བོད། ལྷ་ཀླུ་གཉན་གསུམ།
བོད་ལ་དབའ་བོ་ཇི་ལྟར་བྱུང་བར་ངེས་འཛིན་བྱེད་དགོས་ཀྱི་ཡོད་དམ། གང་ནས་བརྩི་དགོས་པ་ཡིན་ནམ། བཙན་པོ་དག་གི་དུས་སྐབས་ནས་འགོ་འཛུགས་དགོས་པ་ཡིན་ནམ། ཡང་ན། མེས་པོ་དག་གི་སྐུ་རིང་དུ་ངེས་འཛིན་བྱེད། དེ་མིན་ན་ང་ཚོས་ཨ་མྱེ་དག་གི་རིང་དེ་ནས་འགོ་འཛུགས། ཡང་ན། སྤྱི་ལོ་ལྔ་དགུ་ནས་བཟུང་དེ་འགོ་འཛུགས། དབའ་བོ་བྱུང་ལུགས་ཇི་ལྟར་ཡིན། དབའ་ཚུལ་དེ་ཡང་ཇི་ལྟར་ངེས་འཛིན་བྱེད་དགོས་ཀྱི་ཡོད་དམ། ངས་འདི་ལྟར་བསམ་བློ་བཏང་ནས་ཡོང་དུས་སུ། དེ་རིང་གི་དྲ་ངོས་མང་དག་ཞིག་ནས་བོད་ཀྱི་ཆེད་དུ་སྐུ་ལུས་མེ་ལ་སྒྲོན་པའི་དབའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གི་སྐུ་པར་ལས་གང་ཡང་མཐོང་གི་མི་འདུག་ལ། གླེང་ཤུགས་ཁོ་རང་ཆེན་པོ་འདུག
དེས་ན་ང་རང་གིས་ནམ་ཡང་ཕྱོགས་ཞེན་བྱེད་ཀྱི་མེད་ལ། ཉེ་དུས་རང་དུ་རང་ལུས་མེ་རུ་སྒྲོན་པའི་རྒྱལ་གཅེས་པ་གྲྭ་ཕུན་ཚོགས་ལགས་ཀྱི་སྐུ་དཔར་ཁོང་དང་མཉམ་དུ་བཞག་ནས་ཁོ་དང་མཉམ་དུ་གླེང་ན་དབའ་བོའི་རྗེས་དྲན་དུ་གྱུར་འགྲོ་བ་ཡིན་ནམ། དེ་མིན་ན་དབའ་བོ་ཟེར་བ་དེ་ནི་རང་གི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་མཁན་ཁོ་ན་ཞིག་ལ་ངེས་འཛིན་བྱེད་དགོས་པ་ཡིན་ནམ་ཅི། དུས་དེ་རིང་བོད་དུ་བཙན་གནོན་འོག་དུ་ཤི་གསོན་གྱི་ངོ་བ་རྩ་ནས་ཡིད་ལ་ཡང་དྲན་དཀའ་བའི་ཆབ་སྲིད་བཙོན་པ་དེ་དག་གང་རེད་དམ། དེ་དག་ནི་དབའ་བོ་ཡིན་ནམ་ཅི། ང་ཚོས་དེ་དག་གི་ཆེད་དུ་སྐད་འབོད་བྱེད་དགོས་པ་ཡིན་ནམ། གླེང་དགོས་པ་ཡིན་ནམ། ཁྲོག་སྒྲོག་ཤུགས་ཆེན་བྱེད་དགོས་སམ། ཡང་ན། ཁོང་ཚོ་རྒྱ་ནག་གི་འདོད་བློ་འཁང་རེག་བར་དུ་རྩེད་ཆོས་སུ་བཙོན་དུ་བསྡད་ན་འགྲིག་གི་ཡོད་པ་རེད་དམ། ཁོང་ཚོས་གཅེས་པའི་སྲོག་དེ་ཡང་འདས་ཟིན་པའི་བོད་ཀྱི་རྒྱལ་གཅེས་པ་དེ་དག་དང་མ་འདྲ་དོན་གང་ཡིན་ནམ། གསོན་ཡོད་པའི་རེད་དམ། བོད་དོན་དུ་ད་དུང་ཡང་མནར་གཅོད་མྱོང་བཞིན་ཡོད་པས་ཡིན་ནམ།
དབའ་བོའི་ཉིན་མོ་རེད་ཟེར་ནས་གླེང་མཁན་དེ་དག་གིས་དབའ་བོ་ཟེར་བ་ནི། དངོས་ནས་གང་ཞིག་གི་ཐད་ནས་ངེས་འཛིན་བྱེད་ཀྱི་ཡོད་པ་ཡིན་ནམ། རང་སྲོག་ལ་བརྩེ་བ་མེད་མཁན་གྱི་མི་ཞིག་འཛམ་གླིང་འདིར་ག་ཚོད་ཡོད་སྲིད་དམ། དངོས་ནས་ཉུང་ངུ་ལས་མེད། བརྩེ་བ་ལས་བརྒལ་ཐུབ་པའི་མི་དེ་དག་ནི་དབའ་བོར་ངེས་འཛིན་བྱས་ན་འགྲིག་གི་རེད་དམ། མདོར་བསྡུས་ན་ངས་ཞིབ་དུ་བསམ་བློ་བཏང་བ་དེར་ནོར་འཁྲུལ་ཤོར་མེད་པ་ཡིན་ན། བྱ་དངོས་སྤྱོར་གསུམ་གང་ཞིག་གི་ཆེད་དུ་རང་སྲོག་བློས་གཏོང་བྱེད་པ་དེ་ནི་དངོས་ནས་ཐབས་ཤེས་ཡག་ཤོས་དེ་གཏན་ནས་མིན་ལ། དེ་ཡི་གྲུབ་འབྲས་ཀྱང་དེ་འདྲའི་བཟང་བོ་ཞིག་ཐོན་ཁག་པོ་ཡིན། དེ་ལས་མི་གཅིག་ཤི་བ་ལས། མི་གཅིག་གསོན་བསྡད་པ་ཡིན་ན། ད་གཟོད་རིན་ཐང་ཡོད་ལ། བྱེད་སྟངས་ཀྱང་མང་། ལམ་ཁ་ཡང་མང་། གོ་སྐབས་ཀྱང་མང་། ལས་དོན་ཡང་མང་། རེད་དེ། ནམ་ཡང་བསམ་རྒྱུ་དྲན་རྒྱུ་མེད་པའི་རོ་སྐོག་སྐམ་པོ་སྲུང་མཁན་གྱི་ང་འདྲ་བ་དག་ནི་ཤི་གསོན་གང་ལ་ཡང་ཁྱད་པར་གཏན་ནས་མེད་ལ། མི་རིགས་ཀྱི་དབའ་བོ་ཟེར་ནས་གླེང་ཐུབ་ཀྱང་མེད་ལ། དབའ་བོ་ཟེར་བའི་སྐོར་ལ་སྐད་ཆ་བཤད་པའི་ལྕེ་དེ་ཡང་ཚད་ལྡན་ཞིག་ནམ་ཡང་མེད་པ་ཡིན།
གང་ལྟར། ངས་དེ་རིང་གི་དབའ་བོའི་ཉིན་མོ་ཟེར་བ་འདི་རྒྱུད་དེ། རང་རིགས་སྐྱེ་བོ་སུ་ཞིག་ཡིན་ཡང་། བོད་རྒྱལ་གཅེས་པ་ཞིག་བྱེད་པ་ལ། ཤི་བ་ལས་གསོན་དགོས་པ་དང་། གསོན་པ་དེ་ཡང་བོད་མི་ཞིག་གི་འགན་ཡོད་པའི་སྒོ་ནས་གསོན་རོགས་ཟེར་ནས་ལག་ཟུང་སྙིང་ཁར་སྤྱར་ནས་ཞུ་བ་བྱེད་ཀྱི་ཡོད། ལྷག་པར་དུ་དུས་ཚོད་འདི་ལ་བོད་ནང་གི་ཛ་དྲག་གི་དུས་ཚོད་ལ་སླེབས་ཡོད་པའི་རྔ་བའི་སྐྱ་སེར་གཉིས་ཀྱི་གཙོ་བའི་བོད་རྒྱ་ཆེ་མི་མང་གི་སྐྱིད་སྡུག་ཆེད་དུ་བོད་མི་གང་ན་སུ་ཡོད་པ་དག་གིས་ཤ་གསེང་དུ་རུས་ཡོད་པ་དང་། རུས་གསེང་དུ་རྐང་ཡོད་པ་ཞིག་བྱེད་པར་སེམས་གཏིང་ནས་རེ་ཞིང་འབོད།
བོད་ཀྱི་དཔའ་བོའི་མཚན་སྙན་སྲིད་མཐར་གནས་འགྱུར་ཅིག །
རང་སྲོག་སྐྱེལ་སྐྱེལ་ཚང་མ་དཔའ་བོ་མིན། རང་དོན་ཆེད་དུ་འཆི་བ་དེ་བས་མིན།
མི་རིགས་ཆེད་དུ་སྐུ་སྲོག་འདོར་བ་ལ། མི་རིགས་དཔའ་བོའི་མཚན་སྙན་ལོས་ཀྱང་འབུལ།
ཐུབ་བསྟན་དངོས་གྲུབ་ཕུན་ཚོགས་གཉིས། མི་རིགས་དཔའ་བོ་ལོས་ཀྱང་ཡིན།
ཡིན་ཡང་འདི་གཉིས་ཁོ་ན་ཡིས། དཔའ་མཛངས་དཔེ་མཚོན་ནུས་མ་ཡིན།
ལ་ལ་གསོན་པ་ལས་ཀྱང་ཤི་བ་བཟང། ལ་ལ་འཆི་བ་ལས་ནི་གསོན་པ་དགའ།
འཆི་གསོན་གང་བཟང་དགེ་སྐྱོན་དག དེ་ཡི་ཤུགས་རྐྱེན་ཉིད་ཀྱིས་གཞལ།
ཀརྡོ་རབ་འབྱམས་པ་ལགས། ཕེབས་པ་དེར་དགའ་ཡོད།
ལྷ་མོ་དོན་འགྲུབ་ལགས།
ཤི་དང་གསོན་གྱི་བར་ན་ཁྱད་ཆེ་ཡང་།།
ཤི་བ་རང་དོན་མིན་ན་དབའ་བོར་བརྩི།།
གསོན་པ་རང་དོན་མིན་ན་དབའ་བོར་བརྩི།།
དེ་གཉིས་གང་ཡང་མིན་པ་སྡར་མ་རེད།།
ང་ཡི་བསམ་པ་ཁྱེད་ཀྱི་མི་འདོད་ཀྱང་།།
ཁྱེད་ཀྱི་རྟོགས་པ་ང་ཡི་མ་ཤེས་པར།།
གཅིག་གིས་གཅིག་ལ་བསམ་ཚུལ་གླེང་བའི་ཐར།།
རིགས་པའི་གོམ་པ་སྤོ་བའི་གནས་ཤིག་ཡོད།།
དྲྭ་གྲོགས་ལྷ་ཀླུ་གཉན་གསུམ་ལགས།བསམ་ཚད་ཚང་མ་བཤད་མ་བསྡད།འདི་ལྟར་བརྗོད་ན་ངས་ཁྱེད་ཀྱི་ལྟ་ཕྱོགས་ལ་ཐེ་གཏོགས་བྱེད་པ་ཞིག་ཏུ་སྣང་ཡང་།ཁྱེད་ཀྱིས་བསམ་ཚད་བཤད་ན་ངས་ཀྱང་དྲན་ཚད་བརྗོད་ཆོག་པའི་ཐོབ་ཐང་ལོས་ཡོད་པར་འདོད།དེ་ཕྱིར་ཁོ་བོས་འདི་ལྟར་བརྗོད་འདོད་བྱུང་།ཁྱེད་ཀྱི་བརྗོད་གསལ་ལྟར་རང་ཉིད་ཤེས་འབྱོན་གཉིས་ལྡན་ཞིག་ཏུ་སྒྲུབ་འདུག་མོད།ཨ་་་་རོ་་་་་་་གྲོགས་པོ།་དེ་ལས་ཟ་རྒྱུ་རེ་ཡོད་ན་སྔོན་ལ་སྡོད།ལས་འགུལ་ཞིག་ཡོད་ན་སྐོར་ནས་སོང་།དུས་ཚོད་སྟོང་པ་རེ་ཡོད་ན་གཙུག་ལག་ཁང་དུ་སོང་དང་སོ་སོའི་བསམ་ཚུལ་བརྗོད་ས་རེ་རེག་ན་ཐང་།རང་ངོ་རང་གིས་མ་ཤེས་པར་གཞན་རྐྱང་རྐྱང་ལ་མཛུབ་མོ་གེར་ནས་མསྡོད་ལོ།
རྡོ་རིགས་པའི་མདའ་མོ་ལགས་ཀྱི་གསུང་ཚུལ་དེར་གུས་ཤིང་མདུད་དོ། ང་ལྟ་བུ་སྡར་མ་དག་ལ་དེ་ལྟར་འཕྱ་ན་འགྲིག་གི་ཡ