བོད ལྷ་ཀླུ་གཉན་གསུམ།
ཁ་ཕར་འཁོར་སེམས་པ་འཁྱེར་མྱོང་བའི།།
ཚུར་འཁོར་ན་སེམས་ཁ་དཀྲུགས་འགྲོ་བའི།།
ལུས་འགྲོགས་འདྲིས་ཆེ་བའི་མཛའ་མོ་སྟེ།།
རིགས་རུས་པ་མ་གཅིག་སེམས་རེ་སྐྱོ།།
ཆུང་བྱིས་པའི་དུས་ནས་བོད་སྐད་གོམ།།
བྱེས་བཅར་བའི་ཉིན་ནས་སྐད་མང་ཐོས།།
རྒྱུ་ཙག་ཙག་མེད་པའི་བཞི་མདོ་ནས།།
མ་བུ་མོ་ཁྱེད་དང་འཕྲད་པ་རེད།།
སྐད་མ་ཤེས་ལག་བརྡ་བྱས་ནི་རེད།།
དོན་མ་གོ་ཚིག་མཛོད་བསྔོག་ནི་རེད།།
བཤད་མ་ཐུབ་མཇེ་སྐམ་བསྡམས་ནི་རེད།།
དོན་ཐ་མར་ཁྱེད་དང་འགྲོགས་ནི་རེད།།
ཕྱི་ཞིག་ལ་ཐོན་པར་གྲྭ་སྒྲིག་བྱས།།
ཁྱེད་གཞུང་ཚབ་ཁང་ལ་བཅར་བ་དང་།།
ཡོང་ཆོག་པའི་བཀའ་ཁྲོལ་ཞུས་པའི་དུས།།
ཁྱོའི་ང་ཡི་ཆེད་དུ་མ་བྱས་མེད།།
སྒོར་འགྲོ་སོང་མང་བོ་ཁྱེད་ཀྱིས་བཏང་།།
གཏམ་མྱི་ཁ་མང་བོ་ང་ཡིས་བཞག།
དེས་བར་ནས་ཕྱི་རྒྱལ་ཡུལ་ལ་ཐོན།།
དུས་དེ་རིང་ཁྱེད་དང་མཉམ་དུ་ཡོད།།
ངས་རྡ་རམ་ས་ལར་ཕྱིར་དྲན་ཞིག་བྱེད་དུས། རྡ་ས་ན་ཟ་ལེ་རྒྱལ་ལ་དབྱེ་ན་གཉིས་ཡོད་དེ།
སྲང་ལམ་གཡས་གཡོན་སོགས་སུ་མངོན་སུམ་གྱིས་མགོ་སེར་མའི་རིགས་དང་འགྲོགས་པ་དང་འགྲོགས་པར་བརྩོན་པའི་སྐྲ་རིང་ཟ་ལེ་རྒྱལ་དང་། ལྐོག་ཏུ་མི་གཞན་གྱིས་མི་མཐོང་ས་ན་ཞུ་བ་ཡང་ཞུ་བྱས་ཏེ་མགོ་སེར་མའི་རིགས་དང་འགྲོགས་པ་དང་འགྲོགས་པར་བརྩོན་པའི་སྐྲ་ཐུང་ཟ་ལེ་རྒྱལ་གཉིས་སོ། སྐྲ་རིང་ཟ་ལེ་རྒྱལ་ལ་དབྱེ་ན་ཡང་གཉིས་ཏེ་ནུབ་ཕྱོགས་སོགས་རྒྱ་གར་ལས་གཞན་གྱི་འབྱོར་ལྡན་རྒྱལ་ཁབ་ཞིག་ཏུ་བསྐྱོད་འདོད་ཀྱིས་མགོ་སེར་མའི་རིགས་ཐབས་སུ་ལེན་པའི་ཟ་ལེ་རྒྱལ་དང་། སྙ་མ་བསོར་མིན་དང་སྣང་བ་མཐུན་མིན་གཞི་ལ་བཞག་པའི་ཆ་རྐྱེན་ལ་བལྟས་ཏེ་མགོ་སེར་མའི་རིགས་དང་འགྲོགས་པའི་ཟ་ལེ་རྒྱལ་རེད།
སྐྲ་ཐུང་ཟ་ལེ་རྒྱལ་ལ་དབྱེ་ནའང་གཉིས་ཏེ། མགོ་སྐོར་བསླུ་བྲིད་མང་པོའི་སྐད་ཆ་བཤད་ནས་ཕྱི་ཕྱོགས་སུ་ཐར་བར་ཐབས་སུ་ལེན་པའི་ཟ་ལེ་རྒྱལ་དང་། བོད་པ་སུའང་ཤེས་སུ་མི་འཇུག་པ་ཐ་ན་གྲོགས་པོ་ལའང་ཤེས་སུ་མི་འཇུག་པ་དང་གསང་བ་བྱེད་པའི་རིགས་སོ།
གཉིས་ཆའི་ནང་དུ་མི་ཚེ་མཉམ་དུ་བསྐྱལ་དང་བསྐྱལ་བཞིན་པའི་ཤ་ཁྲག་རུ་གསུམ་ལྟ་བུ་དང་། ཕྱི་ཕྱོགས་སུ་སོང་ནས་ཁ་ཁ་བྱས་པའི་ས་ཁུ་ལྟ་བུ། ཕྱི་ཕྱོགས་སུ་བསྐོར་བསྐྱོད་ཙམ་ཞུས་ཏེ་ཕྱིར་འོང་བའི་མྱི་ལྡང་ལྟ་བུ་ཤིན་ཏུ་ནས་མང་སོ།
ཞིབ་མཇུག་གི་ལས་རིམ་འདི་ད་འདི་ནས་མཇུག་རྫོགས་པར་གཏན་ལ་ཕབ་པའོ
སེམས་སུ་དང་འདྲེས་རྒྱུ་རང་དབང་ཡིན།།
དུས་གཏན་དུ་བསྡོད་རྒྱུ་ལས་དབང་རེད།།
སྐད་གོམས་གཤིས་འདྲ་དང་མི་འདྲ་བས།།
ཁྱིམ་འཚོ་བའི་ནང་ན་སྡུག་ཅིག་ཡོད།།
གནའ་ཨ་ཁུ་སྲོང་བཙན་དུས་ནས་ནི།།
ཕྱི་མནའ་མ་ལེན་པའི་སྲོལ་ཞིག་ཡོད།།
སྲོལ་དེ་ནི་བཟང་རབ་བཤད་དཀའ་ཡང།།
དུས་དེ་རིང་རྒྱུན་སྐྱོང་ཡོད་ནོ་འདི།།
ཟ་གསལ་ལེ་རྒྱལ་ནི་རྡ་སར་མང་།།
འདི་མང་ནས་ཕན་ཐོག་མེད་གི་ར།།
ས་མི་ཡུལ་ལུང་བའི་གནས་ཚང་དུ།།
སྡུག་ཐུག་ན་དེའང་དགོས་ནི་ཟིག །
ནང་བོད་མོའི་མིག་ལ་སྡང་ནོ་གསལ་ལེ་རྒྱལ།།
ཕྱི་བུ་མོའི་སྣང་ལ་འགྲོ་སའང་གསལ་ལེ་རྒྱལ།།
ནང་ཟེར་ནས་སྡོད་ས་མེད་ནོ་གསལ་ལེ་རྒྱལ།།
ཕྱི་ཨ་རི་འཐེན་མཁན་དབེན་ནོའང་གསལ་ལེ་རྒྱལ།།
ཟ་གསལ་ལེ་རྒྱལ་ཚོའི་སྐད་ནི་མཁྲེག་གི་ཞེས།།
ས་ངྷ་སའི་གྲོང་གི་སྟོད་སྨད་བར་གསུམ་གྱིས།།
ཁ་གཏོང་ས་གསལ་ལེ་རྒྱལ་ཚོར་ཡིན་ན་ཡང་།།
དོན་དམ་པའི་བོད་སྐད་རྣལ་མ་འདི་ཚོས་སྨྲ།།
དུས་དེང་སང་གསལ་ལེ་རྒྱལ་ནི་ཡོད་ན་ནི།།
མི་དེ་ཚོར་གསལ་ལེ་རྒྱལ་གྱི་ཆོ་ལོ་འདི།།
སྤྲོད་ཉན་མིན་དུས་བབས་ཚང་གི་གསལ་ལེ་དང་།།
བོད་ལྷ་ཀླུ་གཉན་གསུམ་གཉིས་ལ་བཀའ་འདྲི་ཞུས།།
བཀྲ་ཤིས་ནག་ལྡང་ལགས།
སེམས་བསམ་པ་བོད་ལ་དྲང་བ་ཡི།།
ལུས་རང་སར་མེད་པའི་གསལ་ལེ་ཚོ།།
དོན་མེད་པར་གཞན་ཡུལ་ལྷུང་བ་དེར།།
སེམས་བསམ་པའི་གཏིང་ནས་ཞེ་རེ་སྡུག།
ཁ་ལྟོ་དོན་ཁོ་ནའི་ཆེད་དུ་ལ།།
ཕྱི་རྒྱལ་ཁབ་ཉུལ་བའི་གསལ་ལེ་དག།
ཆང་དུ་ཁ་གོམ་པའི་ལབ་རྒྱགས་མཁན།།
མི་དེ་རིགས་བསམ་དུས་གཏིང་ནས་སྐྱོ།།
འོ་མ་ལགས།
རིགས་ཞེན་པ་གཅིག་པའི་སྤུན་ཟླ་སྟེ།།
མིང་གསལ་ལེར་འབོད་པའི་ལྡོམ་པ་དག།
ཡུལ་གངས་ཅན་སྐྱུར་ནས་གཞན་ཡུལ་ན།།
དོན་མེད་པར་གཉོས་བཅོས་འཁུར་བ་སྡུག།
ཡུས་ཞུན་ལགས།
རྫེ་བཙན་པོ་གསལ་ལེར་ཆགས་པ་སྟེ།།
བོད་གངས་ཅན་བསྟན་འགྲོའི་དོན་དུ་དང་།།
ནང་ཆབ་འབུངས་ཡར་རྒྱས་འགྲོ་ཆེད་སོགས།།
བཤད་དགོས་ན་བརྗོད་ལས་འདས་པ་རེད།།
དེང་དུས་ཀྱི་གསལ་ལེར་འབོད་པ་ཡི།།
མི་ང་དང་དུས་བབ་གསལ་ལེ་སོགས།།
གཏམ་དྲང་མོ་ཞུས་ན་མང་བོ་མེད།།
རང་འཚོ་བའི་ངན་ངོན་སྒུམ་ཆེད་རེད།།
བོད་སྤྱི་བའི་དོན་དུ་བྱིན་པ་མིན།།
བོད་ལ་རྒྱའི་ཆེད་དུ་སྒྲུབ་པ་མེད།།
བོད་རིགས་རྒྱུད་རྩ་མེད་བཟོ་མཁན་ལས།།
བོད་མ་འོངས་བསྐྲུན་པར་བྱས་རྗེས་མེད།།
རིགས་རུས་པ་འདྲིས་མའི་བུ་ཕྲུག་ཚོས།།
སྐད་ར་མ་ལུག་གི་བརྡ་རྟགས་ཤིག།
བོད་གངས་རིའི་ལྗོངས་སུ་དྲངས་ཉིན་དེར།།
ངེད་གསལ་ལེ་རྣམས་ནི་ནག་ཅན་ཆགས།།