ཉེ་བའི་ཆར། དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་དུ་གསར་བརྗེའི་ལས་འགུལ་ཤུགས་ཆེ་བྱུང་བ་ལ་བརྟེན་ནས། (དཔེར་ན། ཨེ་ཇིབ་དང་གྲོ་ནེས་ཞིས་ཡ་ལྟ་བུ།) རྒྱ་དམར་གཞུང་གིས་ནང་ཁུལ་གྱི་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་། ལྷག་པར་དུ་། རྒྱ་དམར་གཞུང་གིས་ཁྲིམས་རྩོད་པ་དང་གསར་འགོད་པ། ལས་འགུལ་བ། ཟིན་བྲིས་བ། རི་མོ་བ། སྐྱོན་བརྗོད་རྩོམ་ཡིག་སྤེལ་མཁན་སོགས་ལ་འཇིགས་སྐུལ་དང་བཟང་བཙོན། བཙོན་འཇུག་བཅས་བྱས་ཡོད་པ་མ་ཟད། གར་སོང་ཆ་མེད་དུ་གྱུར་མཁན་ཡང་ཡོད་། ཨེ་བེ་བེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། ཨེ་བེ་བེ་ལགས་པེ་ཅིང་གནམ་ཐང་ནས་བཀག་འགོག་བྱས་བའི་རྗེས་སུ། ཁོང་གི་གནས་སྟངས་དཀའ་ངལ་ཅན་ཏུ་གྱུར་ཡོད་།
ཨེ་བེ་བེ་(Ai Weiwei)ཡི་སྐོར་ལ་ཨ་རིའི་རླུང་འཕྲིན་(NPR)སྒང་དུ་གླེང་མོལ་གནང་བཞིན་པར་འདི་ནས་གསན།
TED ཡི་སྒང་དུ་ཨེ་བེ་བེ་ཡིས་གསུང་བཤད་གནང་བཞིན་པར་འདི་ནས་ཉོན།
Evan Osnosལགས་ནས་ཨེ་བེ་བེ་ཡི་སྐོར་ལ་ཨ་རིའི་དུས་དེབ་གྲགས་ཅན་(The New Yorker)གྱི་སྒང་ལ་སྤེལ་བའི་རྩོམ་ལ་འདི་ནས་གཟིགས།
Alison Klaymanལགས་ནས། “ཨེ་བེ་བེ་ལ་སྐྲག་མཁན་སུ་རེད་”(Who’s Afraid of Ai Weiwei)ཞེས་བའི་འཁོར་ཐག་དེར་འདི་ནས་གཟིགས།
ཨེ་བེ་བེ་ཡི་གྲགས་ཅན་རི་མོ་འགའ།
ཨེ་ཝི་ཝི་མགྱོགས་ནས་མྱུར་དུ་གློད་བཀྲོལ་ཡོང་བར་ཤོག ཁོང་ནི་རྒྱ་མི་དུང་ཁྱུར་དུ་མའི་ནང་ནས་རྣམ་དཔྱོད་ལྡན་པ་བསམ་བློ་གུ་ཡངས་གཏོང་མཁན་གྱི་གྲས་ཤིག་རེད། ངོ་ཚ་ཁྲེལ་མེད་པའི་གུང་ཁྲན་གཞུང་དེས་མི་དྲག་ག་ཚང་མ་བཙོན་ཁང་དུ་བཅུག་ནས་མ་རབས་ཐ་ཤལ་གྱི་སྤྱོད་ངན་བྱ་མཁན་རྣམས་གོ་ཁྲིད་དུ་བཀོད་པ་ནི་དུས་ལོག་པ་རང་རེད། གཅིག་བྱས་ན་གུང་ཇག་ཤི་ཁའི་ཕག་ཙག་ཡིན་ན་ཐང་།
ཁོང་བློ་མིག་ལྡན་པའི་སྒྱུ་རྩལ་པ་ཞིག་རེད་ལ། དུས་ཀུན་རྒྱང་ལྟ་དང་གནས་སྟངས་ལ་སེམས་ཁུར་བྱེད་ཀྱིན་ཡོད།
མི་རིགས་ཀྱི་ལར་ཞེན་དང་གཅིག་གྱུར་ཁ་ནས་གླེང་བཞིན་དོན་དམ་དུ་རང་གི་ལུང་སྐད་བོད་སྤྱི་སྐད་དུ་ཨུ་ཚུགས་ཀྱིས་འཇུག་བཞིན་པའི་གྲོགས་པོ་ལགས།
དུས་རྒྱུན་བརྗོད་དུས་བ་དང་ཝ་གཉིས་ལ་ཁྱད་པར་ཡོད་ལུགས་བཤད་བཞིན་ལག་བསྟར་སྐབས། བོད་ཡིག་གི་ནང་གི་བ ba ་ཞེས་པའི་སྒྲ་གདངས་དེ་གཞི་རྩ་ནས་ཝ་བཟོ་ཐབས་བྱས་འདུག དཔེ་ཆ་ཞིག་ཞུ་དག་བྱེད་དུ་བཅུགས་ན་ཕུར་པ་ཕུར་བ་དང་། གསུང་འབུམ་ན་པ་གསུང་འབུམ་ན་བ་དང་། ཁང་པ་ཁང་བ་དང་། རྐང་པ་རྐང་བ་དང་། ལུང་པ་ལུང་བ་བཟོས། ཡང་དབྱིན་སྐད་ཞིག་བོད་སྐད་ནང་བསྒྱུར་ན། Ai wei wei དེ་ཨེ་བེ་བེ་Ai bei beiབཟོས། ཡང་བོད་སྐད་ཞིག་དབྱིན་སྐད་དུ་བསྒྱུར་ན། བོད་དེ་ woe ཝོད་བཟོས། དངོས་གནས་བོད་མི་རིགས་ལ་ལར་ཞེན་ཡོད་དམ་ཡང་ན། བོད་མི་རིགས་དེ་སོ་སོའི་ལུང་པ་གཅིག་པུ་རེད་བསམས།