འབའ་སྲས།
ཕ་མའི་དྲུང་གི་བྱིས་པ་ཡིན་དུས།།
མི་ལུས་ཐོབ་པར་དགའ་བ་སྐྱེས་སོང་།།
དགའ་རོགས་ཤིག་ལ་ཐོག་མར་ཐུག་དུས།།
འཇིག་རྟེན་འཁོར་བ་སྐྱིད་པ་འདོད་བྱུང་།།
རང་ཉིད་བུ་ཡི་ཕ་རུ་གྱུར་ཚེ།།
མི་ཡི་སྐྱེས་པ་བུ་ལོན་རེད་བསམས།།
ཁྱིམ་གཞི་ཞིག་གི་ཀ་བ་ཆགས་ཚེ།།
འཇིག་རྟེན་འཁོར་བ་ཁུར་བོ་རེད་འདུག །
དཀའ་སྡུག་རླུང་གིས་འཁོར་ལོ་བསྐོར་ཀྱང་།།
འཇིག་རྟེན་འཁོར་བ་འཁོར་རྒྱུ་མི་འདུག །
བྲེལ་བའི་རྐང་པ་མགྱོགས་ཀྱིས་སྤོས་ཀྱང་།།
འཁོར་བའི་ཕ་མཐའ་ཇེ་རིང་ཇེ་རིང་།།
ཤིན་ཏུ་གཏིང་རིང་འཁོར་བའི་འཇིག་རྟེན།།
ཉིན་ནས་ཉིན་རེར་ཟབ་ཏུ་ཆས་པས།།
རྒྱ་ཆེན་འཁོར་བའི་ཐེམ་སྐེས་ལ་བསྟེན།།
མཐོ་རིས་བགྲོད་པའི་ལམ་ཞིག་རྙེད་དམ།།
འཁོར་བའི་འཆིངས་ཞགས་དུམ་གྱིས་བཅད་ནས།།
མཐོ་རིས་ལམ་དུ་བྲོས་ན་འདོད་ཀྱང་།།
ཐག་སྣེ་བུ་དང་ཆུང་མར་སྦྲེལ་པས།།
ལག་མགོར་མ་དཀྲིས་ཐབས་ཤེས་ཅི་ཡོད།།
དབེན་པའི་གནས་བཟང་བརྟེན་པའི་བན་ཆུང་།།
འཁོར་བའི་ཟང་ཟིང་སྐྱིད་དོ་མ་སྙམ།།
ཕྲེང་བ་བརྒྱ་རུ་བགྲེང་བའི་མ་ཎི།།
འཁོར་བའི་གྲོང་ནས་འདོན་ཁོམ་མི་འདུག །
ཁ་སང་མཆོད་པའི་ཚོགས་སུ་ཡོད་དུས།།
དཀྱིལ་ཀྲུང་བྱས་ནས་སྡོད་ལ་དཀའ་ཡང་།།
དེ་རིང་འཁོར་བའི་ནང་རྫོང་འདི་རུ།།
གཏིང་རིང་དོང་ཞིག་བརྐོ་དགོས་ཐུག་སོང་།།
ཁ་འདི་རི་ཆེན་ལུང་ཁོག་འདྲ་བས།།
ཅི་ཙམ་རྒྱང་ཡང་འགེང་བ་མི་འདུག །
རྒྱབ་འདི་མཐའ་མེད་ཐང་ཆེན་བཞིན་དུ།།
ལྭ་བ་གོས་ཀྱིས་འདང་བ་མི་འདུག །
མེད་དང་མ་འདངས་མུ་གེའི་སྐྱོ་གླུ།།
འཁོར་བའི་གྲོང་ནས་ལེན་དགོས་བྱུང་སོང་།།
ཁ་རྒྱབ་དོན་དུ་རྐང་ལག་བཞི་ཡིས།།
མི་སྡུག་ཟློས་གར་འཁྲབ་དགོས་ཐུག་སོང་།།
སྒར་ཆ་ཆེའི་འདུ་ཁང་ནང་ནས།།
སྐྱིད་ཡོད་རུང་པུས་མོ་ན་གི།
ས་འཇིག་རྟེན་འཁོར་བའི་ནང་ནས།།
སྐྱིད་མེད་རུང་སྐྱོ་མོ་བསངས་ཀི།
ཁ་ལ་གཞས་འདི་མོ་གོ་ན།།
ཁྱོད་འབའ་ཡུལ་ཨ་བོས་ཅི་བསམ།།
ཁ་སང་ཁེ་ཉིན་འདོད་པའི་བསྟན་བཅོད་གླིང།
དེ་རིང་སང་ཉིན་འཁོར་བའི་ཉིས་དམིགས་གླིང།
གླིང་ཚད་ཚད་མར་འཛིན་པར་མི་འོས་ཀྱང།
གླིང་དོན་དགའ་ཞིག་བདེན་པར་གནས་འདུག་པས།
གང་ཞིག་གླིང་ཀྱང་གུས་པ་ལྟ་འདོད་ཆེ།
གླིང་དེ་གླེང་ལ་བཅོས་རོག་གནང།
བདག་གི་སེམས་པ་རྩྭ་སྐྱ་འདྲ་བོ།།
འཁོར་བའི་རླུང་གིས་དེད་ན་སྐྱོ་གི །
བདག་གི་མཛའ་མོའི་ཞེ་འདང་གསེར་རེད།།
གསེར་སེར་པོ་གཡུག་རྒྱུར་ཕངས་ཀི།།
གོས་གསེར་ཅན་གྱི་སྡེ་ལ།
འབའ་སྲས་ལས་བསྐལ་མི་འདུག
གོས་དཀར་ཅན་གྱི་སྡེ་ལ།
ཐུགས་བསམ་ཞེས་རོག་གནང་དང།
དམར་སེར་ལྷ་ཡི་གོས་བཟང་།།
འདོད་ཡོན་རླུང་གིས་ཕུད་སོང་།།
འཁོར་བའི་པགས་ལྭ་ཐུག་པོ།།
གྱོན་དགོས་ལས་ཀྱིས་བསྐོས་འདུག །
ཁ་སང་འཁོར་བའི་གྲུ་ཟུར་ཞིག་ནས།།
ཁྱི་ཁ་ལྷོད་ནས་མཛེས་མ་གླེང་དུས།།
གྲྭ་ཟུར་རྒན་པོའི་ཡ་ཆུང་སེམས་ན།།
སྡུག་བསྔལ་ཞིག་གི་དྲི་ཙམ་མི་འདུག།
དེ་རིང་ལས་ཀའི་བར་སྟོང་ཞིག་ནས།།
འཁོར་བའི་དོང་ལ་ལྷུང་སོང་ཟེར་བཞིན།།
ངེས་འབྱུང་རྫུན་མའི་ཚིག་འགའ་དྲངས་ནས།།
ཐར་བའི་ཕྱོགས་ལ་དུང་རབས་བྲིས་འདུག།
མར་ལོག་ཡར་ལོག་བྱེད་འདོད་ཆེ་ན།།
ཨ་ཡེ་ཞ་ཡེའུ་ང་ལ་སྤྲོད་རོགས།།
ལོ་ན་ཆེ་རྒྱུ་ཆུང་རྒྱུ་མེད་པས།།
མ་བུ་ཚང་མའི་འདོད་པ་ངས་བསྒྲུབ།།
༄༅། །གཅིག་ཁ་མི་སོས་གཉིས་ཁའི་འཚོ་རྩིས། །གསར་བུ་རྣམས་ཀྱི་རྨི་ལམ་རེད་མོད། །མགོ་སེར་རྒན་མོས་འགྲམ་ལྕགས་གཞུ་དུས། །སྐྱིད་འདོད་མལ་ལས་མ་ལྡང་ཐབས་མེད། །དྲིན་ཅན་རྒན་མོའིའདོད་པ་ཡོང་ན། །དང་པོ་བུ་ཞིག་སྐྱེ་དགོས་འདུག་སྟེ། །མཇེ་ལྐོག་རྐམ་པོ་ལྡང་དུས་མེད་པས། །གཅིག་དོན་མི་ནུས་གཉིས་དོན་འགྲུབ་དཀའ། །ངེས་འབྱུང་དྲན་པ་བསམ་ཤེས་སྐད་ཆ། །ཡར་ལོག་མར་ལོག་ཆོས་ལུགས་རང་དབང་། །བདེ་སྡུག་འདོར་ལེན་མཁས་པའི་བྱ་བ། །བསམ་བློའི་ར་བར་སྒོ་ལྕགས་མ་གནང་། །བསམ་པའི་བདེན་རྫུན་ལྐོག་གྱུར་དཔྱད་དཀའ། །གཞན་སྐྱོན་མཐོང་སླ་རང་སྐྱོན་མི་རིག །འདི་འདྲའི་མི་ཚེའི་ཀྱག་ཀྱོག་བརྒྱུད་ནས། །ཡིད་ཆད་ངང་ལ་ཤི་རྒྱུ་རང་རེད། མཚར་གཏམ་མོ། །
ཟ་ལེ་རྒྱལ་གྱི་མགོ་ཡི་ཟ་ལྐོག་ནང་།།
དྲི་མེད་ལྷག་བསམ་ཁྲོས་པའི་ཚིག་གི་རྡོས།།
ཀུ་རེ་རྩེད་མོའི་ཚུལ་གྱིས་ཞུག་པ་འདིས།།
ཟ་ལེ་མགོ་བོ་ན་ཡོད་ཁོ་ཐག་ཡིན།།
འདུལ་ཁྲིམས་སུམ་བརྒྱའི་ཐོག་ན་ར་ཞིག།
ཡར་ལོག་མར་ལོག་བྱས་ན་དགྲ་ཞིག།
རྒད་པོ་གསལ་ལེ་ལག་ན་མདུང་ཞིག།
དྲི་མེད་ལྷག་བསམ་ཁ་ན་འབེན་ཞིག།
སཱ་ལ་ཟ་ལེ་སྙན་ངག་ཡག་པ་འབྲི།།
སྙན་ངག་ཚིག་གི་སྣེ་མོ་མདུང་རྩེ་ཡིན།།
འབའ་སྲས་ང་ལ་ཐུག་ན་སྐྱོན་མེད་དྲ།།
དྲི་མེད་ལྷག་བསམ་ཁོ་རེ་གཟབ་གཟབ་བྱོས།།
འཇིག་རྟེན་མི་འདྲ་མི་གཅིག
སྐྱིད་སྡུག་རེ་མོས་འཁོར་འགྲོ།
ཧ་ཅང་སེམས་པ་མ་སྐྱོ།
སྔོན་གྱིས་ལས་ཀྱི་རྣམ་སྨིན།
ངེས་འབྱུང་རྣལ་མ་ཡིན་ན།
འབའ་མོ་སེར་མོ་གཡུག་ཆོག
ཙམ་ཁུག་ལག་པས་མ་བཟུང།
ལག་པས་ཙམ་ཁུག་བཟུང་སོང།
སྐྱོ་གར་དུད་སྨུག་འཁྲིགས་དུས།
ཐར་པ་ཡིད་ལ་དྲན་བྱུང།
བྱམས་པའི་མཛུམ་དཀར་རིག་དུས།
འཁོར་བ་སྐྱིད་སྣང་ཤར་སོང།
ངུ་བའི་ཁ་ལ་ལྟས་ན།
དབང་མེད་ངུ་དགོས་བྱུང་སོང།
དགོད་པའི་ཁ་ལ་ལྟ་དུས།
་་་་་་་་་་་་་་་་་་་་་་་་་་་་་་་་་
བླ་མ་རིག་ན་གཉའ་མ་མ་དྲན།།
ཐར་བའི་ལམ་སྟོན་གཉའ་མས་མི་བྱེད།།
མཛེས་མ་རིག་ན་བླ་མ་མ་དྲན།།
གཉའ་མའི་བདེ་བ་བླ་མས་མི་སྟར།།
གཉའ་མ་ཟེར་བ་ཅི་ཡིན་མ་ཤེས། །དཔྱད་པ་བྱས་ཚེ་མཚན་མ་རེད་འདུག །རྒན་མོ་གཅིག་པོ་ཚིམས་ཐབས་མེད་པར། །ད་དུང་བླ་མར་འཛེགས་རྒྱུ་སུས་དྲན། །
གཉའ་མ་ཞེས་པ་གཉའ་བར་གནོན་པའི་བུད་མེད་ཞེས་གོ་བ་མིན་ནམ།
ལུས་ངག་ཡིད་གསུམ་གྱི་གཉའ་གནོན་མ།
ཁོང་གི་སྐྱེས་མ་དེ་ཉིད་ལུས་ཀྱི་གཉའ་གནོན་མ་་་་་་ཡིན་པ་ནི་ལུས་ཀྱི་གཟུངས་ཐམས་ཅད་འཇིབས་ཏེ་ལུས་གཟུངས་མེད་པ་བཟོས།
ངག་གི་གཉའ་གནོན་བྱེད་ཚུལ་ནི་རྟག་ཏུ་ཁྱོད་ཀྱིས་ཁ་བརྡའི་དྲྭ་རྒྱར་གང་འབྲི་གི་ཡོད་ཁྱོད་ལ་བུད་མེད་གཞན་ཞིག་མེད་དམ།
ཅེས་པས་ངག་གི་སྒོ་མོ་ལ་ཐ་རམ་འདེབས་རྩིས་བྱེད་ཀྱིན་མེད་པ་མ་ཟད་གཏམ་བརྗོད་རང་དབང་ལའང་རྨ་བཟོ་བཞིན་ཡོད།
ཡིད་ལ་གཉའ་གནོན་བྱེད་པ་ནི་རང་གི་བཟའ་མི་ཧྲག་གོན་མི་ཧྲག་བསགས་བསགས་ཐམས་ཅད་མོ་ཡི་དོན་དུ་གཏོང་དགོས།
རྔུལ་ཆུ་ཐིགས་པ་བསགས་པའི་དངུལ་དེ་ཡིས་མོ་ཡི་སྐེ་རྒྱན་རྐང་རྒྱན་ལུས་རྒྱན་ལས་སོགས་ལ་གཏོང་དགོས་ཀྱིན་ཡོད།
དེ་ཡིན་དུས་དེ་ལས་གཉའ་གནོན་མཁན་ཞིག་གང་ནས་ཡོད།
དེར་རྟེན་ཁོང་གི་སེམས་ལ་རྨ་ཁ་བཟོས་ཏེ་མཐར་འཇིག་རྟེན་ཀུན་གླེང་གི་ཁ་བརྡའི་དྲྭ་རྒྱར་སེམས་ནང་གི་སྡུག་ཡུས་ཤོད་པའི་མཚམས་ལ་སླེབས་པ་རེད།
དེ་ལས་གཉའ་གནོན་ཆེ་བ་མེད་བསམ།
འབའ་སྲས་སེམས་པ་ཆོས་ལ་དགའ།
ས་ལེ་རྒྱལ་ནི་ཞི་ལིར་དགའ།
ཆོས་དགའ་ཞི་དགའི་དངུ་གྲུབ་བརྩོལ།
ལ་སྟོད་བུས་ཟེར་བར་བདེན་པ་ཅུང་འདུག གཉའ་མ་ཅན་དེས་གཉའ་ནས་གནོན་ཁོ་ཐག་རེད། ཕྱུག་མོ་གཉའ་ནོན་མཁན་གྱིས་གསར་འབྱོར་འགའ་རེ་གཡོགས་ཏུ་ཁྲིད་ཏེ་གཉའ་མར་ལྕེ་ཡིས་ཕྱི་བར་བསྐུལ། །མཛེས་མ་གཉའ་ནོན་ཅན་གྱིསཆགས་ལྡན་ཕོ་སར་འགས་རེའི་ལུས་དང་ལོངས་སྤྱོད་བདག་གིར་བཟུང་སྟེ་བྲན་གྱི་ཐ་མར་བཀོལ་བར་བྱེད། །སྐྱེས་མ་གཉའ་ནོན་མཁན་གྱིས་དངུལ་ལོ་གཅིག་དང་བུད་མེད་གཞན་ལའཛུམ་གཅིག་སྦྱིན་རྒྱུར་སྒོ་ལྕགས་བརྒྱབ་ཏེ་ཁྲོམ་ཏུ་འགྲོ་ཡང་དགོངས་གནང་དགོས། །གཡེམ་མ་གཉའ་ནོན་མཁན་གྱིས་མལ་སའི་སྒང་དུ་བཙིར་རྒྱུ་མེད་ཚེ་རོ་བཞིན་ཉལ་ཏེ་བཙན་གཏམ་དྲོ་གྲང་རེས་མོས་བྱས་པས་ཡིད་སུན་བསྐྱེད། །འདི་ཡང་གནས་ཚུལ་ཆུང་ཆུང་རེའི་གོ་ཐོས་བཀོད་པའོ།
གཉའ་མ་གཉའ་ནས་གནོན་མཁན་དང་།།
འབུ་ལི་ཡར་ལ་འཇོག་བྱེད་གཉིས།།
གཅིག་གིས་གཅིག་ལ་དགའ་བ་ལས།།
བཙན་གྱིས་བསྒྱུར་བ་ཡོད་དོ་ལོ།།
ཡང་དག་ངེས་འབྱུང་བློ་ལ་མེད་དུས། །
གཏན་བདེ་ཐར་བར་མོས་པ་ཡོད་རུང་། །
སྲིད་པའི་བདེ་བར་དུང་བ་མང་པས། །
འཁོར་བར་བློ་ལྡོག་དཀའ་མོ་རེད་ལོ། །
ཡང་དག་ངེས་འབྱུང་བློ་ལ་མེད་དུས། །
གཏན་བདེའི་ཐར་བར་མོས་པ་ཡོད་རུང་། །
འདིར་སྣང་སྲིད་བདེ་མཐོང་ཐོས་མང་པས། །
འཁོར་བར་བློ་ལྡོག་དཀའ་མོ་རེད་ལོ། །
འཇམ་པོ་ཁྲི་ལ་བཞུགས་པའི་་བླ་མ་རེ་འགའ།
ལྗང་ཁུ་ཌོ་ལོར་དབུས་ནས་གླ་མོ་འབོད་དུས།
རྩུབ་མོ་འཁོར་བའི་ཀློང་གི་ངལ་རྩོལ་བ་ཚོས།
ཐར་བའི་ཐེམ་སྐས་འཚོལ་ཕྱིར་བླ་མ་འབོད་དོ།
འཇིགས་རྟེན་འཁོར་བ་ནས་གླུ་བླངས་འདུག་ཡ་