གཙང་བུས
སྤྱི་ལོ ༢༠༡༠ ལོར་ང་ལ་འཁྲིས་པའི་གཡས་གཡོན་གྱི་མི་མང་པོ་ཞིག་བྲོས་སོང་།
རེད་དེ་ངས་རྒྱུ་མཚན་སོགས་ཅི་ལ་ཡང་བསམ་བློ་མ་བཏང་ལ། གཏོང་འདོད་ཀྱང་མི་འདུག
ཡིན་ནའང་མི་ཁག་ཅིག་སྔ་ལས་བློ་སེམས་དཀར་བོའི་ངང་དུས་རྟག་ཏུ་ངའི་རྩར་འཁོར་གྱིན་འདུག
མི་ཁག་ཅིག་ང་ལས་རྒྱངས་རིང་དུ་གྱེར་བ་དང་། ཁག་ཅིག་ཐག་ཉེར་བཅར་དུས།
ངས་མ་བསམ་ས་ནས་བསམ་གཞིགས་ཤིག་ལ་འབོད་དགོས་ཐུག ངས་ཡང་ཡང་བལྟས། ཡང་ཡང་ཉན།
ཡང་ཡང་བརྟགས། ཡང་ཡང་བསམ་དུས་ང་ནི་ཅི་ཞིག་མེད་ལ་རུལ་དྲི་ཁ་བའི་འབྱུང་པོ་རོ་ལངས་ཞིག་ཏུ་ཚོར།
མི་རྣམས་ཀྱང་ངའི་དྲི་མ་འདི་ལ་འཇིགས་པས་རེད་ལ།
དྲི་མ་འདི་ལ་དུང་བས་ཀྱང་རེད་འདུག
དེ་མིན་ང་ལ་མི་རྣམས་ཚུར་འགུགས་བྱེད་ཀྱི་ལྕགས་ཀྱུ་ཁ་ཡག་ཞིག་མེད་ལ།
རེ་འདོད་སྐོང་བའི་སྒོར་མོ་ཞིག་མེད།
མི་འདི་ཚོ་འགུགས་འདོད་ཀྱང་མི་འདུག
རྒྱུ་མཚན་ནི་མི་ཁག་ཅིག་ངའི་མགོ་ལ་འཛེགས་ནས་མིག་ནང་དུ་ཐལ་བ་ལྡུག་པ་དང་།
ཁག་ཅིག་གིས་ངའི་རྐེད་པར་ཐག་པ་བཏགས་ནས་གཡང་གཟར་ལས་གཤོམ་ཅི་ཐུབ་བྱེད།
འགའ་ཞིག་གིས་ངའི་ཤ་ཁྲག་རུས་གསུམ་སྤྱད་ནས་ཟད་དུས་མི་འདུག་ལབ་བཞིན་ངན་སྨྲས་དང་བཅས་རིང་དུ་གྱེར།
ངས་ང་ཅི་ཡང་མི་ནུས་པའི་འབྱུང་པོ་རོ་ལངས་ཤིག་ཏུ་ཚོར།
རེད་དེ་ད་དུང་ཡང་ཁག་ཅིག་གིས་སྐུད་པས་རྟ་རོ་དྲུད་པར་རེ་ནས།
སྐབས་འགར་དར་གྱིས་གཡོགས་ལ།
མཚམས་སུ་མཐོང་ཆུང་དང་ཁྱད་གསོད་ཀྱིས་གནམ་ས་གཉིས་ལ་བརྡབ་ཅི་ཐུབ་བྱེད།
ངོ་མ་ངས་ཁོ་ཚོའི་ཆོ་འཕྲུལ་འདི་མི་ཤེས།
གཙང་བུ་ལགས་གཟབ་གཟབ་གནང་རོགས། འདི་འཇིག་རྟེན་ལ་ལྟ་སྟངས་ནོར་བའི་མི་རྣམས་ཀྱི་ཁྱད་ཆོས་གཅིག་རེད། ད་དུང་མདུན་དུ་མ་བསྐྱོད་རོགས། སེམས་བཟང་གི་སྙིང་གཏམ་ཡིན།
སྒྱུ་རྩལ་གྱི་རང་བཞིན་ཞིག་ཡིན་རྒྱུ་ན།
དེ་མིན་ངས་ཁྱོད་ལ་ཐག་ནག་འདམ་གང་གྲ་སྒྲིག་བྱེད་ཆོག
དྲ་གྲོགས་ལགས། མི་མང་པོ་ཞྀག་གི་ཀུན་རྟོག་ལ་འདི་འདྲ་ཞིག་འཁོར་ནས་སྨྱོན་པར་འགྱུར་བཞིན་ཡོད་རེད།
གཅིག་བྱེད་ན་གཙང་བུ་འདི་སེམས་ཀྱི་ཀུན་རྟོག་དང་འབྲེལ་བའི་རྩོམ་ཡིག་འབྲི་མཁན་ངར་མ་ཞིག་རེད།