བློ་གྲོས་རབ་བརྟན།
༢༠༡༡ལོའི་བཀའ་ཁྲི་སུ་ཡིན་ནམ།་མི་ཚོའི་ཁ་ལ་ཉན་ན་བློ་བཟང་སེང་གེ་རེད།བློ་སེང་གིས་ཀྱང་རང་ཉིད་བ་ཀའ་ཁྲི་ཡིན་པར་ཤེས་ཡོད།དེ་སྔོན་འོས་འདེམས་སྐབས་ནས་བློ་སེང་གིས་རང་གི་ཕྱག་རོགས་བཀའ་བློན་ཚོའི་སྐོར་ལ་་བསམ་བློ་བཏང་ཡོད།ད་ལྟ་ལྷག་པར་དུ་བསམ་བློ་གཏོང་བཞིན་ཡོད།ཕྱག་རོགས་བཀའ་བློན་མང་ཆེ་བ་ཐག་ཆོད་འདུག
བློ་སེང་གི་དེ་སྔོན་གཏམ་བཤད་ཁག་ལས་ཕྱག་རོགས་བཀའ་བློན་ཚོའི་སྐོར་ཡང་ཡང་མངོན་ཡོད།དཔེར་ན་བཀའ་བློན་རྒན་པ་གསུམ་དང་།གཞོན་པ་བཞི་བསྐོ་རྒྱུ་ཡིན་ཟེར་ལ།ཡང་ད་ལྟའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་བཀའ་བློན་ལ་བསྐོ་རྒྱུ་ཡིན་པ་དཔེར་མཚོན་དང་བཅས་བཤད་ཡོད།བཀའ་ཁྲིའི་འོས་མི་གཞན་ཚོའི་ཁ་ནས་མི་ཐོན་པའི་ཕྱག་རོགས་བཀའ་བློན་སྐོར་བློ་སེང་གི་ཁ་ནས་ཐོན་དགོས་པ་དེར་དམིགས་ཡུལ་ཡོད།ཁོང་གི་ཕྱག་རོགས་བཀའ་བློན་ཚོ་འདེམས་སྟངས་དེས།བཀའ་བློན་དེ་དག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་བློ་སེང་ལ་རྒྱབ་སྐྱོར་ཡོང་ངེས་པའི་ཚོད་བརྩིས་བྱས་ཡོད།
ད་བློ་སེང་གི་ཕྱག་རོགས་བཀའ་བློན་རྒན་པ་གསུམ་དེ་སུ་སུ་ཡིན་ནམ།ང་ཚོས་བློ་སེང་གི་འོས་འདེམས་ཁྲོད་ཀྱི་འགུལ་བསྐྱོད་ལས་གང་འཚམ་ཤེས་ཐུབ།བཀའ་བློན་རྒན་པ་གཅིག་འོས་འདེམས་ཁྲོད་ནས་བློ་སེང་གི་ཕྱོགས་སུ་ལངས་མཁན་སྐུ་ངོ་བཀྲ་ཤིས་དབང་འདུས་དང་།གཅིག་དངོས་སུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་བཀའ་ཟུར་མདོ་སྔགས་བསྟན་འཛིན།གཞན་པ་དེ་རྒྱབ་ཀྱི་རྒྱབ་སྐྱོར་བ་བཀའ་ཟུར་པད་མ་ཆོས་འབྱོར་བཅས་རེད།
གཞན་གཞོན་པ་བཞི་དེ་སུ་དང་སུ་རེད།གཅིག་དེ་ནེའུ་ཡོག་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་རེད།བློ་སེང་གིས་དེ་སྔོན་འོས་འདེམས་ཁྲོད་ཁོང་ལ་བྷོ་སུ་ཏྲོན་ནས་འོས་མང་པོ་ཐོབ་འདུག་ཅེས་བཤད་སྐབས།དེ་ལྟ་ཡིན་མིན་གྱི་རྩོད་པ་བྱུང་སྟེ།བློ་སེང་གིས་དེ་ལྟ་ཡིན་པའི་ཁོངས་བསྐྱེལ་དུ་ནེའུ་ཡོག་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་ཅིག་བཤད་སོང་ཞེས་ལན་བཏབ་ཡོད།དེར་བལྟས་ན་དོན་གཅོད་བློ་བཟང་སྙན་གྲགས་དང་བློ་སེང་གི་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་བསྟན།གཅིག་ད་ལྟའི་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་རེད།དཀོན་བརྩོན་བློ་སེང་གི་རྒྱབ་སྐྱོར་བ་རེད་ལ།སློབ་སྦྱོང་གི་ཁ་ཕྱོགས་དང་བསམ་བློ་གཏོང་སྟངས་ཀྱི་ཆ་ནས་མཐུན་ས་མང་ལ་གྲོགས་པོ་ཡང་རེད།གཅིག་ད་ལྟའི་བདེ་སྲུང་བཀའ་བློན་འབྲོག་ཆུང་དངོས་གྲུབ་རེད།འབྲོག་ཆུང་བཀའ་བློན་ལ་བསྐོ་རྒྱུ་ཡིན་པ་བློ་སེང་ལ་འོས་ཐོབ་ཆེད་ཁས་བླངས་ཚར་བ་རེད།ད་གཅིག་དེ་རྒྱ་གར་ལྷོ་སྤྱིའི་སྐུ་ངོ་བཀྲ་ཤིས་དབང་འདུས་དང་ཡང་ན་ཨ་རིའི་བྱང་ཀེ་ལས་ཧྥོ་ནེ་ཡའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཨོ་སྒ་ཚང་གང་རུང་ཞིག་ཡིན་པ་འདྲ།
ཨོ།ད་དུང་བློ་བཟང་དབང་རྒྱལ་དང་བག་འགྲོ།གསེར་རྟ་ཚུལ་ཁྲིམས་གསུམ་བརྗེ་འདུག།ཁོང་གསུམ་པོ་དྲུང་ཆེ་ལ་བསམ་བློ་གཏོང་དགོས་པ་མིན་འགྲོ།གོང་གི་བཀའ་བློན་རྒན་པའི་ཁྲོད་ནས་མདོ་སྔགས་བསྟན་འཛིན་ལ་འགྱུར་བ་འགྲོ་སྲིད་ལ།བློ་སེང་གིས་བཀའ་བློན་འདེམས་པའི་ཁྲོད་དུ་ཨ་མདོ་བ་མེད་ལ།གཅིག་བྱས་ན་དེའི་སྐོར་ནས་བསམ་བློ་གཏོང་སྲིད།ད་ལྟའི་བཀའ་བློན་ཨམ་རྒན་ཐུབ་བསྟན་ལུང་རིགས་བཀའ་བློན་ལ་བསྐོ་སྲིད།
རྩེད་མོ་དང་འགྲོགས་པའི་རྩོམ་ཐུང་འདི།མི་རྣམས་ལ་བགྲོ་གླེང་གི་ཚུལ་དུ་ཡིན་ལ།གོང་དུ་བཤད་ལྟར་ཡིན་པའི་ངེས་པ་གང་ནས་ཡོད།བསམ་ཚུལ་སྤེལ་ཐུབ་ན་བཀའ་བློན་བསྐོ་སྟངས་ལ་ཤུགས་རྐྱེན་ཐེབས་ཐུབ།འདི་ཡང་གནད་འགག་ཅིག་རེད།བཀའ་བློན་བསྐོ་སྟངས་ཐད་ནས་ཀྱང་ང་ཚོའི་ལས་དོན་ལ་ཤུགས་རྐྱེན་ཡོང་གི་རེད།འདི་ཚོ་བརྗེ་ཉན་རྒྱུ་མ་རེད།
རེད། ཏག་ཏག་རེད། ད་ནི་བློ་སེང་གིས་མ་འོངས་པའི་ཕྱག་རོགས་སུ་སུ་བདམ་རྒྱུ་ཡིན་མིན་དང་སྔོན་ཆད་བགྲོ་གླེང་དང་བཅར་འདྲི་ཁག་གི་ནང་བཤད་པའི་ལས་འཆར་དག་བང་རིམ་སྒྲིག་ནས་དེ་དག་ཚགས་ཚུད་ཡོང་བར་འབད་རྒྱུ་དེ་རེད།
བཀའ་བློན་གྱི་ཕྱོགས་ནས། ངས་བསམ་ན་ཁོང་གིས་བཀའ་བློན་ཕྱག་རོགས་གཅིག་ལ་སྐུ་ངོ་བཀྲས་མཐོང་བསྐོ་དགོས་པ་འདྲ་བོ་ཆགས་ཡོད་པ་རེད། ཁོས་སྔོན་ཆད་བཀའ་ཁྲིའི་འོས་མི་གཉིས་ལ་མཐོང་ཆེ་མདོག་དང་རིན་ཐང་ཆེ་རབ་ད་དུང་ཡིད་ཆེས་དང་བློ་གཏད་ལམ་སྟོན་ཞུ་ས་སོགས་ཡིན་རབ་ཀྱང་བརྗོད་པ་ཡོད་པ་རེད། ད་ནི་དེ་དག་དོན་སྨིན་ཡོང་བའི་དུས་ལ་ཐོན་རན་འདུག་པ་ཡང་ཤེས་རྒྱུ་རེད་བསམ་ཡོད།
ང་ཡང་བློ་སེང་འོག་གི བཀའ་བློན་དུ་འཁོད་པའི་རེ་བ་ཡོད། དེ་ཡང་རྩེད་མོའི་ཚུལ་དུ་ཡིན་ཏེ། བློ་སེང་ལ་རྒྱབ་སྐྱོར་བ་ཅིག་མིན་པས་སོ། །
ཨོ། བློ་སེང་ལ་རྒྱབ་སྐྱོར་བ་གཏེ་དཔོན་ཅིག་མིན་པས་སོ། ཞེས་འབྲི་དགོས་པ་འདྲ། །
སྤྱིར་དོན་དག་གང་གི་ཐད་ལ་བགྲོ་གླེང་བྱས་ཀྱང་འགྲིག་གི་འདུག འོན་ཀྱང་དེང་སྨྱུག་ཐོགས་པ་ཡིན་ཟེར་མཁན་ཚོ། རྣམ་རྟོག་ཚ་དྲགས་པའི་སྐྱོན་ཞིག་འདུག གཞན་ལ་ཕྱོགས་རིས་ག་ཚོད་ཡོད་མེད་དང་། དེ་བཞིནགཅིག་གཅིག་གཉིས་གཉིས་ལྐོག་གི་རྒྱབ་སྐྱོར་བ་དང་དངོས་ཀྱི་རྒྱབ་སྐྱོར་བ་ཞེས་པ་སོགས་དེ་ཙམ་ཚད་མཐོན་པོ་སླེབས་མེད་ཀྱང། སོ་སོས་རྣམ་རྟོག་གི་སྒྲོག་བཏགས་ནས་ཡོད་ཤག་དང་ཡིན་ཤག་བྱེད་པ་ནི་མཚན་ཉིད་མ་ཚང་བའི་རྩོམ་པ་པོ་ཞིག་ཡིན་པའི་རང་རྟགས་གསལ་པོ་བསྟན་ཡོང་གི་འདུག
ད་དུང་ཁ་ཤས་ཀྱིས་ཚད་ལས་བརྒལ་བའི་སྒྲོ་མདོགས་དང་སྐུར་འདེབས་བྱེད་པ་ནི། ང་ཚོ་རྐང་མ་ཚུགས་པའི་སྨྱུག་འཛིན་པ་ཚོའི་ཁ་སྟབས་རེད།
བཀའ་བློན་བསྐོ་སྟངས་ཐད་ཚང་མས་བཀའ་ཁྲི་ལ་རྒྱབ་སྐྱོར་་བྱེད་ཐུབ་པ་དང་། རྒྱབ་སྐྱོར་བྱས་པའི་ནུས་ཤུགས་དེས་བོད་སྤྱི་པའི་དོན་དུ་སྨན་པ་ཞིག་ཏུ་བསམ་བློ་གཏོང་དགོས་ཀྱི་འདུག་མ་གཏོགས། ཡང་བསྙོན་འཛུགས་ས་ཞིག་གང་དུ་འདུག་ལྟ་གི་བསྡད་ན་བྱབ་ཆུང་འདྲ་ཞིག་རེད་མི་འདུག་གམ།
བསམ་བློ་གཏོང་རྒྱུའི་ས་བོན་ལྟ་བུར་རྩོམ་ཐུང་ཡག་པོ་བྲིས་འདུག
སུ་ལ་ཐོབ་ན་ཡང་དེ་ལ་རྒྱབ་སྐྱོར་དགོས་པ་མང་གཙོ་བེད་སྤྱོད་ཐུབ་མཁན་གྱི་ཤེས་ཡོན་ཅན་གྱི་སྤྱོད་བཟང་ཡིན
ད་ལྟ་བློ་སེང་བཀའ་ཁྲིར་བསྒྲགས་པ་སྔ་དྲགས་སོང་༠༠༠༠༠༠
ཡང་མི་ལ་ལས་བློ་སེང་ལགས་བཀའ་ཁྲིར་ཐོབ་ན། ཁོང་གིས་ཕྱག་རོགས་སུ་འདྲ་ཞིག་གདམ་རུང་སྐྱོན་བརྗོད་བྱེད་རྒྱུའི་ལམ་ཁ་ཞིག་བཟོ་བཞིན་འདུགས། འདི་ནི་སྔོན་རྟགས་ངན་པ་ཞིག་རེད།
འབྲོག་ཆོས་ནོར་སོང་། གལ་ཏེ་བློ་སེང་ལ་སྐུ་ངོ་བཀྲས་མཐོང་བཀའ་བློན་ཞིག་ལ་བསྐོ་འདོད་ཡོད་རུང་ཁོ་འདུག་མི་སྲིད། རྒྱུ་མཚན་ནི་ཁོའི་དམིགས་དེ་མིན་པས་སོ། གལ་ཏེ་ཁྱོད་ཀྱིས་ཁོ་ལ་རྒྱུས་ལོན་ཡག་པོ་ཞིག་བྱེད་ཐུབ་ཡོད་ན་ཁྱོད་ཀྱིས་དེ་ལྟར་བཤད་མི་སྲིད།
ཐེངས་འདིའི་འོས་བསྡུའི་ནང་ཨ་མདོ་བས་ལྷ་སྲས་རྒྱ་ལོ་དང་ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་བརྟན་ནས་ཡིན་ནམ་དེ་མིན་གནས་ལུགས་གང་ཞིག་ཡིན་མིན་བཤད་དཀའ་ཡང་བློ་སེང་ལ་རྒྱབ་སྐྱོར་ཚད་མེད་བྱས་སོང་། ཡིན་ཡང་ཨ་མདོ་བ་ནི་ཆེས་གྲངས་ཉུང་ཆོལ་ཁ་གཅིག་དང་ལམ་ཕྱོགས་བརྟན་པོ་མེད་པའམ་དབང་འཛིན་པ་རེ་གཉིས་ཀྱི་གནོད་ཤུགས་ཁོ་ན་ལ་བརྟན་ནས་འཚོ་བའི་སྐྱེད་སྡུག་ཚོགས་པ་ཞིག་ཡིན་པ་ཡོངས་གྲགས་ཡིན་ན་བློ་སེང་གི་དེའི་ཐོག་བསམ་བློ་གཏིང་ཟབ་གཏང་ཡོད་རྒྱུ་རེད། ངེས་པ་ཏུ་ཁོང་གི་ཕྱག་རོགས་ཨ་མདོ་བ་ཞིག་གདམ་དགོས་ན་མ་གཏོགས་ཤེས་འཇོན་གཉིས་ལྡན་འདི་ཡིན་བསམ་པ་གཅིག་མེད་པས་ཡིན། གལ་སྲིད་བཙན་བྱོལ་བོད་པའི་ཆབ་སྲིད་ནང་གནད་ཡོད་མི་སྣས་ལོ་རྒྱུས་ལ་ཆ་རྒྱུས་དང་ཉམས་མྱོང་ཡོད་མཁན་ཙམ་འགྲིག་ན་ཀླུ་མཁར་བྱམས་ལས་འོས་པ་འདུག། ད་དུང་ཁོང་ནི་ཞུམ་པ་མེད་པའི་རང་གཤིས་ལྡན་ལ་གཞུང་དྲང་ཐོག་བཤད་ཕོད་པ་དང་སྒྲུབ་ནུས་པའི་སྙིང་སྟོབས་ལྡན་པ་འདི་ཁམས་པའི་རང་གཤིས་འདྲེས་ཆེ་བས་བློ་སེང་གི་འདོད་བབ་ཡོད་སྲིད་པ་རེད། ཡ་ ཡ་ འདི་ཅིག་ཡིན།
ཨ་མདོ་བས་བློ་སེང་ལ་ཚད་མེད་རྒྱབ་སྐྱོར་བྱས་པ་ཞིག་མཐོང་མ་སོང་། རྒྱབ་སྐྱོར་ཡོད་ཅེས་དངོས་སུ་ཤོད་མཁན་བོན་རྒྱ་བསྟན་རབ་ལྟ་བུ་ཁ་ཤས་ཤིག་འདུག དེ་བཞིན་རྒྱལ་དོན་གྱིས་གཞོན་སྐྱེས་དགོས་རབས་བརྗོད་པ་ལས། བློ་སེང་ལ་རྒྱབ་སྐྱོར་ཡོད་མེད་མི་ཤེས། ཁ་ཤས་ཀྱིས་བཤད་པ་ལྟར་ན། རྒྱལ་དོན་གྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་རྒྱུ་མེད་རབས་གནད་ཡོད་མི་སྣ་ཞིག་ལ་བཤད་པ་རེད་ཟེར་བ་ཞིག་ཀྱང་གོ་རྒྱུ་འདུག
གང་ལྟར་ནོར་གླིང་ན་ཡོད་པའི་ཨ་མདོ་བ་མང་པོ་ཞིག་སྔོན་འགྲོའི་འོས་ཤོག་བློ་སེང་ལ་འཕངས་རབས་འདུག་སྟེ། དངོས་གཞིའི་སྐབས་སུ་སེམས་འགྱུར་ནས་བཀྲས་མཐོང་ལ་འོས་བླུགས་རབས་འདུག དེ་ཚོའི་རྒྱབ་ལྗོངས་གང་ཡིན་ངས་མི་ཤེས་ཏེ། ཟུར་བལྟས་ལེབ་མཐོང་བཞིན་ཨ་མདོ་བ་ཕལ་ཆེ་བས་བཀྲས་མཐོང་ལ་འོས་འཕངས་ཡོད་པ་གསལ་པོ་འདྲ་ཆགས་ཡོང་གི་འདུག དེར་བརྟེན་ཨ་མདོ་བས་བློ་སེང་ལ་རྒྱབ་སྐྱོར་ཚད་མེད་བྱས་ཟེར་བ་དེ་ཙམ་བདེན་པ་ཨེ་ཡིན་སྙམ།
ང་ནི་ཨ མདོ་བ་ཞིག་མིན་ན་ཡང་སྐད་ཆ་དྲང་མོ་བཤད་ན། ཤེས་རབ་ཅན་གྱི་ཨ་མདོ་བ། ཞེས་པ་ལྟར། ཆོལ་ཁ་གསུམ་གྱི་ནང་ནས་ཤེས་ཡོན་དང་། མི་རིགས་ཀྱི་ལར་རྒྱ། བོད་རང་གི་རིགས་གཞུང་ལ་དུང་བ་ཟབ་ཤོས་ཨ་མདོ་བ་ཡིན་པ་ནི་བོད་པའི་སྤྱི་ཚོགས་སྤྱི་དང་། ལྷག་པར་བོད་ནང་ལ་བལྟས་ན་གསལ་པོ་རེད།
འོས་སུ་ལ་ཐོབ་ན་ཁྱད་པར་མེད་ང་པ་མགོ་མང་བས་ནམ་ཡང་མྱོང་ནས་ཡོད། ཁྱོད་ཁྲི་གསར་བ་སུ་ཡོང་རུང་ང་པ་མགོས་ད་རུང་མྱོང་རྒྱུ་ནོ་ངས་མ་བཤད་ཀུན་གྱིས་ཤེས་ནི་རེད།
རོ་མ་མཐོང་གོང་མ་ངུ
ང་ནི་ད་ལྟ་གཞུང་གི་གསལ་བསྒྲགས་རྒུག་ནས་ཡོད་བཀའ་བློན་ཕྱག་རོགས་སུ་བསྐོས་མི་བསྐོ་བཀའ་བློན་ཁྲི་བ་ལ་དབང་ཚད་ཡོད་པ་ཆགས་པ་ཡིན་དུས་དེ་སྔ་དང་མི་འདྲ་བ་ལྟབས་བདེ་ཐག་གཅོད་བཟོས་ཟིན་རེད། ད་དུང་བཞེད་སྣང་ཆེ་རུ་ཆེ་རུ་འགྲོ་གི་རེད།
མི་མང་གི་ཁ་ལ་ཉན་ན་བཀའ་ཁྲི་གསར་བ་བློ་སེང་བརྒྱ་ཆ་བརྒྱ་བཅུ་ཡིན་པ་འདྲ་བོ་བཤད་ཀྱིན་འདུག གལ་སྲིད་བློ་སེང་ཁོང་བཀའ་ཁྲི་ཐོབ་པ་ཡིན་ན། རྒྱ་གར་ནང་ལ་གནས་བའི་བོད་ནས་གསར་དུ་འབྱོར་མཁན་གྱི་གྲས་ན་ད་དུང་RCམེད་མཁན་མང་པོ་འདུག བཀའ་ཤག་རྙིང་བས་འདིས་ཐོག་ལ་ལས་རིམ་ཞིག་འགྲོ་བཞིན་ཡོད་པའི་སྐད་ཆ་མང་ན་ཡང་། དོན་དངོས་ལག་ལེན་གྱི་ཁྲོད་ན་འགག་བསྡད་པའི་སྣང་ཚུལ་འདི་དངོས་ཡོད་གནས་ཚུལ་རེད། འདི་ནི་རྒྱ་གར་ཁྲིམས་ཐོག་ནས་ལས་སླ་བོ་མེད་པའི་སྐད་ཆ་ཡང་གོ་རྒྱུ་འདུག ད་ཡིན་ན་ཁྲིམས་ལུགས་མཁས་དབང་བློ་སེང་གིས་གནད་དོན་འདི་དག་གི་སྟེང་ལ་ཡང་ངེས་པར་དུ་ཤུགས་རྒྱགས་དགོས་པའི་གནད་དོན་ཞིག་རེད་འདོད་ཡོད། རྒྱུ་མཚན་ཁ་སང་དེ་རིང་ལག་ལ་RCམ་རགས་པས་འཚོ་བའི་ཆེད་དུ་འགྲོ་འདུག་རང་དབང་ལ་དཀའ་ལས་ཕྲད་ཀྱིན་པའི་མི་བུ་ཕལ་བ་ཁ་ཤས་ཤིག་ཐབས་ཟད་འུ་ཐུགས་སྟེ་ཕྱིར་བོད་ནང་ལ་འགྲོ་ཡི་ཡོད་པའི་གནད་དོན་ཁ་ཤས་ཤིག་གོ་མྱོང་། ངས་བསམ་ན་འདི་དག་ཡག་རྟགས་ཤིག་མ་རེད་འདོད་ཡོད། རྒྱུ་མཚན་བཀའ་ཤག་གིས་མཐོ་མཐོ་ས་ཞིག་མ་དོགས་དམའ་སའི་མི་མང་གི་གནད་དོན་མང་པོ་ཞིག་ལ་དེ་འདྲ་དོ་སྣང་བྱེད་ཀྱིན་ཡོད་ཚོད་མི་འདུག འདི་ནི་བཀའ་ཤག་གསར་བར་འབུལ་བའི་རེ་བ་ཆུང་ཆུང་ཞིག་ཀྱང་ཡིན་ནོ།
དྲ་གྲོགས་ལགས། ཁྱེད་ཀྱིས་ཚོད་དཔོག་དེ་ང་ཡི་བསམ་འཆར་དང་ཕར་ཆེར་འདྲ་བོ་འདུག ད་དུང་ཡང་གལ་ཆེན་གཅིག་ཁྱེད་ཀྱི་བརྗེད་འདུག ཁོས་རྟག་པར་གལ་ཆེན་དུ་རྩིས་ནས་བསྒྲོགས་པ་ནི། ཆོལ་ཁ་དང་། ཆོས་ལུགས། ད་དུང་ཕོ་མོ་སོགས་ཀྱི་དབྱེ་བ་གང་ཡང་མེད་ཞེས་སྐད་གསེང་མཐོ་པོས་བསྒྲོགས་པ་ལ་བརྟགས་ན།
ཆོལ་ཁ་རེ་ནས་བཀའ་བློན་གཉིས་རེ་གཏན་ཁེལ་བ་རེད། ད་དུང་དེར་མ་ཚད་བུ་མེད་བཀའ་བློན་ཡང་གཉིས་མ་བསྐོས་ནའང་གཅིག་ནི་ཨ་རྐྱང་རྐྱང་། ད་དུང་་་་་་་་་་་་།།
བློ་བརྟན་གྱིས་བཤད་པ་ལྟར་བཀའ་བློན་ཁྲི་བ་བློ་སེང་སྐབས་ཀྱི་བཀའ་བློན་གཞན་རྣམས་ལ་ཚོད་དཔག་འདྲ་བྱ་འདོད་ན་དུས་ལ་བབ་ཡོད། གང་ཡིན་ཟེར་ན། བཀའ་བློན་ཁྲི་བར་བློ་སེང་ཕེབས་པ་ཕལ་ཆེར་གཏན་ལ་འཁེལ་ཡོད་པ་འདྲ། གོ་ཐོས་ལ་བཀྲས་མཐོང་དང་བློ་སེང་བར་འོས་གྲངས་སྟོང་ཕྲག་ཁ་ཤས་ཀྱི་ཁྱད་པར་ཡོད་ཚོད། འོན་ཀྱང་ཏན་ཏན་མེད། བློ་སེང་རྒྱལ་ལོ། བོད་རྒྱལ་ལོ།
དྲ་གྲོགས་བློ་བརྟན་ལགས།
རི་བོང་གནམ་རྡིབས་ཀྱི་སྡུག་བསྔལ་ཁྱེད་ལ་ཡོད་པ་སེམས་པའི་ཡིད་ལ་མེད།
སྐབས་བཅོ་ལྔ་པའི་བཀའ་ཁྲིར་སུ་སླེབས་ན་ཕྱག་རོགས་ཀྱི་བཀའ་བློན་འདེམ་རྒྱུར་དབང་ཚད་ཆ་ཚང་ཡོད་ཀྱང་གདམ་ཀྱང་ཕྱག་རོགས་བཀའ་བློན་རྣམས་ཀྱང་འོས་དང་མི་འོས་སྤྱི་འཐུས་ལྷན་ཚོགས་སུ་མིང་གཞུང་ཕུལ་ནས་གྲོས་ཚོགས་ནང་བགྲོ་གླེང་ཐག་གཅོད་བྱས་ནས་ཕྱག་རོགས་བཀའ་བློན་སོ་སོ་ལ་གྲོས་ཚོགས་ནས་རྒྱབ་སྐྱོར་གྱིས་བརྒྱ་ཆ་རྩ་བོར་ལོང་དགོས།
གལ་སྲིད་མ་ལོང་ན་བཀའ་ཁྲིའི་ཕྱག་རོགས་བཀའ་བློན་ལ་མི་བྱེ་བྲག་སུ་ཡིན་ན་སླེབས་ཐུབ་ཀྱི་མེད།
སྐབས་གཉིས་བསྟུན་མར་བཀའ་ཁྲིའི་ཕྱག་རོགས་བཀའ་བློན་བྱས་ཚར་རྗེས་སྐབས་གསུམ་པ་ཕྱག་རོགས་བཀའ་བློན་ལ་ལངས་ཆོག་གིན་མེད།
བཙན་བྱོལ་བོད་གཞུང་གི་བཅར་ཁྲིམས་ལ་གསལ་ཡོད།
དཔེར་ན་སྐུ་ངོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ལྟ་བུར་ད་ལན་བཀའ་ཁྲིར་སུ་སླེབས་ན་དེའི་ཕྱག་རོགས་བཀའ་བློན་ལ་ལངས་ཆོག་གིན་མེད།
ཆོལ་ཁ་རེ་ནས་བཀའ་བློན་གདམ་ན་དྲང་པོ་ཆགས་ཀྱི་མ་རེད། བྱུང་ན་དབུས་གཙང་ཆོལ་ཁ་རང་ནས་བཀའ་བློན་རག་ཐབས་བྱེད་དགོས། འདི་ཤེས་གལ་ཆེ་བ་ནི་བཙན་བྱོལ་བ་མང་ཤོས་དབུས་ནས་རེད་། ཁམས་དང་ཨ་མདོ་བས་ག་སར་ག་ལ་ཐབས་ཐང་བརྩོད་ན་དྲང་པོ་ཡོང་གི་མ་རེད་པ་། མ་གཞི་སྐད་ཆ་འདི་མི་མང་ཚོགས་འདུས་སྐབས་ཡོངས་ངེས་རེད་། དེ་ཡང་དབུས་གཙང་ཆོལ་ཁས་ནང་མེད་ན་ཁམས་ནས་འཚོལ་ཐབས་བྱེད་དགོས་། དེ་གཉིས་ནང་མེད་ན་ཨ་མདོ་བར་གདམ་ན་འགྲིག། མང་གཙོ་ཟེར་ན་མི་གྲངས་མང་ཉུང་ལ་ལྟ་དགོས་པ་ལས་ཤེས་ཡོན་ཆེ་ཆུང་སོགས་ཀྱི་སྐད་ཆ་བཤད་སར་མེད་།
བཀའ་བློན་ཁྲི་བ།
མཁས་དབང་བློ་བཟང་སེང་གེ་ཐོབ་པ་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ། བོད་རྒྱལ་ལོ།
དབུས་གཙང་།
ཡེ་ཤེས་ཕུན་ཚོགས། ཟླ་སྒྲོན། ཀརྨ་ཡེ་ཤེས། སྐལ་བཟང་དགྲ་འདུལ། སྒྲོལ་མ་ཚེ་རིང། པདྨ་འབྱུང་གནས། ཟླ་བ་ཚེ་རིང་། ངག་དབང་ལྷ་མོ། དེ་བརྒྱད་ལས་དབུས་གཙང་སྤྱི་འཐུས་གཉིས་ལ་བརྒྱ་ཆ་ལོན་མེད།
མདོ་སྟོད་སྤྱི་འཐུས།
སྐལ་བཟང་རྒྱལ་མཚན། གསར་རྟ་ཚུལ་ཁྲིམས། འཇུ་ཆེན་དཀོན་མཆོག འཇམ་དབྱངས་བཟོད་པ། དབུ་དཀར་གཡུ་སྒྲོན། ཆོས་སྐྱོང་དབང་ཕྱུག དབྱངས་ཅན་སྒྲོལ་དཀར། ཚུལ་ཁྲིམས་བསྟན་འཛིན། དགེ་བཤེས་གཡུང་དྲུང་རྒྱལ་མཚན། གངས་ལྷ་མོ། བཅས་བཅུ་དེ་རེད།
མདོ་སྨད
སྤེན་པ་ཚེ་རིང། ཐུབ་བསྟན་ལུང་རིགས། བསོད་ནམས་རྒྱལ་མཚན། སྒྲོལ་དཀར་སྐྱབས། ཡེ་ཤེས་སྒྲོལ་མ། རྒྱ་རོང་ཟླ་བ་ཚེ་རིང། འཕེལ་རྒྱས་སྒྲོལ་མ། རྒྱ་རིགས་ཐར། ཀི་ཏི་སྒྲོལ་དཀར་ལྷ་མོ། མོག་རུ་བསྟན་པ།
བོན་པོ། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་རྣམ་དག་གཙུག་ཕུད།
རྙིང་མ། བསོད་ནམས་བསྟན་འཕེལ། རྒྱ་རི་བུ་ཕྲུག
བཀའ་བརྒྱུད་ལ། ཀརྨ་ཆོས་འཕེལ། བསྟན་པ་ཡར་འཕེལ།
ས་སྐྱ། ནོར་བུ་ཚེ་རིང་། ཆོས་གྲགས་རྒྱ་མཚོ།
དགེ་ལུགས། ཨ་ཕྲུག་དང་། རོང་པོ་བློ་བཟང་སྙན་གྲགས།
ཨ་རི། ནོར་བུ་ཚེ་རིང། བདེ་སྐྱིད་སྒྲོལ་དཀར།
ཡུ་རོབ། ཐུབ་བསྟན་དབང་ཆེན། ཆུང་བདག་ཀོ་རེན།
སྤྱིར་བཏང་ཚོད་དཔག་བྱ་རྒྱུ་སྔ་དྲག་པ་བདེན་པ་ཡིན་པ་ལྟར་སྣང་མོད། འོན་ཀྱང་དེ་ནི་དམངས་གཙོ་ལུང་པ་གང་དུ་ཡིན་ན་ཡང་དེ་ལྟར་བྱེད་ཀྱིན་ཡོད་པས། འོས་ཤིང་མཚམས་པ་ཞིག་ཏུ་མཐོང། ཁོ་བོར་ཉེན་ཁ་ཆེ་ཤོས་ཤིག་སྣང་བ་ནི། བཀའ་ཁྲིའི་འོས་བསྡུའི་གྲངས་ཐོབ་དེ་གསང་བ་ཕྱིར་བསྒྲགས་ཇི་ལྟར་ཕྱིན་པ་ཡིན་ནམ་ཞེས་པ་ཌྷའདི་རེད། དཔེར་ན། སྦེལ་ཀོབ་ནང་དུ་བཀའ་ཁྲིའི་འོས་མཐོ་ཤོས་དེ་བློ་སེང་རེད་ཅེས་ཡོངས་གྲགས་ཆགས་འདུག ངས་བལྟས་ན། འོས་བསྡུའི་ལས་བྱེད་རྣམས་ཀྱིས་འོས་བསྡུའི་སྒྲིག་གཞི་ལ་བརྩི་སྲུང་མེད་པར་ཁ་བཙུམ་དགོས་རྒྱུ་དེ་མ་བཙུམ་པའི་རྒྱུ་མཚན་གྱི་རེད་འདུག ད་དུང་དེས་མ་ཚད། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་གིས་ཐེ་ཝན་ཚགས་པར་ཤིག་གི་ནང་དུ་བཀའ་ཁྲིའི་འོས་མི་གསུམ་ལས་ཐེ་ཝན་ནང་དུ་འོས་མཐོ་ཤོས་དེ་སུ་ལ་རག་ཡོད་མེད་དེ་ཡང་ཚགས་པར་ཁང་ལ་གསལ་བསྒྲགས་བྱས་པ་ནི་ཡོངས་གྲགས་ཏུ་གྱུར་ཟིན། ད་དུང་དེས་མ་ཚད་པར་མང་པོ་ཡོད། གསང་བ་ཕྱིར་བསྒྲགས་ཇི་ལྟར་ཕྱིན་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་སྙམ།
བློ་སེང་གིས་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད། ཕོ་མོ་འདྲ་མཉམ་སོགས་བཤད་ཡོད་ཀྱང་བཀའ་བློན་ལས་རོགས་བསྐོ་སྐབས་ཆོལ་ཁ་རེ་ནས་མི་གཉིས་རེ་ཡོང་དགོས་པ་ལྟ་བུ་གཏན་ནས་མིན། མི་རྩེ་ཕུད་དེ་གདམ་དགོས་པ་མ་གཏོགས་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་བཀག་རྒྱས་བསྡམས་ཏེ་རྩེ་ཕུད་དེ་དག་ཟུར་དུ་ལྷག་ན་ཤིན་ཏུ་ཕང་། ཆོལ་ཁ་ག་གེ་མོར་མི་རྩེ་ཕུད་ཅིག་ཡོད་པ་མ་གདམ་པར་ཕྱོགས་ཞེན་ཐོགས་དེ་ལས་དམན་པའི་མི་ཞིག་གདམ་ན་ནི་དབྱེ་བ་འབྱེད་པ་མ་གཏོགས་གལ་སྲིད་ཆོལ་ཁ་རེ་ནས་མི་མང་ཉུང་ཤོར་བ་དང་ཡང་ན་སྐྱོ་བ་ཞིག་གདམ་ཏེ་བཟང་པོ་ཞིག་ཟུར་དུ་ལྷག་ན་ཡང་འདེམ་པ་པོའི་ཀུན་སློང་ལ་སྐྱོན་མེད་ན་ནོར་བར་བརྩི་བ་ལས་དབྱེ་བ་ཕྱེས་པར་གཏན་ནས་བཤད་མི་ནུས། ཤེས་འཇོན་གྱི་མི་སྣ་རེ་ཟུང་མགོ་བོ་ཅུང་ཟད་རེ་བརྗེ་སྐབས་འབུར་འཇོམ་དངགནོན་ཤུགས་སོགས་སྤྲད་དེ་ཐུར་དུ་་གཏོང་གང་ཐུབ་ལ་བརྩོན་པ་་ནི་ངེད་ཅག་གི་ཤེས་ཡོན་པར་རློམ་པ་ཕལ་མོ་ཆེས་སྤྱོད་ཚུལ་ཡིན་ལ་སྤྱོད་ཚུལ་འདི་འགྱུར་བ་མ་སོང་བར་རྗེས་ནས་རྗེས་སུ་ལྷག་ངེས་ཡིན། དཔྱོད་ལྡན་གྱི་མི་སྣ་མང་པོས་མི་རིགས་ལ་ཕན་པའི་ལས་དོན་སྣ་མང་རྩོམ་པར་འདོད་ཀྱང་གནས་དོན་འདིའི་འགོག་རྐྱེན་མི་ཉུང་བ་བཟོ་བཞིན་ཡོད། རང་ཅག་གང་རི་པའི་གནས་སྟངས་ལ་གཞིགས་ན་སྤྱོད་ཚུལ་འདི་ཡར་རྒྱས་དང་མདུན་སྐྱོད་ཀྱི་འགོག་རྐྱེན་ཚབ་ཆེ་ཤོས་དེ་ཡིན།
ད་ལྟ་མངའ་རི་ཕོ་ཉ་བཤད་པ་ལྟར་ན་བཀའ་བློན་ཕྱག་རོགས་བཀའ་བློན་ཁྲི་བས་བསྐོས་ནས་སྤྱི་འཐུས་ཀྱི་བགྲོ་གླེང་གནང་ཏེ་བརྒྱ་ཆ་ཚད་ལྡན་ཞིག་ལེན་དགོས་ཟེར་བ་ནི་དེ་སྔོན་གྱི་སྐད་ཆ་ཞིག་རེད། ད་ཆ་དེ་ལ་འགྱུར་བ་ཕྱིན་ནས་བཀའ་བློན་ཁྲི་བ་རང་ནས་འཐད་བསྐོས་གནང་བ་ལས་སྤྱི་འཐུས་གྲོས་ཚོགས་སུ་བགྲོ་གླེང་འགྲོ་མི་དགོས་པ་བཟོ་ཟིན་པ་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཁྱབ་སྒྲགས་གནང་ཟིན་པ་མ་ཐོས་པ་ཡིན་ནམ། ཡང་ན་རྒྱུ་མཚན་དང་དམིགས་ཡུལ་གཞན་ཞིག་བཟུང་ནས་བཤད་ཀྱི་ཡོད།
ཧ་ཧ་ཧ་ ང་དེང་སྐབས་དྲ་འབུ་ཚོས་བཤད་སྟངས་ལ་གད་མོ་ཤོར་གྱི་འདུག དངོས་གནས་བཤད་ན་ཁྱེད་ཚོས་བཤད་རྒྱུ་དེ་སྔ་དྲགས་པ་རེད།
བཀའ་བློན་བསྐོ་དུད་ཆོས་ལུགས་ཆོལ་ཁ་དགོས་ནི་མ་རེད། དེས་ཁྲལ་དེ་ཁུར་དང་ན་མི་ཡག་པོ་བཙལ་ཁག་པོ་རེད། བློ་སེང་ཁོང་ལས་ཀྱང་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་ཡོད་པ་བདེ་སྲུང་བཀའ་བློན་ལྟ་བུ་ཡིན་ན། ཁོང་གིས་དཔེ་མཚོན་གྱིས་མཚན་དངོས་སུ་བཏོན་ནས་བཀའ་བློན་ལས་རོགས་སུ་བསྐོས་ཡོད་པས་ཀྱང་། བཀའ་ཁྲི་ཐོབ་ན་ཁོ་རང་སྒེར་ལ་མེད་པའི་གང་ཟག་གཞན་གྱི་ཤུགས་དང་མཐོང་ངོས་འཛིན་སོགས་དགོས་གལ་དུ་གཟིགས་འདུག དེ་ཡག་པོ་རེད། དེ་ལས་ཀྱང་བཀའ་བློན་ལས་རོགས་འདི་འཛིན་སྐྱོང་གི་ཁྱབ་ཁོངས་ནས་ཡོང་ཐུབ་ན། བཀའ་ཁྲིའི་ལས་དོན་འབོ་མི་ལུག་རྒྱུར་ཕན་ཐོག་ཆེན་པོ་ཡོད་པ་རེད། ད་ལྟ་ཚོད་དཔག་བྱས་ན། བློ་སེང་ཁོང་ལ་ལས་བྱེད་ཆེ་ཕྲ་ཚང་མའི་མིག་ལམ་གྱི་བརྩི་བཀུར་ནི་དེ་ཙམ་བརྟན་པོ་དང་གཏིང་ཟབ་པོ་མ་རེད། དེ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་ཡིན། ཡིན་ནའང་། འཛིན་སྐྱོང་ཁྱབ་ཁོངས་བསྡུས་པའི་ལས་རོགས་བཀའ་བློན་གྱི་སྤུས་ཚད་ནི་ད་ལྟའི་བདེ་ཤེས་བཀའ་བློན་ལྟ་བུ་ཞིག་མེད་ན་ཡོང་ཐབས་མེད་ལ། བུད་མེད་ཞིག་ཡིན་ན་ངེས་པར་དུ་རྐུབ་ལ་བདག་པོ་ཡག་པོ་རྒྱག་ཐུབ་མཁན་གདམ་དགོས་ཀྱི་རེད། གཞན་གྱི་བརྩི་བཀུར་ནི་སྤུས་ཀ་ནས་སླེབས་ཐུབ་ལ། ཁ་ཞེ་གཉིས་མེད་ཀྱི་བརྩི་བཀུར་དེ་བླ་ན་མེད་པའི་སྟོབས་ཤུགས་ཆེན་པོ་ཡིན། སྟོབས་ཤུགས་དེས་གང་ཡང་སྒྲུབ་ཐུབ།
རྐུབ་བདག་པོ་རྒྱག་ཐུབ་པའི་བུད་མེད་བཀའ་བློན་ཟེར་ན་ག་རེ་ཟེར་གི་ཡོད་པ་རེ་ཨ། ངོ་མ་མགོ་ཚོས་ཀི་མི་འདུག།
རྐུབ་བདག་པོ་རྒྱག་ཟེར་བ་དེ། བུད་མེད་བཀའ་བློན་ཚོས་ཁྱོ་ག་བདག་མ་ཐུབ་པ་དང་། ཁྱོ་ག་ཡོད་བཞིན་དུ། ཕོ་གསར་མང་པོའི་མཉམ་ཏུ་ཉལ་བོ་བྱས་ནས་བཟང་སྤྱོད་གཏན་བྲལ་དུ་གྱུར་རིགས་ལ་ཟེར་ཞིང་། དེ་བཞིན་བཀའ་བློན་ཕོ་ཚོས་ཀྱང་སྐྱེད་དམན་ཡོད་བཞིན། མི་ལས་དགུ་ལས་བྱེད་པ་དག་ལ་ཟེར།
xxxxxxxxxxxxxxxxxxxxxxxxxxxxx
ཨ་ལས། ད་བུ་མེད་བཀའ་རྐུབ་ལ་བདག་པོ་རྒྱག་མི་ཐུབ་མཁན་དེ་འདྲ་རྐྱང་རྐྱང་འཁེལ་བ་ཤོག ང་རང་ཡང་བྱུང་ན་དགོངས་གཅིག་དང་། མ་བྱུང་ཐེངས་གཅིག་ཨེ་རག་ལྟ་གི་ཡིན་
བཟོད་པ་ལྷ་རྩེ་ལགས།
དུས་རབས་ཉི་ཤུ་རྩ་གཅིག་སྤྱི་ཚོགས་སྟེང་ད་དུང་གཉིད་ཁུག་ནས་བསྡད་ན་ལྐུག་པ་རེད་མ་གཏོགས་གང་རེད་དམ།
ད་གཉིད་བསད་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་བློན་ཕྱག་རོགས་རྣམས་སྤྱི་འཐུས་ལྷན་ཚོགས་ནས་རྒྱབ་སྐྱོར་དགོས་དང་མི་དགོས་དྲ་རྒྱ་འདིར་གཟིགས་ནས་( http://www.chithu.org) ཁྱེད་རང་ཤེས་ཐུབ་ཀྱི་རེད།
བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་སྙན་ཐོ་འདོན་སྤེལ་ཞུས་ཡོད།
ཟླ་བ་འདིའི་ཚེས་བཅུ་གཅིག་ལ་དངོས་སུ་ལེགས་སྒྲུབ་བྱུང་ནས་དཔར་བསྐྲུན་ཡང་ཞུས་ཡོད
དྲ་གྲོགས་རྣམས་སྐུ་ཁམས་བཟང་།
༡༽མངའ་རིས་ཕོ་ཉས་གསུངས་པ་བདེན་པོ་རེད།ཕྱག་རོགས་བཀའ་བློན་རྣམས་བསྐོ་ཕྱོགས་ལ་དེ་སྔ་འགྱུར་རིམ་པར་ཕྱིན་ཡོད་ཀྱང་།གྲོས་ཚོགས་བརྒྱུད་མི་དགོས་པར་བཀའ་ཁྲི་སྒེར་ངོས་ནས་བསྐོ་གཞག་ཐག་གཅོད་གནང་རྒྱུ་དེ་ཉེན་ཁ་ཆེན་པོ་རེད་ལ།དེ་ལྟར་འགྱུར་བ་བཏང་བའི་སྐོར་དང་འགྱུར་བ་ཇི་བཏང་སྐོར་ད་བར་ཤེས་ཚོར་མ་བྱུང་།
༢༽དབུས་གཙང་མི་མང་གིས་ཤེས་འཇོན་གཉིས་ལྡན་གྱི་ཟླ་བ་ཕུན་སྐྱིད་དང་།འཇམ་དབྱངས་རྡོ་རྗེ་ལགས་སུ་འོས་གྲངས་མ་ཚང་བར་བློ་ཕམ་ཆེན་པོ་བྱུང་།དེ་མིན་ལྟ་བ་དང་ལངས་ཕྱོགས་མེད་པའི་ངག་དབང་ལྷ་མོ་དང་།ཡེ་ཤེས་ཕུན་ཚོགས་ལྟ་བུའི་སྤྱི་འཐུས་རྙིང་པ་དེ་དག་བསྐྱར་འདེམས་བྱུང་བར་ཡང་བློ་ཕམ་བྱུང་།
༣༽དྲ་གྲོགས་ཚོས་གསུངས་པ་བཞིན་ཕྱག་རོགས་བཀའ་བློན་རྣམས་ཤེས་འཇོན་ལྷག་གསུམ་ལྡན་པའི་མི་སྣ་བསྐོ་འདེམས་དགོས་པ་ལས།ཆོལ་ཁ་དང་།ཆོས་བརྒྱུད།ཕོ་མོ་དབྱེར་མེད་ཅེས་རིས་སུ་འབྱེད་པ་ནི་འོས་འཚམས་ཤིག་ལ་མི་མཐོང་།
གདོང་འབག་ཅན་གྱི་མཆན་བུ་ཚོ། སྐལ་མེད་སར་སྐེ་མ་བསྲིང་།
ཀླུ་ཚང་གིས་བཤད་པ་བདེན་ན་དབུས་གཙང་སྤྱི་འཐུས་ནང་ཟླ་སྒྲོན་དང་སྐལ་བཟང་དགྲ་འདུལ་གཉིས་ལས་གསར་པ་མེད། ཟླ་སྒྲོན་ཟེར་བ་དེ་ཤར་གླིང་ཟླ་སྒྲོན་ཡིན་ན་དེང་རབས་ཀྱི་ཤེས་ཡོན་ཡོད་པའི་གཞོན་ནུ་ཞིག་ཡིན་པས་འཐེན་འཁྱེར་གྱི་བསམ་བློ་ཆུང་བའི་རེ་བ་ཡོད། སྤྱི་འཐུས་སྐབས་སྔ་མ་དག་ཏུ་མདོ་སྟོད་ཀྱི་སྤྱི་འཐུས་འདི་འགྱུར་བ་ཅུང་ཆེ་ལ་ད་ལན་ཡང་གཞོན་སྐྱེས་གསར་པ་གསུམ་འདུག དེ་ལས་འགྱུར་བ་ཆེ་བ་ནི་གསར་པ་བཞི་ཡོད་པའི་མདོ་སྨད་ཀྱི་སྤྱི་འཐུས་ཡིན། སྤྱི་འཐུས་སྐབས་སྔ་མ་དག་ཏུ་འཐེན་འཁྱེར་གྱི་རྣམ་པ་ཡང་ཡང་མངོན་པ་ཕལ་མོ་ཆེ་རྒན་རབས་ལས་བྱུང་ལ་གཞོན་སྐྱེས་མང་ཙམ་སླེབས་ན་འཐེན་འཁྱེར་གྱི་རྣམ་པ་འདི་ཉུང་དུ་འགྲོ་བའི་རེ་བ་ཡོད། འོན་ཀྱང་ཀླུ་ཚང་གིས་ཚོད་དཔག་གིས་བཤད་པ་ཡིན་ན་གྲུབ་འབྲས་ལ་ཉན་རྒྱུ་རེད།
དྲ་གྲོགས་ཚོ།ཕྱག་རོགས་བཀའ་བློན་གྱི་སྐོར་ལ་བློ་བདེ་བོ་མ་བྱུང་བས་གདན་སའི་དགེ་བཤེས་ཤིག་ལ་མོ་ལུང་ཞུས་པ་ཡིན།ཁོང་གིས་ཐུགས་བརྟག་ལྟར་ན་བཀའ་བློན་འདི་ཚོ་བབ་སོང་།
༡༽བཀའ་བློན་ཁྲི་པ་དང་དྲིལ་བསྒྲགས་བཀའ་བློན་གཅིག་ལྕོག་སྐུ་ངོ་བློ་བཟང་སེང་གེ་ལགས།
༢༽བདེ་སྲུང་བཀའ་བློན། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས།
༣༽ནང་སྲིད་བཀའ་བློན། སྐུ་ངོ་རྒྱ་རི་སྒྲོལ་མ།
༤༽དཔལ་འབྱོར་བཀའ་བློན། སྐུ་ངོ་ཚེ་རིང་དོན་འགྲུབ།
༥༽འཕྲོད་བསྟེན་བཀའ་བློན།ཁེ་ན་ཀྲ་གནས་སྡོད་ཚེ་རིང་མཚོ་མོ།
༦༽ཤེས་རིག་བཀའ་བློན། མ་སུ་རི་སྐུ་ངོ་བསོད་ནམས་སྟོབས་རྒྱལ།
༧༽ཆོས་རིག་བཀའ་བློན། དགེ་བཤེས་ལྷག་རྡོར།
དགེ་བཤེས་ལགས་ཀྱིས་རེ་ཟུང་གི་ཀླུང་རྟ་ཆག་པའི་རྐྱེན་གྱིས་འགྱུར་བ་འགྲོ་སྲིད་ཀྱང་སྐབས་སུ་བབ་པའམ་དེང་སེང་སྐུ་ངོ་བློ་བཟང་སེང་གེ་ལགས་ཀྱི་ཐུགས་ལ་འཁོར་བའི་འོས་མི་དེ་ཚོ་གཙོ་བོ་རེད་ཅེས་གསུང་སོང་།
རྡོ་རྗེ་དབང་ཕྱུག་ཟེར་བའི་ནོར་གླིང་གི་སྐབས་འཚོལ་བ་དེས་རང་གི་ཆུང་མ་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་སྐབས་གསང་འབྱོལ་གྱིས་ཁེ་ན་ཊར་ཁྱིམ་གཞི་གཉེར། ཁོ་རང་ནོར་གླིང་གི་གཡས་གཡོན་དུ་རྩོམ་པ་པོ་ཡིན་མདོག་གིས་ཆོལ་ཁའི་དར་ཆ་སྒྲེངས་བཞིན་བསྡད། ལྷག་པར་ཁ་བརྡའི་རྩོམ་སྒྲིག་པའི་མིང་འཛིན་ཡིན་པའི་ཆ་ནས་ངས་སྔར་བྲིས་པའི་མཆན་ཞིག་རང་ཉིད་ཀྱི་བློ་ངོར་མ་བབས་བས་དོན་མེད་བསུབ་འདུག་པ་ནི་ཧ་ཅང་ཐབ་སྡུག་རེད། བསམ་ཚུལ་འདྲ་ཡོད་ན་འབྲི་ཆོག་ དེ་མིན་བསུབ་ན་ཁྱོད་ཚོས་བཤད་པའི་སྨྲ་བརྗོད་རང་དབང་དང་འགལ་འགྲོ་རྒྱུ་རེད། བསམ་བློ་ཐོངས། ཁོ་རེ།
བཀའ་ཁྲི་བློ་སེང་ལ་ཐོབ་ན་རྒྱ་རི་སྒྲོལ་མ་བཀའ་བློན་ཆགས་ཐུབ་མིན་བཤད་མི་ཤེས།
ཆུ་སྒང་གསར་རྙིང་གཉིས་ཀྱི་མི་རེད། གལ་སྲིད་ཆགས་སོང་ན་མདོ་སྟོད་ནང་རྙོག་དེ་ཡང་རིམ་བཞིན་ཞི་འགྲོ་གི་རེད། འོན་ཀྱང་། ལི་ཐང་ཨ་ཐར་གྱི་བདེན་གཏམ་ཟེར་བ་དང་དེ་ཡི་རྙོགས་མ་དྭངས་བྱེད་ཀེ་ཏ་ཀ་ལ་བལྟས་ན་སྐུ་ངོ་འཇུ་ཆེན་ལ་ད་དུང་སྟོབས་ཡོད་ནི་རེད།
གྲོགས་པོ་ཚོ། ང་ཚོས་མནོ་བསམ་ཞིབ་མོ་གཏོང་དགོས་པའི་དུས་ལ་བབས་ཡོད། མི་རིགས་ཀྱི་ལས་དབང་དང། སྤྱི་མཐུན་གྱི་ཆིག་སྒྲིལ་གནོད་པའི་རིགས་ལ་དགག་བྱ་ལས་དགོས་པ་གཙོ་བོར་འཛིན་དགོས་པའི་དུས་བབས་ཞིག་རེད། དེར་བརྟེན། དོན་མེད་བཀའ་ཁྲིའི་མིང་འཁུར་ལ་ཉེ་བའི་མིའི་རིགས་ལ་དཀྲོག་གཏམ་རིགས་མ་སྤེལ་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་ལ། རང་དགའ་དགྲ་སྡུག་གི་བྱེད་སྟངས་ཤིག་མ་རེད་དམ།
མ་འོངས་སྔོན་བསུས་ཀྱིས་རྒྱག་འདྲེ་རྒྱག་རྒྱུའི་སྒྲུང་དང་མཚུངས་པ་མི་འདུག་གེ ང་ཚོ་བོད་རིགས་ཚོར་ལས་ཀ་ཞེ་དྲགས་མེད་པའམ། བྱེད་མ་ཤེས་པར་ལུས་བསྡད་ཡོད་པ་འདྲ་བོ་མཐོང་བགྱིད་འདུག
བོད་ཀྱི་ཕོ་སར་ལགས། རྒྱོ་རྒྱག་དང་མ་རྒྱག་མི་སྒེར་གྱི་གནད་དོན་ཞིག་རེད། དེ་དང་བཀའ་བློན་གྱི་ལས་འགན་བར་འབྲེལ་པ་ཅང་ཡོད་པ་མ་རེད།་གཙོ་བོ་ནུས་པ་འཇོན་ཐང་ཡོད་མཁན་ཞིག་དགོས་པ་རེད།
ང་ཚོའི་བོད་པའི་སྤྱི་ཚོགས་ཁྲོད་སུས་ཞབས་ཞུ་བསྒྲུབ་ཐུབ་ན་དེ་ལ་ཡི་རེང་རྒྱབ་སྐྱོར་བྱེད་རྒྱུ་ལས་གཞན་ཆོ་ཁ་ཆོས་ལུགས་འཐེན་ཁྱེར་སོགས་ཀྱི་འོག་ནས་འོས་བླུག་པ་ཡིན་ན་མི་ཞིག་གི་བསམ་བློའི་གོ་རྟོགས་ཀྱི་ཚད་མ་སྨིན་པའི་མངོན་རྟགས་དང་། མ་ཟད་ སྤྱི་ཚོགས་དེའི་ཡར་རྒྱས་འཕེལ་ཕྱོགས་ལ་སྔོན་འགོག་རྒྱུ་རྐྱེན་ཆེན་བོ་ཞིག་ལས་མ་འདས་སྤྱིར་ཡིན་ན་མངོན་མཐོན་དང་ཡར་རྒྱས་དམངས་གཙོ་འཕེལ་ཕྱོགས་ཀྱི་ཆ་ནས་བཤད་ན་ཆབ་སྲིད་ཚོགས་པ་ཞིག་ཡོད་ན་དེས་སྤྱི་ཚོགས་ལ་ཕན་པ་གནོད་སྐྱོན་གྱི་རྒྱུར་མི་འགྲོ་བས་ཡོད་ཆོག་གོ།
ཧ་ཧ། ཐོག་མར་དྲ་གྲོམས་རྣམས་པར་སྐུ་ཁམས་བཟང་ཞུ་རྒྱུ་ཡིན། སྔོན་མའི་བརྗོད་གཞི་དྲང་བདེན་མིན་འདུག་ཀྱང་། ཡིན་ནའང་བགྲོ་གླེང་ཡག་པོ་བྱུང་འདུག་ ཁྱེད་རྣམས་པར་དུས་ཚོད་ཡག་པོ་ཡོད་ཚོད་འདུག ད་ལྟ་ང་ལ་དུས་ཚོད་མེད་རྗེས་སུ་་མཇལ་ཡོང་། བློ་སེང་ཐོབས་པར་དགའ་བསུ་དང་། ལས་འབྲས་བླུ་མེད་བདེན་མཐུ་བདག་ཅག་གི བདེན་པའི་སྨོན་ལམ་འགེག་མེད་མྱུར་སགྱུབས་གཤོགས།། སྨོན་ལམ་དང་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན།། །།
འཕན་པོ་བསྟན་དར་ནས།།
ཨ། ད་ལྟ་ནས་ བློ་སེང་ལགས་ ཐོབ་ ཚར་བ་ རེད་ཨེ།
ངའི་བཀའ་ཁྲི་འོས་མི་སྐུ་ངོ་བཀྲས་མཐོང་ལགས་ཡིན་། རྒྱུ་མཚན་དང་གནས་ལུགས་སྣ་ཚོགས་ལ་བརྟན་ནས་ད་བར་འགྲེལ་བཤད་རྒྱབ་མེད་ལ་རྒྱབ་དགོས་མ་མཐོང་། ཡིན་ཡང་འོས་བསྡུའི་ལས་རིམ་འགྲོ་ཟིན་པའི་དེ་རིང་གི་མཚམས་འདིར་སྐད་ཆ་འདི་གསལ་པོ་བཟོ་འདོད་བྱུང་སོང་། ཨ་མདོ་དང་ཁམས་པའི་མི་སྣའི་ཁྲོད་སྐུ་ངོ་རྒྱ་ལོ་དོན་འགྲུབ་དང་མདོ་སྔགས་བསྟན་འཛིན་སོགས་རྒན་རབས་ཁག་ཅིག་དང་ཨ་ཚོགས་ཀླུ་མཁར་བྱམས་དང་བོན་རྒྱ་བསྟན་འཛིན་རབས་རྒྱས། གསེར་རྟ་ཚུལ་ཁྲིམས་སོགས་ཀྱི་སྤྱི་ཚོགས་ནང་དེའི་དོན་ཁྲོམ་སྟོན་སྣ་ཚོགས་བྱས་སོང་། འདིའི་རྒྱབ་ལྗོངས་ལ་གང་ཞིག་ཡོད་པ་གསལ་པོ་མཐོང་དཀའ་ཡང་མ་འོངས་བློ་སེང་་བཀའ་ཁྲི་སླེབས་པའི་ཉིན་མོར་ཁམས་དང་ཨ་མདོའི་མི་དེ་དག་གི་ཁོང་ལ་རྒྱབ་སྐྱོར་བྱས་མིན་དེ་གནད་དོན་ཅིག་ཡིན། རྒྱུ་མཚན་ནི་ད་བར་བོད་པའི་སྤྱི་ཚོགས་ཆོལ་ཁོངས་འདི་གཉིས་ཀྱི་ནང་སྐབས་འཚོར་རིགས་ལུགས་མང་དྲག་པའི་ལོ་རྒྱུས་སྣ་ཚོགས་བྱུང་མྱོང་ཡོད་པས་ཡིན། བློ་གྲོས་རབ་བརྟན་གྱི་སྐད་ཆ་འདི་ཁོ་ན་བརྟན་ནས་ཁོ་པས་བློ་སེང་ལ་རེ་བ་ཇི་ཙམ་རྒྱབ་མིན་གསལ་ཆགས་འདུག། ད་ཕན་བློ་སེང་གི་ལོ་རྒྱུས་ནང་བལྟས་ན་ཕྱོགས་རིས་དང་གཡས་རྒྱུགས་པའི་ཤེས་ཡོན་ཅན་ཞིག་མ་ཡིན་པར་སྤྱང་གྲོང་འཛོམས་པའི་གཞོན་སྐྱེས་ཞིག་རེད་། ཁོ་པས་དེ་རིང་གི་གནད་དོན་འདི་ཤེས་ན་བཀའ་བློན་ཅིག་སྐུ་ངོ་བཀྲས་མཐོང་གདམ་དགོས་ངེས་རེད་། འདི་ཁམས་དང་ཨ་མདོ་བས་འདོད་མིན་གཙོ་བོ་མ་རེད་བོད་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་དངོས་དང་འབྲེལ་བ་ཡོད་པའི་སྐད་ཆ་ཞིག་ཡིན།
ནོར་གླིང་ལ་དེང་སང་རྙོག་གླེང་མ་གི་ཡ། སྒྲོལ་མ་སྐྱབས་ཀྱིས་ཧིན་སྒོར་སུམ་བརྒྱ་ཁྱེར་ནས་བྲོས་ཚར་ཡོད་ཁུ
ཁྱེད་རྣམས་པའི་འགྲོ་གླེངས་་དཔེ་ཡག་པོ་འདུག། ངས་བལྟས་ན་་་་ མཁས་དབང་རྟའུ་བློ་བཟང་དཔལ་ལྡན་ལགས་ བཀའ་བློ་ནང་བསླེབས་ན་ང་ཚོ་ལ་ཕན་ཐོགས་ཆེན་པོ་ཡོད་རེད་བསམས་སོ།།
སྒྲོལ་མ་སྐྱབས་ཀྱིས། ཧིན་སྒོར་༣༠༠སུམ་བརྒྱ་ཙམ་འཁྱེར་བ་ཡིན་མདོག་མེད། དེ་ཡིན་ན། མ་རབ་ཆེན་པོ་མ་རེད་དེ་་་་
ང་རང་ཁ་བརྡ་ལ་འཇུག་པ་ཐེང་དང་པོ་ཡིན།
རྒྱལ་སྤྱིའི་འོས་བསྡུ་ཞིབ་འཇུག་སྐུ་ཚབ་རྣམས་ནས་སྟོད་སྔགས་ཆེན་པོ་ཐོབ་ལེ་བཞིན་ ང་ཚོ་བོད་མི་མངས་ལས་བསླ་པོ་ཞིག་ངོ་མ་རེད་མི་བདའ་ཡ་ མཐའ་མའི་བཀའ་བློན་འོས་མི་དྲག་ཤོས་གསུམ་ནས་རྩེ་ཕུལ་དེ་མ་ནོར་བར་བཀའ་ཁྲིར་འདེམས་ཐུབ་པ་དེ་བོད་མི་རིགས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་དང་ གཟི་བརྗིད་ མང་ཚོགས་ནས་རང་གི་བོད་དོན་ཐབས་བརྩོད་ཐོག་འགན་དང་དོ་འཁུར་ཤེས་ཡོན་སོགས་ཡར་རྒྱས་ཀྱི་རྣམ་པའི་མཚོན་རྟགས་གསལ་པོ་ཞིག་ཀྱང་ཡིན་ལེ་རེད་ བཀའ་སྤྱི་གསར་པ་རྣམས་དང་ བོད་མི་མང་ཡོངས་ལ་ད་རེས་ཀྱི་རྒྱལ་ཁ་དེར་དགའ་བསུའི་བཀྲིས་བདེ་ལེགས་ཞུ་ལེ་ཡིན་ ཆབས་གཅིག་དུ་ སྐབས་༡༥ པའི་སྤྱི་འཐུས་གསར་པ་རྣམས་ནས་ དེ་སྔོན་སྤྱི་འཐུས་ཚོས་དགྲ་དགའ་ཞིང་གཉེན་སྡུག་དགོས་ལེའི་བྱ་སྤྱོད་ངན་པ་དེ་རིགས་རྩ་བ་ནས་མི་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་ལེ་ཡིན་།
ཞབས་མཆན་ཡོངས་ཀྱི་ནང་ནས་སྐད་ཆ་རྫབ་ཆེ་ཤོས་འདི་རེད་་་་་འདི་ཁམས་དང་ཨ་མདོ་བས་འདོད་མིན་གཙོ་བོ་མ་རེད་ xxxxxxxxxxxxxxxxx
ང་ཚོས་ད་ཐེངས་འདིར་དོན་སྣང་བྱེད་སའི་གནད་འགག་ཆེ་ཤས་ཤིག་ལ་དགོངས་པ་དེ་ཙམ་མ་བཞེས་བ་ཞིག་ལ་སྤྱི་འཐུས་དེ་ཚོ་ཡིན་པས་དེ་སྔ་མི་སྣ་ཁ་ཤས་ཞིག་མ་གཏོགས་མི་སྣ་འགའ་ཤས་རྙོག་གྲ་ལངས་རྒྱུ་མ་གཏོགས་ཉེན་སྐྱོབ་ཀྱི་ཐབས་གཏོན་ཕྱོགས་དང་ལམ་ཆར་གཞིའི་སྐོར་ལ་གང་ཡང་བཤད་རྒྱུ་མེད་མཁན་དེ་དག་ཕན་ཐོག་གང་ཡང་མི་འདུག།