ཟླ་འདིའི་ཚེས་༡༨ཉིན་བལ་ཡུལ་ནང་གི་ས་གནས་གཞོན་ནུས་གོ་སྒྲིག་འོག་བོད་མི་སུམ་ཅུ་ཙམ་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ལས་འགུལ་དེའི་དམིགས་ཡུལ་ནི་ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོད་བློས་བཏང་པ་དང་། དེ་འགྲེལ་རྔ་པ་ཀིརྟི་དགོན་པ་དང་རྔ་པའི་མི་མང་ཐོག་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་དམག་མིས་དམ་དྲག་དང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་འདི་ཚོ་མཚམས་འཇོག་ཡོང་ཆེད་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། ཨ་མདོ་རྔ་པའི་ད་ལྟའི་གནས་སྟངས་འཛམ་གླིང་རྒྱལ་སྤྱིའི་ཐོག་ཤེས་རྟོགས་ཆེད་བཅས་སུ་དམིགས་ནས་ཁོང་ཚོས་ཆུ་ཚོད་༢༤རིང་ས་གནས་མཆོད་འཇོར་ཚོགས་ཁང་དུ་ཟས་བཅད་ངོ་རྒོལ་གནང་ཡོད་ཅིང་། སྐབས་དེའི་ཁྲོད་བལ་ཡུལ་ཉེན་རྟོག་པ་འབྱོར་ནས་ཁོང་ཚོའི་སྦྱར་ཡིག་དེ་ཚོ་བཀོག་པ་མ་ཟད། བུད་མེད་ཅིག་གི་སྟོད་ཐུང་ངོས་སུ་བོད་སྐྱོབ་ཟེར་པའི་ཡི་གེ་ཡོད་པ་དེ་མཐོང་བ་དང་། བཙན་གྱིས་བུད་དེ་ལ་སྟོད་ཐུང་འཕུད་ཆུག་ཡོད་པ་རེད། འོན་ཀྱང་སྐབས་དེར་བུ་མེད་དེ་ལ་སྟོད་ཐུང་འོག་གྱོན་ཆས་གཞན་པ་མེད་ཙང་དམར་ཧྲིང་དུ་བསྟན་ཆུག་འདུག དེ་ཚོ་ནི་འཛམ་གླིང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཤེས་སུ་འཇུག་དགོས་པའི་གནད་དོན་ཅིག་རེད། བུད་མེད་ཀྱི་སྟོད་གོས་བཙན་གྱིས་འཕུད་བཅུག་པ་དེ་ནི་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད། དེ་ནི་ང་ཚོ་བོད་མི་སྐྱབས་བཅོལ་བ་ལ་མཐོང་ཆུང་དང་ཁྱད་གསོད་ཁ་ན་རེད་སྙམ།
བོད་ལ་ཡོད་ན་བལ་བོ་ལ་རྒྱ་ནག་གི་འཇིགས་ཟིལ་དེ་འགེབས་ཐུབ་པ་བལ་བོ་དག་གིས་མི་ཤེས་ནི་ཇི་འདྲའི་ཐབས་སྐྱོ་བོ་ཞིག་རེད་ཨང་།
བུད་མེད་དེ་དེ་འདྲ་ཐབས་སྐྱོ་པོ་ཞིག་རེད་ཨང་། བལ་པོའི་དམག་མིས་གང་བྱོས་བཀའ་བཏང་བ་རྣམས་བྱེད་དགོས་དོན་ཨེ་ཡོད་སྙམ། སྤྱིར་བུད་མེད་དེས་ལ་སྟོད་ཕུད་པ་དེས་འཛམ་གླིང་མི་མང་གི་སྤྱན་སྔར་བལ་པོའི་དམག་མིས་བོད་མི་ཐོག་གདུག་རྩུབ་ཀྱི་རྣམ་པ་ཇི་འདྲ་བསྟན་གྱི་ཡོད་པ་གསལ་སྟོན་བྱེད་ཐུབ་པ་དེ་ཡག་པོ་རེད། དེ་ཡང་ལས་འགུལ་གྱི་ཆ་ཤས་ཤིག་རེད།
བུད་མེད་དེ་ཡང་འཐད་པ་བྱུང་བ་ཡིན་རྒྱུ་རེད། བུད་མེད་དེ་ལ་དོགས་པ་ཡོད།
དར་དམར་འོག་ནས་བོད་མིའི་ཁྲག་རྒྱུན་བཞུར།།
བལ་འབྲིག་ཡུལ་ནས་བོད་མི་གསོན་བསྲེགས་བྱས།།
བདག་གི་འཐུངས་པའི་ཆང་ཡང་སྐྱུགས་བཞགས་ཐལ།།
ཡང་བསྐྱར་ཆང་ཞིག་ཁུར་ཤོག་ཆང་བདག་མ།།
དེ་སྔོན་ཕྲན་ངས་ཁ་བརྡ་དྲ་ཐོག་ཏུ་བཀོད་པའི་སྙན་རྩོམ་་་《ཆང་ཕོར་ཁའི་འཆར་ཡན》ལས་ཕབས།
བོད་ཀྱི་བུད་མེད་ཀྱི་སྟོད་གོས་ཕུད་བཅུག་པ་ནི། བལ་པོའི་དམངས་གཙོའི་ཁ་མདོག་སྟོན་པ་དང་། རང་ཡུལ་གྱི་ཧིན་ཆོས་དང་། ནང་ཆོས་སོགས་ཀྱི་གནས་ཚད་ཞེན་པའི་ངོ་ཚ་ཁྲེལ་མེད་དེ་དེ་ཡང་དམར་ཧྲེང་དུ་སོང་བ་མ་ཡིན་ནམ། འོན་ཀྱང་། བལ་བོད་མི་རིགས་ཀྱི་མཐུན་སྒྲིལ་རྒྱལ་འགྱུར་ཅིག ཅེས་ཀྱང་ལབ་འདོདད་བྱུང་སོང་།
ང་ཚོས་ནམ་རྒྱུན་མྱོང་བཞིན་པའི་དོན་ཐག་ཅིག་རེད་་་་་
གསར་འགོད་པས་ཡིག་ནོར་མང་པོ་མངགས་འདུག་པས་དེ་ལའང་དོ་སྣང་དགོས་པ་ཞིག་རེད།
མགྱེས་པའི་སྒང་ལ་རྡོག་རྫིས་བཏང་པའི་སེམས་ཀྱི་རྨ་ཁ་ནམ་ཡང་སེལ་མི་ཐུབ་ལ། ནམ་ཞིག་ལན་ཞིག་འབུལ་ཐུབ་པའི་གོ་སྐབས་ཞིག་རག་སྲིད།
བོད་བལ་གཉིས་ལོ་རྒྱུས་སྟེང་ཉོག་དྲ་མང་པོ་བྱུང་མྱོང་པས་དེང་སང་དེ་ལས་ལྷག་པའི་ཡག་པོ་ཡོང་ཡ་མེད། འོན་ཀྱང་། ནམ་ཞིག་བོད་མི་ཚོའི་འགོ་ཆོག་པའི་དུས་ཞིག་ཡོད་ན་བལ་བོ་ཚོ་བརྗེད་མི་ཉན།
གནམ་གྲུ་བརྡབ་སྐྱོན་སྐབས་སྤྱི་འཐུས་ཤིག་སྲོག་ཉེན་ལས་ཐར་བ།
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨཱ་སམ་གྱི་གྲོང་ཁྱེར་གྷོ་ཝ་ཧཱ་ཊི་ནས་མོན་རྟ་དབང་ གི་ཕྱོགས་སུ་འགྲོ་མཁན་སྒེར་གྱི་ཐད་འཕུར་གནམ་གྲུ་ཞིག་གི་ནང་མི་གྲངས་ཁྱོན་༢༣ ཡོད་པ་དང། དེའི་ནང་ནས་མི་༡༧ ཐད་འཕུར་གནམ་གྲུ་གནམ་ཐང་དུ་འབབ་རྒྱུའི་སྟ་གོན་བྱས་པའི་སྐབས། གློ་བུར་དུ་མེ་སྐྱོན་ཤོར་ནས་ས་ལ་བརྡབ་སྐྱོན་གྱིས་རྐྱེན་ལམ་དུ་སོང་ཡོད་པ་ རེད།
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། དེའི་ནང་དུ་བོད་མི་གཅིག་ཡོད་པ་ནི་བོད་མི་མང་སྤྱི་འཐུས་ལས་ཐོག་བདེ་བ་ཚང་རྡོ་ རྗེ་དབང་འདུས་ཡིན་འདུག ཐད་འཕུར་གནམ་གྲུ་ལ་སྐྱོན་ཤོར་ནས་ས་ལ་ལྷུང་སྐབས། ཁོང་མཐོ་ཚད་མི་ཊར་༡༥ ཙམ་ནས་གནམ་མཆོངས་བརྒྱབ་ཡོད་པས་རྐྱེན་ངན་ལས་ཐར་ཡོད་རུང། ད་ལྟའི་སྐབས་ངོ་གདོང་སོགས་ལ་རྨས་སྐྱོན་ཅུང་ཟད་ཕོག་ཡོད་པས་སྨན་ཁང་དུ་མྱུར་ སྐྱོབ་བྱེད་བཞིན་ཡོད་པ་རེད།
དེ་མིན་གྱི་འགྲུལ་པ་རྣམས་རྒྱ་གར་བ་ཤ་སྟག་ཡིན་པ་དང། རྐྱེན་ངན་ལས་ཐར་བའི་མི་དྲུག་པོ་ལ་རྨས་སྐྱོན་ཚབས་ཆེ་ཆུང་འདྲ་མིན་བྱུང་ནས་ད་ ལྟའི་སྐབས་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང། རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ནང་ནས་ཕྲུ་གུ་དང་བུད་མེད་དེ་མིན་གྱི་ཚོང་པའི་ རིགས་ཡོད་པ་རེད། ས་གནས་ཉེན་རྟོག་པས། ཐད་འཕུར་གནམ་གྲུ་དེ་ས་འབབ་གྲབས་བྱེད་སྐབས་གློ་བུར་དུ་འཕྲུལ་རིགས་ལ་སྐྱོན་ ཤོར་ནས་མེ་འབར་ཡོད་པ་དང། ས་ལ་ལྷུང་རྗེས་སུ་ཡུལ་མི་ཚོས་སྐྱོབ་ཐབས་སུ་ཛ་དྲག་གིས་ལས་འགུལ་སྤེལ་ཡང། རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ཕུང་པོ་ངོ་ཤེས་པ་ཙམ་ལས་གཞན་མྱུར་སྐྱོབས་བྱ་ཐབས་ མེད་པ་ཆགས་འདུག་ཅེས་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།།
xxxxxxxxxxxxxx
xxxxxxxxxxxxxxxx
xxxxxxxxxxxxxx
བལ་ཡུལ་འདི་ཅེ་སྡུག་ཅེ་སྡུག་རེད།
འོན་ཀྱང་། ཕྱི་རབས་བོད་ཕྲུག་རྣམས་ཀྱིས་བཙན་བྱོལ་ལོ་རྒྱུས་བཀླགས་དུས་བལ་ཡུལ་བྱ་བྲན་འདྲ་བོ་བརྗེད་ནི་མ་རེད། ཉི་མ་ཅེ་རིང་དང་ཐང་ཤིང་ཅེ་རིང་ཡིན་ནི་རེད།
སོ་སོ་ལ་རྒྱལ་ཁབ་མེད་ན་ཡོང་རྒྱུ་འདི་ལས་མེད་དོ།།
ཁྱོད་ཚོས་མི་འགའ་ཞིག་གིས་་་་བོད་མིས་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་དེ་ཚོས་ལ་རྗེས་སུ་ཡི་རང་དང་གུས་ཞབས་མེད་པ་མ་ཚད་ཁ་མང་པོ་བཏང་འདུག།་་ ཅི་འདྲའི་ཐབས་སྐྱོ་བ་ལ།་ ཡང་ན་ཁྱེད་ཀྱིས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ག་རེད་བྱས་ཡོད་་།་་ དང་པོ་ཁྱེད་རང་ལ་དྲི་བ་ཞིག་་་་གཏོང་དགོས་ས་རེད། བོད་ཀྱི་ཆེད་དུ་ལས་འགུལ་སྤེལ་ཉིད་ཚངས་མ་ལ་་་སྙིང་ཐག་པ་ནས་ཐུགས་རྗེས་ཆེ་ཞུ།།
བོད་རྒྱལ་ལོ། FREE Tibet
བལ་གཞུང་འདི་ཡིན་ན་ད་ཅིག་བྱེད་ན་མ་གཏོགས་བསྡད་ཅིག་ས་མ་རེད
སོ་སོའི་རྒྱལ་ཁབ་ཤོར་གྲབ་བྱེད་བཞིན་པ་མ་ཚོར་བར་ད་དུང་ཁྱི་བཞིན་དུ་རྒྱ་གུང་ཁྲན་གྱི་རྗེས་སུ་འདུར་བ་འདི་དུས་ནམ་ཡང་ང་ཚོ་བོད་པ་མི་རེ་ངོ་རེའི་བརྗེད་གི་མ་རེད་་ གོར་ཁ་མགོ་ལེབ་འདི་ཚོ་ལྟོས་ཤོག་ཉན་ཤོག་་
འགྱལ་བའི་སྒང་ལ་རྡོག་རྫིས་བཏང་བའི་བྱ་སྤྱོད་དེ་བོད་མི་ས་ཡ་དྲུག་ནས་མ་བརྗེད་པ་ཞུ་གི་ཡིན
ལོ་ན་མ་གསོན་པའི་འཁྱིམ་ཚེས་རྒྱལ་ཁབ་ལགས།
བལ་དམག་དེ་ཚོ་དངོས་གནས་རྒྱ་མིའི་རྒྱུག་ཁྱི་ངོ་མ་རེད་འདུག། རྒྱུ་དག་ནི་དེ་ཚོ་ལ་མི་འདུག། འོན་ཀྱང་། བོད་མི་དེ་ཚོ་ག་དུས་ཡིན་ཡང་སེམས་ཤུགས་ཁྱོན་ནས་ཆགས་ཡ་མི་འདུག།།
གོང་ནས་བཙན་བྱོལ་བས། བུད་མེད་དེ་ཐབས་སྐྱོ་བོ་ཡིན་ཚུལ་དང་། བལ་བོའི་དམག་མིས་གང་ལབ་པ་བྱེད་དགོས་དོན་གང་ཡིན་ནམ་ལབ་འདུག དེ་ཁྱེད་ཀྱིས་བུད་མེད་འདི་ལ་མིག་སྐྲང་ཐོག་ཁུ་ཚུར་ཟེར་པ་མ་རེད་དམ།
ཁྱེད་བལ་བོའི་ལུང་པ་འདིར་རྒྱུས་མེད་པའི་རྟགས་ཁོ་ན་རེད། ཁྱེད་ཚོས་ཁ་བདེ་བོ་བཤད་དང་མ་བཤད་མི་འདུག བུད་མེད་འདི་ལ་སྐབས་དེར་སྟོད་ཐུང་བཙན་གྱིས་ཕུད་བཅུག་པ་ལས། མོ་རང་གིས་བལ་བོའི་ཉེན་རྟོག་པར་ནུ་མ་བསྟན་འདོད་པ་ཡང་མ་རེད་ལ། སྟོད་ཐུང་ཕུད་ནས་ནུ་མ་བསྟན་ཏེ། ཉེན་རྟོག་པའི་མདུན་ནས་ཁྲབ་སྟོན་བྱས་པ་དེ་བས་ཀྱང་མ་རེད། གནད་དོན་གཙོ་བོ་སྐབས་དེར་མོའི་སྟོད་ཐུང་ངོས་སུ་བོད་བསྐྱོབ་ཟེར་པའི་ཡི་གེ་དེ་མཐོང་བ་དང་། ཉེན་རྟོག་པས་བཙན་གྱིས་དེ་ཕུད་བཅུག་པ་རེད། དེ་ཚོའི་གནད་དོན་ཧ་མ་གོ་བར་མི་ལ་འགྲེལ་བཤད་གང་བྱུང་མ་རྒྱག ལྷག་པར་དུ་བོད་དོན་ལས་འགུལ་པ་དེ་ཚོ་ལ་ཁེ་མི་རྒྱག་རྒྱུ་དེ་གལ་ཆེ།
ན་ནིང་ཡང་། རྔ་བ་ནས་རང་སྲོག་ཕུལ་། བལ་པོ་ནས་སྐད་འབོད་བྱས། ད་ལོ་ཡང་། གཞི་ལུས་ནང་་རྔ་བ་མི་དམངས་དང་། བཙལ་བྱོལ་ནང་བལ་ཡུལ་བོད་རིགས་ཚོ་རེད་། གོང་དེར་ཟིན་བྲིས་ནང་། བཙན་བྱོལ་བ་། བསིལ་རླུང་། དབང་ཆེན་ནས། སོགས་བླུན་པོ་ལུག་གི་མགོ་བོ་ཅན་རེ་ཟུང་གིས་། རྒྱལ་ཁབ་དང་རང་རིགས་ལ་ཤ་ཞེན་དང་ལ་རྒྱ་ཕར་ཞོག་། རང་ཁོག་ན་སྐྱག་པ་མ་གཏོག་ཅི་ཡང་མེད་པ་དེ་ལྷང་ལ་ཕུལ་གི་ཡོད་པ་། བླུན་པོ་སྨར་བ་ཉུང་ན་མཛེས་། ཟེར་བའི་ལེགས་བཤད་དེ་ཁྱོད་ཚོར་གསུང་བ་རེད་། གོ་སོང་ངམ།
ལོ་ལོན་ནས་བཤད་པ་དངོས་གནས་བདེན་པ་རེད་།མི་འདི་དག་ནི་བོད་མི་ལ་རྒྱ་ཕར་ཞོག་ལ་རྒྱ་ཡོད་མཁན་བོད་མི་དག་སྙིང་རླུང་སྟོད་དུ་འཚང་གིས་འཇུག་གི་གོང་གི་མཆན་འདེབས་པ དེ་དག་ནི་ཤེས་ཡོོན་ཡང་མེད་མཁན་རྐྱང་རྐྱང་རེད།ནམ་རྒྱུན་མཐུན་སྒྲིལ་ལ་གཏོར་ཞིག་གཏོང་མཁན་དག་དག་རེད།མཆན་འདེབས་ན་རྒྱུ་མཚན་ཡོད་པ་དེ་འདྲ་ཐོབ་དང་། ག་དུས་ཡིན་ཡང་རེད་མ་རེད་ཡག་གི་བཙོག་གིས་ཅི་ཡང་བཤད་རྒྱུ་མེད་། ཁྱེད་ཅག་གི་དེ་འདྲ་འདྲ་བའི་མཆེན་བཏབ་ན་བོད་མི་དཀྲུགས་ཤིང་དང་རྒྱའི་མཐུན་རྐྱེན་དུ་སོང་བ་ལས་བོད་མི་རིགས་ཕན་ཅི་ཞིག་ཐོག་འདུག་གམ
རེད་མ་རེད་སུས་ཀྱང་བཤད་ཤེས་བ་རེད། ད་ལྟ་བལ་ཡུལ་གྱི་བུད་མེད་དེའི་སྟོད་གོས་ཕུད་པ་དེ་ལ ང་ཚོའི་གདུང་སེམས་མཉམ་སྐྱེས་བྱེད་དགོས་པ་ལས་མོ་འདོད་པ་རེད་སོགས་བཤད་དེ་རན་པོ་འདུག་ ད ་ལྟ་བོད་ནང་ཇི་འདྲའི་ཛ་དྲག་གི་གནས་སྟངས་ཆགས་འདུག ཁ་བརྡ་ཚང་ལ་རེ་སྐུལ་ཞུ་ཡ་ཞིག་ལ་རྗེས་ཕྱོགས་ཅི་ཡང་ལེན་རྒྱུ་ལེན་མེད་པའི་མི་རིགས་ཀྱི་ལ་རྒྱ་མེད་པའི་མཆན་དེ་རིགས་མར་མ་གཏོང་རོགས་།སྨྱོ་གཏམ་རང་རེད།
ཡིག་ང་ཆོད་ཙམ་གྱི་རང་ཉིད་གཟི་བརྗིད་བརྩི་བ་འདི་རང་ཉིད་ནར་མ་སོན་པའི་བྱིས་བློ་དབུགས་འབྱིན་པའི་སྣང་ཚུལ་ལས་ཅི་ཡང་མི་འདུག མཆན་དེ་དག་མཐོང་ན་སྙིང་ན་ཟུག་བརྒྱག་གི
སོ་སོ་ལ་རྒྱལ་ཁབ་མེད་ན་ཡོང་རྒྱུ་འདི་ལས་མེད་དོ།།
སོ་སོ་ལ་རྒྱལ་ཁབ་མེད་ན་ཡོང་རྒྱུ་འདི་ལས་མེད་དོ།།
སོ་སོ་ལ་རྒྱལ་ཁབ་མེད་ན་ཡོང་རྒྱུ་འདི་ལས་མེད་དོ།།
སོ་སོ་ལ་རྒྱལ་ཁབ་མེད་ན་ཡོང་རྒྱུ་འདི་ལས་མེད་དོ།།
ཁྱེད་བལ་བོའི་ལུང་པ་འདིར་རྒྱུས་མེད་པའི་རྟགས་ཁོ་ན་རེད། ཁྱེད་ཚོས་ཁ་བདེ་བོ་བཤད་དང་མ་བཤད་མི་འདུག བུད་མེད་འདི་ལ་སྐབས་དེར་སྟོད་ཐུང་བཙན་གྱིས་ཕུད་བཅུག་པ་ལས། མོ་རང་གིས་བལ་བོའི་ཉེན་རྟོག་པར་ནུ་མ་བསྟན་འདོད་པ་ཡང་མ་རེད་ལ། སྟོད་ཐུང་ཕུད་ནས་ནུ་མ་བསྟན་ཏེ། ཉེན་རྟོག་པའི་མདུན་ནས་ཁྲབ་སྟོན་བྱས་པ་དེ་བས་ཀྱང་མ་རེད། གནད་དོན་གཙོ་བོ་སྐབས་དེར་མོའི་སྟོད་ཐུང་ངོས་སུ་བོད་བསྐྱོབ་ཟེར་པའི་ཡི་གེ་དེ་མཐོང་བ་དང་། ཉེན་རྟོག་པས་བཙན་གྱིས་དེ་ཕུད་བཅུག་པ་རེད། དེ་ཚོའི་གནད་དོན་ཧ་མ་གོ་བར་མི་ལ་འགྲེལ་བཤད་གང་བྱུང་མ་རྒྱག