(ཚོང་བ་ངོ་ཤེས་ཤིག་གི་ཚབ་ཏུ། )
ཉི་མ་འཚོ། (མུ་ཏིག)
གཉིད་མི་འོང་བའི་མཚན་མོ་འདི་ཚོར། སེམས་ཚོར་ཞིག་རྒྱང་རིང་ནས་སླེབས་བྱུང་། རི་རབ་དང་གཙང་བོ་གང་གིས་ཀྱང་མ་ཁོག་པར་སླེབས་བྱུང་།
ཨུ་ཚུགས་ཀྱིས་མིག་ཟུང་བཙུམ་ནའང་། སེམས་ཚོར་དེའི་སྟོབས་ཤུགས་ཀྱིས། རང་ཉིད་ཉལ་ས་མ་བདེ་བའི་སེམས་འཚབ་གཞན་ཞིག་སྐྱེས་པ་དང་འདྲ་བར། དྲན་འཆར་ཇེ་མང་རེད།
ཚོང་ར་ལྟ་བུའི་སྤྱི་ཚོགས་འདིའི་ཁྲོད་ན། གསར་བུ་ཚོའི་རང་སྣང་ཇེ་མཐོ་རེད། གསར་མོ་ཚོའི་རྣམ་འགྱུར་ཇེ་བཙོག་རེད། ཐ་ན་ཁ་སང་གི་བྱིས་པ་དེ་དག་གིས་ཀྱང་། ཚོང་སྐད་འདྲ་བོ་ཞིག་རྒྱག་གི་འདུག སྙིང་རྗེ་བ་ནི་རྒན་རྒོན་ཚོ་རེད། དེང་སང་གི་མི་འདི་ཚོ་ཟེར་ནས་མིག་ལོག་རེ་ལྟ་རྒྱུ་ལས་ཐབས་གཞན་མེད་པ་འདྲ།
ལོ་ངོ་འགའ་ཤས་ནང་། ཁྱིམ་མཚེས་ཚོ་འཕུར་ནས་རིག་རྒྱུ་མེད་ཐལ། སེམས་པ་རྟེན་སའི་གྲོགས་པོ་འགའ་བོའང་། ད་ནི་གང་ཞིག་ལ་འཕུར་རན་ཡོད་ཟེར་ན།
བདེན་དོན་ཡིན་མདོག་མདོག་གིས། ངག་འཇམ་པོས་ཚོས་པའི་ཁོར་ཡུག་འདི་ནས། ཆུང་མ་དང་བུ་ཕྲུག་གཉིས་ལས་སུ་ལའང་བཤད་མ་མྱོང་བའི་སྐད་ཆ་ཇི་འདྲའི་མང་ཨང་།
ཁ་བདེ་བདེ་འདྲ་བའི་ཆབ་སྲིད་པ་ཚོའང་། གོ་སྐབས་རེ་བྱུང་ན། ཤ་དང་ཉེ་འབྲེལ་ཚང་མ་བང་ལ་བཟུང་ནས། འཕུར་དང་འཕུར་བཞིན་འདུག སེམས་དཀར་དཀར་འདྲ་བའི་འགོ་བ་དག་ཀྱང་། རྐུབ་སྟེགས་ལས་ལྷག་པའི་ས་ཆ་ཞིག་རྙེད་སོང་ན། ཡིག་ཆ་རྫུན་མ་འགའ་སྐྱར་དཔར་ཡང་དཔར་བྱས་ནས། འཕུར་ཆོག་ཆོག་ཡོད་པ་འདྲ།
ཁ་བཙུམ་ནས་བསྡད་ནའང་གནས་ལུགས་ཡོད་ཅེས་པ་བཞིན། ཁ་མི་གྲགས་མཁན་ཚོའང་གཉིད་སོང་བ་མ་རེད། བསམ་བཞིན་དུ་དེ་ལྟར་བྱས་པ་མིན་ནའང་། གནས་ལུགས་མི་རྩི་མཁན་ཚོའི་མདུན་ནས་དེ་ལྟར་མི་བྱེད་རང་བྱེད་རེད། དེའི་ཕྱིར། མཚམས་རེར་ཁ་མ་གྲགས་པ་དེའང་གནས་ལུགས་ཤིག་ཡིན།
རིག་གཞུང་ཞིག་གི་ལྕི་ཡང་བསམ་ནས། མི་རིགས་ཤིག་གི་འདུ་ཤེས་གླེང་ནས། མ་འོངས་པའི་ལམ་ཆེན་ཟེར་མཁན་གྱི་མི་རབས། དེ་རིང་གི་འཚོ་བ་མག་མོག་གི་ཁྲོད། ཡོད་ཚད་གྱུར་དང་འགྱུར་བཞིན་འདུག་པས། ང་གློ་བུར་དུ། ཐང་ཆད་པའི་ངལ་དུབ་ཀྱིས་མནན་སོང་། ང་གློ་བུར་དུ། ལྕི་ཡ་བའི་དངངས་འཚབ་ཀྱིས་འདར་སོང།
ང་ཡང་གཉིད་མ་ཁུལ་བའི་མཚན་མོར་རེ་རེར་རང་གི་སེམས་ངོགས་སུ་ཁྱོད་ལྟར་ཡི་གེ་མང་པོ་ཞིག་གི་རི་མོ་བྲིས་མྱོང་། རི་མོ་རེ་རེར་བཀྲག་མདངས་ཀྱི་ཚོན་རྩི་རེ་བྱུག་རྗེས་ང་འཕུར་དགོས་བྱུང་། འཕུར་ནས་འཕུར་ས་ཞིག་མི་འདུག འབབ་ས་དོག་མོ་ས་ལས་མི་འདུག མི་ཞིག་གི་རྐང་མཐིལ་ན་ཡོད་པ་ས་མཁོ་ན་རེད། གྲོགས་མོ་ལགས། རྗེས་སུ་ཡིད་རངས་ཡོད། མུ་མཐུད་འབད་རྒྱུ་གལ་ཆེ།
ངོ་མ་རེད། ད་ལྟའི་དུས་འདིར་དེ་འདྲ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་པས་ངོ་མ་བློ་ཚབ་སྐྱེས་གཞི་ཞིག་རེད་དེ་བྱེད་ཡ་གཞན་ཅང་མི་འདུག ཁ་བཙུམ་ནས་འདུག་རྒྱུ་ལས་མེད་ཡ། ཉི་མ་འཚོ་ཁྱེད་ཀྱིས་འདི་ལྟར་ང་ཚོའི་གནས་སྟངས་སྐྱོ་བོ་དེ་གླེང་ཐུབ་པ་ནི་ཡག་པོ་རེད་ཐུགས་རྗེ་ཆེ། ད་དུང་མུ་མཐུད་དུ་
ཁ་བདེ་བདེ་བཤད་པའི་ང་ཚོ་་་མགོ་བདེ་བདེ་འཁྲབ་པའི་ང་ཚོ།
ང་ཚོས་ང་ཚོ་བཙལ་ཞིང་ང་ཚོ་བོར་འགྲོ་བ་འདི་ང་ཚོས་ཅི་ཞིག་ལན་ཇཔ་ཡིན་ནམ།
དོ་མར་ ང་ཚོར་”ཕུར་ནས་འཕུར་ས་ཞིག་མི་འདུག འབབ་ས་དོག་མོ་ས་ལས་མི་འདུག”
པའི་བདེན་པ་འདིས་ཀྱང་ཅི་ཡང་མི་ཕན་པ་ཅི་ཡིན་ནམ།
དེང་གི་མཁས་པ་འགའ་རེའི་གསུང་ན་བོད་ཀྱི་དཔྱད་རྩོམ་གྱི་ཐོག་མ་ནི་དགེ་ཆོས་ཀྱི་དེབ་དཀར་ཡིན་ཞེས་པ་དེ་ངོ་མ་བདེན་པ་རེད། དེའི་ཡར་སྔོན་ལ་བོད་དུ་དཔྱད་རྩོམ་གྱི་མིང་ཙམ་ཡང་མེད་དོ།
ངོ་མ་ཡག་པོ་འདུག དེང་གི་མཁས་པ་འགའ་རེའི་གསུང་ན་བོད་ཀྱི་དཔྱད་རྩོམ་གྱི་ཐོག་མ་ནི་དགེ་ཆོས་ཀྱི་དེབ་དཀར་ཡིན་ཞེས་པ་དེ་ངོ་མ་བདེན་པ་རེད། དེའི་ཡར་སྔོན་ལ་བོད་དུ་དཔྱད་རྩོམ་གྱི་མིང་ཙམ་ཡང་མེད་དོ།
ཨ། གཞུང་ཆེན་བྲག་རི་བརྩིགས་བརྩིགས་བྱས་ཡོད་པ་དེ་དག་དཔྱད་རྩོམ་མིན་ན་ཅི་ཞིག་ཡིན། དེ་ཡང་ཐོག་མར་གཞན་ལུགས་བཀག བར་དུ་རང་ལུགས་བཞག མཐའ་མར་རྩོད་པ་སྤངས་ཡོད་པས། དེ་དག་དཔྱད་རྩོམ་མིན་ན་ཅི་ཞིག་ཡིན།
ཚིག་སྦྱོར་སྡེབ་ལེགས་ཀྱི་གནད་འཁེལ་རྩོམ་ཡིག་ཞིག་འཁྱོངས་ཁུལ་བྱས་འདུག་པས། བདུད་རྩི་ཆང་བཞིན་སེམས་ཀྱི་ཉེ་སར་བཅར་ཏེ་བཀླགས་ཚར། ད་ལྟ་ད་དུང་རྩོམ་པའི་ལམ་ལ་འདས་པོ་ཡི་དམ་ཚེ་རིང་མཆོག་གིས་བློ་དང་སྤོབས་པའི་སྟོབས་ལ་འཇུས་ནས་གྱི་ནར་མ་འདུག་ཅེས་པའི་དམ་པའི་ཁ་ཆེམས་བཞིན་ཤུགས་བསྐྱེད་རོགས།
ཉི་མ་འཚོ་ལགས།
མེས་པོ་དག་གི་སྐུ་རིང་ལ་རང་གི་རིག་གཞུང་ཆེད་དུ་གསེར་དངུལ་དང་ཚེ་སྲོག་བཙོང་ནས་རིག་གཞུང་ནང་འདྲེན་བྱས་པ་རེད།
དེང་གི་དུས་སུ་རྒྱུ་དང་དབང་ཤུགས་བཙོང་ནས་གཞན་ཡུལ་དུ་བྲན་གཡོག་བྱེད་དུ་འགྲོ་བཞིན་ཡོད་པ་རེད།
མི་རབས་འདིའི་དངོས་ནས་མེས་པོ་དག་གི་སྤུ་རྐང་གཅིག་གི་དོ་ཟླ་ཡང་ཡོང་གི་མེད་པ་འདི་ལ་དངོས་ནས་ང་དང་བཅས་པའི་སྐྱེ་བོ་སྡར་མ་དག་གིས་ངོ་ཚ་ན་འགྲིག་གི་ཡ
ངས་ཀྱང་། གཉིད་མི་འོང་བའི་མཚན་མོ་རེ་རེར།
གནས་ལུགས་དང་རྒྱུ་མཚན་ལ་བྲང་ཤ་སྦྱར་ནས་མིག་ཟུང་ཨུ་ཚུགས་ཀྱིས་བཙུམས་ནའང་།
རྗེད་དཀའ་བའི་དོན་རྐྱེན་འགའ་ཞིག་དྲན་འཛིན་གྱི་ངོས་སུ་གློག་བརྙན་བཞིན་ཤར་འོང་།
དེ་དུས་ངོ་མ་གཉིད་རྒྱུ་དཀའ་མོ་རེད།