ཚེ་རིང་བསམ་འགྲུབ།
སྔར་ཆོས་རྒྱལ་གོང་མའི་སྐུ་རིང་ལ།
ཆབ་སྲིད་ཀྱི་མངའ་ཐང་ཤིན་ཏུ་དར།
གདོང་དམར་བ་བོད་ཀྱི་དམག་དཔུང་ཞེས།
མཚན་སྙན་གྲགས་ཡུལ་གྲུ་སྐུན་ལ་ཁྱབ།
མཚོན་མདའ་གྲི་མདུང་གསུམ་འཕྲུལ་ལ་བརྟེན།
དགྲ་འཆི་བདག་ཡིན་ཀྱང་དཔའ་མི་ཞུམ།
ཕྱོགས་རྒྱལ་ཁམས་མང་པོ་དབང་དུ་བསྡུས།
བོད་ཆོས་ལྡན་ཞིང་གི་བཙན་པོ་ཁྱེད།
བློན་རིག་པ་ཅན་གྱིས་མཐའ་ནས་སྐོར།
འབངས་སྲི་ཞུ་ཅན་གྱི་གྲུ་བཞི་བཏེགས།
ཤར་རྒྱ་ནག་གོང་མའི་བཞུགས་ཁྲི་འཕྲོག
སྟོད་རྒྱ་གར་རྒྱལ་པོའི་ནང་བསྟན་འཕྲོག།
གླིང་ཆེན་པོ་གསུམ་ཆ་དབང་དུ་བསྡུས།
རྗེ་བཀའ་དྲིན་ཅན་གྱི་བཙན་པོ་དང།
དཔའ་ངར་རྒོད་འཛོམས་པའི་བློན་ཆེན་དང།
འབངས་སྲི་ཞུ་ཅན་གྱི་སྐྱ་སེར་རྣམས།
ཐུགས་མ་གཡེང་ལན་གཅིག་སྙན་གསོན་དང།
བོད་ཆོས་ལྡན་ཞིང་གི་རྒྱལ་ཁམས་འདི།
ཚེ་སྔར་དུས་རང་བཙན་ལོས་ཡིན་ཀྱང་།
དུས་དེང་གསང་བོད་ས་སྒྲ་ལ་ཤོར།
བུ་དཔའ་བོ་མང་པོ་མཚོན་གྱིས་བསད།
ལ་ལ་ཞིག་མུན་པའི་བཙོན་དུ་བསྐྱལ།
རེ་འགའ་ཞིག་རྒྱ་གར་ཡུལ་དུ་བྲོས།
ཤུལ་ལུས་ཀྱི་བོད་རིགས་སྤུན་ཟླ་རྣམས།
སྐྱི་གཡའ་བའི་ཉམ་ངའི་གནས་སུ་འདུག།
ཡུལ་ངེས་མེད་འཁྱམས་པའི་གངས་ཕྲུག་ང་།
རྒྱ་གུང་ཁྲན་རིག་དུས་ཁྱེད་ཉིད་དྲན།
བཙོན་གྲཱ་བཞི་བསམ་དུས་ལྷག་ཏུ་དྲན།
བོད་བསྟན་སྲིད་བསམ་དུས་ངུ་ཡང་ཤོར།
མཐོ་མི་གྲགས་མཐོང་དུས་རྒོད་ཀྱང་བྲོ།
ད་ངུ་མ་རྒོད་ཀྱི་ཡིག་འཁྱམ་དེ།
བོད་བཙན་པོ་གོང་མས་སྙན་གསོན་ཤོག
བཙན་པོར་ཞུ་གཏུགས་ཀྱི་སྙན་རྩོམ་འདི་མ་འདྲ་བ་ཞིག་དང་འབྲི་སྟངས་གཞན་ཞིག་ཡིན་པས། ཀློག་འདུན་ཤིན་ཏུ་ཆེ།
འདི་འདྲའི་རྒྱལ་གཅེས་ཀྱི་སློབ་གསོར་སྨན་པའི་རྩོམ་ཡིག་ལ་དགའ་བསུ་ཞུ། ལྷ་སྡེ་གནམ་ལོ་ཡག་གིས་གསུང་བ་བཞིན་སྙན་ངག་འདི་ཤིན་ཏུ་ལེགས།
མདའ་དང་འཕང་གིས་འཚོ་བས་བོད་རིགས་ལ། །
མེས་དབོན་གསུམ་གྱིས་ཁྲིམས་ཆོས་དམག་གིས་སྲུངས། །
འབྲོག་ས་ལས་ཀྱིས་འཚོ་བས་བོད་རིགས་ལ། །
༸གོང་སས་ཤེས་ཆོས་ཁྲིམས་ཀྱིས་སྐྱོངས་ལ་འབུངས། །
ཡག་པོ་འདུག
རང་རིགས་ལ་གདུང་ཞེན་ཡོད་པའི་རྩོམ་ཡིག་དེ་འཚོ་བ་རྣོ་པོ་ཞིག་གི་སྒོ་ནས་བྲིས་འདུག
ཐུགས་རྗེ་ཆེ་་་་་་་་་་་་་་་་་་་་་་་།
སྔོན་བཙན་པོའི་དུས་ཀྱི་ཤར་དཀྱིལ་དུ།།
གདོང་དམར་པོའི་རིགས་རྒྱུད་བླ་ན་མཐོ།།
དེང་ཕྱིས་སུ་དུས་ཀྱི་བསྐལ་བ་ལ།།
བོད་མ་མ་འབྱུང་གི་ངོ་བོར་གནས།།