འཇིགས་མེད།༼ཁེ་ན་ཊ༽
ཁ་བ་གངས་ཅན་བོད་དེ།།
མི་ལོ་སྟོང་ཕྲག་གོང་ནས།།
རང་བཙན་གཙང་མ་ཡིན་ཡང༌།།
རྒྱ་ནག་དམར་པོའི་གཞུང་ནས༌།།
དྲག་གནོན་བཙན་བཟུང་བྱས་ཏེ།།
མི་ལོ་ལྔ་བཅུ་འཁོར་སོང༌།།
འགྲོ་བ་མི་ཡི་ཐོབ་ཐང།།
ཆོས་དད་རང་མོས་སྨྲ་བརྗོད།།
མི་ལ་མི་ཡི་རང་དབང༌།།
ཏིལ་འབྲུ་ཙམ་ཞིག་མེད་པར།།
མི་ལོ་ལྔ་བཅུ་འཁོར་སོང་༌།།
རྒྱ་དམར་དཔོན་རིགས་ཚོ་ནི།།
མི་བདེན་སྐྱག་རྫུན་རིག་པར།།
སྦྱང་ཞིང་གོམས་བརྗོད་བྱས་ཏེ།།
མི་ལོ་ལྔ་བཅུ་འཁོར་སོང༌།།
རྗུན་གྱི་མཐའ་མའི་ལྕགས་སྒམ།།
བརྡོལ་བའི་དུས་ཤིག་ཤར་ཡོང༌།།