མཚན་རླུང་།
ལྷིང་འཇགས་ཀྱི་ས་སྲོད་དེར
གནས་ཚུལ་དེ་དྲ་རྒྱའི་ཁྱོན་ཡངས་ནས
ངའི་སེམས་ངོགས་སུ་གློག་དམར་འཁྱུག་པ་བཞིན
གློ་བུར་དུ སྐད་ཅིག་ཉིད་དུ་མཚལ་བས
སྤྲིན་ཕུང་འཁྲིགས་པ་ལྟར
ས་གཞི་ཁྲོས་པ་ལྟར
སྐྱི་གཡའ་བའི་རླུང་འཚུབ་དེས
ངའི་སེམས་ཀྱི་ཞི་བདེ་བཅོམ
ལྷིང་འཇགས་དཀྲོག
བདེན་དོན་འབའ་ཞིག་གི་ཆེད
འབར་བཞིན་པའི་མེ་ལྕེ་རྒོད་པོ་དེས
གངས་རི་ལ་གཟི་འོད་སྤྱིན་ཅིང
གངས་ཅན་པར་སྤོབས་པ་རྩལ
གཞལ་དུ་མེད་པའི་སྙིང་སྟོབས་ཀྱི་ཀྭི་སོ་ཡིས
དམག་དཔུང་གི་སྙིང་རྩ་འཕར་ཏུ་བཅུག་ལ
ལག་ལྡང་སྦྲེལ་བའི་ཆིག་སྒྲིལ་གྱི་སྟངས་སྟབས་དེས
དྲག་གནོན་གྱི་མེ་སྒྱོག་འདར་ཏུ་བཅུག
བདེན་པའི་གཡུལ་ས་ན
མཁའ་དབུགས་ཇི་ལྟར་དོག་མོད་ཀྱང
བདེན་དོན་གྱི་རྨི་ལམ་ལ་གས་ཆག་ཤོར་མི་སྲིད་པས
རླུུང་ནག་འཚུབ་མའི་ཁྲོད
གཉའ་གནོན་གྱི་བཙག་ཁ་ཇི་ལྟར་ཆེ་ཡང
མུ་མཐུད་དུ
འཆི་ལ་ཉེ་བའི་གངས་རི་ལ
ཚེ་སྲོག་གི་གསོན་ཤུགས་སྣོན་དང
ང་ཚོས་སེམས་ཀྱིས་ཁྱེད་ལ་ཉན
ང་ཚོ་ཡང
ཁྱེད་ཀྱི་སྤྱན་ལམ་དུ་འགུལ་གྱིན་ཡོད
རྔ་པའི་ལོ་རྒྱུས་ཀྱིས།
ངའི་རྣ་ཆོག་གི
རྣ་སྤུ་ཀེར་ལངས་ངང་
ཐོས་ཚད་ཡིད་མུག་དང་
བསམ་ཚད་སྐྱི་གཡའ་ངང་
སྨོན་ལམ་འདེབས་ཙམ་ལས་
བྱ་ཐབས་མེད་པའི་མི་ང་།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་མདུན་རྒྱབ་མི་མཚུངས་པའི་ལས་ཀ་བྱེད་སྟངས་རེ་རེ་ནས་བསམ་བློ་ཞིག་བཏང་ན། ང་ནི་ད་ལྟ་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམ་པའི་གྲས་ན་དངོས་སུ་ཡོད་པའི་དངངས་སྐྲག་ཅིག་གིས་བཅུགས་ནས་འདུག ངས་ད་ལྟའི་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམ་པས་གཙོས་དམར་གཞུང་གི་བཙོན་འོག་ན་ཡོད་པའི་རང་རིགས་ཀྱི་སྤུན་ཟླ་ཚོ་ཡིད་ལ་འཁོར་ཐེངས་རེར་ཕྱིར་རྒྱ་ནག་དམར་པོའི་སྲིད་གཞུང་གི་ཐོག་ཏུ་ལག་རྗེས་ཤིག་མ་ཞོག་ན་ཚེ་ཐོག་འདིར་ངས་དབུགས་མཐའ་མ་དེ་གཏོང་ན་མི་འདོད།
ནུས་པ་དང་འཇོན་ཐང་ཡོད་པའི་ཤེས་ལྡན་པ་ཚོས་ངེས་པར་དུ་འཛམ་གླིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རང་ནུས་གང་ཡོད་ཀྱིས་ཁྱབ་བསྒྲགས་བྱས་བསྟུན་མར་བྱས་ཏེ་རྔ་པ་ཀིརྟི་དགོན་པ་འདི་བོད་གངས་ཅན་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་ཞི་བདེ་དང་བདེ་སྐྱིད་ཀྱི་འབྱུང་གནས་ཤིག་ཏུ་བསམ་ནས་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་ལས་སྐྱོབ་པའི་ཐབས་ལ་རང་གཞན་ཚང་མས་འབད་རྒྱུ་འདི་གལ་ཆེ༌བའི་གནད་དོན་ཞིག་ཡིན་པ་སུ་རྗེས་བརྗེད།
རྔ་བ་མི་མང་གིས་མངོན་འདུན་ཆེན་པོ་ཞིག་ཁུར་ནས། ལུས་སྲོག་ས་རྡུལ་ཁྲོད་བཏངས་ཤིང་། རེ་འདུན་ཚེ་སྲོག་གིས་ཉོ་ཐབས་བྱས། ད་ལྟ་ང་ཚོས་ཚེ་སྲོག་སྐྱོབས་ཐབས་བྱ་དགོས་སམ། ཡང་ན་ཚེ་སྲོག་གིས་ཉོ་ན་འདོད་པའི་མངོན་མདུན་དེ་བསྒྲུབ་རོགས་བྱ།་་་་་་་་་་་་