བསམ་གླིང་ཚེ་རིང་ལྷ་མོ།
ལོ་ལྗང་རླུང་གིས་བསྐུལ་བའི།།
གར་སྟབས་མཛེས་རང་དྲགས་ནས།།
ཕྱེ་ལེབ་གར་ལ་རོལ་བར།།
དོ་སྣང་བྱེད་ཁོམ་མ་བྱུང།།
མགྲིན་སྙན་མཛའ་བོའི་སྙིང་གཏམ།།
རྣ་བར་སྙན་རང་དྲགས་ནས།།
དཔྱིད་གསུམ་ཁུ་བྱུག་གསུང་ལ།།
རྣ་བ་གཡེང་ཁོམ་མ་བྱུང།།
མེ་ཏོག་སྒྲོལ་མ་སྣུམ་པོའི།།
དྲི་མཆོག་ཞིམ་རང་དྲགས་ནས།།
ལྡུམ་རའི་པད་མ་དཀར་པོ།།
བུམ་རྒྱན་བྱེད་ཁོམ་མ་བྱུང།།
བ་ལུའི་མེ་ཏོག་ཟིང་སྐྱ།།
སྣང་བར་འགྲོ་རང་དྲགས་ནས།།
སྟག་མ་དམར་པོའི་ནགས་ལ།།
ལྗོངས་རྒྱུར་འགྲོ་འདོད་མ་བྱུང།།
བསང་དེ་དགའ་ལྡན་འཁན་པ།།
བསུང་ཞིམ་འཐུལ་རང་དྲགས་ནས།།
ཐང་ཤིང་ཤུག་པའི་ལོ་མས།།
བསང་གསོལ་བྱེད་འདོད་མ་བྱུང།།
ཆུ་དེ་གངས་ཆུ་བསིལ་མ།།
བྲོ་བ་ཆེ་རང་དྲགས་ནས།།
ས་འོག་ཁྲོན་པའི་ཆུ་མོ།།
ཧུབ་ཀྱིས་འཐུང་རྒྱུ་མ་དྲན།།
ཕ་ཡུལ་གངས་ཅན་ཞིང་དེ།།
ཡིད་ལ་དྲན་རང་དྲགས་ནས།།
གནས་མཆོག་འཕགས་པའི་ཡུལ་ལ།།
སྡོད་པའི་དང་བ་མ་བྱུང་།།
བསམ་གླིང་ཚེ་རིང་ལྷ་མོ་ལགས་ཀྱིས་སྙན་རྩོམ་བྲིས་པ་བཀླགས་པ་ཡིན། བྱིས་པའི་སྙན་གཞས་ཀྱི་དེབ་ཤེས་རིག་ལས་ཁུངས་ནས་བཏོན་པ་དེ་ལ་དགེ་སློབ་མང་པོས་དགའ་ཤོས་བྱེད་ཀྱི་འདུག ཁྱེད་རང་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་ཡག་ཡིན།
ཕ་ཡུལ་གངས་ཅན་ཞིང་དེ།། ཡིད་ལ་དྲན་རང་དྲགས་ནས།། རྒྱ་གར་འཕགས་པའི་ཡུལ་ལ།། སྡོད་པའི་དང་བ་མ་བྱུང་།། ཚིག་བཅད་འདིས། ང་ཚོའི་སེམས་ཁམས་མང་པོ་ཞིག་དམར་འབྲི་གནང་འདུག སྙན་ངག་འདིས། རྒྱལ་དབང་བཅུ་གསུམ་པའི་སྐབས་ལ་ཤེལ་དཀར་གླིང་པས་རྡོ་རྗེ་གླིང་ནས་བྲིས་པའི༼ལྷ་ས་དྲན་གླུ༽དྲན་པ་ཞིག་བྱས་སོང་།
ངེད་ཀྱི་རྩོམ་འདི་གངས་སེང་མེད་སྨྲ་ཚོར་ཕུལ་བ་ཡིན་པས་དགྱེས་དགུར་བཞེས་རོགས།
གངས་སེང་མེད་པར་ལྟ་བའི་དགེ་ཆོས་དང།།
གངས་སེང་ཡོད་པར་ལྟ་བའི་དགེ་བཤེས་གཉིས།།
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་བའི།།
དེང་གི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
གྲང་ངར་ཆེ་བའི་བྱང་སྣེའི་དོམ་དཀར་དང།།
གངས་སེང་དཀར་མོ་གཡུ་རལ་གསིག་པ་གཉིས།།
ཡོད་མེད་ཁྱད་པར་འབྱེད་པའི་འཇིག་རྟེན་འདིར།།
ཕྱོགས་རེའི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ད་དུང་གངས་ཀྱི་གླང་ཆེན་ཡོད་པ་ལ།།
འུག་པ་རྒན་པོས་མིག་གིས་མ་མཐོང་ནས།།
ཡུལ་གྱི་གཙོ་བོ་གངས་རི་ཡིན་པ་ལ།།
ནགས་སེང་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ལོ་ངོ་ས་ཡ་གོང་གི་གཏུམ་འབྲུག་དང།།
བ་སྤུ་རིང་པོ་ཡོད་པའི་གླང་ཆེན་སོགས།།
སྲོག་ཆགས་རིག་པའི་རྗེས་སུ་འབྲང་འབྲང་ནས།།
རྒུད་པའི་རྩ་བ་གངས་སེང་མེད་པར་བརྙེད།།
ཨ་ཅག་བསམ་གླིང་ལྷ་མའི།།
སྙན་ངག་སྙན་རང་དྲགས་ནས།།
རྩོམ་ཡིག་གཞན་པ་ཞིག་ལ།།
མིག་གིས་བཤེར་ལོངས་མ་བྱུང་།།
ངའི་བར་སེང་གི་རོལ་ཆ་ནི།
བློ་བཟང་སེང་གེ་བཀའ་ཁྲིར་ཐོབ། །
དགའ་ཡང་ དགའ་བ་ ལ་ལགས། །
སྐྱིད་ཡང་ སྐྱིད་པ་ ལ་ལགས། །
ང་ལ་ འདོད་པའི་ བཀའ་ཁྲི་ རེད། །
དགའ་ཡང་ དགའ་བ་ ལ་ལགས། །
སྐྱིད་ཡང་ སྐྱིད་པ་ ལ་ལགས། །
སོགས་ཀྱིས་་་་་
རྡོར་དབང་ལགས་ནས་གཙོས་མི་ནག་གདུང་ཐུང་ལགས་དང་སྤྱན་ཆབ་ལགས་བཅས་ལ་ཐུགས་རྗེ་ཆེ་ཞུ།
ཀརྡོ་རབ་འབྱམས་༷པ་ལགས། བཀའ་ཁྲིའི་སྐོར་དེ་ང་རང་ལ་དེ་ཙམ་གྱི་་གོ་རྟོགས་མེད་ལ་ད་རེས་འདིར་འབྲེལ་བ་གང་ཡང་མི་འདུག
ངས་བཀའ་ཁྲི་སུ་བླུགས་ཡོད་པ་དེ་ཁྱེད་རང་མཁྱེན་འདོད་ཡོད་ན།
emailཁ་བྱང་ཐོག་ནས་འབྲེལ་བ་ཞུས་ཆོག
བསམ་གླིང་ཚེ་རིང་ལྷ་མོ་ལགས།
ང་ནི་བཀྲ་ཤིས་དབང་འདུས་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ན་ཡང་། བློ་སེང་ལགས་ལ་བཀའ་ཁྲི་ཐོབ་ཉིན་ནས་ཁོང་ལ་རྒྱབ་སྐྱོར་སྙན་ཚིག་དང་ཤིས་བརྗོད་འབྲི་ཡ་ངས་ལས་འགན་དུ་མཐོང་ནས་བྲིས་པ་ལས། ཁྱེད་ཀྱིས་སུ་ལ་འོས་སྡུག་དང་མ་སྡུག་ལ་ང་ལ་ཅང་ཁྱད་མི་འདུག་ལགས། ངེད་ཀྱིས་ཁྱེད་རང་གི་རྩོམ་འོག་ཏུ་བཀོད་པའི་གླུ་གཞས་ལ་མ་མཉེས་ན་དགོངས་འགལ་མེད་པ་ཅིག ཞུ་རྒྱུ་ལས་ལྷག་མི་འདུག་གོ། །
བྱས་ན་ང་རང་གོ་ནོར་ཐེབས་པ་ཡིན་རྒྱུ་རེད།
དགོངས་འགལ་མེད་པ་ཞུ།
གང་ཡང་གནང་བགྱིད་མ་རེད། ཡང་བསྐྱར་མཇལ་ཡོང་།
ཕུར་ཐོགས།
འདིར་ཁོ་བོས་ གང་ཞིག་ལ་མཆན་འགོད་པར་འདོད་པ་ནི། སྐུ་མདུན་ཞེས་པའི་ཐ་སྙད་འདི་ཉིད་ཡིན་ཞིང་། སྤྱིར་ཐ་སྙད་འདི་ནི། ༧གོང་ས་མཆོག་དང་སྐྱེས་བུ་དམ་པ་འགའ་རེའི་མཚན་གྱི་ཚབ་ཏུ་བེད་སྤྱོད་བགྱིས་ཏེ། ཧ་ལམ་ལོ་ངོ་ལྔ་བཅུ་ཡས་མས་ཤིག་ཕྱིན་ཡོད་པའི་ཚུལ་སྣང་ཡང་། ཐ་སྙད་འདི་བྱེད་ལས་སོགས་ཅི་འདྲ་ཞིག་གི་སྒོ་ནས་བཏགས་མིན་གྱི་སྐོར་ལ་གསལ་བཤད་ཅིག་ནི། ནམ་མཁའི་མེ་ཏོག་གི་དཔེ་རུ་འཁྲིལ། དེར་བརྟེན། སྐབས་འདིར་ང་ཚོར་རང་ཤུགས་ཀྱིས་འབབས་པའི་དྲི་བ་ཞིག་ཡོད་པ་ནི།སྐུ་མདུན་ཞེས་པའི་ཐ་སྙད་འདི་རྒྱུ་མཚན་སོགས་ཅི་འདྲ་ཞིག་ལ་བརྟེན་ནས་བཏགས་པ་ཡིན་ནམ།
ཞེས་འབྱུང་བ་འདི་ཉིད་ལགས་པས། ལྷན་རྒྱས་ཚོས་འདིའི་སྐོར་ལ་ག་འདྲ་ཞིག་དགོངས་ཀྱི་འདུག ཁོ་བོའི་བསམ་ཚུལ་ལྟར་ན། དེང་སྐབས་གྱི་གཞུང་ཞབས་ལས་བྱེད་པ་རེ་ཟུང་ཞིག་དང་། བླ་མ་འགའ་རེའི་ཞབས་འབྲིང་འགའ་ཞིག་གི་བྱ་སྤྱོད་བཅས་ལ་ལེགས་པར་བལྟས་ཚེ། ཐ་སྙད་དེ་ནི། ཞབས་འོག་པ་ཚོའི་བྱེད་ལས་ཀྱི་ཆ་ནས་བཏགས་པར་མཐོང་སྟེ། ཁོ་ཚོས་སྐུ་ཡི་མདུན་ནས་ལེགས་ལེགས་ལྟར་སྣང་གི་ཚུལ་འཆོས་མང་དུ་འཁྲབ་ཀྱང་། སྐུ་མདུན་ན་མེད་པའི་སྐབས་སུ། ཁོ་ཚོའི་བསམ་སྤྱོད་དེ་ལས་ལྡོག་པས་ན་སྐུ་མདུན་ཞེས་ཞུ་བ་མ་ཡིན་ནམ།