བོད། ལྷ་ཀླུ་གཉན་གསུམ།
གལ་ཏེ་ཀློག་མཁན་ཁྱེད་རང་། སྐད་ཆ་འདི་ལྟར་གོ་དུས། མཇེ་གཏུབ་ཀྱི་སྐོར་འདི་ལ་རྒྱུས་མངའ་མེད་མཁན་དང་། ཡང་ན། རྗོ་ཤུ་{འཇིའུ། ཡང་ན། ཡ་ཧུ་ད་ཞེས་ཀྱང་ཟེར་བ་ཡིན། དེང་དུས་ཡོངས་གྲགས་སུ་ཁོང་ཚོས་སྐད་དང་། དབྱིན་སྐད་སོགས་ལ་རྗོ་ཤུ་མི་རིགས་ཟེར་གྱི་ཡོད་པ་རེད།}མི་རིགས་ཞེས་པའི་སྐོར་ལ་གསལ་ཆ་མེད་མཁན་ཞིག་ཡིན་ཚེ། ད་གཟོད་ཁྱེད་རང་གོང་གི་ཁ་བྱང་འདི་མཐོང་མ་ཐག དངོས་ནས་ཡ་མཚར་སྐྱེ་སྲིད་ཀྱང་། དོན་དངོས་སུ། དེང་དུས་སུ་ཡང་ལོ་ངོ་སྟོང་ཕྲག་ཁ་ཤས་ཤིག་རྒྱུད་དེ་འོང་བའི་གོམ་གཤིས་འདི་ཉིད་སྲ་ཞིང་མཁྲེགས་པོར་གནས་ཡོད་པ་ཡང་ཤེས་ངེས་ཡིན།
གོམ་གཤིས་གང་ཞིག་དང་སྲོལ་རྒྱུན་གང་ཞིག་རྒྱུན་འཛིན་བྱེད་པ་ལ། མི་རིགས་དེ་དང་དེ་འབྲེལ་གྱི་བཟའ་མི་སུ་ལ་ཡང་གོམ་གཤིས་དེ་ལ་མོས་གུས་ཡོད་པ་དང་། གུས་བརྩི་ཡོད་པ་བཅས་ལ་བརྟེན་ནས་རྒྱུན་འཛིན་བྱེད་དགོས་པ་ཡིན་ལ། དོན་སྙིང་ལྡན་མིན་དང་། དེང་དུས་ཀྱི་འགྲོ་བ་འདྲ་མཉམ་གྱི་གོམ་གཤིས་དང་མཐུན་མིན་སོགས་ལ་ཡང་ཞིབ་དུ་དཔྱད་ན་འོས་པ་ཡིན། གང་ལྟར། འདི་ནས་གླེང་བར་བྱ་བ་ནི། རྗོ་ཤུ་མི་རིགས་དེ། དེང་དུས་སུ་ཨེས་སུ་རལ་ཟེར་བའི་རྒྱལ་ཁབ་དུ་གནས་ཤིང་འཚོ་བའི་མི་རིགས་འདི་ཡི་ཁྲིམས་དང་། སྲོལ་རྒྱུན་ལ་བུ་ཞིག་སྐྱེ་བ་ཡིན་ཚེ། བུ་ཆུང་དེ་སྐྱེ་ནས་བདུན་ཕྲག་གཅིག་ཏག་ཏག་གི་རྗེས་སུ། བུ་ཆུང་དེ་ལ་ནད་དང་རྐྱེན་སོགས་གང་ཡང་མེད་ཚེ། ཁོང་ཚོའི་ཆོས་ལུགས་པ་མིང་གང་ཙམ་ཡོད་མཁན་ཞིག་གི་མཛད་སྒོ་ཞིག་ཚོགས་དགོས་ཀྱི་ཡོད།
མཛད་སྒོ་དེ་ནི་བུ་ལ་བྱེད་པ་ལས། བུ་མོ་ལ་བྱེད་སྲོལ་མེད། རྒྱུ་མཚན་ནི་བུ་ལ་མ་གཏོགས་བུད་མེད་ལ་དེ་འདྲའི་མཐོང་ཆེན་པོ་མེད་ཅེས་བཤད་ཚོད་གཏན་ནས་མི་ཐུག་ཀྱང་། རིགས་རྒྱུད་བརྩི་དུས་མ་ནས་འདེད་ཀྱི་ཡོད། ཨ་མ་རྗོ་ཤུ་ཡིན་ན་ད་གཟོད་བྱིས་པ་ཡང་ཡིན་པར་ངེས་འཛིན་ན་ཡང་། བུ་ཞིག་སྐྱེ་བ་དང་མཇེ་ཤུན་གཏུབ་དགོས་པའི་མཛད་སྒོ་འདི་ཁོང་ཚོའི་མི་རིགས་ཆགས་མིན་དང་འབྲེལ་བ་གལ་ཆེན་དུ་འཛིན་གྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཞིག་ཀྱང་ཡིན། རེད་དེ། མཇེ་ཤུན་གཏུབ་པ་ཚང་མ་ཆོས་ལུགས་པ་མིན། རྗོ་ཤུ་མི་རིགས་ཡིན་མིན་མཇེ་ཤུན་གཏུབ་པ་དེ་ནས་ཐག་གཅོད་པར་དེང་དུས་ཀྱི་ན་གཞོན་ཕོ་མོ་རྗོ་ཤུ་བ་དག་གིས་ཀྱང་འདི་ལ་ཁས་ལེན་བྱེད་པ་དང་། བུ་ཞིག་སྐྱེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་མཇེ་གཏུབ་ཀྱི་མཛད་སྒོ་འདི་བསྡུ་བ་ཡིན། དེར་སྐུ་མགྲོན་ཡང་རང་གི་ནང་མི་གཙོ་བའི་དགའ་ཉེ་གྲོགས་པོ་དག་ཡོང་པ་ཡིན།
དེ་མཚུངས་ཀྱི་དཀའ་ངལ་དངོས་དེ་གླེང་ན། ཁོང་ཚོས་རིགས་ཀྱི་གཞོན་ནུ་ཕོ་མོ་གཉིས་གཉེན་སྒྲིག་བྱས་པ་ལ། ཁོང་ཚོས་རང་ཉིད་ཀྱི་སྲོལ་རྒྱུན་དང་གོམ་གཤིས་དེ་རྒྱུན་འཛིན་བྱེད་ཆོག་ན་ཡང་། མི་རིགས་གཞན་དང་ལྷན་དུ་ཡོད་པའི་ང་ལྟ་བུའི་རིགས་ལ་དེ་ཡི་གོམ་གཤིས་དང་སྲོལ་རྒྱུན་ལ་ཡིན་གཅིག་མིན་གཅིག་བརྩི་བཀུར་བྱེད་དགོས་ཀྱི་ཡོད་དམ། བརྩི་བཀུར་མ་བྱས་པ་དང་གནས་ལུགས་ཡོད་མེད་སྐོར་བཤད་ན་འགྲིག་གི་ཡོད་དམ། འགྲིག་གི་ཡོད་ན། ཁོང་ཚོས་ཀྱང་ངས་འབོད་སྐུལ་དང་ང་རང་གི་བུའི་མ་འོངས་པ་གང་བྱེད་མིན་དེ་ནི་བུ་ཁོ་རང་གི་ལག་པར་ཡོད་ན་ཡང་། སྐབས་འདི་ལ། གང་བྱེད་མིན་གྱི་རང་དབང་དེ་ཉིད་ང་རང་ལ་རང་དབང་ཞིག་ཡོད་ན་འགྲིག་གི་ཡོད་དམ། ཡང་ན། ཐམས་ཅད་གཞན་ཡུལ་གྱི་གོམ་གཤིས་དང་སྲོལ་རྒྱུན་ལ་གུས་བརྩི་བྱེད་པ་དང་བདེན་ཁ་སྤྲོད་པ་དེ་ནི། བདེན་པ་ཡིན་ནམ་ཅི། ངས་འདི་ལྟར་སྙམ་ཞོར་དུ། སྐྱེ་ལ་རན་པའི་རང་གི་བུ་ཆུང་དེ་ཡི་མཇེ་ཤུན་གཏུབ་མིན་སྐོར་ལ་རང་གི་མཛའ་མོ་དང་ལྷན་དུ་བགྲོ་གླེང་ཐེངས་མང་བྱས་པ་ཡིན། ང་ཡི་མཛའ་མོ་ཡིས། ཁྱེད་རང་གིས་ག་རེ་བསམ་གྱི་འདུག་ཟེར་བའི་ལན་དུ། ང་རང་ཉིད་ལ་མཚོན་ན། ངས་ཆོས་ལུགས་དང་སྲོལ་རྒྱུན་སོགས་གང་ཡང་བཤད་ཀྱི་མེད། ང་རང་འགྲོ་བ་མིའི་ལྷན་སྐྱེས་ཀྱི་གཟུགས་པོ་ལ་དགའ་བ་ལས། དེ་ལས་གཞན་ཞིག་བྱེད་པ་དེར་རང་ངོས་ནས་འདོད་པ་གཏན་ནས་མེད། དེ་ནས་ཁྱེད་རང་གིས་བསམ་བློ་ཡག་པོ་གཏོང་། རྒྱུན་པར་དེ་ཡི་སྐོར་ནས་རྩོད་པ་བྱེད་པར་ང་རང་མི་དགའ།
ངས་ལོ་ངོ་ཉི་ཤུའི་ཡར་སྔོན་དུ་གོ་ཐོས་བྱུང་བ་ནི། ང་ཚོའི་དགོན་པའི་མཐའ་རུ་ཁ་ཆེ་མང་པོ་ཡོད་ལ། ཁ་ཆེ་ཕོ་གསར་ཚོས་ལབ་གླེང་ཁྲོད་བཤད་རྒྱུར། འཁྲུག་པའི་བདེ་བ་འདི་བོད་པ་ཚོས་མཇེ་ཤུན་གྱིས་བདེ་བ་མྱོང་གི་འདུག
ཁོང་ཚོར་མཚོན་ན་མཇེ་ཤུན་སྔོན་ནས་བཅད་ཟིན་པས། སྟུ་ཡིས་བདེ་བ་མྱོང་གི་ཡོད་ཟེར། དེའི་ལན་དུ་ངས་ཁ་ཆེ་མི་རིགས་ཀྱི་ཆང་སའི་སྐབས་མནའ་མར་ཁ་ཆེ་ཆོས་དཔོན་གྱིས་འཁྲུག་སྤྱོད་བྱེད་ཀྱི་ཡོད་པ་དྲིས་པ་ཡིན། ཁོ་ཚོས་མགོ་འཁྲུག་བཞིན་གསང་སྦས་བྱས་ཏེ་སྐད་ཆ་བཤད་ཀྱི་མི་འདུག
གང་ལྟར། ཁ་ཆེ་ཚོ་ལྟར་ཇི་ཤི་མི་རིགས་ལའང་མཇེ་ཤུན་གཅོད་པའི་གོམས་གཤིས་ཞིག་ཡོད་ས་རེད།
དེ་གཏན་ནས་གོ་མ་མྱོང་། ང་ལ་མཚོན་ན་གཏམ་དེ་གསར་པ་གསར་རྐྱང་ཞིག་རེད། ད་དུང་ཤོད་དང་ཉན་འདོད་ཡོད།
མི་འཁྱམ་ལགས། ཉིད་ནས་གོ་ཐོས་ཤིག་རེད། འོན་ཀྱང་། ཁ་ཆེ་བ་དག་ཡང་འཇིའུ་མི་རིགས་སམ། རྗོ་ཤུ་ཁྱིམ་ཚང་ཞིག་གི་བུ་སྤུན་གཉིས་ལོག་ཁར་ཆགས་པ་ལས། ཁ་ཆེ་བ་བྱུང་ལུགས་ཤིག་བཤད་སྲོལ་ཡོད་ལ། ཁོང་ཚོ་ལ་དེ་ཡི་སྐོར་གྱི་སྒྲུང་ཡང་མང་བོ་ཡོད་པ་རེད། ཁ་ཆེ་བ་དག་གིས་ཀྱང་མཇེ་ཤུན་ཏོག་ཙམ་གཏུབ་ཀྱི་ཡོད་པ་དངོས་ནས་ཡིན་ས་རེད། ག་དུས་ཡིན་མིན་སྐོར་ལ་གསལ་ཆ་མེད་ལགས། ང་རང་ལ་གསལ་ཆ་ཡོད་པ་དང་དངོས་སུ་མིག་གིས་མཐོང་བ་དང་ཐོས་པ། དངོས་སུ་མཛད་སྒོ་དེ་འདྲར་སོང་མྱོང་བ་ནི། རྗོ་ཤུ་མི་རིགས་ཀྱི་གོམ་གཤིས་འདི་ཡིན། དེ་ནི་གོང་དུ་སྨྲས་པ་དེ་ལགས།
ལྷ་སྨོན་པ་ལགས། ཉིད་རང་གི་གོ་མྱོང་མེད་ན་འགྲིག་གི གལ་སྲིད། ཁྱེད་རང་བུ་ཞིག་གི་ཕ་རྒན་ཡིན་པ་ཆགས་བཞོག རང་ཉིད་ཀྱི་བཟའ་ཟླས་བུ་ཡི་མཇེ་ཤུན་ཏོག་ཙམ་གཏུབ་དགོས་པ་རེད། དེ་ནི་ང་ཚོའི་མི་རིགས་ཀྱི་སྲོལ་རྒྱུན་རེད་ཅེས་བཤད་པ་ཡིན་ན། ཉིད་ནས་དེ་ལ་དགའ་གུས་དང་ལེན་བྱེད་ཐུབ་བམ། ཡང་ན། དེ་ལ་གནས་ལུགས་ཟེར་བ་ཞིག་དང་རྒྱུ་མཚན་ཟེར་བ་ཞིག་ཡོད་མེད་ལ་བལྟ་ངེས་ཡིན།
ཁ་ཆེའི་བུ་མོ་བག་མར་བརྫངས་བའི་སྔ་ནུབ་ཡབ་ཆེན་ལགས་ཀྱིས་བུ་མོའི་སྟུ་་ཕུད་དེ་བཞེས་ཀྱི་ཡོད་རེད་ཟེར། དེ་ནས་བུ་མོར་བསམ་ན་ཡབ་ལ་བཀའ་དྲིན་རྗེས་དྲན་རེད། ཡབ་རྒན་ལ་བསམ་ན་ཆུང་ངུ་ནས་བསོ་གླ་རེད།
མ་གཞི་གི་བྱིས་པ་དེ་བུ་མོ་ཞིག་ཡིན་པ། རང་ལ་ད་སེམས་འཁྲལ་ག་རེ་འདུག ཧ་ཧ་ཧ།
རྗེ་བོ་ཤི་མི་རིགས་ཀྱི་སྲོལ་རྒྱུན་ཞིག་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ།
མེ་ཏོག་དཀར་པོ་ལགས། འདི་ནས་བཤད་ཀྱིན་པ་དེ་ནི་རྗོ་ཤུ་མི་རིགས་ཀྱི་སྲོལ་རྒྱུན་གོམ་གཤིས་ཤིག་གླེང་གི་ཡོད། ཁ་ཆེ་བའི་གོམ་གཤིས་དེ་འདྲ་བདག་ལ་རྒྱུས་མངའ་མེད་ལགས། གང་ལྟར་བསམ་ཚུལ་ཞིག་གསུངས་པ་དེར་དགའ་གུས་ཞུ།
གཅན་བཟོད་རྒྱམ་ལགས། ང་རང་གི་ད་ལྟ་ཡོད་བཞིན་པའི་བྱིས་པ་དེ་ནི་ཞི་མོ་ཡིན་ན་ཡང་། ཞི་ལུ་ཞིག་སྐྱེ་རྒྱུ་མེད་པ་རེད་དམ་སྙམ་གྱི་ཡོད་དམ། བསམ་ཚུལ་ཡོད་ན་གསུང་དང་། ཁྱེད་རང་བུ་ཞིག་དང་རྗོ་ཤུ་བུད་མེད་གཅིག་དང་མཉམ་དུ་ཡོད་ན་ག་རེ་བྱེད་ས་རེད་དམ།
མཇེ་ཤུན་གཏུབ་སྟངས་དང་གཏུབ་མཁན་སུ་རེད། དེས་བུ་ཕྲུག་དེའི་མ་འོངས་པའི་འཚར་ལོངས་ཁྲོད་ཀྱི་ལུས་པོ་སྤྱིའི་གནས་སྟངས་དང་ལྷག་པར་འཁྲིག་སྤྱོད་བྱེད་སྐབས་དཀའ་ངལ་དང་ཁྱད་ཆོས་དམིགས་བསལ་འདྲ་ཡོད་མེད་སྐོར། ལྷ་ཀླུ་གཉན་གསུམ་རྒྱུས་ཡོད་གཅིག་ཡིན་ཙང་ལན་ཞིག་འདེབས་རོགས།
ལས་རླུང་ལགས། མཇེ་ཤུན་གཏུབ་པ་ལ་སྐབས་དེ་ཡི་ངང་ཚུལ་ལ་བསམ་ན། མི་ལུས་ཀྱི་ཤ་དུམ་པུ་ཞིག་གཏུབ་ཀྱིན་ཡོད་དུས་ཚ་གཟེར་ཡོད་པ་ནི། བྱིས་པ་དེ་སྐར་མ་ཁ་ཤས་རིང་དེར་ངུ་བ་དེ་ལས་ཀྱང་གསལ་བོ་རྟོགས་ཀྱི་ཡོད་ཀི འོན་ཀྱང་། འཚར་ལོངས་ཀྱི་རྒྱུད་རིམ་ནང་དུ་ཆགས་སྤྱོད་སོགས་ཀྱི་ཐད་དུ་དཀའ་ངལ་མེད་པ་མ་ཟད། དེང་དུས་ཀྱི་སྨན་པ་མི་ཉུང་བ་ཞིག་གིས་མཇེ་རྩེ་ནས་ཤུན་འབག་ཕྲན་པུ་ཞིག་གཏུབ་པ་དེ་ནི་འཕྲོད་བརྟེན་དུ་ཡག་རབས་བཤད་མཁན་ཡང་མི་ཉུང་བ་ཞིག་འདུག གང་ལྟར་ན། བྱིས་པ་དེ་སྐྱེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་བུ་དེ་ཉིད་རྗོ་ཤུ་མི་རིགས་བཟོ་མིན་ནི། མཇེ་མགོ་ནས་འབག་ཤུན་གཏུབ་མིན་དེ་ནས་བཤད་ཀྱི་ཡོད་དུས། གཏུབ་མཁན་དེ་ཡང་ཁོང་ཚོས་ཆོས་ལུགས་པ་མི་སྣ་གལ་ཆེན་ཞིག་ཡིན། ཁོང་ཚོས་གཏུབ་བྱེད་ཀྱི་དངོས་པོ་ནི་གྲྲི་མ་ཡིན་པར། རྡོ་རྣོ་པོ་ཟུར་ཁ་ཅན་ཞིག་ཡིན། དེ་ལ་ཁོང་ཚོས་ལོ་རྒྱུས་རང་བཞིན་ཞིག་ཡོད་རབས་བཤད་ཀྱང་དེ་ལ་སུས་ཀྱང་ད་ལྟའི་བར་དུ་ང་ལ་ལན་གསལ་བོ་ཞིག་སྤྲོད་མཁན་བྱུང་མ་སོང་། དེ་ཙམ་ལགས།
ཡ་ཡ། ཁ་ཆེའི་སྐོར་ནས་ངས་སྒྲུང་ཞིག་བཤད། སྒྲུང་དེ་བོད་ཀྱི་བཤད་རྒྱུན་ཕོ་རོག་དང་ནག་མོའི་གཏམ་དང་འདྲ་ཡང་། ཁ་ཆེ་བ་དངོས་གནས་ཤིག་གི་ཁ་ནས་གོ་བས་བཤད་རིན་ཡོད་པར་བསམ། སྔོན་མའི་དུས་ཤིག་ན་ཁ་ཆེའི་གཞོན་ནུ་ཕོ་མོ་གཉིས་དགའ་རོགས་སུ་གྱུར་མཚམས་ཕན་ཚུན་གཉིས་ལས་གཞན་པ་སུ་ལའང་ལུས་འབྲེལ་མི་བྱ་རྒྱུའི་དམ་བཅའ་བཞག་ཅིང་། གལ་ཏེ་བུ་དེས་དམ་བཅའ་དང་འགལ་ཚེ་རང་གི་ཕོ་མཚན་གཅད་རྒྱུ་དང་། བུ་མོ་དེས་དམ་བཅའ་དང་འགལ་ཚེ་མོ་མཚན་བཙབ་རྒྱུ་བྱས། དེས་ན་བུ་མོ་དེས་རྒྱུན་པར་གདོང་ཁེབས་གྱོན་ནས་སུ་དང་གང་གིས་སེམས་པ་མ་ཤོར་ཐབས་བྱས་སྟབས་དམ་བཅའི་ངང་དུ་གནས། འོན་ཀྱང་བུ་དེ་མཐའ་མར་དམ་བཅའ་དང་འགལ་བས་ཁོའི་ཕོ་མཚན་གཅད་དགོས་བྱུང་བས། ད་སྐབས་ད་ལྟའང་ཁ་ཆེ་ཚོས་ཕོའི་མཇེ་ཤུན་གཏུབ་ཙམ་དང་མོ་རྣམས་རྒྱུན་པར་གདོང་ཁེབས་གྱོན་པ་དེ་ནས་བྱུང་ཟེར།
བཤད་རྒྱུན་འདི་དོན་ལ་བདེན་མིན་གང་ལྟར་ཡང་་་་་སྙན་མོ་ཞེ་དྲག་རེད་་་་ཧ་ཧ་་་་་་་་་་་
ཆོས་འཁོར་ཚང་ལགས། ཉིད་ཀྱིས་གསུངས་པ་དེ་ནི་ཁ་ཆེ་བའི་གཏམ་རྒྱུད་སྙན་མོ་ཞིག་རེད། འོན་ཀྱང་། ཁ་ཆེ་དང་རྗོ་ཤུ་གཉིས་ཀྱི་ཆོས་ལུགས་སྔོན་མ་དེ་ནི་རྗོ་ཤུ་ཡིན་དུས། ངས་དེ་རིང་འདི་ནས་གླེང་བཞིན་པ་དེ་ཡང་རྗོ་ཤུ་མི་རིགས་ཀྱི་གོམ་གཤིས་དེ། མི་རིགས་ཤིག་གི་ངོ་བོ་འཛིན་སྟངས་ཀྱི་སྐོར་ཞུས་པ་ཡིན། དེ་ལ་ང་ཚོས་གུས་བཀུར་བྱས་ན་འགྲིག་མིན་སོགས་ལ་གསུང་རོགས་ཞུ། ཁ་ཆེ་ཆོས་ལུགས་ནི་རྗོ་ཤུ་ཆོས་ལུགས་དར་ནས་ལོ་ངོ་སྟོང་གཅིག་གི་རྗེས་སུ་འགོ་བརྩམས་པ་ཞིག་རེད། དེ་གཉིས་ལ་ཁྱད་པར་ཆེ་གི་ལགས།
ངས་ནི་མི་རིགས་གང་གི་ཁོངས་སུ་གཏོགས་མིན་དེ་ཁུ་ཁྲག་གི་ཁུངས་དེད་པ་དེ་རང་གནས་ལུགས་ཆེ་བར་འདོད། མཇེ་ཤུན་བཏུབ་པས་མི་རིགས་གསར་པར་གྱུར་པ་དེ་ནི་ཡ་མཚན་འདྲ་ཞིག་ཚོར་གྱིན་འདུག འོན་ཀྱང་ཆོས་ལུགས་ཀྱི་དམ་ཚིག་སྲུང་བྱེད་ཆོ་ག་ལྟ་བུ་ཞིག་ཡིན་ངེས་ལ། དེ་ལྟར་ན་རྒྱུ་མཚན་ལྡན། དེ་མིན་ཧིཊ་ལར་གྱིས་མི་རེ་རེ་ཡི་མགོ་ཡི་བཟོ་དབྱིབས་ལ་བརྟགས་ནས་ཨརྱན་གྱི་མི་རིགས་ཡིན་མིན་ཐག་བཅད་པའང་བྱུང་འདུག
ཆོས་འཁོར་ཚང་ལགས། སྐབས་འདིར་ཁོང་ཚོས་ཆོས་ལུགས་ཀྱི་ཐད་ནས་བཤད་ཀྱི་མི་འདུག ཁོང་ཚོས་མི་རིགས་རང་ལུགས་ཀྱི་ལྟ་བའི་སྒང་ནས་བཤད་ཀྱི་འདུག ཁུ་ཁྲག་གི་འབྱུང་སྟངས་ནས་བཤད་ཚུལ་གཞན་ཞིག་ཡོད་པ་དེ་ནི་མ་རྒྱུད་འདེད་པ་དེ་རང་རེད་འདུག
དཔལ་འབྱོར་མཁོ་ན་མཇེ་ཤུབས་ངེས་པར་སྤྱོད། །མི་རིགས་མཁོ་ན་དེ་ཉིད་སྤང་བྱར་རིགས།།ཨ་ལ་རྕེད་མོ་ཡིན་གོ
པད་དཀར་ཕོ་ཉ་ལགས། དཔལ་འབྱོར་གྱི་དོན་དག་ཞིག་མ་རེད་ལགས། མི་རིགས་ཤིག་གི་གནད་དོན་དུ་ཐུག་གི་ཡོད་པ་རེད། ཕར་ཕྱོགས་དེ་ཡང་མི་རིགས་ཤིག་གི་སྲོལ་རྒྱུན་ཡིན་ལ། ཚུར་རང་ཕྱོགས་ནས་བཤད་ན་ཡང་། མི་རིགས་ཤིག་གི་གོམ་གཤིས་ཆགས་ཡོད་དུས། ད་ནི་བསམ་བློ་གཏོང་བའི་དུས་ཚོད་ཡིན་ཡང་། ཨུ་ཚུགས་དང་བཙན་དབང་གི་བྱེད་སྟབས་སུས་ཀྱང་མི་འདོད་པ་ཡིན།
འོ། ལགས་སོ། ཅི་དགར་མཛོད་ཅིག
ཨ་རོགས། འདི་དོན་དག་གལ་ཆེན་ཞིག་རེད་། ངའི་རི་བ་ཡིན་ན། ཞུ་ལུ་ནེ་ནེ་ཡི་ཤུན་ལྤགས་མ་གཅོད་། རྒྱུ་མཚན་གཉིས་བཤད་།
གཅིག་ནས་། ཁྱོད་ཕ་རྒན་ལ་ན་མཚོན་ན་། རང་གི་བུ་རབས་ཚ་རྒྱུད་དག་གི་རང་རང་བོད་པ་ཞིག་ཡིན་པའི་ངོ་དང་དྲི་མ་ཡལ་བ་་ཞིག་ཡོང་རྒྱུ་རང་གི་རེ་བ་ཡིན་ཤག་ཤག་རེད་། དེ་ལྟར་འདི་དང་འདི་འདྲ་བའི་ལས་དོན་ཆུང་ཆུང་དག་གི་ཤིག་རྐྱེན་ཆེན་པོ་ཞིག་བཟོ་གི་རེད་བསམ་གི་ཡོད།
གཉིས་ནས་། བུ་ཁོ་རང་ཡང་། ཡར་འཚར་ཡོང་དུས་རང་ཉིད་བོད་རིགས་ཞིག་ཡིན་པ་དེ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཞིག་དུ་འཇོག་ཤག་ཤག་རེད་། དེ་དེས་སུ་ཁོས་རང་ཉིད་ཀྱི་སེམས་སུ་ཡང་། ངའི་ཕ་རྒན་དེ་བོད་མི་རིསག་ལ་དུང་དེ་ཙམ་ཞིག་ཡོད་བཞིན་དུ་ང་འཇིའུ་མི་རིགས་ལ་རྩི་དོན་དེ་ཅི་ཞིག་ན་བསམ་ན། བུ་དང་ཕའི་བར་དུ་ཡང་སྟོང་ཆ་ཞིག་མི་ཡོང་བའི་ངེ་བ་མེད་།
ངའི་བསམ་ཚུལ་དེ་ཙམ་། ཁྱོད་ཀྱི་རྩོམ་དེ་ཟླ་བཞི་བར་བྲིས་འདུག་། ཅིག་བྱོས་ན་ངའི་བསམ་ཚུལ་དེ་ཕྱི་དྲགས་། ཞི་ལུའི་ནེ་ནེ་ཤུན་ལྤགས་བཅད་ཚར་ན་ཡ་ཐང་། ཨ་ཧ་བོ།