གཙང་བུ།
དད་པ་བྱེད་སའི་རྒྱལ་བའི་སྐུ་ཐང་ཞིག །
ཉི་འོད་མེད་པའི༷་ཁང་པ་ནག་འཁུང་གཅིགས་། །
ཇ་ཆུ་སྐོལ་སའི་རླངས་ཐབས་རང་སྒྲིག་གཅིག །
རྡོག་ཛེས་ཐེབ་པའི་ལྕག་སྒམ་གོབ་དོ་གསུམ།
མཚནམོ་ཉལ་སའི་ཉལ་ཁྲི་རང་སྒྲིག་གཅིག །
འགྲུལ་པ་འ༷ཇོག་སའི་ཉལ་ཁྲི་གོབ་དོ་གཅིག །
གྲོགས་པོས་སྤྲད་པའི་གློག་ཆུ་སྐོལ་ས་གཅིག །
ཆ་རྒྱུས་མེད་པའི་དཔེ་དེབ་མཐུག་པོ་འགའ། །
མགོ་སྐོར་ཐེབས་པའི་བརྙན་འཕྲིན་མཚོན་ཁྲ་ཞིག །
གོས་སོགས་འཁྲུད་སའི་དོང་བེན་ཆེ་ཆུང་གཉིས། །
གཞན་གྱིས་བྱིན་པའི་ཕོར་པ་ཆེ་ཆུང་འགའ། །
གྲོགས་པོས་བཞག་པའི་གོས་ལོག་གསར་རྙིང་འགའ། །
ཨ་ནེས་གནང་པའི་སེ་ཏེའི་གོབ་དོ་ཞིག །
མཚོ་བའི་བརྟེན་ས་ཉིས་སྟོང་བདུན་རྒྱ་ཙམ། །
རང་གིས་ཉོས་པའི་སྦོལ་གདན་མཐུག་པོ་ཞིག །
རི་མོ་གཟིགས་ཁྲའི་ཁ་གདན་ཆུང་བ་གཉིས། །
གད་སྙིགས་བླུགས་སའི་འགྱིག་དུང་ཆུང་བ་གཉིས། །
སྐྱིད་སྡུག་མཉམ་མྱོང་གྲོགས་པོ་བློས་ཐུབ་གསུམ། །
གསར་འབྱོར་མཚར་བའི་མཚར་ལུགས་འདི་ལྟར་ལགས། །
སེམས་དཔའ་ཆེན་པོ་མཧྰཏ་མ་གྷན་དྷི་ཡིས། །
འཚོ་བ་ངན་ངོན་དམའ་བས་འཚོ་དགོས་ལ། །
བསམ་བློ་གཏོང་སྟངས་གང་མཐོ་ཇེ་མཐོར་དགོས། །
གང་གསུང་བདུད་རྩི་མྱོང་དང་གསར་འབྱོར་བ། །
གཙང་བུ་ང་གཉིས་གྷན་དྷིའི་ལད་མོ་གྱིས། །
ནག་འཁུང་གཅིགས་། །….གོབ་དོ་……རྡོག་ཛེས་……..གློག་ཆུ་སྐོལ་ས་གཅིག །……..མཚོན་ཁྲ་ཞིག །…..་གོས་ལོག…….་སེ་ཏེའི…..མཚོ་བའི་བརྟེ……སྦོལ་གདན་མཐུག་པོ་ཞིག །…………..རི་མོ་གཟིགས་ཁྲའི་ཁ་གདན་ཆུང་………………གད་སྙིགས་བླུགས་སའི་འགྱིག་དུང………….གསར་འབྱོར་མཚར་བའི་མཚར་ལུགས..ཉིད་ཀྱི་རྩོམ་ཡིག་འདི་བཀླགས་རྗེས།
དག་ཡིག་གསར་བསྒྲིགས་སུ་མེད་པ་འགའ་ཞིག།
བོད་ཡིག་ཚིག་མཛོད་དུ་མ་མཐོང་འགའ་ཞིག།
རང་གི་སྦྱངས་གོམས་ལས་མ་ཤེས་ཁག་ཅིག།
དེ་རིང་གཟིགས་མོ་རུ་མཐོང་བས་སྐྱོ་སོང་།།
ཁྱོད་ཀྱི་བཤད་རྒྱུ་དེ་ཅི་རེད།།
དོན་གྱི་སྙད་པ་དག་གང་རེད།།
དག་པོ་དེ་དག་གི་དོན་གོ།
སང་ཉིན་ཡང་བསྐྱར་དུ་ཐོངས་ཤོག།
…….. ཅེས་ཀྱང་མཐའ་འཚོལ་བ་སྤྱན་ཆབ་ཀྱིས་སྤྲིངས་སོ།།
ཨ་ཨ་ཨ་་་་་དེ་རིང་ད་ཨ་ཁུ་ལྷ་ཆབ་པས་ངོ་མ་ཅན་གྱིས་བྲིས་ཡོད་ཀི་དགོ་་་་་་་་
གླ་གཉིས་བཙོང་ནས་ཐོབ་པའི་རུམ་གདན་དང་། །
གློག་ཀླད་ཀུ་ཤུ་རྟགས་ཅན་ཁ་པར་སོགས། །
དེང་རབས་ཅ་དངོས་མ་ལུས་འཛོམས་ལུགས་འདི། །
མོ་མིན་ཕོ་ལ་ཚང་བའི་འཇོན་ཐང་ཞིག །
ཟུང་འཇུག་བདེ་དྲོད་འབར་ཡུལ་གཞང་ཁང་ཞིག །
གཡོ་སྒྱུ་ཁྲོམ་གསུམ་ཚང་བའི་གྲོགས་པོ་ཞིག །
ཡོད་ཚད་འཇེ་རྩེར་གཏོང་བའི་སྦྱིན་བདག་ཅིག །
ཨ་ཧོ་བུ་ཁྱོད་བསོད་ནམས་ཆེ་བ་ལ། །