ཉིས་སྟོང་བརྒྱད་ཀྱི་ལོ་ལ། Posted on 2009-02-19 By དབང་ཕྱུག་ 1 Comment on ཉིས་སྟོང་བརྒྱད་ཀྱི་ལོ་ལ། འཇིགས་མེད།༼ཁེ་ན་ཊ༽ ཆོལ་གསུམ་བོད་མི་རྣམས་ནས།། འུ་ཐུག་བཟོད་བྲལ་བྱུང་སྟེ།། གཅེས་པའི་སྲོག་ཀྱང་དོར་ཏེ།། ལུས་ངག་ཡིད་གསུམ་ན་ཚ།། འཛམ་གླིང་ཡོངས་ལ་བསྒྲགས་ཡོད།། བདེན་པའི་རྔ་སྒྲ་ཡིན་ཞིང༌།། དྲང་པོའི་གསལ་བསྒྲགས་ཡིན་ལགས།། སྙན་ངག
༄། ས་བྱི་ལོ་ལ་ཕེབས་སྐྱེལ་མི་བྱེད་ས་གླང་ལོ་ལ་བསུ་བ་མི་ཞུ་། བོད་ཚང་ལ་ཡོད་པ་གཅིག་པ་རེད་མེད་པ་གཅིག་པ་རེད་༎ ང་ལ་མི་རིགས་ཀྱི་ཤ་ཞེན་ཡོད་ཁྱོད་ལ་མི་རིགས་ཀྱི་ཤ་ཞེན་ཡོད་ཚང་མ་ལ་ཡོད་པ་གཅིག་པ་རེད་མེད་པ་ཡང་ གཅིག་པ་རེད་། ང་ཚོ་ལ་མེད་པ་ནི་རང་དབང་མེད་ཐོབ་ཐང་མེད་ལུང་པ་མེད་པ་ཚང་མ་གཅིག་པ་རེད་ ལོ་འདི་ནི་དམིགས་བསལ་གྱི་བོད་པ་ཚང་ལ་ལོ་ནག་རེད་ སྤུན་ཟླ་ཁྲི་ཁྲག་མང་བོ་ཞིག་འདི་ལོ་གང་དུ་ཕེབས་སོང་དེ་དག་གིས་རྣམ་ཤེས་སུ་ལ་བཅོལ་ཡོད་རིགས་ཞེན་གྱི་སྤུན་ཟླ་ཚོའི་གནས་འདི་ནས་ང་ཚོའི་བྱེད་ཐུབ་པ་གང་ཞིག་འཚོལ་དགོས་།་ གངས་རིའི་ལྗོངས་སུ་དར་དམར་ལྷབ་ལྷབ་གཡོག་ནས་མི་ལོ་ལྔ་བཅུ་འཁོར་སོང༌། སྤུན་ཟླ་རྣམས་ལ་རང་དབང་སྨྲ་བརྗོད་མེད་ནས་མི་ལོ་ལྔ་བཅུ་འཁོར་སོང༌། བསིལ་ལྡན་ལྗོངས་འདིར་ཡོངས་རྫོགས་དགྲ་ལག་ཤོར་ནས་མི་ལོ་ལྔ་བཅུ་འཁོར་སོང་། བོད་ཁམས་ཡོངས་ལ་ཁྲག་གི་གཙང་ཆུ་འབབ་ནས་མི་ལོ་ལྔ་བཅུ་འཁོར་སོང་། དུས་དྲན་འདི་ལ་བོད་པ་ཚང་གི་དགའ་བསུ་མི་ཞུ་ལ་སྤུན་ཟླ་ཚོའི་སྙིང་ལ་རུས་བ་བཅང་ནས་མདུན་ནས་མདུན་དུ་སྐྱོད་ཤོགས་་ང་ཚོ་ལ་བདེན་པ་ཡོད་ ང་ཚོ་ལ་དྲང་བདེན་གྱི་ལམ་བུ་ཞིག་ལོས་ཡོད། ཡུན་རིང་མ་འགུལ་བར་བདེན་པའི་རང་དབང་ཤར་ལ་ངེས་པ་ཡིན་དྲ་གྲོགས་ཚོ།
༄། ས་བྱི་ལོ་ལ་ཕེབས་སྐྱེལ་མི་བྱེད་ས་གླང་ལོ་ལ་བསུ་བ་མི་ཞུ་།
བོད་ཚང་ལ་ཡོད་པ་གཅིག་པ་རེད་མེད་པ་གཅིག་པ་རེད་༎
ང་ལ་མི་རིགས་ཀྱི་ཤ་ཞེན་ཡོད་ཁྱོད་ལ་མི་རིགས་ཀྱི་ཤ་ཞེན་ཡོད་ཚང་མ་ལ་ཡོད་པ་གཅིག་པ་རེད་མེད་པ་ཡང་
གཅིག་པ་རེད་། ང་ཚོ་ལ་མེད་པ་ནི་རང་དབང་མེད་ཐོབ་ཐང་མེད་ལུང་པ་མེད་པ་ཚང་མ་གཅིག་པ་རེད་
ལོ་འདི་ནི་དམིགས་བསལ་གྱི་བོད་པ་ཚང་ལ་ལོ་ནག་རེད་ སྤུན་ཟླ་ཁྲི་ཁྲག་མང་བོ་ཞིག་འདི་ལོ་གང་དུ་ཕེབས་སོང་དེ་དག་གིས་རྣམ་ཤེས་སུ་ལ་བཅོལ་ཡོད་རིགས་ཞེན་གྱི་སྤུན་ཟླ་ཚོའི་གནས་འདི་ནས་ང་ཚོའི་བྱེད་ཐུབ་པ་གང་ཞིག་འཚོལ་དགོས་།་
གངས་རིའི་ལྗོངས་སུ་དར་དམར་ལྷབ་ལྷབ་གཡོག་ནས་མི་ལོ་ལྔ་བཅུ་འཁོར་སོང༌།
སྤུན་ཟླ་རྣམས་ལ་རང་དབང་སྨྲ་བརྗོད་མེད་ནས་མི་ལོ་ལྔ་བཅུ་འཁོར་སོང༌།
བསིལ་ལྡན་ལྗོངས་འདིར་ཡོངས་རྫོགས་དགྲ་ལག་ཤོར་ནས་མི་ལོ་ལྔ་བཅུ་འཁོར་སོང་།
བོད་ཁམས་ཡོངས་ལ་ཁྲག་གི་གཙང་ཆུ་འབབ་ནས་མི་ལོ་ལྔ་བཅུ་འཁོར་སོང་།
དུས་དྲན་འདི་ལ་བོད་པ་ཚང་གི་དགའ་བསུ་མི་ཞུ་ལ་སྤུན་ཟླ་ཚོའི་སྙིང་ལ་རུས་བ་བཅང་ནས་མདུན་ནས་མདུན་དུ་སྐྱོད་ཤོགས་་ང་ཚོ་ལ་བདེན་པ་ཡོད་ ང་ཚོ་ལ་དྲང་བདེན་གྱི་ལམ་བུ་ཞིག་ལོས་ཡོད། ཡུན་རིང་མ་འགུལ་བར་བདེན་པའི་རང་དབང་ཤར་ལ་ངེས་པ་ཡིན་དྲ་གྲོགས་ཚོ།