དོལ་སྨྱོན།
རླུང་ནག་འཚུབ་མའི་དུས་ཚིགས་འདི་ནས།
ང་ཁྱོད་དང་ཕྲད་པ་ནི་ང་ཡི་ལས་དབང་ཡིན་ལ།
གྲང་ངར་སྐྱེན་པའི་གྲུ་ཁ་འདི་ནས།
ང་ཁྱོད་དང་ཐུག་པ་ནི་ང་ཡི་ཕམ་ཁ་ཡིན།
མུ་ཏིག་གི་དོག་པོ་དར་ལ་བརྒྱུས་པ་ལྟ་བུའི་ཁྱོད་ཀྱི་སོ་ཡི་འཕྲེང་བ་དེ།
ང་ལ་མཚོན་ན་སྐྱོ་སྣང་གི་གདུང་བ་སྤོར་བྱེད་ཅིག་ལས་གཞན་མེད་ལ།
ལི་ཁྲིའི་མཚོན་མདོག་ལས་དམར་བའི་ཁྱོད་ཀྱི་ཁུར་ཚོས་མཛེས་པོ་དེ།
ང་ལ་མཚོན་ན་སྡུག་བསྔལ་གྱི་ཁུར་པོ་འཕར་མ་ཞིག་ལས་ཅི་ཡང་མེད།
ཆེས་མཛེས་ཤིང་སྙན་པའི་ཁྱོད་ཀྱི་གོམ་སྒྲ་དང་དགོད་སྒྲ་དག
གོམས་ཟིན་པའི་ང་ཡི་རྣ་བའི་བུ་གར་འཛུལ་ཐེངས་རེ་རེར།
ང་ཡི་གློ་སྙིང་བྲང་གསུམ་འདར་བཞིན་འདུག་ལ།
ང་ཡི་ལུས་ངག་ཡིད་གསུམ་ཡང་འཁྲུགས་བཞིན་འདུག
བརྩེ་དུང་གི་རིན་ཐང་མ་ཤེས་པའི་ཁྱོད།
ཚེ་སྲོག་གི་དོན་སྙིང་མ་རྟོགས་པའི་ཁྱོད།
ང་དང་ང་ལྟ་བུའི་མི་བུ་མང་པོ་ཞིག་གི་རྣམ་དག་གི་བརྩེ་དུང་དེ།
ཅི་མི་སྙམ་པར་རྩེད་ཆས་སུ་སྤྱད་ཡོད་འགྲོ་ཨང་།
ང་ལ་སྡུག་བསྔལ་ཡོད་པ་བདེན་དུ་ཆུག་ཀྱང་།
ཁྱོད་ལ་ནག་ཉེས་མེད་པ་ག་ལ་ཡིན།
ཁྱོད་ཀྱི་འཁོར་ཡུག་ན་མེ་ཏོག་གི་ཆར་བ་འབབ་པ་བདེན་དུ་ཆུག་ཀྱང་།
ང་ཡི་འཁོར་ཡུག་ན་སང་ཉིན་གྱི་ཉི་མ་འཆར་རྒྱུ་མེད་པ་ག་ལ་ཡིན།
འོན་ཀྱང་ངས་ཇི་ཙམ་བསམས་ཀྱང་གོ་དོན་མ་རྟོགས་པ་ནི།
ཡང་ཡང་གོམས་ཤིང་འདྲིས་པའི་ཐ་སྙད་དེ།
འཇིག་རྟེན། བརྩེ་དུང་། འགྱུར་ལྡོག
དྲ་གྲོགས་ཚོ། ཁྱེད་རྣམ་པས་ང་ལ་གསལ་བཤད་ཐུང་ངུ་ཞིག་ཨེ་འདེབས།
ཨ་ཧ་བོ་དོལ་སྨྱོན་ཁྱོད་སྙིང་རྗེ་་་་་་ང་དང་འདྲ་བའི་ཕོ་སྒོ་མེད་ས་ཞིག་རྒྱུ་རེད་མོད་སྐད་ཤོར་ཚུལ་ལ་བལྟས་ན་་་་ཨ་རོ་དེང་སང་མི་ཐོབ་རྒྱུ་རྩ་མོ་ཡིན་ཀྱང་་་མི་དེའི་སེམས་པ་ཐོབ་རྒྱུ་ཧ་ཅིང་དཀའ་གི་ཡ་་་་་་་་་་
ཨ་རོགས་དོལ་སྨྱོན་ལགས།
ཆུ་ཆེན་པོའི་གཡོ་སྐྱོམས་དང་ཀུན་ནས་འདྲ་བའི་བུད་་མེད་ཀྱི་འགུགས་ཤུགས་དེ་མ་ཚོར་རམ།ཡང་ན་ས་ཆེན་གྱི་གཡོ་འགུལ་དང་ཡེ་ནས་མཚུངས་བའི་བུད་མེད་ཀྱི་བསླུ་བྲིད་དེས་རྣམ་དག་གི་བརྩེ་བ་མང་བོ་ཞིག རྣམ་དག་གི་སྐྱེས་པུ་མང་པོ་ཞིག་གནའ་ནས་ད་ལ་ཐུག་གི་བར་ཅི་འདྲའི་ངན་གསོད་བྱས་ཡོད་ཨང་།དོལ་སྨྱོན།
དགེ་འདུ་ཚང་དང་སྤྱན་ཆབ་གཉིས་ནས་བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ།
སྐུ་ཞབས་རྡོར་དབང་ལགས།
སྐུ་ཉིད་ནས་ཕྲན་གྱི་རྩོམ་ཡིག་བསྐུར་བ་རྣམས་དུས་ཐོག་ཏུ་དྲ་རྒྱར་བཀོད་གནང་བ་ལ་ཐུགས་རྗེ་ཞུ།
བུད་མེད་ནི་ནག་ཚོགས་ཤིག་དང་འདྲ་བར་དེ་ལས་བཀྲ་མ་ཤིས་པའི་ཐན་ལྟས་སྣ་ཚོགས་བསྟུན་མར་ཡོང་རྒྱུ་ཡིན་པ་དང་། དེ་ལས་ཀྱང་བུད་མེད་ཀྱི་ཁ་ནས་ཐོན་ཐུབ་པའི་རྫུན་གཏམ་ནི་གནམ་འོག་ཏུའང་ཤོངས་དཀའ། ཡིན་ནའང་བུད་མེད་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། བུད་མེད་ཀྱི་ཡོད་ཚད་ལ་གོ་དོན་གཞན་ནམ་ལྐོག་གྱུར་ཅིག་ཡོད་པ་རྟོགས་ཟིན་སྟབས། དེ་ཙམ་སྐྱེས་པ་ཚོ་ཕམ་ཉེས་གཏོང་ཐུབ་ཀྱིན་མེད།
ཕམ་ཉེས་ནི་ན་ཟུག་ཅིག་ཡིན་པར་ཀུན་གྱིས་འདོད་ནའང་།
ཕམ་ཉེས་ནི་དོར་བྱ་ཞིག་ཡིན་པར་ཚང་མས་ཤེས་ནའང་།
ཕམ་ཉེས་ནི་སྡུག་བསྔལ་ཞིག་ཡིན་པར་སྨྲ་མི་དགོས་ནའང་།
ང་ད་དུང་ཡང་།
ཕམ་ཉེས་ཀྱི་ཀློང་ན་གཡོམ་གཡོམ་འདར་བཞིན་འདུག
ང་ད་དུང་ཡང་།
ཕམ་ཉེས་ཀྱི་གཏིང་ན་སྐྱོམ་སྐྱོམ་གཡོ་བཞིན་འདུག
དོལ་སྨྱོན་ལགས་ཁྱེད་ལ་ངོ་མ་ཁག་མེད། ང་ཡང་སྔོན་ཆད་དེ་འདྲའི་དཀའ་སྡུག་མང་པོ་མྱངས་ཟིན། འོན་ཀྱང་ཁྱེད་ནི་ད་དུང་ཕྱི་དྲག་མེད་པས་སྔར་གྱི་ཕམ་ཁ་དེ་མ་འོང་བའི་རྒྱལ་ཁའི་ཕྱོགས་སུ་བསྒྱུར་དང་། རེ་བ་དང་ཡིད་ཆེས་ཀྱིས་ཁྱེད་ལ་སྔར་ནས་བཀོད་བསྒྲིག་ཅིག་ཡོད་པ་གདོན་མི་ཟ། ཁྱེད་ཀྱི་སེམས་པ་ཤོར་ཞིང་སེམས་ངོ་མི་ཟིན་པའི་གླེན་མ་དེ་ལས་ལྷག་གཅིག་གིས་ཁྱོད་ལ་སྒུག་ཡོད་ཡ། ཧ་ཧ་ཧ
ངའི་སེམས་སོང་བུ་མོ་དེ་ནི།
རྣམ་པ་མེ་ཏོག་ལས་མཛེས་ཤིང་།
སེམས་རྒྱུད་བྲང་རྩི་ལས་མངར་བའི་ཆེས་ཁྱད་དུ་འཕགས་པའི་བུད་མེད་འཛངས་མ་ཞིག་ཡིན་ན།
སྐུ་ཉིད་ནས་གླེན་མ་ཞེས་མ་གསུང་རོགས།
འོན་ཀྱང་ལས་ཀྱི་འབྲེལ་བ་ཞིག་མེད་ན་བསམ་དོན་འགྲུབ་ཐབས་ཤིག་མི་འདུག་པས།
ངས་ཀྱང་ཁྱེད་ཀྱི་གསུངས་པའི་གོ་སྐབས་དེ་ལ་སྒུག་ནས་ཡོད།