ལྷན་རྒྱས་ཀྱིས་མཁྱེན་གསལ་ལྟར་རྒྱ་གཞུང་གིས་རྔ་བ་གྲོང་སྤྱི་དང་ལྷག་པར་ཀིརྟིའི་དགོན་པ་འདི་ཉིད་བཙོན་ཁང་ལྟ་བུར་བསྒྱུར་ཏེ་གྲྭ་པ་ཉེས་སྟོང་ལྔ་བརྒྱ་ལྷག་གིས་སྡུག་བསྔལ་ཚད་མེད་མྱངས་དང་མྱོང་བཞིན་པ་དང་། ཉེ་ལམ་གནས་སྟངས་སྔར་ལས་དམ་བསྒྲགས་ཆེ་རུ་བཏང་སྟེ་ཕྱི་ཟླ ༤ ཚེས་༢༢ཉིན་གྲྭ་པ་སུམ་ བརྒྱ་བཙན་ཁྲིད་བྱས་བ་དང་ད་དུང་ཡང་ཁྲིད་དང་འཁྲིད་བཞིན་པའི་གནས་ཚུལ་ཁུངས་ལྡན་གོ་བ་ལྟར། བློ་ཕམ་དང་སེམས་འཚབ་ཀྱིས་མ་བཟོད་པར་ཟླ་འདིའི་ ཚེས་ ༡༨ ནས་ ༢༥ བར་འདི་གའི་རྔ་བའི་གཞིས་མི་ཚོས་གཙོས་བོད་རིགས་ཁག་ཅིག་གིས་བདུན་གཅིག་རིང་རྒྱ་མའི་གཞུང་ཚབ་མདུན་དུ་སྐད་འབོད་དང་ཞི་བས་ངོ་རྒོལ་བྱས་ནའང་། རྔ་བའི་ཛ་དྲག་གི་གནས་སྟངས་ལ་འགྱུར་བ་མེད་པས། ང་ཚོས་ད་དུང་བདུན་གཅིག་རིང་ཟླ་འདིའི་ཚེས་ ༢༦ ནས་ ཟླ་ ༥ བའི་ཚེས ༢ བར་མུ་མཐུད་ཞི་རྒོལ་ [ཞོགས་པ་ཆུ་ཚོད་ ༡༡ ནས་ཉིན་གུང ༣ པར ] བྱེད་རྒྱུ་དང་། ཟླ་ ༥ བའི་ཚེས ༢ ཉིན་གྲོང་ཁྱེར་ནེའུ་ཡོག་ NYC ནས་རྒྱལ་ས་སྒྲི་སི་ D.C. བར་ཞི་བའི་གོམ་འགྲོད་ཀྱི་ལས་འགུལ་སྤེལ་འཆར་ལགས་ན། ལས་འགུལ་གང་རུང་ལ་ས་གནས་འདི་ཉིད་ཀྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཤུགས་ཆེར་ཞུ།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༦ ལ་ཕུལ།
བོད་རང་དབང་སློབ་ཕྲུག་ཚོགས་པ་ཁག་ལ་འབྲེལ་གཏུགས་གནང་རོགས།
རྒྱལ་སྤྱིའི་དཔའ་བོ་གྲྭ་ཕུན་ཚོགས་དང་འདས་པོ་བགྲེས་བོ་གཉིས་ལ་སེམས་གཏིང་ནས་མྱ་ངན་ཡོད། དེ་བཞིན་རྔ་བ་མི་དམངས་ལའང་གདུང་སེམས་མཉམ་བསྐྱེད་ཞུ།
གོང་གི་གསལ་བསྒྲགས་འདི་ནི་ཧ་ལས་པའི་ཡག་པོ་འདུག དེ་མིན་མི་མང་པོ་ཞིག་ལ་ད་དུང་གོ་བརྡ་མ་འཕྲོད་པར་བསྡད་འདུག ཐུགས་རྗེ་ཆེ།
གསལ་སྒྲགས་དང་བསམ་ཚུལ་མང་པོ་སྤེལ་རོགས་ཞུ་། བོད་གཞིས་ཕྱིས་སྤུན་ཟླ་ཡོང་གི་སྙན་ལམ་དུ་ཞུ་གསོལ་། ཚང་མས་བསམ་བློ་གཏོང་རིན་འདུག སྔོན་ཆད་ཆབ་མདོ་དམག་གི་སྐོར་དུས་དབུས་ཕྱོགས་ནས་ཐུགས་སྤྲོ་གཏང་ནས་སྡད་། བོད་ས་ཕྱོགས་གཞན་དག་ནས་གཏད་མོ་ལྟས་ནས་སྡད་། རིམ་གྱི་བོད་ས་ཡོང་རྫོགས་མིན་ནག་གི་བཙོན་དུང་དུ་སྒྱུར་བ་རེད་། རྒྱ་ནག་གོང་ཁྲིན་སྤྱང་གི་དང་གཅིག་པ་། གཞན་ཟ་འདོད་ཀྱི་ཧམ་པ་ཡོད་ངོ་ཚ་མེད། ་ཡིད་ཆེ་སྤུ་ཙམ་བྱེད་ས་མེད་པས་སྲིད་གཞུངས་འདི་ལྟ་བུ་ཞིག་གི་འོག་ནས་། ང་ཚོ་དུས་ནམ་ཡང་སྡོད་འདོད་མེད་།
འགྲོ་ེཤེས་འདུག་ཤེས་མ་བྱས་ན་འདི་འདྲ་ཡོང་གི་རེད་། སྔོན་གསེར་རྟ་ལ་ཡང་འདི་འདྲ་བྱུང་བ་རེད་ ཆོས་རྗེ་མཆོག་ཞི་བར་གཤེགས་རྗེས་ ཞལ་སློབ་ཚོས་འགྲོ་ཤེས་འདུག་ཤེས་བྱས་ཙང་འཇམ་རུ་སོང་བ་རེད་།
ཨ་མདོ་རྔ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སེམས་གཏིང་ནས་གུས་བཀུར་ཞུ
འགྲོ་ཤེས་འདུག་ཤེས་ཟེར་ན་ག་འདྲ་རེད་་་་མཆོད་མེ་རླུང་གི་བསྐྱོད་ན་འཛུམ་མོལ་མོལ་་་མར་སྐུ་ཁྱིས་ལྡག་ན་འཛུམ་མོལ་མོལ་་་ཟེར་སྲོལ་ཡོད་པ་ལྟར་མགོ་སྐྱིན་པ་བཏང་ནའང་བཏང་རི་འཇུག་ཡ་དེ་ཨེ་རེད་་་དུད་འགྲོ་འབའ་འབུ་ཚོ་ནང་བཞིན་སྲོག་ཙམ་འཚོ་ཐུབ་སོང་ན་འདྲིག་སོང་བ་ཨེ་རེད་་་་འགྲོ་བ་མི་ལྷག་པར་བོད་བཙན་པོའི་གདུངས་རྒྱུད་ཚོ་་་འཚོ་ན་རླབས་ཆེན་ཡིན་དགོས་ལ་་་ཤི་ན་གཟི་རྗིད་ངང་འཆི་དགོས་པ་ལས་་་་་ཝ་རྔ་མ་ཤར་ལེ་ཤི་བ་ལས་སྟག་འཛུམ་དྲུག་མངོན་ལེ་ཤི་ན་ལུས་དགའ་་་་་་རྔ་བ་རྒྱ་ཆེའི་མི་མང་གི་སྲོག་ཙམ་འཚོ་ཐབས་མ་ཤེས་པ་གང་ན་ཡིན་་་ཡབ་མེས་ཚོའི་བརླ་མ་བཙོང་་་རུས་རྐང་མ་བཅག་པ་འདི་ངོ་མ་རླབས་ཆེན་རེད་་་ང་ངོ་མ་སློབ་སྦྱང་ཡོད་མཁན་ཞིག་མིན་་་་ཡིན་ཡང་ལས་རྒྱུ་འབྲས་སྐད་ཆ་རེ་བཤད་་ན་བཟང་གི་ཞལ་བྲོ་་་
བོད་མ་རྣམས་ལ་གྲགས་འགུལ་མེད་ནོ། ཅི་རེད།གྲ་ཕུན་ཚོགས་ཀྱི་སྲོག་བོད་སྤྱིའི་ཆེད་ལ་ཕུལ་བ་མ་རེད་དམ། ཀརྟི་དགོན་པ་གཅིག་པའི་ཆེད་ཡིན་པ་འདྲ་བོ་འདུག ༢༠༡༠ ཟླ་བཅུ་བའི་ནང་ཁ་ཆེ་བ་ཞིག་གིས་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་པ་རྐྱེན་བྱས་ནས་ཁ་ཆེ་རྒྱལ་ཁབ་དྲུག་བདུན་ཞིག་གི་ནང་མི་ས་ཡ་མང་པོས་གསར་བརྗེ་ལས་འགུལ་སྤེལ་དང་སྤེལ་བཞིན་པ་་རེད།
རྔ་པའི་སེར་སྐྱ་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཞུ། ཁྱེད་ཚོའི་དཔའ་མཛངས་ནི་ང་ཚོའིའི་རྒྱན་ཆ་ཡིན། ཁྱེད་ཚོའི་སེམས་ཤུགས་ནི་ང་ཚོའི་་་་་བླ་སྲོག་ཡིན། ཁྱེད་ཚོའི་བསམ་འདུན་ནི་ང་ཚོའི་་་་་བསམ་འདུན་ཡིན། ཁྱེད་ཚོའི་སྡུག་བསྔལ་ནི་ང་ཚོའི་སྡུག་བསྔལ་ཡིན། ཤི་ན་ཤི་གོ་ཆོད་པའི་དཔའ་བོ་ཕུན་ཚོགས་རྒྱལ་གྱུར་ཅིག རང་གི་གྲོད་ཁོག་ཙམ་གྱི་ཆེད་དུ་གཡོག་པོ་རྒྱུག་མཁན་རྣམས་ཀྱི་དཀའ་སྡུག་ལ་ལྟོས་ན་ཁྱེད་ཚོ་སྤྱི་དོན་ཆེད་བཙོན་ནང་སོགས་སུ་མནར་གཅོད་མྱོང་བ་ངོ་མཚར་ཆེ། མནར་གཅོད་མྱོང་མཁན་ཚོ་སེམས་བསྐྱེད་མ་ཉམས་པ་བྱེད་རོགས། ཁྱེད་ཚོའི་་་་་ལྷག་བསམ་ལ་མི་རྣམས་ལྟ་ཅི་དཀར་ཕྱོགས་ལྷ་རྣམས་ཀྱང་དགྱེས་ངེས་གདའ་འོ།།