ཐེ་བོ་ཤེས་རབ་རྒྱ་མཚོ།
ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་22ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བ།
མི་ལོ་བཅུ་དྲུག་གི་ཡར་སྔོན
ཆེས་དག་གཙང་གིས་བཞད་པའི་མེ་ཏོག་རྐང་གཅིག
རླུང་འཚུབ་ཀྱི་ལག་པ་གཏུམ་པོ་དེས
གདུག་རྩུབ་ཀྱིས་བཅད་ཅིང་བཅོམ་པ་ནས
རྣོ་ཞིང་གཟེང་བའི་སེན་མོ་རྔམ་གནག་དེས
ཞེ་སྡང་གིས་གཙབས་ཤིང་གཏུབས་པ་ནས
སྒམ་རླིང་གི་མི་སེམས་མང་པོ་མང་པོ་ཞིག་ལ
ཡལ་བ་མེད་པའི་སྨུག་ལོང་གི་གཏམ་རྒྱུད་བྲིས་སོང
ཟུངས་ཁྲག་གི་བཞུར་རྒྱུན་ལྟ་བུའི་སྐྱོ་གར་གྱི་གཏམ་རྒྱུད་བྲིས་སོང
ཀྱེ་ཀྱེ སྤུན་ཟླ་ལགས གདོང་དམར་བོད་པ
ཡར་ལ་ལོངས་ཤོག དུས་རབས་ཀྱི་གཞོན་ནུ
ང་ཚོ་ར་མདར་ཆས་འགྲོ
བོར་ཟིན་པའི་ཟླ་བའི་གཏམ་རྒྱུད་དེ་འཚོལ་ཕྱིར
བཙོན་དུ་བཅུག་ཡོད་པ་དེ་ནི
བྱིས་པ་ཞིག་གི་ལང་ཚོ་ཁོ་ན་མ་ཡིན་ཏེ
དེ་ནི འུ་ཚོའི་དད་ས་ཞེན་ཡུལ་མཐའ་དག་དང
དེ་ནི འུ་ཚོའི་རེ་བ་དང་ཡིད་ཆེས་ཡོད་ཚད་ཀྱི་བསྡུས་གཟུགས་ཡིན
དེ་ནི དེ་ནི འུ་ཚོའི་རེ་བ་དང་ཕུགས་བསམ་གྱི་ཉི་འོད་ཡིན
ལོ་ངོ་ཧ་ཅང་མང་པོ་ཞིག་གི་ཡར་སྔོན
གསོད་གཏུབ་རྡུང་རྡེག་གི་གཡུལ་ས་ལྟ་བུའི་བར་སྐོར་ནས
སྤུན་ཟླ་གྲངས་མེད་ཀྱི་ཚེ་སྲོག་སྐྱོབ་མཁན་དེ
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མ་ཡིན་ནམ
རེད་ལགས རླབས་ཆེན་གྱི་མི་བུ་དེས
རླབས་ཆེན་གྱི་སེམས་དཔའ་དེས
འུ་ཚོར་ཕུགས་བསམ་བསྣམས་ནས
འུ་ཚོར་རེ་བ་ཁུར་ནས
ཨོ མ་རེད
གསེར་མདོག་གི་ཕ་ས་གཞན་ཞིག་བློས་བསླངས་བྱེད་མཁན་གྱི་སྐྱེ་ཆེན་དེ
ཇི་ལྟར་གཤེགས་ཤིང་བཞུད་པ་ཨེ་ཤེས
མི་བུ་དེ རླབས་ཆེན་གྱི་མི་བུ་དེ
སྒལ་ཚིགས་ལྟ་བུའི་རླབས་ཆེན་གྱི་མི་བུ་དེ
རང་ཉིད་ཀྱི་ཕུགས་བསམ་དེའི་ཆེད
གང་ནས་ཆས་ཤིང་དེ་ལ་ཕྱིར་ལོག་མ་ཐག
དྲག་ཆར་རླུང་འཚུབ་ལྟ་བུའི་དཔུང་ཚོགས་དེས
གང་ཞིག་ལ་འཁྲིད་སོང
ཀྱེ་ཀྱེ པཎ་ཆེན་ལགས རིན་པོ་ཆེ
འདི་ནི་ཁྱོད་ཀྱིས་མི་ཡུལ་ལ་ཞབས་རྗེས་འཇོག་སྟངས་གཞན་ཞིག་ཡིན་ནམ
འདི་ནི་ཁྱོད་ཀྱིས་མི་ཡུལ་ལ་རྟོགས་བརྗོད་འབྲི་སྟངས་གཞན་ཞིག་ཡིན་ནམ
བཀྲིས་བདེ་ལེགས།
འབྲི་ཐབས་གསར་པའི་ཐོག་ནས་ཚོར་བ་ཟབ་པོ་ཞིག་བྲིས་འདུག་པས་ཡི་རངས་ཞུ།
ཉེ་སྔོན་བོད་ཀྱི་དུས་བབ་ཀྱི་ཐོག་༼དགེ་ འདུན་ ཆོས་ ཀྱི་ ཉི་ མ་ དང་ རྒྱལ་ མཚན་ ནོར་ བུ་ གླེང་ བ།༽ཞེས་པའི་གསར་འགྱུར་ཞིག་སྤེལ་བའི་ནང་ཡིག་ནོར་ཚབས་ཆེན་དེ་འདྲ་འདུག་ཅིང་།དུས་བབ་ནང་དེབ་སྐྱེལ་འཛུལ་ཞུགས་བྱ་རྒྱུར་ཨ་རིའི་ཕོ་བྲང་དཀར་པོའི་ནང་འཛུལ་བ་ལས་ཁག་པ་འདུག་པས་བརྒྱུད་ལམ་འདི་ནས་དག་བཅོས་བྱ་དགོས་བྱུང་།
༡༽དཔེར་ན།ཨ་བླ་འཇིགས་མེད་ཀྱིས་༡༩༦༢ ལོར་ ང་ ཚོའི་ སྐུ་ ཚབ་ ཐེངས་ བཞི་ པ་ཞེས་པ་འདི་(༡༩༨༢)ཡིན་ནམ་སྙམ།དེ་མིན་༡༩༦༢ལོར་བོད་ནང་སྐུ་ཚབ་བསྐྱོད་པའི་ཁོར་ཡུག་ཅིག་རྩ་བ་མེད་པ་རེད།
༢༽འཇམ་སྨོན་ལགས་ཀྱིས་༡༩༩༩ ལོའི་ ཕྱི་ ཟླ་ ༥ པའི་ ཚེས་ ༡༤ ཉིན་ ༧གོང་ ས་ མཆོག་ གིས་ གཙུག་ ལག་ ཁང་ དུ་ པཎ་ ཆེན་ སྐུ་ ཕྲེང་ བཅུ་ གཅིག་ པ་ དགེ་ འདུན་ ཆོས་ ཀྱི་ ཉི་ མ་ ངོས་ འཛིན་ ཁྱབ་ བསྒྲགས་ གནང་ ཡོད་ སྟབས་ཞེས་པའི་ལོ་ཚིགས་དེ་(༡༩༩༥)ཡིན་པ་ཡོངས་གྲགས་རེད།
༣༽ཡང་འཇམ་སྨོན་ལགས་ཀྱིས་༡༩༩༩ ལོའི་ ཕྱི་ ཟླ་ ༡༠ པའི་ ནང་ བོད་ ཀྱི་ བླ་ ཆེན་ ཚང་ མ་ བོད་ རང་ སྐྱོང་ ལྗོངས་ སུ་ སྐད་ བཏང་ སྟེ། པཎ་ ཆེན་ སྐུ་ གོང་ མའི་ ཡང་ སྲིད་ ངོས་ འཛིན་ བྱེད་ ཕྱོགས་ ཐད་ གསང་ པའི་ ཚོགས་ འདུ་ ཞིག་ ཚོགས་ འདུག་ཅེས་པའི་ལོ་ཚིགས་དེ་(༡༩༩༥)ཡིན་པ་གསལ་པོ་རེད།ནོར་མི་སྲིད་པའི་ནོར་འཁྲུལ་ཚབས་ཆེན་དེ་འདྲ་བཟོས་འདུག
༤༽བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་ཨ་རིག་འགྱུར་མེད་ཐོན་པ་ནས་ཡིག་ནོར་ཧ་ཅང་གི་མང་དུ་ཕྱིན་སོང་།དུས་བབ་ཀྱི་རྩོམ་སྒྲིག་པ་དང་།གསར་འགོད་པ་གཉིས་ལ་ཡིག་ནོར་ཐད་དོ་གལ་ཆེ་ཙམ་གནང་རོགས་ཞུ་རྒྱུ་ཡིན།
རྩོམ་ཡིག་ཆ་ཚང་གཟིགས་ན་འདིར་སྣོན་དང་།http://www.tibettimes.net/news.php?showfooter=1&id=4354
ལ་རྒྱའི་བདག་པོ་ལགས། དུས་བབས་ཚང་གིས་འདི་འདྲ་ལོ་ཚིགས་ནོར་བ་བཀོད་ཡོད་ན་དངོས་ནས་མི་འགྲིག་པ་ཞིག་རེད། བཙན་བྱོལ་ནང་ན་དུས་བབས་ནི་ཀུན་གྱིས་གདེངས་འཇོག་བྱ་བའི་ཚགས་ཤོག་ཅིག་ཡིན་སྟབས་
ཧ་ཅང་གཟབ་དགོས། དེས་ཆོག་པ་བྱོས།
ངེད་ཀྱི་རྩོམ་འདི་གངས་སེང་མེད་སྨྲ་ཚོར་ཕུལ་བ་ཡིན་པས་དགྱེས་དགུར་བཞེས་རོགས།
གངས་སེང་མེད་པར་ལྟ་བའི་དགེ་ཆོས་དང།།
གངས་སེང་ཡོད་པར་ལྟ་བའི་དགེ་བཤེས་གཉིས།།
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་བའི།།
དེང་གི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
གྲང་ངར་ཆེ་བའི་བྱང་སྣེའི་དོམ་དཀར་དང།།
གངས་སེང་དཀར་མོ་གཡུ་རལ་གསིག་པ་གཉིས།།
ཡོད་མེད་ཁྱད་པར་འབྱེད་པའི་འཇིག་རྟེན་འདིར།།
ཕྱོགས་རེའི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ད་དུང་གངས་ཀྱི་གླང་ཆེན་ཡོད་པ་ལ།།
འུག་པ་རྒན་པོས་མིག་གིས་མ་མཐོང་ནས།།
ཡུལ་གྱི་གཙོ་བོ་གངས་རི་ཡིན་པ་ལ།།
ནགས་སེང་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ལོ་ངོ་ས་ཡ་གོང་གི་གཏུམ་འབྲུག་དང།།
བ་སྤུ་རིང་པོ་ཡོད་པའི་གླང་ཆེན་སོགས།།
སྲོག་ཆགས་རིག་པའི་རྗེས་སུ་འབྲང་འབྲང་ནས།།
རྒུད་པའི་རྩ་བ་གངས་སེང་མེད་པར་བརྙེད།།