དོལ་སྨྱོན།
གལ་ཏེ། ཁྱོད་རང་ཡོད་ཚད་ཀྱི་ཡིད་དབང་འཕྲོག་པའི་མེ་ཏོག་ཅིག་ཡིན་པའི་དབང་དུ་བཏང་ན། ང་ནི། སྤྲོ་སེམས་ཀྱི་མགྲིན་སྒྲ་འཁྲོལ་ཞིང་ཡིད་ཆེས་ཀྱི་གཤོག་ཟུང་གཡོབ་པའི་སྦྲང་ཆུང་ཞིག་ཏུ་སྤྲུལ་ནས། ལང་ཚོའི་ཆ་ཤས་རྫོགས་ཤིང་། ཞིམ་མངར་གྱི་རོ་བཅུད་རྒྱས་པའི་ཁྱོད་ཀྱི་ཟེའུ་འབྲུའི་སྟེང་དུ་བབས་ནས། སེམས་ཀྱི་ཕྱི་ནང་གསང་གསུམ་མ་ཚིམ་པའི་བར་དུ་ཁྱོད་ཀྱི་ཞིམ་མངར་གྱི་རོ་བཅུད་ཡོངས་རྫོགས་འཇིབ་ན་འདོད།
གལ་ཏེ། ཁྱོད་རང་ཆུ་ཕྲན་ཀུན་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ཞིག་ཡིན་པའི་དབང་དུ་བཏང་ན།
ང་ནི། ཆོད་སེམས་ཀྱི་དམ་བཅའ་བརྟན་ཅིང་འདུན་སྐྱོད་ཀྱི་སྤོབས་པ་རྒྱས་པའི་ཆུ་ཕྲན་ཞིག་ཏུ་སྤྲུལ་ནས། རི་བོ་ནས་རི་བོ་བརྒྱུད་ཅིང་གྲོང་བརྡལ་ནས་གྲོང་ཁྱེར་འགྲིམས་ཏེ་མཐའ་ཡས་པའི་ནོར་བུའི་བསྟི་གནས་སུ་གྱུར་བའི་ཁྱོད་ཀྱི་ཞིང་ཁམས་ལ་ཆུ་ལ་ཆུ་བཞག་གི་ཚུལ་དུ་བསྟིམ་ན་འདོད།
གལ་ཏེ། ཁྱོད་རང་ཡོད་ཚད་ཀྱི་འདོད་པ་སྐོང་བའི་ལྷ་སྐུ་ཞིག་ཡིན་པའི་དབང་དུ་བཏང་ན། ང་ནི། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད། ད་དུང་ཕྱི་མཆོད་དང་ནང་མཆོད། མར་མེ་དང་ནྜལ། མེ་ཏོག་དང་བདུག་སྤོས། མདོར་ན་འཇིག་རྟེན་ཁམས་ཀྱི་བློས་བླང་དང་ཡིད་ྤྲུལ་སོགས། མཆོད་པའི་དངོས་པོ་ཡོད་ཚད་ལ་སྤྲུལ་ནས་འདི་ཕྱིའི་སྐྱབས་གནས་དང་རེ་ལྟོས་སུ་གྱུར་བའི་ཁྱོད་ཀྱི་ཉེ་འཁོར་ཡོད་ཚད་ལ་ལྷོ་སྤྲིན་བཞིན་ཡོངས་སུ་གཏིབ་ན་འདོད།
གལ་ཏེ། ཁྱོད་རང་ཞལ་གཟིགས་མི་སྣང་བའི་ལྷ་ཚོགས་ཞིག་ཡིན་པའི་དབང་དུ་བཏང་ན།ང་ནི། དད་པའི་རྩ་བ་བརྟན་ཅིང་བརྩོན་འགྲུས་ཀྱི་རླབས་རྒྱུན་རིང་བའི་ལས་ཅན་གྱི་སློབ་མ་ཞིག་ཏུ་གྱུར་ནས། ཉིན་མཚན་དབྱེར་མེད་དུ་འདུན་པའི་རྩ་བ་གཅིག་ལ་གཏད་ནས། དཀའ་སྤྱད་དང་སྙིང་རུས་ཀྱིས་སྒྲུབ་པའི་བྱ་བ་མཐའ་རུ་ཕྱིན་ཏེ། ཇི་སྲིད་རྣམ་རྟོག་གི་རྒྱུ་བ་ཆོས་ཀྱི་དབྱིངས་སུ་མ་ཟད་ཀྱི་བར་དུ་བདག་མདུན་དབྱེར་མེད་ཀྱི་བདེ་བ་ལ་རྩེ་གཅིག་ཏུ་རོལ་ན་འདོད།
གལ་ཏེ། ཁྱོད་རང་ང་ཁོ་ན་ལ་དབང་བའི་འདོད་དགུ་ཐམས་ཅད་ཡིད་བཞིན་དུ་འཇོ་བའི་ནོར་བུ་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ཚེ། ངས་དགོས་འབྱུང་གི་ནོར་བུ་ཁྱོད་ཉིད་རང་ཁྱིམ་གྱི་སྦུབས་སུ་སྦས་ཏེ། རང་གི་འདོད་དོན་ཐམས་ཅད་རྫོགས་པར་ཞུས་ནས་ཇི་སྲིད་དབུགས་ཀྱི་རྒྱུ་བ་མ་ཆད་པའི་བར་དུ་ཐབས་ཤེས་དབྱེར་མེད་ཀྱི་བདེ་བ་ལ་བག་ཡངས་ཀྱིས་ཚུལ་དུ་རོལ་ན་འདོད།
གལ་ཏེ། ཁྱོད་རང་སྦྲང་ཆར་ལ་རེ་བའི་ལྗོན་ལོ་གཞོན་ནུ་ཞིག་ཡིན་པའི་དབང་དུ་བཏང་ན།ང་ནི། འབྱུང་བཞི་ལ་རང་དབང་ཐོབ་པའི་ཆུ་ཡི་ལྷ་མོ་ཞིག་ཏུ་སྤྲུལ་ནས། འཇིག་རྟེན་ཁམས་ཀྱི་ལྷོ་སྤྲིན་དང་སྨུག་པ་ཡོད་ཚད་གཅིག་ཏུ་བསྡུས་ཤིང་བསྲུབས་པ་ལས་བྱུང་བའི་སྦྲང་ཆར་གྱི་གཟེགས་མས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་དང་ཕྱི་ནང་གསང་གསུམ་ཀུན་ངོམས་མེད་ཀྱི་ཚུལ་དུ་ལན་བརྒྱར་བརླན་ན་འདོད།
གལ་ཏེ། ཁྱོད་རང་ངའི་བསམ་ཚུལ་དང་ལྟ་ཚུལ་རྟོགས་པའི་བུད་མེད་འཛངས་མ་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ཚེ། ཁྱོད་རང་ཅི་མི་སྙམ་པར་ངའི་འཇིག་རྟེན་སྟེང་བྱོན་དང་། ངས་འབུར་དུ་ཐོན་པའི་ཁྱོད་ཀྱི་མྱོས་བུམ་ཟུང་ནས་འདྲེ་ལྡོག་རྒྱག་གིན།ཡུན་རིང་དུ་དཀའ་བས་བསགས་པའི་བདུད་རྩིའི་ཐིག་པ་ཡོད་ཚད། ཅི་མི་སྙམ་པར་ཁྱོད་ཀྱི་པདྨའི་སྟེང་བྱོ་ན་འདོད།
སྙན་པོ་འདུག་ཡ་ད་རང་མི་མཐུད་དེ་འབྲི་རོག་གནང་།
དོལ་སྨྱོན་ལགས། ཁྱོད་རང་དོལ་པོ་ལུང་པའི་སྨྱོན་པ་ང་ལ་ཡིད་ཆེས་ཡོད། དེ་མིན་བུ་མོ་ཞིག་ལ་དགའ་སྟེ། རྩོམ་ཡིག་འདི་ལྟར་འབྲི་ཉན་སུ་ཞིག་ཡོད། སོམས་དང་། ཧ་ཧ་ཧ།
གལ་ཏེ་ཁྱོད་ཁ་བརྡའི་དྲ་རྒྱ་འདི་ཡིན་ན། ང་ནི་དོལ་སྨྱོན་དུ་སྤྲུལ་ནས་རྩོམ་རེ་རེའི་འོག་ཏུ་མཆན་བུ་རེ་རེ་བཏབ་ཅིང་། བདུན་རེ་རེའི་ནང་རྩོམ་ཐུང་རེ་འབྲི་ན་འདོད།
གལ་ཏེ། ཁྱོད་བོད་ཀྱི་རྩ་དོན་གཅིག་ཡིན་ན། ་་་་་་་
གལ་ཏེ་ང་དོལ་སྨྱོན་གྱི་སེམས་དབུས་ན་འོད་ཀྱིས་འཚེར་བའི་མཛེས་མ་དེ་ཡིན་ན།
ངས་དོལ་སྨྱོན་གྱི་ཡོད་ཚད་ལྷོད་ཀྱིས་འཇིབ་བཞིན།
འཛད་མེད་ཁ་སྦྱོར་གྱི་དགའ་བར་མཉམ་དུ་རོལ་ནས།
མི་ཚེའི་ཟློས་གར་གྱི་ལོ་ཟླ་ཡོད་ཚད། ལྷད་མེད་བརྩེ་དུང་གིས་དྲོད་ཀྱིས་སྐྱོང་བཞིན།
ཡོད་ཚད་ཡིད་ཆེས་དང་ཐམས་ཅད་ཞེན་ཆགས་སུ་འགྱུར་བཞིན་འཆི་ན་འདོད།
གལ་ཏེ་ང་དོལ་སྨྱོན་གྱི་སེམས་དབུས་ན་འོད་ཀྱིས་འཚེར་བའི་མཛེས་མ་དེ་ཡིན་ན།
ངས་དོལ་སྨྱོན་གྱི་ཡོད་ཚད་ལྷོད་ཀྱིས་འཇིབ་བཞིན།
འཛད་མེད་ཁ་སྦྱོར་གྱི་དགའ་བར་མཉམ་དུ་རོལ་ནས།
མི་ཚེའི་ཟློས་གར་གྱི་ལོ་ཟླ་ཡོད་ཚད། ལྷད་མེད་བརྩེ་དུང་གི་དྲོད་ཀྱིས་སྐྱོང་བཞིན།
ཡོད་ཚད་ཡིད་ཆེས་དང་ཐམས་ཅད་ཞེན་ཆགས་སུ་འགྱུར་བཞིན་འཆི་ན་འདོད།
དྲ་གྲོགས་རྣམ་པས་བསམ་ཚུལ་གླེང་བ་ཐུགས་རྗེ་ཆེ།
ང་ཡི་ཡོད་ཚད་ནི་སེམས་སོང་བུ་མོ་དེ་ཡིན་ལ།
མོ་ཡི་ཡོད་ཚད་ནི་འཇིག་རྟེན་གཞན་ཞིག་ཡིན་པས།
ངས་སྙན་ངག་ཐན་ཐུན་རེ་འབྲི་བ་ལས་ཐབས་ཤེས་མི་འདུག
ངོ་མ་བརྩེ་དུང་གི་ཐ་སྙད་དེ་ང་ལ་མཚོན་ན་བློ་ངོར་མི་ཤོང་པ་ཞིག་རེད།
བཀའ་རྡོའི་བསམ་ཚུལ་ལྟར།
གལ་ཏེ་ཁྱོད་བོད་ཀྱི་རྩ་དོན་ཞིག་ཡིན་ན།
ང་ནི་གོ་ལ་འདིའི་ཆེ་བར་གྲགས་པ་ཡོད་ཚད་ལ་སྤྲུལ་ནས།
ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུག་ནས་ཉིན་བདུན་གྱི་རིང་ལ།
ངས་ཁྱོད་ཀྱི་འདོད་པ་དེ་སྐོང་ན་འདོད།
སྙན་རྩོམ་ལེགས་པོ་ཞིག་བྲིས་འདུག ད་དུང་ཡང་བུ་མོ་དེ་ཆེད་སྙན་ངག་རེ་འབྲི་རོགས། དོལ་མྱོན་ལགས།
བརྩེ་དུང་ཟེར་བའི་ཧམ་པ་འདི།
ཁྲེལ་མེད་ཟེར་བའི་ཤན་པ་ཞིག་གི་ལག་པར་ཤོར་ཚར་དུས།
རང་དབང་ཟེར་བའི་ངར་འཛིན་དེ་དང་།
ངོ་ཚ་ཟེར་བའི་འཆིང་རྒྱ་འདི་ཡང་ཁྱོད་ལ་མི་དབང་བའི་མཛེས་མ་དེ་དང་ཧ་ཅང་མཚུངས།
དུས་དེར་ཁྱོད་ལ་ཡོད་པ་ནི།
ཁེར་རྐྱང་ཟེར་བའི་མིག་ཆུ་དེ་དང་།
བརྩེ་ཞེན་ཟེར་བའི་སྙན་ངག་འདི་ཁོ་ན་ཡིན་སྲིད།
རང་དབང་ཟེར་བའི་ངར་འཛིན་དེ་དང་།
ངོ་ཚ་ཟེར་བའི་འཆིང་རྒྱ་འདི་ང་ལ་དབང་རུང་མ་དབང་རུང་།
ང་ཡི་བརྩེ་དུང་ནི་རང་ངོས་ནས་བསམ་ན།
རྣམ་དག་གི་བརྩེ་དུང་ཞིག་ཡིན་པ་ལས་ཧམ་པ་ཞིག་གཏན་ནས་མིན་ལ།
ཤོར་ཡུལ་ཡང་སེམས་སོང་གི་བུ་མོ་དེ་ཡིན་པ་ལས།
ཁྲེལ་མེད་མ་ཞིག་གཏན་ནས་མིན།
འོན་ཀྱང་ད་ལྟའི་ང་ནི།
ཁྱོད་ཀྱིས་བཤད་པ་ལྟར།
ཁེར་རྐྱང་ཟེར་བའི་མིག་ཆུ་དེ་དང་།
བརྩེ་ཞེན་ཟེར་བའི་སྙན་ངག་འདི་ལས་གཞན་གང་ཡང་མི་འདུག
བརྩེ་དུང་ཟེར་བ་འདི་ཧམ་པ་ཡིན་ཏེ། གཞན་གྱི་བྷ་ག་དང་མྱོས་བུམ་གྱིས་མཚོན་པའི་ལུས་པོ་མ་ཟད་སེམས་པ་ཡང་ཁྱོད་ཀྱིས་སྒེར་བདག་ཅན་དུ་བསྒྱུར་འདོད་ཡོད་པས་ཕྱིར།