འདོད་པའི་ཞེ་སྡང་ལ་ཆགས་སྲེད་ཀྱི་ལྕེ་ལྡག་ཡང་ཡང་བྱས་ཞིང་།
འཁུན་པའི་ཟ་ཟི་ལ་ན་ཟུག་གི་སོ་འབྲད་དང་སེན་འབྲད་བྱས་མཐར།
ད་གཟོད་ང་ཡི་ཕོ་མཚན་ཀྱིས་ན་ཆུང་མ་སུ་ཞིག་དམར་ཧྲེང་དུ་ཐེག་སྣང་སྐྱེས་མོད་།
ཕུར་མཉེད་དང་འཇིབ་ལྡག་གི་ལེའུ་སྙན་མོས་ང་ཉིད་ཞིང་ཁམས་གཞན་ཞིག་ནས་སྦྲིད་པར་བཏང་།
ལུས་པོ་རྔུལ་ནག་གིས་བརླན་ཞིང་བརླ་བར་ཚ་དྲོད་ཀྱིས་སྲེག་དུས་ངའི་འཕོངས་ཤ་འདི།
ད་དུང་བཙུར་ཞིང་ད་དུང་གཅོད་ལ་ཁད་ཀྱིས་སྐད་གདངས་ལ་འདར་ཆ་དོད་ཅིང་སྣ་རྩེ་རུ་བསིལ་བ་འཐོར།
ཁོ་མོའི་དབུགས་རྒྱུན་ནང་དུ་འདར་ལ་བརླ་ཤ་ཕྱི་རུ་འདར།
ང་ཡི་འཕོངས་ཚོས་ཕྱི་རུ་འདར་ཞིང་ཕོ་མཚན་ནང་ན་འདར།
དེ་ལྟར་ ཡོད་ཚད་རྔུལ་ཆུ་ཡི་འདར་འདར་རྗེས འཁུན་སྒྲ་ལས་དངངས་དངངས་རྗེས།
ཁོ་མོས་གློ་བུར་དུ་ང་ལ་ ད་མི་དགོས་ཟེར་ང་རང་འགྲིག་སོང་ཟེར།
ངས་མུ་མཐུད་ནས་ ལྕེ་ལ་ལྕེ་ཡིས་ཉུག་ཅིང་སྐེ་ལ་ཉུག འོ་འཛིན་ལྕེ་ཡིས་ཉུག་ཅིང་གྲོད་པར་ཉུག
ངས་མུ་མཐུད་ནས་ བྷ་གར་མཇེ་ཡིས་ཉུག་ཅིང་རྐུབ་ལ་ཉུག བརླ་ཤར་མཇེ་ཡིས་ཉུག་ཅིང་རྐང་རྩེར་ཉུག
སླར་ཡང་ཁོ་མོས་མུ་མཐུད་དུ་ འགྲེ་ལྡོག་གི་མགོ་རྐུབ་ཉུག་ཅིང་ང་ཡི་སྐེ་ལ་འཐམ་ཞིང་རྐུབ་ལ་འཁྱུད།
ང་ལ་ད་དུང་དགོས་ཤིང་ང་ལ་ཤུགས་ཀྱིས་དགོས་ཟེར ང་ཡི་གཏིང་དུ་ཟ་ཞིང་ང་ཡི་ཁ་རུ་འཕྲུགས་ཟེར།
འཁུན་སྒྲ་དངངས་ཞིང་འདར་ཏེ་ཇེ་མཐོ་ཇེ་མཐོ ཕོ་མཚན་མཁྲེགས་ཤིང་འགྲེང་སྟེ་ཇེ་ཆེ་ཇེ་ཆེ།
ཨ་ཚ་ཚ་ལྷོད་ཀྱིས་བྱོས ད་ལྟ་སྐྱིད་མགྱོགས་ཀྱིས་བྱོས ཁོ་བོས་ཀྱང་ཅི་ཞིག་འཆོར་གྲབས་དང་ལུས་སེམས་སྤྲིད་གྲབས།
ཁོ་མོས་ཡར་ལ་མགྱོགས་མྱུར་གྱིས་གཏད་ཅིང་ང་ཡིས་མར་ལ་སྟོབས་ཤུགས་ཀྱིས་བརྡབས་བརྡབས་ནས།
ངས རང་ཚོད་བཟུང་ཞིང་ངལ་གསོ་ཐེངས་ཤིག་གི་ཚབ་ཏུ་གློ་བ་དང་གློ་བ་གླན་དབུགས་ཀྱི་འབྱིན་རྔུབ་བསྲེས་དུས།
ཡང་བསྐྱར་ཁོ་མོ་ག་ལེར་འདར་ཞིང་འཁུན་སྒྲ་ལྷོད་ཀྱིས་འཁྱིལ འཕོངས་ཚོས་ཡང་ཡང་ཉུག་རྗེས་ད་འགྲིག་སོང་ཟེར།
ཁྱོད་ཀྱིས་དཀའ་ལས་ཁག་སོང་དགོངས་དག་ཟེར ང་བདེ་བོ་བྱུང་སོང་ད་ཧ་ཅང་འགྲིག་སོང་ཟེར།
ཡིན་ན་ཡང་ ངས་ད་དུང་ཅི་ཡང་ཤོར་མེད་པས་ང་རང་འོག་ནས་ཡར་དང་ཁོ་མོས་སྟེང་ནས་མར་ལ་སྐོན།
ངལ་གསོའི་སྐར་ཆ་རེ་རེས་འདོད་རྔམ་ཆེ་རུ་བཏང་ཞིང་རྔུལ་ནག་ཁོལ་ཏུ་བཅུག
ང་རང་བདེ་སོང་དང་འགྲིག་སོང་རེ་ལ་འོག་ནས་གཏད་ཅིང་ཤུགས་ཀྱིས་སྤྲད་པས།
གཡའ་ཆུ་དྭངས་མོ་ཞིག་ང་ཡི་རླིག་རྩིད་དུ་བཞུར་ཞིང་མོ་མཚན་དུ་ཡང་བསྐྱར་ཚ་དྲོད་གཞན་ཞིག་ཁོལ།
ལན་རེར་སོ་ལ་སོ་གཏད་ཅིང་ལན་རེར་འདོམ་ལ་འདོམ་གྱིས་ཉུག་པས་སེན་འབྲད་དང་ལག་ཤུགས་ཇེ་ཆེ་ཇེ་ཆེ།
མཚམས་རེར་ལྕེ་ལ་ལྕེ་གཏུགས་ཤིང་ལུས་ལ་སོ་བཏབ་པས་འཁུན་སྒྲ་དང་ངུ་ཤུམ་ཇེ་མཐོ་ཇེ་མཐོ།
སྐབས་འགར་རྣ་བ་གཞིབས་ཤིང་སྐྲ་ནས་དཔྱངས་པས་ད་ཤོག་དང་ད་དགོས་ཀྱི་དངངས་འདར་མཐོ་རུ་མཐོ་རུ།
ངའི་ཕོ་མཚན་གྱི་མགོ་ནས་རླིག་རིལ་དང་བརླ་བར་ཡོད་ཚད་ལ་ཚ་བོ་ཚུབ་ཚུབ་དང་དྲོད་རླངས་ཐུལ་ཐུལ་གྱིས།
རོགས་ཆུང་ལོ་སུ་ཞིག་གི་སེམས་པ་ལས་དྭངས་པའི་གཅིན་པ་ཚ་བོ་དེ་འདོད་བདེའི་བཟི་ནས་ཡང་ཡང་སྐྱུག
ནམ་ཞིག་དབུགས་ཀྱི་རྒྱུ་བ་རིང་མོ་གཉིས་ག་ལེར་ག་ལེར་དེ་རིང་གི་དམག་འཐབ་ལས་རྒྱལ་བ་ལྟར།
ཁ་བརྡ་ཤབ་ཤུབ་ཅིག དགོད་ཁ་ལྷོད་ལྷོད་རེ ལུས་ལ་བཀོད་པའི་བདེ་སྟོབས་དཔག་མེད་དེའི་སྔུར་སྒྲ་ལྡིར་ལྡིར།
རྨི་ལམ་དུའང་མི་ལུས་ཀྱི་བདེ་སྟོབས་དཔག་མེད བདེ་སྟོབས་དཔག་མེད་དེ་ཡང་ཡང་བསྡོ་བཞིན།
ཧ་ཧ་ཧ། ཡུམ་ངར་བ་ཞིག་མ་རེད་ན།
ཅི་འདྲའི་ཕོ་གསར་ཞིག་རེད། མགོ་སེ་ཚོའི་སློབ་སྦྱོང་ཡག་པོ་རག་འདུག་ག
འཁྲིག་རྩལ་ཡོད་མེད་མི་ཤེས་ཀྱང་འབྲི་རྩལ་འདུག འགྲིགས་ཤག ཕྲིས་ཤོག་དང་། བོད་ཡིག་བོད་སྐད་ཡར་རྒྱས་ལ་ཕན་ངེས་འདུག མུ་འགོད་གྱིས་ཤིག
གུས་འོས་དྲ་གྲོགས་རྒན་འབའ་སྲས་དང་ཀརྡོ་རབ་འབྱམས་པ་གཙོས་གཞན་དག་གིས་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་རང་ནུས་ཅི་ཡོད་འདོན་ངེས་ལ་འདོན་པར་འོས་སོ་སྙམ་བཞིན་ཡོད་ལགས།
ནུབ་ཕྱོགས་པར་མཚོན་ན་འཁྲིག་སྤྱོད་ཀྱི་རྣམ་བཞག་འདི་ཅི་ནས་ཀྱང་ཤེས་དགོས་པའི་དམའ་རིམ་སློབ་ཚན་ཞིག་རེད།
འདི་ལ་སུས་ཀྱང་བཀག་འགོག་བྱེད་མི་ཆོག་ལ། སུས་ཀྱང་ངོ་ཚར་བལྟ་མི་འོས་སོ།། རང་རེ་རྣམས་མུན་ནག་ནང་ལག་ལེན་ཡོད་ན་ཡང་། མངོན་སུམ་དུ་དམར་བརྗོད་བྱེད་པར་འཛེམས་ཁུལ་བྱེད་བཞིན་པ་ནི། ཁ་ཁོག་མི་མཐུན་པ་དེའོ།།
བོད་ཀྱི་སྨན་པ་ཚོས་ཟེར་ན། སྙིང་ཆུང་རྐུན་པོས་ཁ་ཟས་ཟ་བའི་འཁྲིག་སྤྱོད་བྱེད་སྟངས་དེ་འགྲོ་བ་མིའི་གནས་སྟངས་ངོ་མ་དང་འཚམ་ཤོས་སམ་ཚན་རིག་དང་མཐུན་ཤོས་རེད་ཟེར་གྱི་འདུག
དྲ་གྲོགས་རྣམ་པ་གཉིས་ཀྱིས་དཔྱད་བརྗོད་སྤེལ་བར་ཐུགས་རྗེ་ཆེ་ལགས།
ནུབ་ཕྱོགས་པས་སྔོན་མར་ཟོས་ཟིན་པའི་ཞལ་ཟས་དེ་དག་ཀྱང་ག་ལེར་བསམ་ན་ལུས་ལ་བདེ་བ།
ཁུ་རུ་ཞིམ་པ་ཁ་ཤས་ཡོད་པ་བདེན་པར་གྲུབ་པས་ངས་ནི་”རང་རེ་རྣམས་མུན་ནག་ནང་ལག་ལེན་ཡོད་ན”མེད་ན་ཡང་རང་ཉིད་ཀྱི་བསམ་ཚོད་ནམ་མཁར་འདེབ་པའི་སེམས་ཞིག་བཞེངས་ཡོད་ལགས།
ཚང་མས་ཁ་ནས་སྨོད་པ་འདི་ཡང་།།
ཚང་མས་དོན་དུ་གཉེར་བ་འདི་ཉིད་ཡིན།།
དགེ་ཆོས་ནས།
ཀུན་གྱི་སེམས་པ་མེ་བཞིན་འབར་བ་དང་།།
བུད་མེད་སེམས་ཀྱི་དྲོད་ལྟེར་འཁྲིག་པའི་བདེ།།
བུ་ཡི་དབང་རྩ་ཉམས་བྱེད་སྲེད་པའི་བདེ།།
འཇིག་རྟེན་སྐྱེ་བོ་ཕལ་ཆེར་འདི་ཡི་བཟི།།
རང་གིས།
སྤྱན་ཆབ་པས་སྙན་ངག་ཚ་སོབ་སོབ་ཅིག་བྲིས་འདུག ཡིན་ནའང་ཁ་ཐུག་སྐྱོན་ཞིག་ཐེར་འདོན་བྱ་འདོད་བྱུང་།
སྤྱིར་སྙན་ངག་འདིའི་སྐད་ཆའི་སྒྱུ་རྩལ་ནི་བླ་ན་མཐོ་བར་བརྗོད་ཆོག ད་དུང་ཚིག་གི་ནུས་པ་དང་གོ་རིམ་གྱི་བསྡུས་དོན་ཡང་ཚད་དང་རན་པར་འདུག ཡིན་ནའང་”རོགས་ཆུང་ལོ་སུ་ཞིག་གི་སེམས་པ་ལས་དྭངས་པའི་གཅིན་པ་ཚ་བོ་དེ་འདོད་བདེའི་བཟི་ནས་ཡང་ཡང་སྐྱུག”ཅེས་པའི་ཚིགས་རྐང་འདི་དོན་དང་གནས་ལུགས་སོགས་གང་གི་ཐད་ནས་ཀྱང་མ་འོས། གལ་སྲིད་རོགས་ཆུང་ལོ་འདོད་བདེས་བཟི་སྐབས་ཤོར་བ་དེ་གཅིན་པ་མ་ཡིན་པར་ཁུ་ཡིན་ལ། དེ་བས་ཀྱང་སྐབས་འདིར་སྦྱོར་འོས་པའི་ཚིག་ནི་གཡའ་ཆུ་ཡིན།
སྤྱན་ཆབ་ལགས་ལ་ནང་མོལ་གྱི་ཚུལ་དུ་ཞུས་པའི་རང་གི་དྲན་ཚུལ་ཐོར་བུ་བ་འདི་ལ་གཅིག་བྱས་ན་གུ་དོག་གི་ལྟ་ཚུལ་ཞིག་ཀྱང་མངོན་ཡོད་སྲིད། འདོད་བདེའི་སྐབས་སུ་གཅིན་པ་ཚ་བོ་ཞིག་གླེང་ཚུལ་དེ་དོན་དང་གནས་ལུགས་གང་གི་ཐད་ནས་ཀྱང་མི་འོས་ན། གྲོགས་པོ་ལགས་ཀྱིས་ཚིགས་རྐང་འདི་ལ་བསྐྱར་ཞིབ་ཅིག་གནང་གལ།
སྙན་ངག་ཟེར་བ་འདི་མི་ཤེས་པ་དང་མི་དགའ་མཁན་ཞིག་གིས་བལྟས་ན། གླེན་བཤད་དང་སྨྱོ་བཤད། གཟའ་བཤད་ཁོ་ནར་མཐོང་ངེས། ཡིན་ནའང་ཆེད་དུ་གཉེར་བ་དང་ཀུན་ནས་དགའ་མཁན་ཞིག་གི་ངོས་ནས་ཚིགས་རྐང་རེ་རེའམ། ཡང་ན་མིང་ཚིག་གཅིག་གི་སྟེང་ནས་ཀྱང་གནས་ལུགས་ཤིག་དང་རྒྱུ་མཚན་ཞིག་འཚོལ་གྱི་ཡོད་ལ། སྟོན་གྱིན་ཡང་ཡོད། དེའི་ཕྱིར་བདག་གིས་གྲོགས་སྤྱན་ཆབ་པའི་སྙན་ངག་འདི་ཀློག་སྐབས་ཀྱི་ཞན་ཆའི་ཆ་ཞིག་བཤད་པ་ཙམ་ཡིན།
མཐར་ཁྱེད་ཀྱི་སྙན་ངག་འདི་བཞིན་རང་རེའི་བཙན་བྱོལ་ཁྲོད་ཤིན་ཏུ་དར་ཁྱབ་ཏུ་འགྲོ་བའི་རེ་བ་དང་བཅས།
དྲ་གྲོགས་རྣམ་པ་གཉིས་ཕེབས་པར་བཀའ་དྲིན་ཆེ་ཞུ་པ་དང་བླ་ལྷག་ཏུ་སྙན་ངག་པ་གནམ་ལྕགས་ཀྱིས་ནང་མོལ་བྱས་པར་ཞེ་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། རྗེས་སོར་བསམ་ཞིབ་གཏོང་ངེས་ཡིན་ཡིན་ལགས།
———- ཞེས་གུས་པོ་སྤྲན་ཆབ་ཀྱིས།
དྲྭ་གྲོགས་སྤྱན་ཆབ་ལགས།བྲིས་ནོ་ངོ་མ་བཟང་གི་བཤད་ཀྱི་ཟིག་མེད་ཀི།རྗེས་ཕྱོགས་ཡང་འདི་འདྲ་མང་པོ་འདྲི་རོགས་གནང་།
སྤྱན་ཆབ་ལགས་ཀྱིས་ང་ཚོ་འཇིག་རྟེན་པ་རྣམས་ལ་འཇིག་རྟེན་འདིར་ཆེས་དུང་ཞིང་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ལེན་མང་པོ་ཞིག་དམར་རྗེན་དུ་བཏང་ནས་བྲིས་འདུག འཁྲིག་བདེ་ནི་འཇིག་རྟེན་པའི་འཚོ་བ་དངོས་ཀྱི་སྙིང་པོ་དེ་ཡིན་པས་ལག་ལེན་དེ་རིགས་ལ་ངོ་མ་དགའ། དེ་ལས་ཀྱང་གོ་བ་ཙམ་གྱིས་རྩ་རྒྱུད་ལ་བཟི་ཁ་སྟེར་ཞིང་མགོ་བོ་འདར་སིག་རྒྱག་པའི་འཁྲིག་རྩོམ་དེ་རིགས་ཀྱིས་ཁ་བརྡ་དྲ་བར་སློབ་གླིང་གསར་བ་ཞིག་བསྐྲུན་པའི་སྣང་བ་སྟེར། འདིའི་རིགས་ཀྱིས་འཇིག་རྟེན་གྱི་འདོད་བདེ་ལོངས་སུ་སྤྱོད་པའི་གཞོན་ནུ་ཕོ་མོ་རྣམས་ལ་ངོ་མ་ཕན་ཐོག་གི་རེད། དགེ་ཆོས་ཀྱིས། ཀུན་གྱི་སེམས་པ་མེ་བཞིན་འབར་བ་དང་། །བུད་མེད་སེམས་ཀྱི་དྲོད་ལྟེར་འཁྲིག་པའི་བདེ། །བུ་ཡི་དབང་རྩ་ཉམས་བྱེད་སྲེད་པའི་བདེ། །འཇིག་རྟེན་སྐྱེ་བོ་ཕལ་ཆེར་འདི་ཡིས་བཟི། །ཞེས་གསུངས་པ་ངོ་མ་བདེན་ནི་རེད།
སྙན་སྔགས་དེ་ལ་བལྟས་ན་ཐོར་རྒོད་པ་སྤྱན་ཆབ་དེ་གྲྭ་ལོག་ཞིག་ཡིན་པ་ཐེ་འཚོམ་མིན་འདུག
བོད་ཀྱི་སྙན་སྔགས་ལོ་རྒྱུས་ནང་འདོད་ཆགས་དང་འབྲེལ་སྙན་རྩོམས་ཕལ་མོ་ཆེ་གྲྭ་པ་ཤ་སྟག་གིས་བྲིས་པ་ལས་མི་སྐྱ་བོའི་བྲིས་པ་དཀོན།
(ཡིན་ནའང་”རོགས་ཆུང་ལོ་སུ་ཞིག་གི་སེམས་པ་ལས་དྭངས་པའི་གཅིན་པ་ཚ་བོ་དེ་འདོད་བདེའི་བཟི་ནས་ཡང་ཡང་སྐྱུག”ཅེས་པའི་ཚིགས་རྐང་འདི་དོན་དང་གནས་ལུགས་སོགས་གང་གི་ཐད་ནས་ཀྱང་མ་འོས།)
གནམ་ལྕགས་ལགས་་་་་
འདོད་བདེ་ཡིས་བཟི་ནས་གཅིན་པ་ཚ་བོ་སྐྱུག་ཅེས་པ་དེ་ནི་གནས་ལུགས་དང་མཐུན་པ་རེད་སྙམ།
བུད་མེད་འགའ་ཞིག་གིས་བུད་རྫིག་པོ་སྣང་བར་འགྲོ་བ་ཞིག་མཐོང་དུས་པདྨ་ནས་གཅིན་པ་ཚ་བོ་དོན་པ་བཤད་རྒྱུ་འདུག་པས་དེ་ལྟར་ན་གནས་ལུགས་དང་མཐུན་འདུག་སྙམ།
(ཡིན་ནའང་”རོགས་ཆུང་ལོ་སུ་ཞིག་གི་སེམས་པ་ལས་དྭངས་པའི་གཅིན་པ་ཚ་བོ་དེ་འདོད་བདེའི་བཟི་ནས་ཡང་ཡང་སྐྱུག”ཅེས་པའི་ཚིགས་རྐང་འདི་དོན་དང་གནས་ལུགས་སོགས་གང་གི་ཐད་ནས་ཀྱང་མ་འོས།)
གནམ་ལྕགས་ལགས་་་་་
འདོད་བདེ་ཡིས་བཟི་ནས་གཅིན་པ་ཚ་བོ་སྐྱུག་ཅེས་པ་དེ་ནི་གནས་ལུགས་དང་མཐུན་པ་རེད་སྙམ།
བུད་མེད་འགའ་ཞིག་གིས་བུ་རྫིག་པོ་སྣང་བར་འགྲོ་བ་ཞིག་མཐོང་དུས་པདྨ་ནས་གཅིན་པ་ཚ་བོ་དོན་པ་བཤད་རྒྱུ་འདུག་པས་དེ་ལྟར་ན་གནས་ལུགས་དང་མཐུན་འདུག་སྙམ།
མཁས་དབང་དགེ་ཆོས་ཀྱིས།
སྙིང་ཆུང་རྐུན་པོས་ཁ་ཟས་ཟ་བ་བཞིན།།
མུན་པའི་མལ་དུ་སྒྲ་མེད་དལ་བུ་ཡིས།།
བསྲུབ་ཅིང་ཁུ་བ་འདོན་པ་ཙམ་ཞིག་གིས།།
ཆགས་པའི་དགའ་སྟོན་ཡོངས་སུ་རྫོགས་མ་ཡིན།།
ཞེས་གསུངས་པ་མ་ཡིན་ནམ།
རེད་གོང་ནས་དྲ་གྲོགས་ཚོས་དཔྱད་བརྗོད་སྤེལ་བར་ཐུགས་རྗེ་ཆེ་ཞུ་དང་སྤྱིར་བཏང་གོང་བཀོད་སྙན་ངག་འདིར་ལུས་ངག་གི་འདར་ཟུག་གསུམ་མམ་བདེ་ཚོར་གྱི་འཁུན་སྒྲ་གསུམ་གྱིས་བཅད་པ་ཞིག་ཡིན་པའི་ནང་ནས་་”རོགས་ཆུང་ལོ་སུ་ཞིག་གི་སེམས་པ་ལས་དྭངས་པའི་གཅིན་པ་ཚ་བོ་དེ་འདོད་བདེའི་བཟི་ནས་ཡང་ཡང་སྐྱུག”ཅེས་པ་དེ་ནི་གསུམ་པའི་ཐ་མར་གཏོགས་པ་དང་།དཔེར་ན་ཕུར་མཉེད་དང་འཇིབ་ལྡག་སྐབས་སུ་བྱུང་པའི་ལྗན་ལྗོན་དེ་གཡའ་ཆུ་ཡིན་པ་ཆ་འཇོག འདོམ་ལ་འདོམ་གཏད་ཅིང་སྲུབ་པའི་སྐབས་ཀྱི་གཤེར་ཁུ་དེ་ཁུ་བར་འབོད་པར་ཁས་བླངས་ན།ད་གཟོད་ངས་བྲིས་ཡོད་པའི་གཅིན་པ་དྭངས་མོ་ཞེས་པ་དེའང་དེ་ལ་དེ་མཚམས་ཀྱི་གནས་ལུགས་ཤིག་ཡོད་པར་འདོད་ཡོད་་༼ཡང་ཕྱོགས་གཞནཞིག་ནས་ཞུས་ན་དེ་ནི་ཅུང་དམིགས་བསལ་ཞིག་རེད་བསྟེན་བྱ་ཕ་རོལ་བོ་ནི་གཅིན་པ་འཆོར་བའི་རིགས་དེ་ཡིན་དགོས་ལ་བགྲོད་མཁན་ཡང་་་་བསྲུབ་ཅིང་སྲུབ་མཐར་ངར་དང་ཤུགས་ཀྱིས་ཡུན་ཡོད་པ་དེ་ཡིན་ན་ནི་་་་་་བསྟེན་བྱའི་བདེ་ཚོར་ཐེངས་དང་པོ་དང་གཉིས་པའི་རྗེས་ཀྱི་གཤེར་མང་པོ་ཞིག་་་ཁྲ་ཤག་སེ་ཕྱོ་་་ཡོང་བ་དེ་ནི་གཅིན་པ་གཅིན་རྐྱང་རེད་སྙམ་མོ་་་་་་ཡང་དེ་འདྲ་མིན་ན་ནི་ཕལ་ཆེར་འདི་ལ་དངོས་མྱོང་བྱེད་རྒྱུ་ཡོད་དམ་མེད་་་་་མི་ཤེས་ཧ་ཧ་ཧ་རྩེད་མཚར་དང་སྦྲགས༽་བསྲུབ་ཅིང་སྲུབ་པའི་དུས་མཐའ་གསུམ་པ་དེའི་གཤེར་ཆུ་དེ་ནི་ཆུ་ཆུ་རྐྱང་རེད།གཅིན་པ་གཅིན་རྐྱང་རེད།ཡིན་ཡང་མེ་ཤེལ་ལས་སྲིན་འབུ་ཞུགས་ཡོད་མེད་བལྟས་མེད་ལ་ཚན་རིག་གི་རྒྱ་ཁར་བསྐྱོན་ན་དེ་ལ་རྟག་ཅིང་དཔྱད་པའི་རྒྱུ་ཞིག་ཡོད་ངེས་ཡིན།
རྣམ་པ་ཚོར་བསམ་ཚུལ་ཞུ་འབུལ་བྱས་པར་དགོངས་འགལ་མེད་ཅིང་ད་དུང་བསམ་ཚུལ་འདོན་པའི་རེ་བ་དང་བཅས་་་་་་་གུས་པོ་སྤྱན་ཆབ་ཀྱིས།
::
དེ་གཅིན་པ་མ་རེད་ལ་གཡའ་ཆུ་ཡང་མ་རེད་ ། དེ་ནི་ཆེས་མཐོ་བའི་བུ་མོའི་ཆགས་པའི་བདེ་ཚོར་གྱི་ཐོན་ཆུ་དང་རྟགས་མཚན་ཞིག་རེད། དེ་ཡང་ཆུ་ཤེལ་ལྟ་བུ་དངས་མོ་ཟ་ཞིག་ཡིན་པ་རེད།
དེ་ལྟ་བུ་་ནུབ་ཕྱོགས་པའི་བུ་མོ་རེ་ཟུང་ལ་མ་གཏོགས་བྱུང་ཐུབ་ཀྱིན་ཡོད་པ་མ་རེད།
དེ་ལ་དགེ་ཆོས་ཀྱིས་གཡའ་ཆུ་ཟེར
ཨ་རིག་གིས་གཡའ་ཆུ་ཡིན་མིན་ལ་དོགས་སློང་བྱེད
གང་ལྟར་དེ་ལ་མིང་ཞིག་ཡོད་དགོས་བ་དེ་རེད་་་་་་་
ངས་དེ་ལ་ཉམས་ཆུ་ཟེར་ན་འདོད
༄༅། །ཁོང་རང་ཏན་ཏན་རྩ་སྨན་ viagra བེད་སྤྱོད་གནང་མཁན་ཞིག་ཡིན་པ་ཐག་ཆོད། །
༄༅། །ཁོང་རང་ཏན་ཏན་རྩ་སྨན་ Viagra བེད་སྤྱོད་གནང་མཁན་ཞིག་ཡིན་པ་ཐག་ཆོད།
༄༅། །ཁོང་རང་ཏན་ཏན་རྩ་སྨན་ Viagra བེད་སྤྱོད་གནང་མཁན་ཞིག་ཡིན་པ་ཐག་ཆོད།
རང་ཉིད་ཀྱིས་སྙན་ངག་ཟེར་དེར་མི་ཤེས་མོད། འོན་ཀྱང་སྤྱན་ཆབ་ཀྱིས་བྲིས་པའི་རྩོམ་ཐུང་འདིས་ཁོང་དང་ཁོང་གི་རོགས་ཆུང་ལོ་གཉིས་ཀྱི་བར་ལ་བཅོས་མིན་ལྷད་མེད་པའི་བརྩེ་དུང་དེ་ཕན་ཚུན་སྦས་གསང་མེད་པའི་ངང་ནས་བརྗོད་པར་ཡིད་སྨོན་འཆོར།
དྲ་གྲོགས་ར་རྔ་དང་ངག་དབང་ནོར་བུ་གཉིས་ལ་རྩེད་མཚར་དུ།
དང་པོ་་་་ལགས་ཡིན་ང་ད་དུང་གྲྭ་ལོག་བྱས་མེད་གྲྭ་བ་གྲྭ་རྐྱང་ཞིག་ཡིན་ལ་ཁྱོད་ཀྱིས་ངའི་སྙན་ངག་ཀློག་སྐབས་ངའི་འབྱུང་ཁུངས་ཀྱིས་གོ་སྟོབས་མཐོར་འདེགས་བྱེད་ཐུབ་བམ་་་
གཉིས་པ་་་ལགས་རེད་དེ་ག་རང་རེད་ཁྱེད་ཀྱི་གསུང་པ་དེ་དེ་བཞིན་ཡིན་ལ་ངའི་སྨན་དེ་རྫོགས་གྲབས་ཡོད་པས་ཁྱོད་ཀྱིས་ང་ལ་ཅུང་ཙམ་ཞིག་བསྐུར་མ་གཏོགས་ད་ནི་སྐྱེས་སྨན་གྱིས་ཀྱང་ཁ་ལོག་ངོ་ལོག་བརྒྱག་ཉེན་ཡོད་ཁུ་ཧ་ཧ་ཧ་ཧ་་་་
ཧཧཧཧཧཧ་
ད་ཡིན་ན་ཨ་མདོ་གསར་ལེན་རྒྱ་ཚོར་འཁྲིག་རྩལ་དང་འབྲི་རྩལ་ཚང་མ་འདུག་ཡ།
ཁ་བརྡའི་རང་མདོག་རྩལ་ཡང་སྟོན་ཚར་འདུག།ཧཧཧཧཧ
ྸཨ་ཧ་ཧ་ཡག་པོ་བྲིས་འདུག