གསར་འགྱུར་འདི་དུས་བབ་དྲ་ངོས་སུ་སྤེལ་དུས། ༢༠༡༡/༠༤/༢༢
མདང་དགོང་རྒྱ་གཞུང་དྲག་དམག་གིས་ཀིརྟི་དགོན་པའི་མཐའ་བསྐོར་ཏེ་གྲྭ་པ་༣༠༠ལྷག་འཛིན་བཟུང་བཙན་ཁྲིད་དང་།ལོ་༦༠ལྷག་ཡིན་པའི་རྒན་རྒོན་གཉིས་རྐྱེན་ལམ་དུ་བཏང་འདུག
ཁ་སང་ཕྱི་ཚེས་༢༡ཉིན་གྱི་བོད་ནང་གི་མཚན་མོའི་དུས་ཚོད་༩ཙམ་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་ཤག་རེ་རེར་རྒྱ་གཞུང་གིས་དྲག་ཆས་དམག་དཔུང་དང་།ཉེན་རྟོག་པ།ཁྱད་ལས་དྲག་དམག་བཅས་འགྲེམས་འཇོག་བྱས་ཏེ་དགེ་འདུན་པ་༣༠༠ལྷག་འཛིན་བཟུང་གིས་སྤྱི་སྤྱོད་རླངས་འཁོར་ཆེ་བ་བཅུ་གྲངས་ཤིག་གི་ནང་བླུགས་ནས་ས་གནས་གཞན་ཞིག་ཏུ་ཁྱེར་ཡོད་འདུགས་གནས་ཡུལ་མི་ཚོས་གོ་ཐོས་བྱུང་བ་ལྟར་ན་གྲྭ་པ་རྣམས་རྔ་པ་རང་སྐྱོང་ཁུལ་གྱི་བུན་ཁྲོན་རྫོང་དང་།མོའོ་རྫོང་།བཀྲ་ཤིས་གླིང་རྫོང་བཅས་སུ་བཙན་ཁྲིད་བྱས་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་ལགས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།མདང་དགོང་གྲྭ་པ་རྣམས་འཛིན་བཟུང་བཙན་ཁྲིད་བྱ་སྐབས།དེ་སྔ་ནས་དགོན་པའི་ཉེ་འདབས་སུ་ཉིན་མཚན་གཉིས་ཀར་དགེ་འདུན་པ་རྣམས་སྲུང་སྐྱོབ་ཆེད་བསྡད་ཡོད་པའི་ལོ་ན་རྒན་རྒོན་གཙོས་མང་ཚོགས་༢༠༠ལྷག་ཡོད་པ་རྣམས་ཀྱིས་བཀག་འགོག་བྱས་པར་གཅར་རྡུང་དྲག་པོ་བཏང་སྟེ།དགུང་ལོ་༦༠ཡིན་པའི་མཐའ་བ་གོང་མའི་དོན་ཁོ་དང་།དགུང་ལོ་༦༥ཡིན་པའི་གཅའ་ཞང་ནག་ཚང་མའི་ར་ཁོ་ཚང་གི་ཤེར་སྐྱིད་གཉིས་རྐྱེན་ལམ་དུ་བཏང་ཡོད་པར་མ་ཟད། རྒན་མོ་ཞིག་གི་རྐང་པའང་དུམ་བུ་གསུམ་དུ་བཅག་པ་སོགས་མི་མང་པོའི་རྐང་ལག་བཅག་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་།སྐབས་དེར་མང་ཚོགས་ནས་སྐད་ཤུགས་ཆེན་པོས་ངུ་འབོད་བྱས་པར་ཁ་ནང་དུ་རས་སོགས་བརྫངས་ཏེ་བཙན་གྱིས་སྐད་བརྒྱག་བཅུག་མེད་པ་རེད།རྗེས་སུ་མི་མང་རྣམས་དོ་སྐྱེལ་རླངས་འཁོར་བཞིའི་ནང་ལ་བླུགས་ནས་གཉིས་དམག་སྒར་ནང་ཁྱེར་ཡོད་པ་དང་།གཉིས་རས་བོང་ཞེས་པའི་དུར་སའི་ནང་ཁྱེར་ཡོད་འདུགཕྱི་ཚེས་༢༢ཉིན་མི་ཕལ་ཆེ་བ་གློད་ཡོད་ནའང་ལོ་གཞོན་པ་ཁག་ཅིག་མུ་མཐུད་དུ་བཀག་ཉར་བྱས་ཡོད་པ་དང་།ནགས་ལས་བློ་བཟང་ཚང་གི་བུ་མོ་ཞིག་ཀྱང་མདང་དགོང་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཕྱི་ཚེས་༢༡ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་༤ཙམ་ནས་བཟུང་།ཆུ་ཚོད་༢༤རིང་རྔ་པ་རྫོང་ཁོངས་ཀྱི་ཁ་པར་རིགས་ཚང་མའི་བརྡ་རྟགས་རྩ་བ་ནས་མེད་པ་ཆགས་ཡོད་པ་རེད།དེ་རིང་ཕྱི་ཚེས་༢༢ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥ཙམ་ལ་སླར་ཡང་དགོན་པའི་ནང་སྤྱི་སྤྱོད་རླངས་འཁོར་ཆེ་བ་༥སླེབས་ཡོད་པ་དང་།རླངས་འཁོར་དེ་དག་གི་ཨང་གྲངས་དང་།རྩུབ་གཡས་གཡོན་གྱི་ཡི་གེ་ཚང་མ་གབ་ནས་མི་མཐོང་བར་བཟོས་ཡོད་འདུག ས་གནས་མང་ཚོགས་ནས་དོ་དགོང་ཡང་གྲྭ་པ་མང་པོ་ཞིག་འཛིན་བཟུང་བྱས་ཡོང་བར་བློ་འཚབ་གནང་བཞིན་ཡོད་འདུག
གཞན་ཡང་ཕྱི་ཚེས་༢༢ཉིན་རྔ་པ་རྫོང་ཐོག་གི་ཁྲོམ་རའི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་དང་།ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་མ་གཏོགས་གཞན་ཚང་མ་བཀག་སྡོམ་བྱས་ཡོད་པར་མ་ཟད།མདང་དགོང་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་ཀྱི་གྲྭ་ཤག་ཚང་མའི་སྒོ་ངོས་སུ་སྒོ་ཕྱེ་མི་ཆོག་ཞེས་པའི་ཡི་གེ་སྦྱར་ཡོད་འདུག
༼བོད་ཀྱི་དུས་བབ་དྲ་ངོས་ནས་འདྲེན་བཀོད་ཞུས།༽
གནས་ཚུལ་ཐོས་བས་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། བོད་མི་རྣམས་ཀྱིས་གཅིག་རྒྱབ་གཅིག་གིས་མ་ལངས་ན་ལངས་མཁན་ཚོ་གྱོང་དུ་རེག་རྒྱུ་གཏན་འཁེལ་རེད། ཡང་མིན་ན་ཐབས་ཤེས་གཞན་པ་ཞིག་འཚོལ་དགོས་ཀྱི་འདུག
གནས་ཚུལ་ཐོས་བས་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། བོད་མི་རྣམས་ཀྱིས་གཅིག་རྒྱབ་གཅིག་གིས་མ་ལངས་ན་ལངས་མཁན་ཚོ་གྱོང་རེག་རྒྱུ་གཏན་འཁེལ་རེད། ཡང་མིན་ན་ཐབས་ཤེས་གཞན་པ་ཞིག་འཚོལ་དགོས་ཀྱི་འདུག
ཐེངས་འདིའི་གནས་དོན་ཐོག་བཙན་བྱོལ་བོད་གཞུང་གིས་ལྷག་བསམ་རྣམ་དག་གིས་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཤུགས་ཆེན་པོ་ཞིག་མ་བྱས་ན། གཞིས་ལུས་རྒྱ་ཆེ་མི་དམངས་དང་ལྷག་པར་རྔ་པ་ཁུལ་གྱི་སྐྱ་སེར་མི་དམངས་ཚོར་དཀའ་ངལ་ཚད་མེད་ཞིག་འཕྲད་ཀྱི་འདུག འོན་ཀྱང་ངའི་གོ་ཐོས་ནོར་མེད་ན་བཙན་བྱོལ་བོད་མིའི་སྐུ་གསུངས་ཐུགས་ཀྱི་ཚབ་མཚོན་མི་སྣ་སྤྱི་འཐུས་རྣམས་པ་གངས་སྐྱིད་སྤྱི་ཐབ་ཐོག་ཐུགས་ལ་སྤྲོ་རོལ་འདུག་ཟེར་གྱི་འདུག་འ་།
གནས་ཚུལ་འདི་ཚོ་གོ་དུས་སེམས་སྐྱོ་ཤིང་ཁོང་ཁྲོ་ལང་ཡ་ཞིག་ལས་གཞན་ཐབས་ཤེས་མི་འདུག་གི་ཡ་་་་་་་་ད་ཡིན་ན་བོད་མི་ཚོ་དང་བོད་དོན་རྒྱབ་བསྐྱོར་བ་གཉིད་ནས་འདུག་རན་མ་རེད་ཡ་
Two die in Tibetan monastery crackdown: rights group
(AFP) – 12 hours ago
BEIJING — Two Tibetans have died in a security crackdown on a Buddhist monastery in southwest China, an activist group said Saturday, after the restive area was closed to foreigners.
Authorities have sealed off Kirti Monastery in Sichuan province and ordered a re-education programme there following unrest triggered last month when a young monk set himself on fire and died in an apparent anti-government protest.
The International Campaign for Tibet, a US-based rights group with exile sources who have contacts in the region, said paramilitary police raided the monastery Thursday night and took away more than 300 monks.
Police then beat a group of laypeople who had been standing vigil outside Kirti, leading to the deaths of two Tibetans aged in their sixties, ICT said.
“People had their arms and legs broken, one old woman had her leg broken in three places, and cloth was stuffed in their mouths to stifle their screams,” an exiled Kirti monk was quoted as saying by the rights group.
The Tibetan government-in-exile in the northern Indian town of Dharamshala said in a statement it was “deeply concerned” by the “grim situation at the Kirti Monastery”.
It appealed to governments around the world to persuade China “not to use force to resolve the crisis that is facing the monks”.
“In the absence of outside monitoring teams and lack of adequate legal protection and free media, we are concerned that the situation might grow into one of genocide,” the statement added.
The government-in-exile was founded by Tibetan spiritual leader the Dalai Lama after he fled his homeland in 1959 following a failed revolt against Chinese rule.
Police in Aba district, where the monastery is located, said they had no information and local residents refused to comment when contacted by AFP.
The official Xinhua news agency reported Friday that local authorities had started a “legal education” programme at Kirti due to the “problems” there and “illegal activities” committed by some monks.
Local police say the monk’s self-immolation on March 16 “was a carefully planned and implemented criminal case, which was aimed at triggering disturbances,” Xinhua said in a separate report Saturday.
Tensions run deep in Tibetan areas of China, where many Tibetans accuse the government of trying to dilute their culture, and cite concern about what they view as increasing domination by China’s majority Han ethnic group.
That tension erupted in violent demonstrations in March 2008 in Tibet’s capital Lhasa, which then spread into neighbouring Tibetan areas of China, including Kirti.
Travel agencies told AFP Saturday that Aba and the neighbouring Tibetan-populated Ganzi prefecture had been closed to foreigners.
“The provincial tourism bureau told us two days ago that foreign tourists cannot go to Aba or Ganzi,” an employee at the Sichuan branch of China Travel Service told AFP. Another travel agent said she thought the ban was related to “Tibetans”.
Tibet’s exiled spiritual leader the Dalai Lama has warned of “catastrophic consequences” if the situation at Kirti worsens. China’s foreign ministry, however, said Tuesday the situation there was “normal”.
ཨ་ཨ། རྔ་བ་ཀུརྟི་དགོན་པར་ཆེ་ཉེན་ཕྲེང་གི་གནས་སྟེང་འདི་ལྟ་བུ་ལ་ཕྲད་དུས། ཀུརྟིའི་སྲུང་མ་ཞེས་ཡོངས་གྲགས་ནང་ཁུལ་ལ་མཐུ་རྩལ་ཅན་ཞིག་ཡོད་པ་དེ། ད་རེ་གནད་འགོག་གི་སྐངས་སུ་གོ་མེད་ཚོར་མེད་གྱི་གང་ལ་བསྐུངས་སྡད་པ་ཡིན་ནམ། ཡང་ན། འདི་ལས་གལ་ཆེན་གྱི་བྱ་བཞག་ཞིག་གིས་མ་ཁོམ་པ་ཡིན་ནམ། གང་ལྟར་དགོས་འཁོ་ལ་ཐུགས་དུས་གོ་ཚོར་གང་ཡང་མེད་པ་ནི། ཆེ་བློ་ཕམ་གྱི་གནས་ཞིག་མ་ཡིན་ནམ། འདི་ལྟ་བའི་སྲུང་མའི་མིང་ཅན་འཇིག་རྟེན་དྲེགས་པའི་རིགས་ལ་ཡིད་མི་གཏོད་པར་ད་ཕྱིན་ཆད་བསང་གསུར་སོགས་ཆུ་ཟས་སུ་མ་བཏང་ན་མི་དགའ་འམ། ཇི་སྐད་དུ། བདག་ནི་བདག་གི་མགོན་ཡིན་གྱི།། ཞེས་གསུང་བ་བཞིན་རང་ཉིད་གྱི་ལས་དོན་རང་ཉིད་གྱིས་འབད་པས་སྒྲུབས་པ་ལས། འཇིག་རྟེན་དྲེགས་པ་སོགས་ལ་རེ་ལྟོས་རྐྱང་རྐྱང་མི་བྱེད་རྒྱུ་ནི་ཆེ་གལ་ཆེའོ་སྙམ།།
ཨ་ཨ། རྔ་བ་ཀུརྟི་དགོན་པར་ཆེ་ཉེན་ཕྲེང་གི་གནས་སྟེང་འདི་ལྟ་བུ་ལ་ཕྲད་དུས། ཀུརྟིའི་སྲུང་མ་ཞེས་ཡོངས་གྲགས་ནང་ཁུལ་ལ་མཐུ་རྩལ་ཅན་ཞིག་ཡོད་པ་དེ། ད་རེ་གནད་འགོག་གི་སྐངས་སུ་གོ་མེད་ཚོར་མེད་གྱི་གང་ལ་བསྐུངས་སྡད་པ་ཡིན་ནམ། ཡང་ན། འདི་ལས་གལ་ཆེན་གྱི་བྱ་བཞག་ཞིག་གིས་མ་ཁོམ་པ་ཡིན་ནམ། གང་ལྟར་དགོས་འཁོ་ལ་ཐུགས་དུས་གོ་ཚོར་གང་ཡང་མེད་པ་ནི། ཆེ་བློ་ཕམ་གྱི་གནས་ཞིག་མ་ཡིན་ནམ། འདི་ལྟ་བའི་སྲུང་མའི་མིང་ཅན་འཇིག་རྟེན་དྲེགས་པའི་རིགས་ལ་ཡིད་མི་གཏོད་པར་ད་ཕྱིན་ཆད་བསང་གསུར་སོགས་ཆུ་ཟས་སུ་མ་བཏང་ན་མི་དགའ་འམ། ཇི་སྐད་དུ། བདག་ནི་བདག་གི་མགོན་ཡིན་གྱི།། ཞེས་གསུང་བ་བཞིན་རང་ཉིད་གྱི་ལས་དོན་རང་ཉིད་གྱིས་འབད་པས་སྒྲུབས་པ་ལས། འཇིག་རྟེན་དྲེགས་པ་སོགས་ལ་རེ་ལྟོས་རྐྱང་རྐྱང་མི་བྱེད་རྒྱུ་ནི་ཆེ་གལ་ཆེའོ་སྙམ།།
ཀིརྟིའི་ཕྱོགས་ཀྱི་མི་ནི་ལ་རྒྱ་དང་སྙིང་སྟོབས་ཆེ་བའི་མཐར་ཐུག་པ་དང་། །ཀིརྟིའི་སྲུང་མ་རྒྱལ་ཆེན་རྡོ་རྗེ་དཔའ་རྩལ་ནི་ནུས་པ་ཆེ་བའི་མཐར་ཐུག་པ་ཞིག་ཡིན། ལས་ཀྱིས་ནོན་ཚེ་སངས་ཕེབས་ཀྱང་སྐྱོབས་དཀའ་བས་ཁག་ཅི་ཡོད། གྲྭ་གྲོགས་ཚོ་མི་ལ་ཡིད་ཆེས་ཡོད་དགོས། ལྷ་ལ་ཡིད་ཆད་མེད་དགོས། རྒྱ་ནག་གི་བདེ་འཇག་མི་སྣ་ཚོར་ཚོར་རྒྱལ་ཆེན་གྱིས་ཆད་པ་བཅད་དེ། གློ་མཆིན་ཁ་ནང་ནས་བསྐྱུགས་ཡོང་། སྒུགས་སྡོད། ཨ་ལ། ང་ལ་ཡང་འཇིག་རྟེན་པའི་སྲུང་མ་ཟེར་བ་ཚོར་ནུསཔ་ཆེན་པོ་ཞིག་ཡོད་པར་ཡིད་ཆེས་སྐྱེ་མ་མྱོང་། ཡོད་ན་ཀིརྟིའི་སྲུང་མ་གཅིག་པོ་མ་རེད་བོད་ཀྱི་ལྷ་ང་ཆེ་ང་རྒོད་ཟེར་མཁན་ཚོས་ནུས་པ་ཞིག་སྟོན་རན་རེད། ཀུན་ལ་སྒྲོགས་ཤིག
ཆེས་འཇིགས་རུང་གི་དུས་སྐབས་འདིར་བོད་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རང་རང་སོ་སོའི་ས་ནས་ནུས་པ་གང་ཡོད་ཀྱི་རྒྱབ་སྐྱོར་བྱ་གལ་ལགས།
བོད་མི་རྣམས་ང་ཚོས་མཐུན་སྒྲིལ་གྱི་ལག་རྡང་སྦྲེལ་ནས་རང་ཉིད་ཀྱི་མི་རིགས་འདིའི་བདེ་སྡུག་ལ་གཟིགས་རོགས་གནང་། ནམ་རྒྱུན་སྤྱི་འཐུས་ལྷན་ཚོགས་ནང་མི་དགོས་བའི་ཆོལ་ཁའི་འཐེན་འཁྱེར་ལ་མི་དགོས་བའི་ཁ་རྩོད་རྒྱག་མཁན་ཚོ་དེ་རིང་ཤི་མེད་ན་གང་མགྱོགས་བོད་ནང་གི་བདེ་སྡུག་དང་འབྲེལ་བའི་གསལ་བསྒྲགས། ཡང་ན་བག་ལ་ཉལ་བའི་བཙན་བྱོལ་སྤྱི་ཚོགས་ནང་ལས་འགུལ་གང་དགོས་མགོ་ཁྲིད་པའི་དུས་ལ་སླེབས་འདུག ཁྱེད་རྣམས་ཀྱིས་ཐེངས་འདིར་གཞི་ལུས་མི་དམངས་ཀྱི་དཀའ་སྡུག་ལ་འགན་མཉམ་ཁུར་མ་བྱས་ན། ནམ་རྒྱུན་ངྷ་སའི་རི་སྟོང་འདིར་རང་སྐྱོང་དང་རང་བཙན་གྱི་སེམས་ཤུགས་ཡོད་འདོག་གི་ཀུ་ཅོ་རྣམས་གཞི་ལུས་མི་དམངས་རྣམས་ཀྱི་ཚེ་སྲོག་རྣམས་ཁྱེད་ཚོས་རྩེད་ཆས་ཙམ་གྱི་རིན་ཐང་མ་སྤྲད་པའི་སྣང་བ་ཡོང་གི་འདུག
ད་ཁྱེད་ཚོས་ལྷ་ལའང་བཀའ་སྐྱོན་ཆར་ལྟར་ཕབ་ཀྱི་འདུག
ཉིན་གཅིག་རྒྱ་མི་འབྱུང་བཞི་ཡིས་མ་གཏོར་བས་བོད་མི་ཚོར་ས་འགུལ་དང་ཆུ་ལོག་གངས་རུད་སོགས་ཀྱིས་བརླག་དུས་དེ་དུས་ཁྱེད་ཚོས་ལས་འབྲས་མི་འདུག་ཟེར་རྒྱུ་ཉག་གཅིག་རེད།
དེ་ནས་དཀོན་མཆོག་མི་འདུག་ཟེར་རྒྱུ་རེད།
མི་ཚོས་ཅི་བཤད་མི་འདུག
མི་ཞིག་གིས་ང་ལ་ཀིརྟི་དགོན་གྱིས་སྒེར་བདག་སྲུང་མ་དེ་རྒྱ་གར་ལ་ཕེབས་དུས་འགྲམ་གྱི་འགག་སྒོར་མི་ཐར་ནས་སྐུ་ངལ་བྱུང་རབས་ཤོད་ཀྱི་འདུག
དེ་ཚོ་ལ་ཡིད་ཆེས་གཏན་ནས་བྱེད་མི་ཉན།
ལྷ་སྲུང་ལ་ནུས་པ་ཡོད་པ་ཡིད་ཆེས་བྱེད་དགོས།
ཀིརྟི་དགོན་གྱི་ལྷ་སྡེ་མི་སྡེ་རྣམས་ནི་བོད་སྤྱི་ཡི་དོན་དུ་ལུས་སྲོག་བློས་གཏོང་བྱེད་མཁན་ཨང་དང་པོ་དེ་རེད་ཅེས་ན་ཕལ་ཆེར་མ་འོས་པ་མེད་སྙམས།
ཉེ་སྔོན་རྒྱ་གར་གྱི་འཐས་འཕུར་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་སྟེ་དེ་ཡི་ནང་གི་འགྲུལ་མི་ཕལ་ཆེ་བ་འཆི་བ་དང་སྨས་སྐྱོན་ཤིན་ཏུ་ཆེ་རབས་བྱུང་ཚུལ་དང་དེ་ཡི་ནང་གི་བོད་ཀྱི་སྤྱི་འཐུས་ཤིག་ལ་སྨས་སྐྱོན་ཅུང་ཙམ་ལས་མ་བྱུང་རབས་ཤོད་སྟངས་ལ་ལྟས་ན་ལྷ་བླ་མ་སྲུང་མས་སྐྱབས་པ་རང་རེད།
ཞབས་མཆན་པ་རྣམས་གཟིགས་དང་དགོངས་དང་འོག་གི་མགོ་བརྗོད་འདི་rfatibetan་་་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་དུ་འདི་ལྟར་བཀོད་གནང་འདུག
གོ་བ་ཡག་པོ་གཅིག་ལེན་རོགས།
ད་རྒྱ་དམག་རྡ་སར་ཡོད་པའི་ཀིརྟི་བྱེས་པ་གྲ་ཚང་དུ་སླེབས་ནས་གྲྭ་བ་གསུམ་བརྒྱ་འཇུ་བཟུང་བྱས་འདུག་ཟེར།
ཨ་ཁ་ད་རྒྱ་གར་ཀྱང་ཚར་ཡོས་རེད།
(རྒྱ་གཞུང་གིས་ཀརྟི་དགོན་པའི་གྲྭ་༣༠༠འཛིན་བཟུང་བྱས་པ།
2011-04-23
ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཤག་རེ་རེ་བཞིན་དུ་ཞིབ་འཇུག་བྱས་པའི་མཐར་དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་འཛིན་བཟུང་བྱས་པ།)
ཚར་ཡོད་ས་རེད་ཅེས་བཅོས་རོགས།
ཞབས་མཆན་པ་རྣམས་གཟིགས་དང་དགོངས་དང་འོག་གི་མགོ་བརྗོད་འདི་rfatibetan་་་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་དུ་འདི་ལྟར་བཀོད་གནང་འདུག
གོ་བ་ཡག་པོ་གཅིག་ལེན་རོགས།
ད་རྒྱ་དམག་རྡ་སར་ཡོད་པའི་ཀིརྟི་བྱེས་པ་གྲ་ཚང་དུ་སླེབས་ནས་གྲྭ་བ་གསུམ་བརྒྱ་འཇུ་བཟུང་བྱས་འདུག་ཟེར།
ཨ་ཁ་ད་རྒྱ་གར་ཀྱང་ཚར་ཡོད་ས་རེད།
(རྒྱ་གཞུང་གིས་ཀརྟི་དགོན་པའི་གྲྭ་༣༠༠འཛིན་བཟུང་བྱས་པ།
2011-04-23
ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཤག་རེ་རེ་བཞིན་དུ་ཞིབ་འཇུག་བྱས་པའི་མཐར་དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་འཛིན་བཟུང་བྱས་པ།)
ང་ཚོས་ནམ་ཡིན་ན་བོད་ནང་གི་གནས་ཚུལ་ཇེ་ཡག་ཏུ་གཏོང་ཕྱགས་ལ་ཐབས་ཤེས་སྣ་མང་དགོས།
ཡོད་ཚད་ལ་ངོ་རྒོད་བྱ་མི་རུང་སྙམ། སྐབས་རེར་མ་བསྒྲག་ན་ཕན་པ་ཡོད་སྲིད་པ་ཤེས་དགོས།
འདི་ནི་ང་ཡི་ལོ་མང་གི་བསམ་ཚུལ་ཞིག་ཡིན་པས་བྲིས་པ་ཙམ་ཡིན།
མི་སུམ་ཅུར་བསམ་པར་སུམ་ཅུ་་་མཛོ་སུམ་ཅུར་ར་ཁ་དྲུག་ཅུ་ཡོད་པའི་དཔེ་ལྟར་རོ།
གྲོགས་པོ་རྣམ་པ། རའི་འོག་ཏུ་ཝ་ཟུར་ཆད་སོང་། ཝ་ཟུར་མཛུབ་གང་གི་འོག་ཏུ་ཡོད་དམ།