ་དུ་འཛོམས་ཐུབ་ཙམ་ཞིག་ལ་གོ་ན་ནི་བདེན་པ་རྒྱ་དམར་ལ་ཡོད་པ་ཟེར་གྱི་ཡོད་དམ། ང་ཚོ་བཙན་བྱོལ་རྣམས་དངོས་གནས་ཁ་བྲལ་རིང་ལུགས་པ་ཡིན་ནམ། དེ་མིན་གྱི་བདེན་པའི་མཐའ་གཞན་ཞིག་ཡོད་ན་ནི་དབུ་མའི་ལམ་གྱི་བདེན་མཐའ་ཇི་ལྟར་གསེལ་ཐུབ་བམ། བོད་ནང་རང་སྲོག་བློས་བཏང་སྟེ་རྒྱ་དམར་གྱི་མེ་མདས་སོ་ཁར་འཆོང་མཁན་དཔའ་རྒོད་རྣམས་ཀྱི་འབོད་ཚིག་དང་། བཙན་བྱོལ་ནང་སུམ་དུས་སོགས་སུ་རྒྱ་དམར་ལ་ངོ་རྒོལ་སྐབས་ཀྱི་སྐད་འབོད་ཀྱི་འབོད་ཚིག་དེ་དག་རྣ་བས་ཉན་ན་ཤེས་།
དེ་དངོས་བོད་མི་མང་གི་མངོན་འདོད་རང་བཙན་གཙང་མ་ཞིག་ཡིན་ཀྱང་། རྒྱལ་སྤྱིའི་གནས་བབ་དང་སྟུན་ནས་དབུ་མའི་ལམ་ཞིག་འདེམས་པ་ཡིན་ཞེ་ན་འབྲེལ་ཆགས་པ་ལས་མངོན་སུམ་ལ་ཉོག་པའི་སྐད་ཆ་བཤད་ན་ཆབ་སྲིད་ཐོག་ཕན་ལས་གནོད་ཆེ་བ་མེད་དམ།
ཅོ་རི་ཉི་མ་ལགས། ཁ་སང་སྤྱི་ཚེས་༡༠ ཉིན་དྷ་ས་མེག་ལོར་ཉིན་སློབ་ནང་དུ་དབུ་མའི་ལམ་ལས་འགུལ་ཀང་སོགས་ཀྱིས་བཀོད་སྒྲིག་བྱས་ཏེ་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་སོང་། སྐབས་དེར་ཡང་དབུ་མའི་ལམ་ནི་དམངས་གཙོའི་ལམ་སྲོལ་བརྒྱུད་ནས་མི་མང་གིས་ཏག་གཅོད་བྱས་པ་རེད་སོགས་གསུང་བཤད་རྒྱས་ཙམ་གནང་སོང་། དེའི་སྐོར་བོད་ཀྱི་དུས་བབ་མདུན་ངོས་སུ་(རེ་བ་སྟོང་པ་དང་ཡོང་རྒྱུ་མེད་པའི་རྨི་ལམ་ཞིག་རེད།)ཅེས་པར་གཟིགས་རོགས།
དྲ་ཐག་འདི་ན་འདུག
http://www.tibettimes.net/news.php?showfooter=1&id=4290
རྨོག་རུ་བསྟན་པས་ཟམ་གདོང་རིན་པོ་ཆེའི་གསུང་ལ་བསྐྱར་ཟློས་བྱས་པ་ཡིན་མིན་གང་ལྟར་ཀྱང་། ཟམ་གདོང་རིན་པོ་ཆེས་(ནམ་ཞིག་མང་ཚོགས་ཀྱིས་ངེས་པ་རྙེད་དེ་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་ཞིག་དང་། དེ་ལས་ལྷག་པའི་གདམ་ཀ་ཡག་པོ་ཞིག་སྟོན་ཐུབ་པའི་གནས་བབ་བྱུང་ན། སྐབས་དེར་གདམ་ཀ་བྱ་ཆོག་ལ་གདམ་ཀ་བྱ་རྒྱུའི་དཀའ་ངལ་གང་ཡང་ཡོད་པ་མ་རེད།) ཅེས་གསུངས་འདུག་ལ་རྨོག་རུ་བསྟན་པའི་གང་འདོད་ཀྱི་ཡོད་དམ།
ཅོ་རི་ལ།སྐུ་ཁམས་བཟང་།
ཕྱི་ལོ་༡༩༩༧་ལོར་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གདམ་ཀ་གཞིར་མང་མོས་འོས་བསྡུ་བྱས་པ་རེད།
བརྒྱ་ཆ་དྲུག་ཅུ་རེ་གྲངས་དང་ཚགས་ཀྱིས་༸གོང་ས་མཆོག་གི་གང་གནང་བའི་ལམ་སྟོན་དང་དབུ་མའི་ལམ་ལ་ཐོབ་པ་རེད།
ཕྱི་ལོ་༢༠༠༨་ལོར་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་མི་མང་བརྒྱུད་བསམ་ཤོག་བསྡུས་པ་རེད།དབུ་མའི་ལམ་དང་རང་བཙན་གྱིས་གྲངས་བསྡུར་མིན་ཡང་རང་བཞིན་གྱིས་མི་མང་བརྒྱ་ཆ་དགུ་བཅུ་ལྷག་གིས་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་རྒྱུ་ཡིན་པའི་བསམ་ཚུལ་ཐོན་པ་རེད།
དེ་བཞིན་ཚོགས་ཆེན་དེའི་སྟེང་ནས་ཀྱང་བརྒྱ་ཆ་དགུ་ཅུ་གོ་གྲངས་ཀྱིས་དབུ་མའི་ལམ་ལ་འདོད་མོས་བྱས་ཡོད་པ་དེ་ཕྱི་གསལ་ནང་གསལ་ཡིན།
ཕྱི་ལོ་༢༠༡༠་ལོར་བོད་རྒྱལ་ཡོངས་ཚོགས་ཆེན་དང་པོའི་སྐབས་སུའང་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་རྒྱུའི་ལངས་ཕྱོགས་ཐད་མི་མང་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་རེད།དེ་ཡང་སྐབས་དེའི་ཡིག་ཆའི་ནང་འཁོད་ཡོད་པ་རེད།
ངས་ནི་ཧམ་བཤད་བཤད་ཀྱིན་མེད་ལ།སྒེར་གཅོད་བྱེད་ཀྱིན་མེད།བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ན་ཡོད་པ་མ་ཟད།མི་མང་གི་ཁོར་ཡུག་དང་ཚོགས་ཆེན་སྐབས་ཚང་མར་མཉམ་ཞུགས་བྱེད་ཀྱིན་ཡོད།དོན་དངོས་ཀྱི་གནས་བབ་སྟེང་ནས་བཤད་ཀྱིན་ཡོད།
ཅོ་རི་ལ་རང་བཙན་གྱི་ཚོར་བ་རྣོན་པོ་ཞིག་ཡོད་པར་རྗེས་སུ་ཡི་རང་ཡོད།ཡིན་ཡང་ཚོར་བ་ཙམ་ལས་རྒྱུས་ལོན་དང་འབྲེལ་འདྲིས་གང་ཡང་མེད་པ་ནི་ཐབས་སྐྱོ་བའི་གནས་ཙམ་རེད།
སྤྱིར་བཏང་གི་དོན་དག་ལ་ཚོར་བ་ཙམ་གྱིས་འགྲིག་ཏུ་ཆུག་་་ཆབ་སྲིད་འདི་ཚོར་བ་ཙམ་གྱིས་ཤེས་ཐུབ་པ་དང་བསྒྲུབ་ཐུབ་པ་ཞིག་ཆེ་ཡིན།སེམས་ཤུགས་ལ་གུས་འདུད་བཅས།
(ནམ་ ཞིག་མང་ཚོགས་ཀྱིས་ངེས་པ་རྙེད་དེ་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་ཞིག་དང་། དེ་ལས་ལྷག་པའི་གདམ་ཀ་ཡག་པོ་ཞིག་སྟོན་ཐུབ་པའི་གནས་བབ་བྱུང་ན། སྐབས་དེར་གདམ་ཀ་བྱ་ཆོག་ལ་གདམ་ཀ་བྱ་རྒྱུའི་དཀའ་ངལ་གང་ཡང་ཡོད་པ་མ་རེད།) ཅེས་གསུངས་འདུག་ལ་རྨོག་རུ་བསྟན་པའི་གང་འདོད་ཀྱི་ཡོད་དམ།
གཅན་བཟོད་རྒྱམ་ལ།དྲི་བ་གནང་བར་དགའ་བྱུང་།
དཔལ་ལྡན་བཀའ་བློན་ཁྲི་བའི་གསུང་བ་ནི་ཡང་དག་པའི་གདམ་ངག་ཡིན་པས་དེ་དེ་བཞིན་ནོ་ཞུ་བ་ཡིན།
ཡིན་ཡང་།ཆོས་ཅན་གཞི་མ་གྲུབ་པ་ཞིག་ནི་ད་ལྟའི་བོད་ཀྱི་གནས་བབ་ལ་དབུ་མའི་ལམ་གྱི་གདམ་ཀ་ལས་ལྷག་ཅིག་ཚད་མས་རྙེད་ཡུལ་དུ་མ་གྱུར་བ་དེ་རེད།
གནས་བབ་བྱུང་ན།སངས་རྒྱས་སོང་ན།དགྲ་བཅོམ་པ་ཐོབ་སོང་ན།མེད་སོང་ན།མིན་དང་ན།ཡིན་དང་ན།ན་སྒྲ་མཐར་སྦྱར་གྱི་ཚིག་འདི་ང་ལ་མཚོན་ན་ངོས་ལེན་དེ་ཙམ་བྱེད་འདོད་མེད་པ་ཞིག་ཡིན།
དྲི་བ་གནང་བར་དགའ།
ལས་འགུལ་གང་སྤེལ་ཀྱང་ཆོག་ མོད་མེད། དབུ་མའི་ལམ་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་རེད་ཟེར་བ་དང་བདེན་མཐའ་མ་གསལ་ བར་དུ་དེ་ལ་སྒྱུར་བ་མེད་ཟེར་བ་ནི་ཚ་གྲང་གི་འགལ་བ་ཞིག་མིན་ནམ། བདེན་མཐའ་ཟེར་བའི་སྒྲ་གང་ལ་འཇུག་གམ།
བཟོད་པ་ལྷ་རྩེ་ལ།དྲི་བ་དང་བསམ་ཚུལ་གནང་བར་དགའ།
དབུ་མའི་ལམ་ནི་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་ཡིན་པའང་དངོས་ཡོད་ཡིན་ལ།ཕྱི་ནང་གི་གནས་བབ་ལ་དཔོག་ན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་།ཆོས།རིག་གཞུང་།ཁོར་ཡུག་སོགས་ལ་རང་དབང་ཡོང་བ་ལ་དབུ་མའི་ལམ་ལ་བརྟེན་དགོས་པའང་དངོས་ཡོད་ཡིན་པས་ཚ་གྲང་ལྟ་བུའི་འགལ་ཟླ་ཆགས་དགོས་ཤིག་གང་ནས་ཀྱང་མ་མཐོང་།
བདེན་མཐའ་ཟེར་བ་ནི་གཞིས་བྱེས་ལྷན་དུ་འཛོམས་ཤིང་།ཆོས་དང་།རིག་གཞུང་།ཁོར་ཡུག་སོགས་ལ་རང་དབང་གིས་ལོངས་སུ་སྤྱོད་པའི་ཉིན་མོ་དེ་ལ་གོ་བ་ཡིན།
རྩོམ་ཡིག་འདིར་གཟས་ནས་བཤད་པ་མིན་ནའང་འདི་ལ་དག་དག་ཕོག་པའི་གསུང་བཤད་ཅིག་བཀའ་བློན་ཁྲི་པ་མཆོག་གིས་གནང་འདུག དེས་ན་དེར་གཟིགས་པར་འཚལ་ལོ།
རྨོག་རུ་བསྟན་པ་ལགས།
༡༩༩༧ལོར་བཙན་བྱོལ་བོད་གཞུང་གིས་མི་དམངས་སུ་ཆབ་སྲིད་ལམ་ཕྱོགས་གང་དགོས་ཀྱི་གདམས་ཁ་ཚོད་ལྡན་ཞིག་དང་འོས་བསྡུ་ཚོད་ལྡན་ཞིག་བྱས་མེད་པ་རེད། དེར་དུས་་མི་དམངས་ཀྱི་རྣ་བ་ནང་དུ་དབུ་མའི་ལམ་ཟེར་བ་དང་རང་ཐག་རང་གཅོད་ཟེར་བ། བདེན་པའི་ཨུ་ཚུགས་ཟེར་བ་སོགས་སྙན་ངག་ལྟ་བུ་གྱུར་ཡོད་པ་ལས་ཚད་ལྡན་གྱི་གོ་རྟོགས་མེད།
འོས་བསྡུ་ཚད་ལྡན་ཞིག་བྱུང་མེད་ཞེས་༢༠༠༤ལོར་ཡུང་རོ་གཞོན་ནུས་གོ་བསྒྲུགས་འོག་ཚོགས་ཆེན་ཞིག་ཐོག་ཏུ་རྡ་ལ་ཧ་སི་ཆགས་ཀྱི་མི་དམངས་ཀྱིས་ང་ཚོའི་ཆབ་སྲིད་ལམ་ཕྱོགས་གང་ཡང་གདམས་ཁ་ཤེས་ཀྱི་མི་འདུག་པས་དབུ་མའི་ལམ་༧གོང་ས་མཆོག་གི་གཏན་འབེབས་གནང་བ་ཡིན་ན་ང་ཚོ་ལ་དེའི་འགྲིག་ཞེས་འོས་བསྡུ་མ་བྱས་པར་སྙན་ཞུ་ཕུལ་བ་རེད་ཞེས་གསུངས་སོང་།
ཁྱེད་ཀྱིས་གསུངས་པ་ལྟར་འོས་བསྡུ་ཚད་ལྡན་ཞིག་བྱས་ཡོད་ན་༡༩༩༧ལོར་མི་དམངས་ག་ཚོད་ཀྱི་འོས་བླུགས་ཡོད་དམ། བཙན་བྱོལ་མི་འབོར་༡༣༠༠༠༠ལྷག་ཙམ་ཡོད་པའི་ནང་ནས་མི་གྲངས་ག་ཚོད་ཀྱི་འོས་བླུགས་ཡོད་དམ།
རྡ་སའི་མི་དྲག་སྐུ་དྲག་ཁག་ཅིག་གིས་དམངས་མོས་ཡོད་པ་ཙམ་གྱིས་བོད་རྒྱལ་ཁབ་རྒྱ་ཁུངས་བསྡད་ཀྱི་ཡིན་གསུངས་པར་སྣང་བ་སྐྱིད་ཐག་ཆད་པ་རེད། འདི་ནི་ཁྱོད་ཚོའི་རེ་བ་སྟོང་པ་དང་ཡོང་རྒྱུ་མེད་པའི་རྨི་ལམ་ཞིག་རེད།
བཙན་བྱོལ་སྤྱི་ཚོགས་ནང་དུ་ཕྲུ་གུ་ལོ་བརྒྱད་ཡན་ཆན་གྱིས་བོད་ཀྱི་རྒྱལ་དར་གངས་སེང་ཁ་སྤྲོད་གནམ་ལ་འཕྱར་བཞིན་ཡོད་ལ་གཞི་ལུས་བོད་མིས་མེ་མདའི་ཁ་ན་བོད་རྒྱལ་ཁབ་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱས་ཀྱི་ཡོད། འདི་ཚོ་ཚང་མ་རང་བཙན་པ་ཤ་དག་རེད། མ་གཏོགས་བོད་མི་རིགས་དང་བོད་རྒྱལ་ཁབ་མི་འདོད་པའི་མི་དམངས་མ་རེད།
དབུ་མའི་ལམ་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་བོད་མི་དམངས་ཀྱིས་འདོད་པ་མེད་པར་གསལ་པོ་དག་པོ་ཡིན། ཟམ་གདོང་བླ་མ་དང་ཟླ་བ་ཚེ་རིང་ཁྱེད་གསུམ་གྱིས་གོང་ས་མཆོག་གི་དམིགས་ཡུལ་ངོ་མ་བོད་རྒྱ་ཆེ་མི་དམངས་ཀྱི་ཐག་གཅོད་ཡོང་དགོས་པའི་གནད་དོན་རྣམས་བྱ་བ་ལེགས་འགྲུབ་ཡོང་བཅུག་གི་མེད། དེ་ཤེས་པ་གྱིས།
ཁྱེད་ཚོ་དབུ་མའི་ལམ་པ་བ་ཚོས་བོད་རྒྱ་ཆེན་དམངས་སུ་བཤད་སྟངས་ནི་ཁྱེད་ཚོ་ལ་རང་བཙན་ལེན་ཐུབ་པའི་ཐབས་ཤེས་ཡོད་ན་ཁུར་ཤོག མེད་ན་ཁ་སྟོང་རེད་ཟེར་གྱིས་ཡོད་རེད། བོད་རང་བཙན་ལེན་ཐུབ་པའི་ཐབས་ཤེས་མེད་ན་བོད་མི་གཞོན་སྐྱེས་ཚོས་བོད་རང་བཙན་འབོད་ཀྱི་མ་རེད།
བོད་མི་ཚང་མ་ཟམ་གདོང་བླ་མ་ལྟ་བུ་རྒད་མགོ་ནི་མ་རེད། ཁྱེད་ལྟུ་བུའི་ཕྲུ་གུ་མེད་པའི་གྲྭ་རྐྱང་ནི་མ་རེད། མི་རབས་ནས་མི་རབས་དང་། ཕ་རྒྱུད་ནས་བུ་རྒྱུད་མཐུད་ནས་བོད་རང་བཙན་རྩོད་ཀྱི་རེད། ཁྱེད་རང་ཚོ་ལ་རེ་བ་མེད་པ་ཁག་མེད། རང་ཉིད་གཅིག་པོ་མ་གཏོགས་མ་འོང་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ཕྲུ་གུ་ནི་མེད། ཁྱེད་ཚོའི་ཆེད་དུ་རང་བཙན་ག་ལ་དགོས།
ཡིན་ནའང་དབུ་མའི་ལམ་ལ་བརྒྱ་ཆ་དགུ་ཅུ་གོ་དགུས་མོས་མཐུན་ཡོད་གསུངས་བསྡད་པ་ནི་ཧམ་བཤད་ཁོ་ན་ཙམ་ལས་དོན་ལ་གནས་པ་མ་རེད། ཧམ་བཤད་དང་སྒེར་གཅོད་ཀྱི་ཁུངས་ཁྱག་གི་མ་རེད། ཨི་ཇེབ་རྒྱལ་ཁབ་དང་ལི་བྷ་ཡ་སོགས་སྒེར་གཅོད་པའི་སྲིད་གཞུང་དང་སྲིད་འཛིན་རྣམས་ལ་གཟིགས་དང་ཤེས་ངེས་ཡིན། མི་དམངས་ཀྱི་འདོད་མོས་བཀག་ཐུབ་མཁན་སྔར་ཡང་བྱུང་མྱངས་མེད་ལ་རྗེས་སུ་ཡང་ཡོང་ཐུབ་ཀྱི་མ་རེད།
རང་བཙན་ལེན་ཐུབ་པའི་ཆ་གཞི་ཡོད་དང་ཡོད། དེ་མེད་ན་ཁ་སྟོང་ནང་གི་ཚིག་སྟོང་བཤད་ཀྱི་མ་རེད། ཡིན་ནའང་དུས་སུ་བབ་དུས་ཞུ་ཆོག་གི་རེད།
ཁོག་ན་སྙིང་དང་སྙིང་ལ་བོད་རྒྱལ་ཁབ་ཀྱི་དྲོད་ཡོད་པའི་དྲ་གྲོགས་དམ་པ་གཅན་གཟོད་རྒྱམ་ལགས་སྐུ་ཁམས་བཟང་། ཁྱེད་ཀྱིས་གསུངས་པ་ལྟར་དུས་བབ་དྲ་ཐོག་གི་ཟམ་གདོང་བླ་མའི་བཀའ་སློབ་བཀླགས་པ་ཡིན། ཁོང་གིས་ཀྱང་མ་འོང་བོད་རྒྱ་ཆེན་མི་དམངས་ཀྱིས་ཐག་གཅོད་གནང་གི་རེད་ཞེས་གསུངས་འདུག་པས་མང་གཙོ་གོ་རྟོགས་འདྲ་ཏོག་ཙམ་རྙེད་པ་མིན་འགྲོ་སྙམ་བྱུང་།
ཉི་མ་ནུབ་ཁའི་མཛེས་མདོག་ཨེ་ཡིན་མི་ཤེས།
ཅོ་རི་ཉི་མ་ལ།
ང་ཤེས་མཁན་ཞིག་མིན་ཡང་།དངོས་ཡོད་ཁས་ལེན་མཁན་ཞིག་དང་།བོད་གཞུང་དང་བཅའ་ཁྲིམས་རིན་པོ་ཆེར་བརྩི་བཀུར་བྱེད་རྒྱུ་ཡིན་ཟེར་མཁན་ཞིག་ཡིན།
མི་དང་མིའི་བར་གྱི་ཁྱད་ཆོས་ཤིག་ནི་གསལ་བཤད་ཀྱིས་གོ་བརྡ་འཕྲོད་འགྲོ་བ་དེ་ཡིན།
གལ་སྲིད་གོ་བརྡ་འཕྲོད་འདོད་མེད་ན་ནི།
འབྲོག་པ་རྣམས་ཀྱིས་ཕག་ཤ་ཟ་བ་དང་།།
རོང་པ་རྣམས་ཀྱིས་མར་ཁུ་འཐུང་བ་སོགས།།
མི་འདོད་ནན་གྱིས་སྐུལ་བའི་དོན་ཡང་མིན།།
འདོད་ན་བཙན་གྱིས་འགོག་པའི་ཐབས་ཡང་མིན།།ཞེས་པའི་དགོངས་དོན་ལ་གོ་བ་ལེན་ཐུབ་པའི་རེ་བ་ཡོད།
ཅོ་རི་ལ།
ང་ནི་དངོས་ཡོད་ཁས་ལེན་མཁན་ཞིག་ཡིན།
མི་དང་མིའི་བར་གྱི་རྣམ་དཔྱོད་ཀྱི་རིན་ཐང་ཞིག་ནི་གསལ་བཤད་ཀྱིས་གོ་བརྡ་འཕྲོད་པ་དེ་ཡིན་མོད།
ང་ཚོས་བར་ཏུ་གོ་བརྡ་འཕྲོད་དཀའ་ན་ནི་རྩོད་པ་མི་བྱའོ།
རོང་པ་རྣམས་ཀྱིས་མར་ཁུ་འཐུང་བ་དང་།།
འབྲོག་པ་རྣམས་ཀྱིས་ཕག་ཤ་ཟ་བ་སོགས་ཞེས་པ་ལྟ་བུ་ཡིན་པས་དགག་རྒྱག་ལ་དགོས་པ་མ་མཆིས་སོ།
རྒན་རྨོག་རུ་བསྟན་པ་ལགས་འུ་ཐུག་པ་དེ་ཁག་མི་འདུག ཅོ་རི་ཉི་མ་ལགས་རྒན་རྨོག་རུའི་ས་ཆའི་ནང་འཛུལ་ཟིན་འདུག
ཅོ་རི་ལགས།
དྲ་ཐོག་ནི་ལོ་རྒྱུས་ཀྱི་རང་བཞིན་དང་།སྐད་ཡིག་སྲུང་སྐྱོབ།བསམ་ཚུལ་ལེགས་བཅོས།གོ་རྟོགས་གོང་སྤེལ་གྱི་ལས་གཞི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
དེའི་ཕྱིར།མིང་རྫུན་བེད་སྤྱོད་བྱེད་རྒྱུ་དང་།མི་གཞིར་སྐྱོན་འཛུགས་བྱེད་རྒྱུ།ཕན་ཚུན་ལ་བསམ་ཤེས་དང་གོ་ཤེས་མེད་པའི་དགག་རྒྱག་གི་ལས་རིགས་ལ་ང་རང་ངོས་ནས་རྒྱུན་དུ་འཛེམས་ཟོམ་བྱེད་བཞིན་ཡོད་ལ།དུས་བབ་ཀྱི་རྩོམ་སྒྲིག་པ་སྔ་ཕྱི་ལ་འདིའི་ཐད་འབོད་སྐུལ་མང་པོ་བྱས་ཟིན་པ་ཡིན།
ད་དུང་མི་རེ་ངོ་རེ་ནས་འདིའི་ཐད་འགན་འཁུར་གནང་ཐུབ་པའི་འབོད་སྐུལ་ཡང་བྱེད་རྒྱུ་ཡིན།
དྲུང་ཆེ་རྨོག་རུ་ལགས།
དེང་སང་གློག་འཕྲིན་གྱི་དེང་རབས་འདིར་དཔོན་ངན་ཚོས་མི་སེར་འགོ་སྐོར་གཏོང་ཐུབ་ཀྱི་མེད་ལ་གསང་བ་བྱེད་ཐུབ་ཀྱི་ཀྱང་མེད་པ་རེད། བོད་རྒྱལ་ཁབ་ཀྱི་བདག་དབང་བོད་མི་ཡོངས་སུ་རྫོགས་པ་ལ་ཡོད་པ་ལས་རྒྱ་རྐུབ་རྒྱུགས་མཁན་རེ་འགའི་བདག་དབང་མ་རེད།
བོད་རྒྱ་ཁུངས་མིན་པར་ཤེས་བཞིན་དུ་བོད་རྒྱ་ཁུངས་སུ་སྡོད་ཀྱི་ཡིན་ལབ་ཡ་དབང་ཆ་སུ་ཡིས་སྤྲད་པ་རེད། གནད་དོན་འདི་ནི་འབྲོག་པ་རྣམས་ལ་ཕག་ཤ་སྤྲད་པ་དང་རོང་བ་རྣམས་ལ་མར་ཁུ་སྤྲད་པ་ལྟར་རེད། མི་འདོད་ནན་གྱིས་སྐུལ་བའི་དོན་མི་འགྲུབ། འདོད་ན་བཙན་གྱིས་བཀག་ཀྱང་འགོག་མི་ཐུབ།
རི་བོ་རྩྭ་གཟན་སྤྱང་ཀུ་ཤ་གཟན་གཉིས།
ཟས་ཀྱི་ཆེད་དུ་གྲོས་ཁ་བསྡུ་བ་ལས།
རེ་ཞིག་རང་རིགས་གཅིག་པའི་འཁོར་ནང་དུ།
ཁ་ཤུགས་ཆེ་ཆུང་སྡུར་མཚམས་བཞག་ན་བསམ།
དངོས་ཡོད་གནས་ཚུལ་དངོས་མེད་བཟོ་མི་ཐུབ།
བོད་ཀྱི་བདེན་མཐའ་རྫུན་མཐའ་སྐྱེལ་མི་ཐུབ།
བོད་ཀྱི་རང་བཙན་རྒྱ་ཁུངས་བཅུག་མི་ཐུབ།
བོད་མིའི་རེ་བ་ནག་གསུབ་གཏོང་མི་ཐུབ།
དྲ་གྲོགས་རྨོག་རུ་ཁྱོད་ལ་རེ་ཞིག
ཁ་ན་རང་བཙན་ཞེས་པའི་འབོད་སྒྲ་ཞིག
ཁོག་ན་ཁ་བ་རི་པའི་རྒྱལ་ཁབ་ཤིག
ཁ་ཁོག་གཉིས་ཀྱིས་རང་བཙན་བརྩོན་རོགས་ཞུ།
ད་ཐེངས་ྋགོང་ས་མཆོག་གིས་བཀའ་སློབ་རིམ་བསྩལ་གྱིས་ཆབ་སྲིད་ཀྱི་ཐུགས་འགན་ནས་དགོངས་པ་ཞུ་རྒྱུ་གཏན་འཁེལ་ཡོད་ནའང༌། ྋསྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་གཞུང་གི་བོད་རྒྱའི་གནད་དོན་གྱི་ལངས་ཕྱོགས་དབུ་མའི་ལམ་ཡང་འགྱུར་བ་མ་ཕྱིན་རང་ཕྱིན་རེད། གང་རེད་ཟེར་ན། བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་ཚེ། འབྱུང་འགྱུར་བཀའ་བློན་ཁྲི་པར་དབང་ཆ་བརྒྱ་ཆའི་བརྒྱ་ཐམ་པ་ཡོད་པ་རེད་གསུངས་པ་ན། སྐུ་ཚབ་ཚོ་ལོ་ངོ་འདི་དག་གི་རིང་ཕར་འགྲོ་ཚུར་འགྲོ་སོགས་མང་པོ་བྱས་པ་དང༌། བོད་རྒྱའི་རྩ་དོན་གྱི་གྲུབ་འབྲས་སླེབས་མེད་པ་གསལ་པོ་གསལ་རྐྱང་རེད། ཡིན་ཡང༌། ང་ཚོ་ལ་ལམ་ཁ་གསར་པ་འདྲ་མེད་སོང་ནི་མ་རེད། ད་དུང་གང་དུ་སོང་ནའང་རྒྱལ་སྤྱིའི་སྒང་ལ་འགྲོ་ཆོག་ཆོག་ཡོད་པ་སི་ཕན་འཛམ་གླིང་ནག་ཉེས་ཁྲིམས་ཁང་དུ་བོད་ནི་གཞན་གྱིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ཁྲིམས་མཐུན་ངེས་ལེན་བྱས་ཡོད་འདུག་པ་དང་ལོ་རྒྱུས་དངོས་ལའང་ཁུངས་ལུང་གསལ་པོ་དྲངས་རྒྱུ་ཡོད་པས་ཡིན་ལ། མ་འོངས་པར་རྒྱལ་སྤྱིའི་ཁྲིམས་ཁང་ཡོད་ས་དག་ལ་བདེན་པ་དངོས་ཡོད་གནས་ཚུལ་ཁྲིམས་གཏུགས་བྱ་རྒྱུ་སོགས་ལ་བོད་མི་རྩམ་ཟན་ཡོངས་ཀྱིས་ཕྲག་སྟེང་ལ་འགན་ལྗིག་ཁོག་ཚ་བོ་ཞིག་སྨོས་མེད་ལྟར། འབྱུང་འགྱུར་བོད་རྒྱལ་ཡོངས་ཚོགས་ཆེན་གཉིས་པའི་སྒང་ལམ་དབུ་མ་ལའང་འགྱུར་བ་ཡོང་རྒྱུ་གདོན་མི་ཟའོ།།
གཉིས་སྨན་ དབུས་ལམ་ ལས་ ལྷག་པ་ཅིག་ ལམ་གསར་པ་ གང་ཡང་ མཐོང་ མ་སོང་བས། དབུ་མ་ལ་ འགྱུར་བ་ འགྲོ་ མི་སྲིད་ལ། རང་བཙན་ རྩོད་ནས་ རྙོག་ཁྲ་ གསར་པ་ཡང་ སློང་འདོད་ མེད་ལགས། སོ་སོས་ འདོད་པ་ ལྟར་ གང་དགར་གྱིས།
ཨ་རོ། གཞུང་འབྲེལ་མིན་པ་ཚོ་དཱ་ཡིན་གདའ་ཡིན། དེ་ལྟའི་ལོ་རྒྱུས་ཡོད་པ་རེད། ཡིན་ནའང་། ལམ་དབུ་མ་འདིའང་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་ལ་སྦྱོར་དངོས་རྗེས་གསུམ་ཚང་བསྡད་པ་མ་གཏོགས། དེའི་མིང་ལ་འཐམས་སྡོད་མཁན་ཡང་མང་པོ་འདུག ཐ་ན་འགྲིམ་འགྲུལ་ཁང་དང་ཟ་ཁང་ཚུན་ཆད་དུ་མིང་འདི་བདེ་སྤྱོད་བཏང་ཡོད། ད་འོ་ན་མི་མང་གིས་འགྲེལ་བཤད་ག་རེ་རྒྱག་གི་འདུག་ལབ་དུས། སྲིད་བྱུས་ཁོ་རང་ལ་ཡིད་ཆེས་དང་གདེང་ཚོད་ཡོད། རང་ཉིད་དེར་ངེས་ཆ་ཐོབ་ནས་དོན་གནད་ཐག་གཅོད་ཀྱི་བསམ་བློ་བརྟན་པོར་སྐྱེས་ཟིན་བསྡད་པའང་མང་པོ་མ་རེད། ངས་བསམ་ན་མི་མང་དང་ཡང་ན་དེའི་སྒྲིག་འཛུགས་ཀྱིས་དེའི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་ན། མི་མང་གི་བློ་རྩ་བརྟན་དུ་གཏོང་དགོས་པ་རེད། སྲིད་བྱུས་དེའི་དྲངས་པའི་བློ་རྩ་བརྟན་པོ་ཆགས་སོང་ན། ༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པ་དང་འབྱུང་འགྱུར་གྱི་ལམ་དབུ་མའི་སྲིད་བྱུས་གཉིས་བསྡུར་ཏེ་སྐད་ཆ་ཡོང་དོན་མེད་པ་རེད།
ཡིན་ནའང་། སྤྱི་པར་ཕན་པའི་སྲིད་བྱུས་དེའི་ལས་རིམ་གསར་བ་མིང་བཏགས་ཚོས་རིག་པ་སྒྲིམ་དགོས་རྒྱུ་རེད་ལ། སྲིད་བྱུས་དེར་ཡིད་མོས་ཡོད་མཁན་ཚོས་སྐུལ་མིན་ལ་མ་ལྟོས་པར་འདོན་དགོས་ཀྱི་རེད། དེ་མ་གཏོགས་ལས་ཁུངས་དང་རྐུབ་སྟེགས། ལས་ཤོག་དང་ཐམ་ཀའི་བར་ནས་གང་ཡང་ལུས་སྲིད་པ་རེད། དེ་སློབ་སྟོན་ཙམ་ཡིན།
ད་ལྟ་ང་ཚོ་དམངས་གཙོ་ཚད་དང་ལྡན་པ་ཞིག་ལ་གོམ་པ་རྒྱག་བཞིན་པའི་སྐབས་འདིར། ལས་བྱེད་ཟེར་བ་ནི་མི་མང་གི་ལས་ཀ་བྱེད་མཁན་ཞིག་དང། ལས་ཤོག་ཟེར་བ་ནི་སྒྲིག་འཛུགས་དང་ཚོགས་པ་ཆེ་ཆུང་གི་ཡི་གེ་འབྲི་བྱེད་ཀྱི་ཤོག་བུ་ཟེར་གི་ཡོད། ད་དུང་རྐུབ་སྟེགས་དང་། ཐམ་ཀ་སོགས་ཀྱང་བཤད་ཀྱི་འདུག
མདོར་དེད་ན་དེ་ཚོ་ནི་དམངས་ཚོགས་ཀྱིས་སྤྲད་པའི་ལས་བྱེད་ཀྱི་ཆ་རྐྱེན་སྤྲད་བ་ཡིན།
བརྒྱ་བཤདཚིག་གི་རྩ་བ་དང་སྟོང་བཤིགས་འོ་མའི་མར་ལོ་ནི་ཚིག་སྔ་མ་ལྟར་རོ།
དྲ་གྲོགས་རྣམས་ངས་གོང་དུ་རྒན་རྨོག་རུ་བསྟན་པ་ལགས་འུ་ཐུག་པ་དེ་ཁག་མི་འདུག ཅོ་རི་ཉི་མ་ལགས་རྒན་རྨོག་རུའི་ས་ཆའི་ནང་འཛུལ་ཟིན་འདུག་ཅེས་པ་འདིར་གོ་རྒྱུ་ཞིག་མི་འདུག་གམ། གོ་རྒྱུ་མི་འདུག་ན། སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་མ་ཡིན་ནམ།
རེད།རང་བཙན་རྩོད་མཁན་ཚོར་ཚོར་བ་རྣོ་བོ་འདུག
དེ་ལ་རྗེས་སུ་ཡི་རང་ཡོད།ངས་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་མ་རེད་ཞེས་བཤད་མ་མྱོང་།མ་འོངས་པར་ཡང་བཤད་རྩིས་མེད།ལོ་རྒྱུས་ནི་བྱུང་རིམ་གྱི་དྲན་ཐོ་ཞིག་རེད།
དུས་དང་གནས་བབ་ལ་ལྟོས་ནས་དོན་དངོས་འཚོལ་སྙེག་བྱེད་དགོས་པ་ལས།ལོ་རྒྱུས་ཁོ་ནས་རྗེས་འབྲངས་བ་བྱས་ཏེ་དོན་དངོས་དང་རྒྱང་དུ་བཀར་ན་གྲུབ་འབྲས་ཤིག་གང་ནས་ཡོང་།
བྱ་དངོས་དང་།འབད་བརྩོན་གྱི་བརྒྱུད་རིམ་གང་འདྲ་ཞིག་ཡིན་ཡང་ཕུགས་གཏད་ས་ནི་འབྲས་བུ་ཞིག་ལེན་པའི་ཆེད་དུ་ཡིན་ལ།འབྲས་བུ་མེད་པའི་འབད་བརྩོན་ནི་ངལ་དུབ་ཀྱི་ཁུར་བོ་ཁོ་ན་མ་ཡིན་ནམ།
འབྲས་བུ་ལོན་མིན་དང་།དུས་དང་གནས་བབ་སོགས་སུ་འཚམ་མིན་ནི་འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་བྱེད་དགོས་པ་ལས།གོ་བ་མེད་པའི་གླང་རྒན་ལ།རྒྱལ་བོའི་བཀའ་ལས་དབྱུག་པ་བཙན་པའི་གཏམ་དཔེ་ཡི་རྗེས་འབྲངས་བ་བྱས་ན་ཅོལ་ཆུང་མ་ཡིན་ནམ།
སྐུ་ངོ་ཅོ་རི་སོགས་ཀྱི་སོགས་ཀྱིས་རང་བཙན་བླངས་ཉིན་སྤྱི་བོ་ས་ལ་བཏུད་ནས་ཕྱག་གསུམ་མི་འཚལ་ན་དཀོན་མཆོག་གསུམ།
ཅོ་རི་ལགས།
རང་བཙན་དགོས་པ་རེད།བདེན་པ་རེད།ལོ་རྒྱུས་ཐོག་རང་བཙན་ཡིན་པ་རེད།བདེན་པ་རེད།
ཁྱོད་རང་བཙན་འཐབ་རྩོད་པ་ཞིག་གི་ངོས་ནས་དེ་རིང་རང་བཙན་གྱི་ལས་ཀ་ག་རེ་བྱས་ཡོད།
བདུན་ཕྲག་གཅིག་ནང་ག་རེ་བྱས་ཡོད།
ཟླ་བ་གཅིག་ནང་ག་རེ་བྱས་ཡོད།
༢༠༡༠་ལོར་ག་རེ་བྱས་ཡོད།༡༠༡༡་ལོར་ག་རེ་བྱེད་རྩིས་ཡོད།སྐུ་མཁྱེན་ཅོ་རི་ལགས།ངས་ཁྱེད་ཀྱི་རང་བཙན་གྱི་ལས་འགུལ་ལ་ཉན་འདོད་ཡོད།
བརྩད་རྩོད་རིང་ཐང་རྙེད་པའི་ལུང་རིགས་གཞི། རྨད་བྱུང་ལྷག་བསམ་གཏེང་བརྟོགས་གོ་བ་གཉིས།
ལམ་ཕྱོགས་འབད་བསྒྲུབ་མཚན་མའི་སྔོན་ནས་བཅད་། འབྲས་འཚོལ་ཡུལ་ལ་སྨིན་པའི་ལག་ལེན་ཞིགས་བཅས།