འབྲོག་རུ་བ་ཆོས་དར་གྱིས་ནག་ཕྱོགས་སྟོང་བ་གསུམ་པར་བྲིས།
དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདིའི་འགོ་འཛུགས་ས་དང་མཇུག་བསྡུ་ས་ཡོད་ཚད་ཀ་ཀོར་མེད་པར་ཕ་མདོ་སྨད་ཚང་གི་འདས་མ་ད་གསུམ་གྱི་སྐྱིད་སྡུག་བཤད་ས་དང་གླེང་ས་ཞིག་ལ་ངོས་འཛིན་བྱས་དང་བྱེད་མུས་སུ་ཡོད་པ་ལགས་ན། ཁོ་བོས་ཀྱང་རང་གི་བྲང་གཞུང་ལེབ་མོའི་ཁ་ཕྱེ་ནས་གློ་སྙིང་མཆིན་གསུམ་དམར་ལྷེང་ངེར་མངོན་པ་ལྟ་བུའི་བདེན་ལུགས་ཀྱི་ངོས་དང་སོ་མཚམས་བརྒྱུད་ནས་མི་བརྗོད་ཐབས་མེད་ཀྱི་ཚིག་འགའ་ཞུ་འདོད་བྱུང་།
སྤྱིར་སྒང་བ་བོད་པ་ཚང་གི་ལོ་རྒྱུས་བརྒྱུད་རིམ་ཁྲོམ་དུ་རང་གི་ཁེ་གྲགས་གང་ཡང་མི་བསམ་པར་བདེན་ལུགས་ཁོ་ན་ལ་འཇུས་ཏེ་སྤྱི་ཚོགས་ཀྱི་གནད་དོན་གླེང་བའི་སྐྱེས་བུ་མང་པོ་ཞིག ང་ཚོས་བཙན་དང་དབང་གིས་རྨེག་མེད་བཟོས་པ་སོགས་ལོ་རྒྱུས་ཀྱི་ངོས་ནས་རེ་ཞིག་འཇོག་པར་བྱ་ལ། ལོ་ངོ་ལྔ་བཅུའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ནད་རྙིང་ཁག་ཅིག་ཀྱང་གནས་སྐབས་སུ་བཏང་སྙོམས་སུ་བཞག་ཆོག དེ་རིང་འདིར་གླེང་འདོད་པ་ནི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདི་དང་འདིའི་ཁྱབ་ཁུངས་སུ་ཚུད་པའི་ས་རྒྱུན་ཁག་ལས་འཕྲོས་པའི་དཀའ་ངལ་ཁ་ཤས་དག་སེལ་ཡོང་བར་ཞུ་རྒྱུ་དེ་ཡིན།
འུ་བུ་ཚང་ལ་ཤེས་ཡོན་ཅན་མེད་པ་མིན་ལ་བསམ་བློ་བ་མེད་པའང་མིན། ལྷག་བསམ་ཅན་དང་འཇོན་ཐང་ཅན་མེད་པ་ནི་དེ་བས་ཀྱང་མིན། ཡིན་ནའང་། མདོ་སྨད་པ་ཡོན་ཏན་རྒྱ་མཚོ་ནས་གུང་ཐང་ཚུལ་ཁྲིམས་བར་དང་། པདྨ་འབུམ་གྱིས་མཚོན་པའི་ཀླུ་མཁར་བྱམས་ལ་སོགས་པའི་བསམ་བློ་དཀྱེལ་ཡངས་ཤིང་མི་གཤིས་རང་ཚུགས་སུ་གནས་པའི་སྐྱེས་བུ་མང་དག་ཅིག་གི་བསམ་བློའི་གཟས་ཕྱོགས་དང་དམིགས་པའི་འབབ་ཡུལ་མ་ཤེས་པས། རང་རེའི་ཁྭ་ཏ་ཁྱུ་ཞིག་གིས་ཕྱོགས་དང་ཕྱོགས་མཚམས་བརྒྱུད་ནས་སྐོར་དང་སྐོར་ཚན་བསྒྲིགས་ཏེ་དམའ་འབབ་དང་དམོད་ཚིག་གི་མཆེ་སྡེར་བགྲད་ཅིང་སྲོག་ལ་གཙེས། མངོན་སུམ་འཛེམ་མེད་ཀྱིས་སྙོན་འཛུགས་རི་ལྟར་སྤུངས་ཏེ་འཚོ་གནས་སྟོར་སྐྱོམས་དང་ལས་གནས་ཕྱིར་འཐེན་གྱི་ངན་ཇུས་བཤམས་དང་ཤོམ་བཞིན་པ་ནི་སྨྲ་བརྗོད་རང་དབང་འདོད་པ་རྣམས་དང་། བསམ་བློ་རང་དབང་ཅན་དང་བདེན་ལུགས་བརྗོད་འདོད་པ། གཡོ་ཧམ་ཅན་ལ་རྒོལ་འདོད་པ། སྤྲེལ་ལད་འཁྲབ་མཁན་གཞོམ་བསམ་པ། ཡོལ་བའི་རྒྱབ་ཀྱི་གཡོ་མཚང་བརྟོལ་སྙམ་པའི་མི་བུ་སུ་ཞིག་གི་བློས་བཟོད་པར་ནུས་སམ། ཐབས་བརྒྱ་ཇུས་སྟོང་གིས་མི་བུ་འདི་དག་གཅུན་པར་བྱ་རྒྱུའི་གནོན་ཤུགས་སྤྲད་དང་སྤྲོད་མུས་སུ་གནས་པའི་མགོ་ཨ་ལགས་འཇིགས་མེད་དང་བར་སྤེན་པ་ཚེ་རིང་། མཐའ་ཨ་ལོ་སོགས་ཀྱི་རྒྱུ་མའི་སྦྲེལ་ཐག་གི་ཁུགས་ན་འཁྱིལ་བའི་དུག་ཆུས་བཟི་བར་བྱས་པའི་རྡ་ས་མདོ་སྨད་ས་རྒྱུན་ནས། ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཁ་ཤས་མགོ་བཅད་མཇུག་གཏུབས་ཀྱིས་བྱིས་བློས་འགོངས་ཚད་ཀྱི་དོགས་སློང་བྱས་ཏེ་ས་རྒྱུན་ཁག་དང་ལས་ཁུངས་ཁག མི་སྒེར་སོགས་ལ་བཀྲམས་ནས་ཀླུ་མཁར་བྱམས་འདི་དགུ་བཅུ་གསུམ་ཚོགས་གཞོན་དང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་གཞིའི་ནང་སླེབས་པ་ལ་སྔོན་འགོག་དང་ཕྲག་དོག་གི་མེ་ལྕེ་མཆེད་དེ། མདོ་སྨད་ཆོལ་ཁུངས་ནས་ཕྱིར་ཕུད་བྱ་རྩིས་བྱས་པ་མ་ཟད། དགུ་བཅུ་གསུམ་ལས་འགུལ་ཁང་ལ་སྙན་ཞུ་ཕུལ་ནས་ཀླུ་མཁར་བྱམས་ཀྱི་ཚོགས་གཞོན་ལས་གནས་ཕྱིར་འཐེན་བྱེད་པར་སྐུལ་མ་བྱས་པར་ལྟོས་དང་། འདི་ནི་ཆེས་གདུག་རྩུབ་དང་སྒེར་སྤྱོད་ཀྱི་བྱེད་སྟངས་ཡ་ང་བ་ཞིག་རེད་ལ། ཆོལ་ཁུངས་ཟེར་བ་དེ་ཕ་རིང་ནས་བུ་རིང་ལ་བརྒྱུད་པའི་མདོ་སྨད་པ་ས་ཁྱབ་གནམ་ཁྱབ་ཚང་མའི་འབྱུང་ཁུངས་ཡིན་པས། ས་རྒྱུན་མ་ཟད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལའང་དེ་ལས་ཕྱིར་ཕུད་བྱ་རྒྱུའི་དབང་ཚད་སྤུ་ཙམ་ཡང་མེད་པ་ལ་ས་རྒྱུན་གྱིས་ཅིའི་ཕྱིར་དེ་ལྟར་སྒེར་གཅོད་བྱས་པ་ཡིན་ནམ། ཀླུ་མཁར་བྱམས་སྐབས་འདིའི་སྤྱི་འཐུས་འོས་གདམ་བྱ་བར་བཀག་འགོག་དང་བར་ཆད་བྱེད་ཀྱི་ཡོད་ནའང་དེ་འདྲའི་ཐལ་དྲེགས་པའི་བྱེད་ཐབས་སྤྱོད་དོན་ཅི་ཞིག་ཡིན་ནམ། གཞན་ཡང་མདོ་སྨད་ལ་འབྲེལ་བ་མེད་པར་དགུ་བཅུ་གསུམ་ཚོགས་པས་འོས་བདམས་བྱས་པའི་ཚོགས་གཞོན་གྱི་ལས་གནས་ལ་མདོ་སྨད་ས་རྒྱུན་གྱིས་ཐེ་གཏོགས་བྱེད་དགོས་པ་ཅི་ཡིན་ནམ། འདི་ནི་བསམ་གཟས་ནས་མདོ་སྨད་ས་རྒྱུན་གྱི་གོ་མིང་བེད་སྤྱོད་བྱས་ཏེ་ཀླུ་མཁར་བྱམས་ལ་འབུར་འཇོམས་བྱས་པའི་སྒེར་གཅོད་ཀྱི་བྱེད་ཐབས་ཁོ་ན་རེད། ཁོ་ཚོས་འདི་ལྟ་བུའི་བྱེད་ཐབས་སྣ་ཚོགས་ཤིག་སྔོན་ཆད་སྤྱད་ཟིན་ལ། ད་ལྟ་སྤྱོད་བཞིན་འདུག མ་འོངས་པར་ཡང་མི་སྤྱོད་པའི་ངེས་པ་མེད་པས་ཀླུ་མཁར་བྱམས་དང་། གང་དེ་ལྟ་བུའི་རང་གི་བདེན་ལུགས་འདོར་མི་འདོད་ལ་གཞན་གྱི་བྲན་དུ་རྒྱུགས་ཀྱང་མི་དཔེ་བའི་སྐྱེས་བུ་རང་ཚུགས་ཅན་སུ་ཡིན་ཡང་འདི་འདྲའི་ཁ་རྡུང་དང་གནོན་ཤུགས་འཁུར་མི་འདོད་ལ་འཁུར་ཡང་མི་འོས་པས་ངེས་པར་དག་སེལ་དགོས། མ་འོངས་པར་ཡང་འདི་ལྟར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ས་རྒྱུན་རེ་ཟུང་གི་མིང་དང་དབང་ཤུགས་བེད་སྤྱོད་བྱས་ཏེ་མདོ་སྨད་ཀྱི་བྱིས་པ་མཐེ་བོང་ཙམ་ཡན་ཆད་ཀྱི་རང་དབང་དང་ལྟ་བ། དད་པ་སོགས་ལ་ཐེ་གཏོགས་མི་བྱེད་པའི་ངེས་པ་མེད་པས་ཁོ་བོས་ཞུ་ཚིག་འདི་སྤྲིངས་པའི་དམིགས་ཡུལ་གཙོ་བོའང་འདི་ཡིན། དེ་མ་གཏོགས་ཁོ་བོས་ཀླུ་མཁར་བྱམས་ཀྱིས་བྲིས་བྲིས་དང་བཤད་བཤད་ཚང་མ་བདེན་པར་བཟུང་ནས་ར་སྤྲོད་བྱེད་ཀྱིན་མེད་ལ། བྱེད་དགོས་དོན་ཡང་མེད། ཀླུ་མཁར་བྱམས་ཀྱིས་བཤད་པའི་གནད་དོན་ཐད་ཁོ་རང་ཉིད་ལ་རྒྱུ་མཚན་དང་ངོས་འཛིན་བྱེད་སྟངས་ཡོད་ལས་ཆེ། ཡང་ཕྱོགས་གཅིག་ནས་བཤད་ན་ཀླུ་མཁར་བྱམས་ལའང་གནད་དོན་ཐེར་འདོན་བྱེད་པའི་སྨྲ་བརྗོད་དང་རང་གིས་མི་འདོད་པའི་ལྟ་བ་དང་བསམ་བློ་ལ་དགག་སྒྲུབ་བྱེད་སའི་རྩོམ་སྟེགས་ཤིག་དགོས་ངེས། ས་རྒྱུན་ནས་བདེན་རྫུན་དབྱེ་འབྱེད་དང་འགལ་བ་འདུམ་སྒྲིག་ལ་མི་འབད་པར་མཐའ་གཅིག་ཏུ་ཀླུ་མཁར་བྱམས་ཆོལ་ཁུངས་ནས་ཕུད་རྩིས་དང་སྤྱི་འཐུས་ལ་བཀག་འགོག འཚོ་གནས་སྟོར་སྐྱོམ་གྱི་གཡོ་ཁྲམ་འབའ་ཞིག་དོན་དུ་གཉེར་ནས་ཀླུ་མཁར་བྱམས་ཡར་ལངས་མ་ཐུབ་པ་ཞིག་དང་མགོ་བོ་དགྱེ་མི་ནུས་པ་ཞིག་བྱ་འདོད་ཀྱི་སྟོང་བསམ་བཅང་བཞིན་པ་ནི་ཧ་ཅང་ཡིད་སྐྱོ་བའི་ཐབས་རྡུགས་ཤིག་དང་མ་འོངས་པའི་མདོ་སྨད་ལོ་རྒྱུས་ཁྲོད་ཀྱི་ཞབས་ འདྲེན་འབའ་ཞིག་ལས་ཅི་ཞིག་མཆིས་སམ། དབུས་ས་གཉིས་ནས་འདི་འདྲའི་སྒེར་སྤྱོད་ཀྱི་བྱེད་ཐབས་སྤྱད་དང་སྤྱོད་བཞིན་ཡོད་པས་ཉེ་སྔོན་མདོ་སྨད་ཀྱི་ཤེས་ཡོན་པ་བདུན་གྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྒྲིག་ཁུངས་ནས་ཕྱིར་འབུད་བྱ་རྒྱུའི་སྙན་ཞུ་ཕུལ་བ་བཞིན་ད་དུང་ཡང་ཤེས་ཡོན་པ་དང་བསམ་བློ་བ། ལྷག་པར་དུ་རང་དབང་ལ་གཞོལ་ཆེ་བའི་གཞོན་སྐྱེས་མི་ཉུང་བ་ཞིག་ནས་ཀྱང་རང་ཉིད་ལ་འདི་འདྲའི་གནོན་ཤུགས་དང་ཁ་རྡུང་མི་ཡོང་བའི་ཕྱིར་དབུས་རྒྱུན་སྒྲིག་ཁུངས་ནས་ཕྱིར་འཐེན་མི་བྱེད་པའི་ངེས་པ་མེད་པས། གལ་སྲིད་འདི་ལྟར་བཙན་བྱོལ་གྱི་མདོ་སྨད་འཐུས་ཚབ་རྒྱུན་ལས་ཁང་དང་མདོ་སྨད་པ་རྣམས་ཕུ་དཀྲུགས་མདའ་དཀྲོགས་ཀྱི་རྐྱེན་ངན་རེ་འབྱུང་བ་ཡིན་ན། སྐབས་བཅུ་གཅིག་པའི་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་གཙོ་བྱས་པའི་སྐབས་འདིའི་མདོ་སྨད་དབུས་རྒྱུན་གཉིས་ཀྱི་ནག་ཉེས་དེ་ལོ་རྒྱུས་ངོས་ནས་བསུབ་ཐབས་བྲལ་བ་སྨྲོས་ཅི་དགོས། དེ་བས། གོང་གསལ་གནད་དོན་འདི་དག་དྲང་བདེན་གྱི་ངོས་ནས་གསལ་ཁ་ཡོང་བའི་ཕྱིར་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མེད་པ་དང་ཆོས་ལུགས་དང་གྲུབ་མཐའི་དབྱེ་བའང་མེད་པར་མདོ་སྨད་པ་ཚང་མའི་སྐྱིད་སྡུག་གླེང་ས་ཞིག་དང་རེ་བ་ཞུ་ས་ཞིག་ཏུ་འགྱུར་བའི་ཆེད་དུ་ཞུ་ཚིག་འདི་སྤྲིངས་པ་ལགས།།
སྤྱི་ལོ༢༠༡༡ཟླ ༣ ཚེས༢༩ ཉིན།
བཤད་ཕོད་པའི་སྙིང་ཁམས་ཡག་པོ་འདུག འོན་ཀྱང་མཐོང་རྒྱ་ཆུང་བ་དང་རམ་རློམ་ཆེ་བའི་བསམ་ཚུལ་ལྷང་ལ་བུད་འདུག མདོ་སྨད་དབུས་རྒྱུན་ལས་ཁང་དུ་ཤེས་ཡོན་ཅན་མི་བདུན་གྱིས་སྙན་ཞུ་ཕུལ་བ་རེད་ཟེར། དོན་དངོས་ནས་དེང་སྐབས་ཡིག་རྨོངས་ལས་ཐར་ཙམ་པ་རྣམས་ལ་ཤེས་ཡོན་པ་ཡིན་ན་ཅིག་ལབ་ཀི་འདུག གང་ཤེས། སུ་དང་སུ་ཡིན་ངོ་སྤྲོད་རེ་གནང་ན་ཡག་པོ་འདུག
ཀླུ་མཁར་བྱམས་ལ་མཚོན་ན་རང་ཉིད་ཀྱི་མགོ་བོ་མི་གཞན་གྱི་རྐང་པའི་འོག་མི་འཇོག་ཟེར་མཁན་ཞིག་རེད། ཤེས་ཡོན་ཅན་ཟེར་བ་དེ་ཡིན་མིན་མི་ཤེས། དེ་དྲང་མོ་ཡིན། ཅིག་བྱས་ན་ཡིན་གྱི་རེད། ང་རང་ད་དུང་ཡིག་རྨོངས་ལས་ཆ་ཚང་ཐར་མེད་མཁན་ཞིག་གིས་མི་ལ་གོང་ཚད་རྒྱག་རྒྱུ་སྔ་སོང་བ་རེད།
འོན་ཀྱང་ཀླུ་མཁར་བྱམས་སྐད་གྲགས་ཆེན་པོ་བཟོ་མཁན་མདོ་སྨད་ཀྱི་མི་སྣ་ཆེ་ཁག་རྣམས་རེད། ཁོང་ཚོས་དགག་པ་རྒྱག་རྒྱུ་ཡིན་ཚུལ་བཤད། ཕྱིར་འཕུད་བྱེད་རྒྱུ་ཡིན་ཚུལ་བཤད། སྤེན་པ་ཚེ་རིང་གིས་སྤྱི་འཐུས་ཚོགས་གཙོའི་རྐུབ་སྟེགས་བེད་སྤྱད་ནས་ཀླུ་མཁར་བྱམས་རྒྱ་མིའི་གསང་ཉུལ་བ་ཡིན་པའི་དོགས་པ་ཡོད་ཚུལ་དང་། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་ཡིན་ཚུལ། བོད་གཞུང་དམངས་ཀྱིས་དེ་ལ་ངོ་རྒོལ་བྱེད་དགོས་པ་སོགས་ཀྱི་གཏམ་བཤད་བྱས་ནས། སྤྱི་ཚོགས་ནང་ཀླུ་མཁར་བྱམས་ཉིན་རེ་ནས་ཉིན་རེ་བཞིན་སྐད་གྲགས་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
མི་རེ་ཟུང་གིས་བཤད་བཞིན་པ་ཐོས་པ་ལྟར་ན།
ཨ་ལགས་འཇིགས་མེད་མན་ཆད་དང་།།
ཨ་ལོ་མཁར་བྱམས་ཡན་ཆད་ཀྱི།།
ཨ་མདོ་གསར་རྙིང་མང་པོ་ཞིག།
ཨ་རོགས་ཀླུ་ལ་ངར་གོ་གི།
ཞེས་ཨ་མདོ་བ་ངོ་ཤེས་ཤིག་གིས་བརྗོད་སོང་།
དེ་འདྲ་པོ་ཞིག་ཀྱང་། འོན་ཀྱང་དོན་དུ་ཨ་མདོ་བའི་ནང་ནས་མི་སྐད་གྲགས་ཆེ་བ་ཞིག་བཟོ་འདོད་ཀྱིས་མིན་འགྲོ། འདི་ཡང་གནས་ལུགས་དང་བྱེད་སྟངས་ཡིན་རྒྱུ་རེད།
ལྷ་སྨོན་པས་མཆན་བཀོད་པར་ཐུགས་རྗེ་ཆེ། ཁོ་བོས་རང་ཉིད་ཀྱི་མཐོང་རྒྱ་ཆེ་ཆུང་དང་རང་རློམ་ཆེ་མིན་སོགས་ཅི་ཡང་ཤོད་ཀྱི་མེད་ལ་བཤད་དགོས་པའང་ཅི་ཡོད། ཞུ་ཚིག་འདིའི་བརྗོད་སྙིང་དེའང་ཨ་ལགས་འཇིགས་མེད་དང་སྤེན་པ་ཚེ་རིང་། ཨ་ལོ་སོགས་ཀྱི་གཡོ་མཚང་བརྟོལ་བའི་ཕྱིར་དུ་མིན་ལ། ཀླུ་མཁར་བྱམས་ཤེས་ཡོན་པར་བསྒྲུབ་པའི་ཕྱིར་དུ་ནི་དེ་བས་ཀྱང་ག་ལ་ཡིན། ངས་ཞུ་ཚིག་ཕུལ་ས་དེ་མདོ་སྨད་དབུས་རྒྱུན་ཡིན་ལ། དམིགས་སའང་མདོ་སྨད་དབུས་ས་གཉིས་ནས་རང་ཚུགས་དང་དྲང་སྙོམས་ཀྱིས་འགལ་ཟླ་འདི་རིགས་འདུམ་པར་བྱ་རྒྱུ་དང་མ་འོངས་པར་རྒྱུན་ལས་ཁང་གི་གོ་མིང་བེད་སྤྱོད་བྱས་ཏེ་མི་སྒེར་དང་ལྷག་པར་གཞོན་སྐྱེས་ཚོ་ལ་གནོན་ཤུགས་མི་ཡོང་པའི་ཕྱིར་དུ་ཡིན། ཀླུ་མཁར་བྱམས་དང་ཨ་ལགས་འཇིགས་མེད་བར་གྱི་གནད་དོན་དེ་ཁོ་བོས་སུ་བདེན་མི་ཤེས་མོད། ས་རྒྱུན་དང་སྤེན་པ་ཚེ་རིང་སོགས་ཀྱིས་ཀླུ་མཁར་བྱམས་ལ་དྲང་བདེན་མིན་པའི་བསྒྲགས་གཏན་སྤེལ་བ་ལ་ཁོ་བོ་རང་ཚུགས་དང་བདེན་ལུགས་ཀྱི་ངོས་ནས་འགྲེང་བའི་གཞོན་སྐྱེས་ཤིག་ཡིན་པའི་དབང་གིས་མཐའ་གཅིག་དགག་པ་ཡོད། ད་དུང་མདོ་སྨད་ཀྱི་བསམ་བློ་བ་དང་སྨྱུག་ཐོགས་པ་ཡིན་ཟེར་མཁན་མང་པོ་ཞིག་གིས་འདི་ལྟ་བུའི་གནད་དོན་དག་ལ་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ལ་ཁོ་བོ་ཅུང་ཨ་ཐང་ཆད་སོང་། མ་ཤེས་པ་ཡིན་མི་སྲིད་པས་བདེན་ལུགས་ལ་གཞའ་བའི་རང་གཤིས་དག་མཐོང་དུས་ད་གཟོད་མི་བུ་ཁག་ཅིག་ལ་སེམས་དམུས་བྱུང་།
མདོ་སྨད་རྒྱུན་ལས་པ་དེ་དག་གིས་༧གོང་ས་མཆོག་ལ་དད་པ་དམ་ཚིག་ཡོད་མདོག་གིས་ལས་ཀ་དེ་དག་བརྩམས་པ་རེད། ད་ནི་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་སྤངས་ཟིན་པས་ཀླུ་མཁར་བྱམས་ཀྱིས་ཀྱང་༧གོང་ས་མཆོག་ལ་འཁང་ར་བྱེད་དགོས་དོན་མེད། བྱས་ན་ངོ་མ་རིན་ཐང་མེད་པར་འགྱུར་།
དེའི་ཕྱིར་ད་ནི་ཁོའི་འཁང་ར་བྱེད་སའི་ཁ་ཕྱོགས་སྤོས་ནས་བཀའ་ཁྲི་དང་སྤྱི་འཐུས། དྲུང་ཆེ་སོགས་ལ་སྤོར་ངེས་རེད། དེ་དུས་ཁྱེད་ཅག་གིས་བཤད་འདོད་ཀྱང་བཤད་མི་ཐུབ་པ་དེ་འདྲ་མང་པོ་ཁོས་བཤད་ཡོང་ན་ཁྱེད་ཅག་གིས་དགའ་བསུ་ཞུ་དགོས་པ་ཞིག་འབྱུང་མི་སྲིད་དམ། ད་ནི་ཁོང་རང་གི་མི་ལ་ངོས་འཛིན་པའི་དུས་ལ་བབ་ཡོད།
འདས་ཟིན་པ་ནི་འདས་ཟིན་པར་འཇོག་འོས་ཀྱང་འབྲོག་ཆོས་ལགས་ཀྱི་སེམས་ཁྲལ་ལའང་གནས་ལུགས་དང་རྒྱུ་མཚན་མང་པོ་ཞིག་འདུག་པས། ཉུང་མཐར་དེང་ཕྱིན་མདོ་སྨད་ནང་དུ་ཐབས་རྡུགས་ཀྱི་ལས་ཀ་འདི་རིགས་མི་འབྱུང་བ་དང་རང་མིས་རང་མི་ས་འོག་ལ་འཇུག་རྩིས་མི་ཡོང་བར་སྔོན་འགོག་བྱེད་འོས་པ་ཞིག་རེད།
དེ་མིན་སྔར་ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་ཞེ་ས་བཀོལ་སྟངས་ནོར་སོང་བ་དེ་འདྲ་ཡོད་མེད་གང་ལྟར་ཡང་ད་ལོའི་གསུམ་བཅུའི་དུས་དྲན་ཉིན་མཛད་སྒོ་ངྷ་ཞོལ་དུ་མཇུག་བསྡུ་བའི་ཚོགས་འདུའི་མཇུག་བསྡོམས་སྐབས། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ན་གཞོན་རྣམས་ལ་ཡིད་ཆེས་གཙང་འགེལ་གྱིས་སྲིད་འགན་རྩིས་སྤྲོད་ཀྱི་དགོངས་པ་བཞེས་ཀྱིན་པར་ཐུགས་རྗེ་ཆེ་ཞུས་ཡོད་ལ། དེ་ནི་ཏན་ཏན་ལོ་རྒྱུས་ཀྱི་སྟོང་ཆ་དེར་ཁ་གསབ་རྒྱབ་པ་ཞིག་ཀྱང་ཡིན་པར་མ་ཟད། སྐབས་དེར་མང་ཚོགས་ཀྱི་དགའ་བསུ་རྒྱ་ཆེན་པོ་ཐོབ་ཡོད་པར་སྐབས་དེར་མི་རྣམས་ཀྱིས་བཤད་སོང་། དེ་བས། ད་ནས་བཟུང་ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་ཅིག་ཅིག་མུག་མུག་ལབ་མཁན་ཚོར་དམིགས་ཡུལ་ཡོད་པའམ། ཡང་ན། བསླུ་བྲིད་འོག་ཚུད་ཟིན་པ་གསལ་བོ་ཡིན་པས། ཕྱིར་ལ་ཕེབས་ནས་མདུན་ལ་གཟིགས་རོགས་ཞེས་མི་ཞུ་ག་མེད་ཆགས་སོང་།
ཀླུ་མཁའ་བྱམས་ལ་ཁ་བདེ་བོ་ཡོད་པ་ཙམ་ལས་ཚུགས་ཀ་ཅི་འདྲ་ཡོད་མེད་མིག་ལྡན་ཕལ་ཆེ་བས་ལོས་ཤེས།
ཆུང་ས་ནས་བཤད་ན་་་་གཞན་གྱི་ཆུང་མ་ཡང་འཕྲོག་འགྲོ་མཁན་ཞིག་མིན་ནམ།
རྩམ་དགའ་ལགས། དེ་གནས་ཚུལ་གསར་བ་ཡིན་པ་འདྲ་བོ་འདུག་ཁོང་གིས་སུ་ཆུང་མ་འཕྲོག་སོང་བ་རེད། མིང་སོགས་གསལ་བོ་ཞིག་འགྲེལ་གནང་རྒྱུ་གལ་ཆེན་རེད།
གང་ལྟར་ཀྱང་བཙན་བྱོལ་མང་གཙོ་ལུང་པའི་ནང་དུ་བཤད་ཕོད་པ་དང། འབྲི་ཕོད་པ་ཙམ་གྱིས་ཧ་ལས་ཡ་མེད། དེ་ལ་དཔའ་བོ་ཟེར་རྒྱུ་ཁག་པོ་རེད། ག་ཚོད་བཤད། ག་ཚོད་བྲིས་ཀྱང་དེ་ཙམ་གྱིས་ཉེན་མེད་དོ།
དེ་ལས་བོད་དུ་མེ་མདའི་ཁ་ནས་བཤད་པ་དང་བྲིས་པ་ཡིན་ན་དངོས་གནས་དཔའ་བོ་རེད། ཧ་ཧ་ཧ་
དངོས་གནས་ཐབས་སྐྱོ་བོ་རེད་ཡ། བོད་ནང་གི་བོད་མི་དེ་ཚོ་ལ་ལྟོས་དང་། འདི་ནས་མདོ་སྨད་ཀྱི་བོད་མི་དག་གི་དངས་གནས་ཞབས་འདྲེན་ཞུ་བཞིན་འདུག བོད་ནང་གི་བོད་མི་དེ་དག་གི་ནང་ཁུལ་ཕར་ཞོགས་ཉིན་མཚན་དུས་དྲུག་ལ་རང་གི་མི་རིགས་ལ་རྒྱ་དང་ཆོལ་གསུམ་གྱི་ལས་དབང་རྒྱའི་གདུག་རྩུབ་འོག་ལ་གདོང་གཏད་དེ་རང་གི་རང་གཞུང་དང་ཡུལ་སྲོལ་སོགས་ཇི་འདྲའི་ཞབས་འདེགས་ཞུ་བཞིན་འདུག ཨ་ཤི་རེ་ཁོ་། མདོ་སྨད་རྒྱུན་ལས་འདི་ཚོ་།ཁྱེད་ཅག་གི་ཆུ་འགོ་རྙོག་ན་ཆུ་གཞུག་རྙོག་ཡོང་རྒྱུ་སྨྲོས་མ་དགོས་རེད། ད་རྗེས་ཕྱོགས་ཞབས་འདྲེན་ཞུ་མ་ཡོང།
་ཨ་རོགས་་ད་འུ་ཚང་ཞབས་འདྲེན་མ་བྱས་ཡག
འུ་ཚང་གི་སྙུ་གུ་འཛིན་མཁན་གྱི་མྱི་མང་པོ་ཞིག་གིས་ཁ་ནས་མི་གཞི་དང་སྒལ་ཚུགས་གླེང་ཞོར་རང་གིས་མྱི་གཞན་གྱི་ལག་པའི་ཚབ་བྱས་ནས་དེབ་རེ་འབྲི་བའམ།ཁ་ཡི་ཚབ་བྱས་ནས་མི་རིགས་ལ་མགོ་སྐོར་གཏོང་མཁན་རྐྱང་རྐྱང་རེད་ཟེར་བ་ཡིན་ན།སུ་དང་སུ་ཁྲོས་ས་རེད།སུ་དང་སུར་ཕོག་ས་རེད། དེབ་འབྲི་མཁན་དེ་དང་ཤོབ་བཤད་མཁན་དེ་གཉིས་ལ་མ་གཏོགས་ཞེ་སྡང་གི་མེ་ལྕེ་མཆེད་དོན་ཡོིད་ཀྱི་མ་རེད
ད་ཐེངས་འབྲོག་རུ་ཆོས་དར་གྱིས་གནས་ལུགས་དང་ལྡན་པ་ཞིག་བརྗོད་འདུག་པས་རྒྱབ་སྐྱོར་ཡོད། སྤྱིར་མདོ་སྨད་ཚང་གི་རྒྱུན་ལས་ཚོས་ཀླུ་མཁར་བྱམས་ལ་སྐྱོན་འཛུགས་བྱས་ཏེ་དུས་ཚོད་འཕྲོ་བརླགས་གཏོང་བ་ལས་བཙན་བྱོལ་དུ་གནས་པའི་མདོ་སྨད་ཉམ་ཐག་རིགས་ཀྱི་དཀའ་ཁག་དག་སེལ་ན་འོས་སུ་མཐོང་། དེ་འདྲའི་དགོས་མཁོ་མེད་པའི་རྩོད་གླེང་གི་རིགས་ལ་ཉོབ་སོང་།
ཀླུ་མཁར་བྱམས་སྐོར་ལ་བཤད་ཚར་ལ། ད་གཞན་གྱིས་བཤད་པ་ལ་ཉན་འདོད་ཀྱང་མེད། ༸གོང་ས་མཆོག་ལ་ཟུར་བྱེད་མཁན་མི་མ་རབས་ཅིག་ཡིན་པ་ནི་ཐག་གཅོད་ཐུབ་པ་འདུག གཞན་ད་དུང་བཀྲ་མི་ཤིས་པའི་སྐོར་མང་པོ་མ་གླེང་རོགས་གནང་།
སྤྱི་ཚོགས་ཟེར་བར་མི་འདྲ་མི་གཅིག་པ་མང་པོ་ལོས་ཡོང།
དེ་ལ་ཧ་ལས་དགོས་པ་གང་ཡང་མ་མཐོང།
སྤྱི་ཚོགས་ག་འདྲ་ཞིག་ཡིན་ནའང་དེར་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་སུ་ཡོང་བ་ནི་བཟང་ཕྱོགས་ཤིག་རེད་སྙམ།
དེ་མིན་ལྷན་རྒྱས་སུམ་བཅུ་ཐམ་པ་ལ།
བཀའ་གནང་ཉི་ཤུ་རྩ་དགུ་བྱེད་འདོད་ན་གནས་སྟངས་ཁ་ཁ་རེད།
དམངས་གཙོའི་སྤྱི་ཚོགས་ནང་དུ་འགལ་མཐུན་བྱེད་མཁན་ཇི་ལྟར་ཡོད་པ་ཙམ་གྱིས་དེ་རྩིས་ཀྱི་ལས་དོན་གང་ཅིའི་ཐད་ལ་ཡར་རྒྱས་འགྲོ་ངེས།
མི་མཐུན་པའི་ཕྱོགས་ཤོད་ས་མེད་ན་དམར་ཤོག་གི་སྤྱི་ཚོགས་དང་ཁྱད་མེད།
མི་བུ་སྒེར་གྱི་སྨྲ་བརྗོད་ཀྱི་རང་དབང་ལ་བརྩི་སྲུང་དགོས།
རང་གི་སྐད་ཆར་རང་གིས་འགན་ལེན་ངེས་པས། ང་ཚོའི་མི་སུ་ལ་ཡང་སྨྲ་བརྗོད་རང་གི་འཁོར་ཡུག་སྐྲུན་དགོས་པ་ལས་དེ་ལ་དངོས་ཤུགས་རྒྱུད་གསུམ་ནས་གནོད་ཤུགས་སྤྲད་ན་རྒྱ་དམར་གཞུང་ལ་ཅིའི་ཕྱིར་འབོད་སྐུལ་བྱེད།
སྐབས་འདིར། རྔ་བ་ནས་བཟུང་བོད་ནང་གི་འཐབ་རྩོད་གླེང་མཁན་ཞིག་བྱུང་ཕྱིན། དེ་མིན་ན་ཨོ་ས་མ་ནས་བཟུང་རྒྱལ་སྤྱིའི་དུས་བབ་ཀྱི་འཕེལ་འགྱུར་ལ་ལྟ་ཐུབ་ཚེ། མ་བྱུང་ནའང་བཀའ་ཁྲི་གསར་བའི་ལས་དོན་དང་གཞུང་དམངས་ཚོགས་ཆེན་ཐོག་གི་༼བཅའ་ཁྲིམས་བཟོ་བཅོས༽སོགས་གླེང་རྒྱུ་ན། ང་དང་འབྲེལ་བའི་ནང་རྙོག་རིགས་ལ་ཡུན་གྱིས་ལྟ་ཆོག ཡིན་ནའང་། གཞོན་སྐྱེས་ནང་འབྲོག་རུ་ཆོས་དར་སོགས་རང་གི་བསམ་ཚུལ་ལྷུག་པོར་བརྗོད་མཁན་དང་། དབང་བསྒྱུར་གྲལ་རིམ་ལ་ངོ་གཡོག་མི་འཁྲབ་མཁན་ཚོར་འདྲ་མི་འདྲ་བཤད་མཁན་ཡོད་སྲིད་པ་དང་། ཁོང་རྣམ་པའི་དྲང་བདེན་གྱི་ཞུ་ཚིག་གི་ཁ་དཀྱོག་ལ་འཁྱེར་མཁན་ཡང་ཡོང་ངེས་མོད། དེ་ནི་ལྷ་ཡོད་སར་འདྲེ་སྡང་ཟེར་བའི་ཆོས་ཉིད་ལྟར་ཧ་ལས་དགོས་དོན་མེད། གང་ལྟར་ཞུ་མཁན་གྱིས་ཞུས་དང་གསན་མཁན་མ་བྱུང་ཕྱིན་དེ་ལ་དེ་ལུགས་བྱ་ཆོག་༌༌༌༌༌༌
ཀླུ་མཁར་བྱམས་ཨ་མདོ་བས་བོར་ན་ཁམས་པས་སྒྲུག་རྒྱུ་རེད།དེ་ནས་གང་བྱེད་མིན་ངས་མི་ཤེས།ཁོ་རང་ཚུགས་ཅན་མིན་པ་ངས་ཤེས།ཁོ་གཞུང་ཞབས་ནས་ཕྱིར་ཕུད་གཏོང་སྐབས་འཇུ་ཆེན་དཔུང་ཁག་གིས་ཁོའི་རྒྱབ་ཏུ་ལངས་པར་བརྟེན་འདི་ལོ་ཁོས་འཇུ་ཆེན་ལ་ག་ཚོད་བསྟོད་མ་སོང་ངམ།
ཀླད་རྙིང་མཁྲེགས་བཟུང་གི་བསམ་བློ་དུས་ད་ལྟའང་གདའ།།།
ཆོལ་ཁོངས་ནས་ཕྱི་འབུད་གཏོང་རྒྱུ་དེ་དེ་འདྲའི་ལས་སླ་མདོག་ལ།
གངས་ཅན་མདོ་སྨད་ནས་ས་གང་ལ་གཏོང་།ཕ་གཞི་དྲོད་མོ་ཡང་གཞན་ལ་གཏོང་ངམ།
བསམ་བློ་མ་སྨིན་པའི་སྒེར་གཅོད་པའི་བྱེད་སྟངས་རང་རེད།
གནམ་ལོ་ཡག་ལགས།་་་་་་ཁྱེད་ཀྱིས་གསུངས་པ་ལྟར་མདོ་སྨད་དབུས་རྒྱུན་ནས་ཀྱང་རང་གཞུང་དང་རང་མི་ས་འོག་ཏུ་མི་འཇུག་སླད་ཐབས་བརྒྱ་ཇུས་སྟོང་གིས་ཀླུ་བྱམས་ལགས་མཉམ་གྲོས་མོལ་བྱུང་ཡོད་འདུག་་ཡིན་ཡང་་དོན་འབྲས་སོན་མེད་པ་དངོས་འབྲེལ་རེད།་་་་དྲ་གྲོགས་ཁ་ཤས་ཤིག་གིས་མདོ་སྨད་ཀྱིས་ཀླུ་བྱམས་འབུར་འཇོམས་བྱེད་ཀྱི་ཡོད་ཚུལ་གླེང་གི་འདུག་མོད།་་་་་དོན་དངོས་ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་མཚན་སྨོད་དང་སྐུར་འདེབས་བྱས་ཏེ་དམངས་སེམས་ལ་ཕོག་ཐུག་བཟོ་ཡོད་པ་ཡོངས་གྲགས་ཡིན་པ་ལས།་མདོ་སྨད་པས་ཀླུ་བྱམས་ས་འོག་ཏུ་འཇུག་རྩིས་བྱས་པ་མེད་པ་གསལ་པོ་རེད།་་་
མ་གཞི་ཀླུ་མཁར་བྱམས་ཀྱང་མི་ཡག་པོ་དེ་འདྲ་མ་རེད།་་་་་་ཕ་ཡུལ་ནས་ཆབ་སྲིད་བཙོན་པ་ཆགས་པ་དངོན་བདེན་རེད་ལ་གཡག་རྐུན་མ་བརྒྱབ་པའང་བདེན་པ་རེད།་་་་་་་དེ་བཙན་བྱོལ་དུ་མི་གཞན་གྱི་ཆུང་མ་དང་པོ་དགེ་ཕྲུག་ལ་ཉར་ཏེ་མཐར་ཁོ་རང་གི་ཆུང་མ་ཆགས་པའང་དངོས་འབྲེལ་རེད།་་་་་་ད་དུང་ཁོའི་ཆུང་མའི་ཁྱོ་གའི་ཕྱི་རྒྱལ་ནས་བསྐུར་ཡོང་བའི་དངུལ་དུས་ཡུན་རིང་པོརཀླུ་བྱམས་ཀྱིས་ཝུ་ཆང་འཐུང་བྱེད་དུ་བཀོལ་ཡོད་པ་ཅི་འདྲའི་ཐབས་རྡུགས་དང་ངོ་ཚ་དགོས་པ་རེད་།་
འབྲོག་རུ་ཆོས་དར་ལགས།་་་་་་རེ་བ་ཆེན་པོ་ཡོད།་་་་་་་རྗེས་ཕྱོགས་གནད་དོན་དངོས་གླེང་བ་ལས་དཀྲོགས་གཏམ་ལ་ཕྱག་འཆང་ན་རང་ཉིད་ཀྱི་རིན་ཐང་བཅག་ཡོང།་
ཀླུ་གར་བྱམས་ལ་ཡ་ང་སྙིང་རྗེར་བསམ་པ་དང་། ཤ་ཚ་བ་མ་ཟད་ཀླུ་གར་བྱམས་ལ་སྨད་མཁན་ཚོར་སྡང་ཟུག་བྱེད་མཁན་རྣམས་ནི་ཀླུ་གར་བྱམས་ཀྱི་རྒྱབ་རོགས་སམ་དཔུང་རོགས་ངོ་མ་དག་རེད། འོན་ཀྱང་ཀླུ་གར་ཁོས་ཐེ་ཚོམས་དང་སོམ་ཉི་སྤུ་ཙམ་མེད་པར་དུས་ནས་དུས་སུ་༸གོང་ས་མཆོག་གི་དབུས་
གནས་ཚུལ་འདི་དེང་སང་མི་ཚང་མའི་མིག་ལམ་དུ་གྱུར་ཟིན་པས། བདེན་པ་གཅེར་བུ་རང་མགོ་གཡོག་པའི་གོས་ཀྱིས་འཐུམ་དུ་མེད་པ་གསལ་བོ་ཡིན་པས། ཤེས་མ་ཤེས་ཀྱིས་གླེང་སློང་བ་ནི་གླེན་རྟགས་ཁོ་ན་རེད། འབྲོག་རུ་ཆོས་དར་ཟེར་བ་འདིའི་བྲིས་པའི་ནང་ན་ཚོར་བ་ཐད་འབྲི་མ་གཏོགས་ཁུངས་ལུང་ཡོད་པ་ཞིག་མེད་པ་དེའང་གསལ་བོ་རེད།
ཅི་ལྟར་ཞེ་ན། གུང་ཐང་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོར་བསྡུར་བ་དང་། ཀླུ་མཁར་བྱམས་ཟེར་བ་སྐུ་ཞབས་པདྨ་འབུམ་ལ་བསྡུར་བ་རྣམས་རེད། འདི་རྣམས་ཀྱི་དཀའ་ངལ་མི་འདྲ་ལ་བྱས་པ་དེ་བས་ཀྱང་མི་འདྲ། དེ་ལས་ཀྱང་ལོ་རྒྱུས་ཁྱོན་ནས་མི་འདྲ་བས་ན་ཡི་གེ་འདི་འབྲི་མཁན་གྱི་ཕོ་གསར་དེ་ལ་དེའི་ཚོད་ཀྱི་རང་མདོག་ཅིག་ཡོད་པ་གསལ་བོ་རེད།
དེ་ནས་མར་འོང་ན་ཨ་ལགས་འཇིགས་མེད་ཟེར་བའི་ལབ་ཉོག་ཅན་དེ་དང་ད་སྐབས་ཀྱི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་རེད། ཁོང་ཚོ་རྒྱ་གར་དུ་བདེར་བཞུགས་ཡིན་པས་ཁོ་ཚོར་དྲི་བ་དྲིས་ལན་གྱིས་དོགས་སེལ་བྱས་ཆོག་མོད། དེའམ་མེད་པར་དཀྲུག་ཤིང་འདྲ་ཞིག་རྒྱག་བཞིན་པ་དེའང་ཁོང་གི་རང་མདོག་ཅིག་རེད།
གཙོ་བོ་ཀླུ་མཁར་བྱམས་ཀྱི་རྩོམ་བྲ་རེས་བཞིན་གཏུབ་བཞག་ཡོད་ན། འདི་འདི་རེད་མོད་དེ་ཞེས་འགྲེལ་ལོག་རྒྱབ་འདུག བློ་མིག་རྟུལ་འདུག་ཟེར་ཐུབ་ན་ཅུང་དགའ་མོད། དེའང་མི་འདུག་པས། འདིའི་རིགས་འདི་ལ་གླེན་རྟགས་མི་ཟེར་ཐབས་མེད་རེད། གལ་སྲིད་ངས་བཤད་པ་རེ་རེར་ཁྱེད་ལ་རང་ཚོད་ཀྱི་ཁུངས་ལུང་ཙུང་ཙམ་རེ་ཡོད། དེ་ཡང་འདིར་འབྲི་ཐུབ་པ་འདྲ་ཡིན་ན། ངས་བགྲོ་གླེང་ཡག་པོ་བྱེད་ཐུབ། དེ་མིན་རི་བོང་ཅལ་འདྲོགས་མ་བྱེད། ཤ་ཉེ་ལགས།
འདིར་གསལ་བཤད་ཅིག་ཡོད།
དེ་ཡང་ངའི་སྒང་ལ་ངར་ངར་རྫིགས་རྫིགས་བྱེད་མཁན་ཚོའི་ངོ་གདོང་ལ་ལྟས་ན། ཨ་ལགས་འཇིགས་མེད་དང་། སྤེན་པ་ཚེ་རིང་། རྡ་སའི་དབུས་རྒྱུན་དང་ས་རྒྱུན་སོགས་ཨ་མདོ་བ་འགའ་ག་དུས་ཡིན་ཡང་སྔོན་ལ་ཐོན་ནས་སྨྱོ་རྟགས་སྟོན་གྱིན་ཡོད་པ་འདྲ་བོ་ཞིག་འདུག་ལ། དེ་ཡང་རྡ་སའི་མདོ་སྨད་ས་རྒྱུན་ཚོགས་གཙོ་ཨ་ལོ་དང་། ནམ་རྒྱུན་ངའི་སྒང་ལ་ཅིག་བྲིས་མཁན་ཆོས་འབྱོར་རམ་༼མི་ཁ་ཤས་ཀྱིས་དགེ་ཆོས་སྤྲུལ་རྫུན་དུའང་འབོད༽ཟེར་བ་རེ་གཉིས་ཤིག་ཨ་ལགས་ཀྱི་ལུང་ཚན་གཅིག་པ་ཡིན་སྟབས། ཀླུ་མཁར་བྱམས་ལ་འདྲ་མིན་བཤད་མཁན་རེབ་གོང་ཚོ་རེད་ཟེར་གྱིན་འདུག་ན། དེ་ལྟར་བསམ་ན་རྦད་དེ་ནོར་བ་ཡིན། ང་ལ་ཅིག་བཤད་མཁན་འདི་ཚོ་འུ་ཚང་གི་དཔོན་རའི་ཁེ་ཕན་ཤོག་ཁག་ནང་གི་མི་ཉུང་ཤོས་ཤིག་ཡིན་པ་དང་༼ཨ་ལགས་དང་། སྤེན་ཚེ༌༌༌༌༌སོགས་ལ་ཞར་ཞོར་གྱིས་ཁེ་ཕན་རེ་རག་གི་ཡོད་སྲིད་ཀྱང་། རྩ་བའི་ཁོ་ཚོ་ཚང་མ་ལག་ཆ་ཙམ་ཡིན་ལ། ཨ་ལོ་དང་། ཆོས་འབྱོར་ལ་སོགས་པ་ནི་ལག་ཆའི་ལག་རྡོ་ཙམ་ཡིན ༽མི་འདི་ཚོས་ཁ་ལ་རྒྱལ་བ་རིན་པོ་ཆེ་ཁྱེར་ན་རེད། མི་ལ་རྒྱ་དམར་ནག་གི་གསང་ཉུལ་གྱི་ཉེས་འཛུགས་བྱེད་ཀྱིན་ཡོད་ན་རེད། ཐ་ན་བདུད་རེད་ཟེར་ཀྱིན་ཡོད་ན་རེད། ད་རྐུན་མ་དང་ཇག་པ་རེད་ཟེར་ན་རེད། དེ་བཞིན་ཁོ་ཚོའི་ལུང་ཚན་སྐྱིད་སྡུག་དང་། གྲྭ་སའི་ཁམས་ཚན་ཡན་ཆད་བེད་ལོག་གཏོང་གི་ཡོད་ན་རེད། གནད་དོན་འདི་མ་གཞི་ནས་དབང་སྒྱུར་གྲལ་རིམ་ནང་གི་རུལ་སུངས་༼རྒྱུ་དངོས་རུལ་སུངས་དང་། བསམ་བློའི་རུལ་སུངས་ཅན་ལའང་གོ་དགོས༽དང་། རུལ་སུངས་ཐེར་འདོན་བྱེད་མཁན་བར་གྱི་འཐབ་རྩོད་ཅིག་ཡིན་སྟབས། གནའ་ནས་ད་བར་འཐབ་རྩོད་འདི་འཇགས་མྱོང་མེད་ལ། ང་ནི་གཡུལ་ས་འདིར་དྭང་བླངས་ཀྱིས་ཞུགས་པའི་འཐབ་མོ་བ་ཆུང་ཆུང་ཞིག་ཡིན། དེ་བས་འཐབ་རྩོད་འདིའི་ཁྲོད་ན་འཇུ་ཆེན་དང་འཇུ་ཆུང་གི་ཆོལ་ཁ་དང་། དགེ་ལུགས་དང་རྙིང་མའི་ཆོས་རྒྱུད། དད་པ་དང་དག་སྣང་གི་སྐད་ཆ་སོགས་གང་ཡང་མེད་ལ། དེ་བཞིན་མཚོ་སྔོན་དང་རེབ་གོང་སོགས་ལུང་ཚན་བྱེ་བྲག་པ་ཞིག་གི་སྐད་ཆ་དེ་བས་ཀྱང་ག་ལ་ཡོད། དཔེ་བཞག་ན་རེབ་གོང་ནང་ཨ་ལགས་འཇིགས་མེད་ལས་ང་ལ་ཁ་སེམས་མཐུན་པའི་གྲོགས་པོ་མང་ནི་རེད་ལ། གནད་དོན་འདི་བཞིན་རྡ་སའི་ལྐོག་ཇུས་ལ་ནང་རྒྱུས་ཡོད་མཁན་ཚོར་འགྲེལ་བརྗོད་དགོས་དོན་མེད་མོད། ཕྱོགས་མཐའི་མི་མང་གིས་གསལ་བོ་ཞིག་ཤེས་ཀྱིན་མེད་སྟབས་་་ གསལ་བཤད་ཙམ་ཡིན།
རང་ལ་ཤེས་འཇོན་གཉིས་ཀས་སྟོང་པ་དང་། །
ཕྲག་དོག་ན་ཟུག་འཕར་མས་མནར་བའི་དུས། །
ཤེས་ཡོན་གཟུར་གནས་ཅན་ཚོ་མིག་ནང་གི། །
ཚེར་མར་གྱུར་བ་ལས་ངན་ཨ་ལོ་སོགས། །་་་་་་་་་་་་་
དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་སྤེལ་བར་ཐུགས་རྗེ་ཞུ།
ཁོ་བོ་ནམ་རྒྱུན་དྲ་ལམ་ལ་ཞུགས་ཐུབ་ཀྱིན་མེད་པས་དུས་ཐོག་ལན་འདེབས་མ་བྱུང་བར་དགོངས་དག་ཞུ།
ཁོ་ཚེ་བློ་ཕུན་ལགས། བསམ་ཚུལ་བཀོད་པར་ཐུགས་རྗེ་ཆེ། ཡིན་ཡང་། ཉིད་ཀྱིས་བྲིས་རྩོམ་འདི་ང་རྒྱལ་གྱི་སྒོ་ནས་གཡག་ཞར་གྱིས་རྩྭ་ཟ་བ་བཞིན་བཀླགས་པ་འདྲ། ཁོ་བོའི་བྲིས་རྩོམ་གྱི་བརྗོད་སྙིང་གི་ཕྱོགས་ཙམ་ཡང་མ་གླེང་བ་ཅི་ཡིན། རབ་ཡིན་ན་བསྐྱར་དུ་ཐེངས་གཅིག་གཟིགས་རོགས། ཁོ་བོས་འདིར་ཚབ་མཚོན་མི་སྣ་དེ་དག་གི་སྡུར་ཚད་དང་ལོ་རྒྱུས་བསྐྱར་འཁྲབ་བྱེད་ཀྱིན་མེད་ལ། ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དེ་དག་གི་བདེན་རྫུན་ར་སྤྲོད་དང་དོགས་སློང་ནི་དེ་བས་ཀྱང་བྱེད་ཀྱིན་མེད། ཕལ་ཆེར་ཁྱེད་ཀྱིས་ས་རྒྱུན་ནས་དབུས་རྒྱུན་ལ་བཏང་བའི་སྙན་ཞུ་དང་ས་རྒྱུན་ནས་དགུ་བཅུ་གསུམ་ཚོགས་པར་བཏང་བའི་ཆེད་ཞུ། གྲྭ་ས་ཁག་དང་མདོ་སྨད་ས་རྒྱུན་ཁག ཚོགས་སྡེ་དང་མི་སྒེར་སོགས་ལ་བཏང་བའི་བསྒྲགས་གཏམ་དེ་དག་མཐོང་ཐོས་ཡོད་ཚོད་མ་རེད་ལ། དམིགས་ཡུལ་ནི་དེ་བས་ཀྱང་ཚོར་ཡོད་ཚོད་མ་རེད།
ཁོ་བོས་བདེན་ལུགས་ཀྱི་གད་རྒྱངས་ཤིག་བསྒྲོགས་དགོས་དོན་དྲང་བདེན་དང་རང་དབང་ལ་འཚོལ་སྙེག་བྱེད་བཞིན་པའི་མི་བུ་དག་ལ་ས་རྒྱུན་ལྟ་བུའི་སྒེར་སྤྱོད་པས་གནོན་ཤུགས་མི་ཡོང་བའི་ཕྱིར་དུ་ཡིན།
གལ་སྲིད་ཁྱེད་ཀྱིས་རང་བློའི་རྣམ་རྟོག་གི་ས་བོན་འདེབས་པར་སྤྲོ་ན། ཁོ་བོས་དགའ་བསུ་ཞུ།
༼ ཕལ་ཆེར་ཁྱེད་ཀྱིས་ས་རྒྱུན་ནས་དབུས་རྒྱུན་ལ་བཏང་བའི་སྙན་ཞུ་དང་ས་རྒྱུན་ནས་དགུ་བཅུ་གསུམ་ཚོགས་པར་བཏང་བའི་ཆེད་ཞུ། གྲྭ་ས་ཁག་དང་མདོ་སྨད་ས་རྒྱུན་ཁག ཚོགས་སྡེ་དང་མི་སྒེར་སོགས་ལ་བཏང་བའི་བསྒྲགས་གཏམ་དེ་དག་མཐོང་ཐོས་ཡོད་ཚོད་མ་རེད་ལ། དམིགས་ཡུལ་ནི་དེ་བས་ཀྱང་ཚོར་ཡོད་ཚོད་མ་རེད།༽ཟེར་བ་འདིས་དྲི་བ་གཏོང་དགོས་དོན་མེད། ཁྱེད་ནས་སེང་གེ་གནམ་འཆོང་བྱེད་ཀྱི་ཡོད་ན་འདྲ་མེད་ན་འདྲ། གང་ལྟར་མིག་བཙུམས་ནས་གནམ་འཆོང་བྱས་འདུག་པས་དེ་ལྟར་བྱས་ན་ཁྱེད་ཁུངས་མེད་ཆགས་ཀྱི་འདུག
༡ ཀླུ་མཁར་ཟེར་བས་༧རྒྱལ་བ་རིན་པོ་ཆེའི་བྱས་པ་ལ་སྐུར་འདེབས་བྱས་པ་ཁྱེད་ནས་ཁས་ལེན་ཐུབ་བམ།
༢ ཀླུ་མཁར་གྱི་རྩོམ་ཡིག་གི་བདེན་པ་གླེང་ནས་ཁོང་གི་དཀར་ས་དཀར་ནག་ས་ནག་ཕུད་བྱེད་ཐུབ་བམ།
༣ ཁྱེད་ཀྱི་མཚུང་བསྡུར་བྱས་པ་དག་གི་གང་ཟག་གཞན་གསུམ་གྱི་ལོ་རྒྱུས་ཤེས་ཀྱི་ཡོད་དམ།
༤ ཁྱེད་ཀྱིས་ཀླུ་མཁར་བསམ་བློ་བ་དང་རིག་གནས་པ་ཞིག་གི་གྲལ་དུ་འདོགས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ཀླུ་མཁར་བྱམས་ཟེར་བ་ལགས།
ཁྱེད་ནས་མགོ་བདེ་བོའི་གཡོ་འཁྲབ་དང་རྫུན་གཏམ་མ་བཤད་ན་དགའ་ནི་རེད། གསལ་བོ་གང་ཞིག་གནའ་ནས་གསལ་བོ་ཆགས་ཟིན་སྟབས་ཁྱེད་ནས་མགོ་བསྐོར་ཐུབ་ནི་མ་རེད།
ཁོ་ཚེ་བློ་ཕུནལགས།
རྒྱུས་མེད་རྒྱུས་གཏམ་ཤོད་རྒྱུར་ངན་གོམས་སོང་ན་མི་བཟང་ལ།་ལྷག་དོན་དགེ་ཆོས་ཀྱི་སྤྲུལ་རྗུན་ལ་དེང་འདིར་ཀུན་གྱིས་སྨྱུག་ཁ་གཞང་ཚོང་མ་ཞེས་བཏེགས་ཤིང་འབོད་བཞིན་པ་ན།དེའི་གྲས་སུ་ཚུད་ན་མི་ལེགས་པས༌༌༌༌༌རེབ་ཡིན་ན་དུས་ནམ་ཡང་སྨྱུག་རྩེ་གཞང་སྒོར་མ་བསྒྱུར་ཞེས་ཁ་བརྡ་ཡིན།
བཀྲ་ཤིས་ཟེར་བ་ལགས།
ཁྱེད་འདྲ་བའི་བསླབ་བྱ་དགོས་དོན་མི་འདུག ཁྱེད་ཕྱོགས་ལྷུང་དང་ཕྲག་དོག་ཅན་ཞིག་ཡིན་པ་གསལ་བོ་རེད། གཟབ་གཟབ་བྱོས་མ་གཏོགས། རྫུན་རྐུབ་བརྡོལ་ཀི་རེད་འདོད་བྱུང་།
ད་ཁྱེད་ཚོ་ཚང་མ་ལས་མེད་འདྲ་པོ་ཤ་སྟག་རེད་མི་འདུག་གམ། ག་རེ་བཤད་ན་འདྲ་མ་བཤད་ན་འདྲ་བླུ་བྱམས་ཀྱི་འདོད་པ་གང་ཡོད་བསྒྲུས་མིའདུག་གམ། ད་ངེས་བྱས་ན་རེ་བ་མ་མཐོང་ངོ་།
འདིའི་ཞབས་ཀྱི་མཆན་ཚང་མ་ཀློག་པ་ཡིན། དོན་དག་ཡོད་མེད་གཉིས་ཀ་འདུག སྣང་བ་འགྲོ་ཤོས་དེ་ཀླུ་མཁར་བྱམས་ཀྱིས་ས་ས་དང་རྡོ་རྡོ་ཡི་དབྱེ་བ་བཀར་དེ་གསལ་བཤད་བྱུང་བར་དགའ་བོ་བྱུང་། ང་ལྟ་བུར་མཚོན་ན་ཀླུ་མཁར་བྱམས་ལ་དགའ་གི་ཡོད། བསམ་སྟངས་དང་བཤད་སྟངས་ཁ་ཤས་ལ་དགའ་གི་མེད། འོན་ཀྱང་། རང་ལ་ཁུངས་དག་མོ་རེ་བཤད་ཀྱི་མེད། ཁོ་ལ་ཡོད་པའི་རེ་བ་ཡོད།
ཀླུ་བྱམས་ཟེར་བ་འདི་དངོས་གནས་བོད་ལ་ཤ་ཚ་ནས་ཤི་ཐུབ་ཀྱི་མེད་མཁན་ཞིག་ཡིན་ན། དེ་རིང་གི་གསལ་བཤད་འདི་འདྲ་གནང་མདོག་མེད། ང་ཁོང་ལ་འདི་འདྲའི་ཨ་ཐང་ད་བར་ཆད་མ་མྱོང་། ཁོང་གི་གསལ་བཤད་དེས་ག་རེ་བཤད་ཀྱི་ཡོད་པ་རེད་ལབ་ན། མདོ་སྨད་ཀྱི་མི་སྣ་དེ་དག་ལག་ཆ་ཡིན་པའི་དབང་བསྒྱུར་རུ་ཚོགས་ཤིག་གིས་ཁོང་ལ་རྨག་མེད་དུ་གཏོང་གི་ཡོད་རབ་བཤད་ཡོད་པ་རེད། ད་དབང་བསྒྱུར་རུ་ཚོགས་དེ་སྤྱི་ལྷན་ནི་མ་རེད། ༧གོང་ས་མཆོག་ནི་ཡོན་དོགས་མེད། འོ་སུ་ཡིན་ནམ། ཡང་འདིས་བཀའ་ཤག་ལ་ཀླན་ཀ་འཚོལ་གྱི་མེད་སྟབས། མི་འདིས་སྐད་ཆ་བཟོ་སྟངས་དང་རང་ཉིད་གནད་འགག་བཟོ་སྟངས་ལ་ལྟོས་ན་དངོས་གནས་ལར་ཞེན་ཅན་ཞིག་མིན་ཁར། མགོ་བདེ་དྲན་འཁྲུལ་ཞིག་ཡིན་ཐག་ཆོད་རེད།
དེས་ན་ཀླུ་མཁར་བྱམས་འདྲ་བོ་དེ་ལྟའི་ལས་འཆར་གྱི་བང་སྒྲིག་དགོས་དོན་གང་ཡང་མེད་པ་སུས་ཀྱང་ཤེས་ཐུབ་ལ། དེ་བས་ཀྱང་ཁོང་གི་ཡོན་ཏན་གྱི་བབ་ལྕིས་གསལ་བཤད་བྱས་འདུག་པས་ན། མི་འདིའི་ད་ནས་བཟུང་ག་རེ་ལབ་ཀྱང་གད་སྙིགས་ནང་གཡུག་གི་ཡིན་ལ། གཡུག་བཞག་ན་དེས་ཀྱང་དགའ་བར་སེམས་ལ། གཟུར་གནས་རྣམས་ཀྱིས་མི་འདིར་དོ་སྣང་མ་བྱེད་ཅེས་མཇུག་བསྡུས་པ་ཡིན།
ཀླུ་མཁར་བྱམས་མི་དྲང་བདེན་དང་ལྷག་བསམ་སེམས་ཤུགས་ཅན་ཞིག་ཡིན་པ་མ་གཏོགས་སྐབས་འཚོལ་ཀླུ་བྱམས་མི་དྲང་བདེན་དང་ལྷགས་བསམ་སེམས་ཤུགས་ཅན་ཞིག་ཡིན་པ་མ་གཏོགས་གཡོ་འཁྲུལ་བྱེད་མཁན་ཞིག་རེད་བསམ་མ་སོང་། ཁ་སང་དེ་རིང་གཡོ་འཁྲུལ་དང་ལྐོག་གྱུར་བྱེད་མཁན་ལ་རྒྱབ་སྐྱོར་དང་རྒྱལ་ཁ་ཡོད་ལ་ཉམས་ཆུང་དང་དྲང་བདེན་ལ་ཕམ་ཁ་ཡོད། ཁ་དཔེར་སྐད་ཆ་དྲང་མོ་བཤད་ན་མྱི་མི་དགའ་ཅེས་བཤད་གསོལ་བཞིན་རེད། དེང་སང་ལུང་ཚན་ཁེ་གཉེར་བའི་ལྐོག་ལས་བྱ་མཁན་ལ་རྒྱབ་སྐྱོར་དང་རྒྱལ་ཁ་ཡོད་ལ་ཉམ་ཆུང་དང་དྲང་བདེན་ལ་ཕམ་ཁ་ཡོད་པར་མཐོང་། ཁ་དཔེར་སྐད་ཆ་དྲང་མོར་བཤད་ན་མྱི་མི་དགའ་ཞེས་བཤད་གསོལ་ཡོད་པ་བཞིན་རེད། སྔོན་མར་གུང་ཐང་ཚུལ་ཁྲིམས་ཀྱིས་དྲང་བདེན་གྱི་བསམ་ཚུལ་དང་སྤྱི་དོན་སྒྲུབ་ཕྱོགས་ནག་ཉེས་སུ་བསྙད་དེ་ཨ་ལགས་འཇིགས་མེད་ཀྱིས་གུང་ཐང་ཚུལ་ཁྲིམས་ལྐོག་གསོད་བྱེད་དུ་བཞག་པ་རེད་ཟེར། གོ་ཐོས་བྱུང་བ་ལྟར་ན་ཨ་ཁུ་ཚུལ་ཁྲིམས་ཀྱི་ཞལ་ཆེམས་ནང་གལ་སྲིད་ང་ཅིག་མ་འགྲིག་པ་ཅིག་བྱུང་ན་མི་འདི་ཚོ་ཡིན་ཞེས་ཨ་ལགས་འཇིགས་མེད་གཙོས་མི་རེ་ཟུང་གི་མིང་བཀོད་ཡོད་པར་བཤད་སོང་ལ། རྒྱ་གར་གྱི་ཁྲིམས་ཁང་ནང་ལ་ད་ལྟའང་ཨ་ལགས་འཇིགས་མེད་ཀྱི་མིང་འདུག་ཟེར། གུང་ཐང་ཚུལ་ཁྲིམས་ལྐོག་གསོད་གྱོད་དོན་འཚོལ་ཞིབ་མདོ་སྨད་ན་གཞོན་སྐོར་ཞིག་གིས་ག་ལེར་ཁོང་གི་འཆི་རྐྱེན་གསལ་བོ་བཟོ་རྩིས་ཀྱི་ལམ་ཁ་ཞུགས་ཟིན་འདུག་ལ། ཨ་ལགས་ཚང་ཁྲིམས་ཁེར་ཕེབས་ཏེ་གུང་ཐང་ཚུལ་ཁྲིམས་ཀྱི་འབྲེལ་ཡོད་མི་མིང་ལ་གསལ་བཤད་གནང་དགོས་ཀྱང་ཐུག་སྲིད་པར་སྙམ་སོང་།
ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན། རིལ་རིལ་དབུ་ལ་འོ་རྒྱ་བཟོ་ཡོང་།
འབྲོག་རུ་ཆོས་དར་དང་ལྷ་སྡེ་གནམ་ལོ་ཡག་གཉིས་ཀྱིས་ཕར་ལྟས་ཚོད་ལ་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པའི་གཟོ་འདྲ་ཞིག་འདུག འོ་ན་ངས་མཚམས་འདི་ནས་འབྲོག་རུ་ཆོས་དར་དང་ལྷ་སྡེ་གནམ་ལོ་ཡག་གཉིས་ལ་འདྲི་རྒྱུ་ཞིག་ལ། དེ་སྔོན་ཀླུ་མཁར་བྱམས་ཀྱིས་བྲིས་པའི་ཚིག་དུམ་འགའ་ཞིག་མདོ་སྨད་ས་རྒྱུན་གྱིས་ཁོར་ཕྱུང་བྱས་ཏེ་ཤོག་ངོས་ལྔ་ལྷག་ཅིག་བཏོན་པ་ས་ཁྱབ་རྡོ་ཁྱབ་རེད་འདུག ཀླུ་མཁར་བྱམས་མདོ་སྨད་དབུས་ས་གཉིས་ལ་མི་མཐུན་ས་ཆེ་ཤོས་དེ་ཁོས་བྲིས་པའི་ཚིག་འདི་ཚོས་ཡིན་པར་སྣང་། ཚིག་དེ་ཚོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བྲིས་པ་ཡིན་དང་མིན། གལ་ཏེ་བྲིས་པ་བདེན་ན་ཁྱེད་ཅག་གིས་སྐྱག་མགོ་ས་བཏུམ་ཅི་ཙམ་བྱས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོར་དད་མཁན་དང་དགའ་མཁན་ཞིག་ཡིན་ཕྱིན་སྐད་ཆ་འདི་ཚོ་གོ་ཡོང་དུས་རང་བཞིན་གྱིས་མ་དགའ་བ་ཆགས་ཡོང་གི་ཡོད་ན།
དང་པོ་ཁྱེད་ཅག་གིས་ཡིག་ཆ་འདི་གཙང་མ་བཟོས་ན་གཞི་ནས་དཀའ་ངལ་སེལ་རྒྱུ་རེད། དེ་མ་ཡིན་པར་རང་སྐྱོན་རི་བོ་འདྲ་བ་འགེབས་ཐབས་དང་། གཞན་སྐྱོན་ཤིག་ཙམ་ཞིག་བརྗོད་ཐབས་ཟེར་པའི་དཔེ་ལྟར་མ་ཡིན་ནམ།
ཀླུ་མཁར་བྱམས་ལའང་སྨྲ་བརྗོད་རང་ལོས་དགོས། ཡིན་ནའང་མདོ་སྨད་དབུས་ས་གཉིས་ལ་དེ་བས་ཀྱང་མདོ་སྨད་ནང་ཁུལ་གྱི་ལངས་ཕྱོགས་དང་མི་མང་གི་ཆིག་སྒྲིལ་སོགས་ལ་ཐེ་གཏོགས་བྱེད་པའི་འགན་དབང་ཡོད་པ་རེད། སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ལྷག་པར་དུ་མདོ་སྨད་ནང་ཁུལ་གྱི་གཞོན་སྐྱེ་རེ་ཟུང་ཞིག་གིས་སྨྲ་བརྗོད་རང་དབང་ཡིན་འདོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོར་འཛེམས་ཟོན་མེད་པར་གང་བྱུང་གི་གཏམ་ཉོག་འདྲ་མིན་བྲིས་སྡད་པ་དེ་ཚོ་ཡག་རྟགས་ཤིག་གཏན་ནས་མ་རེད། ༧གོང་ས་མཆོག་གིས་འཛམ་གླིང་ནང་རླབས་ཆེན་གྱི་མཛད་རྗེས་ག་རེ་བཞག་ཡོད་མེད་དང་། ལྷག་པར་དུ་བོད་མི་ས་ཡ་དྲུག་གི་ཆེད་དུ་སྐུ་ངལ་འཛེམ་མེད་ཀྱིས་ཕྱག་ལས་ག་རེ་གནང་གི་ཡོད་པ་སོགས་ལ་བསམ་བློ་ཏིལ་འབྲུ་ཙམ་ཡང་མི་གཏོང་བར་ཁོག་ལ་ཤར་ཚད་ཁ་ནས་བཏོན་ན། དྲིན་ཅན་ལ་དྲིན་ལོག་བྱས་པ་མ་རེད་དམ། ཁོང་གིས་ད་བར་སྐུ་ལས་བསྐྱངས་པ་དེ་ཚོ་ཁྱེད་ཅག་ཐས་པའི་བོད་མི་ས་ཡ་དྲུག་གི་ཁྱེད་ཡིན་པ་མ་ཤེས་ན་དུད་འགྲོ་ལས་ཀྱང་སྡུག་རེད། སྒོ་ཁྱི་ཡིན་རང་ལ་བྱམས་པོ་གནང་མཁན་ལ་དགའ་བའི་རྣམ་འགྱུར་བསྟན་ནས་རྔ་མ་གཡུག་གི་རེད། གང་ལྟར་ཀྱང་དེང་གི་དུས་འདིར་བོད་མི་ས་དྲུག་གིས་༧གོང་ས་མཆོག་ནམ་ཡང་སེམས་ནས་བརྗེད་མི་སྲིད་ལ་ཁོང་གིས་ཀྱང་བོད་མི་ས་ཡ་དྲུག་ནམ་ཡང་ཡར་བར་འདོར་མི་སྲིད། དེས་ན་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་གཏམ་ཉོག་འདྲ་མིན་སྤེལ་སྡད་མཁན་འདི་ཚོ་ལ་ང་ཚོ་མང་ཚོགས་ཀྱི་ངོས་ནས་དོ་སྣང་ཤུགས་ཆེ་བྱེད་ཀྱིན་ཡོད། ཁྱེད་ཅིག་གིས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་དང་། ང་ཚོ་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་ཁ་བརྡ་མ་འཕྲོད་ན་ལག་བརྡ་སྤྲད་རྒྱུ་ཡིན། དེ་སེམས་ལ་བཟུང་། མཐའ་དོན་ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན། རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ཟེར་པ་དེ་ཡིན།
དྲ་རྒྱ་འདིའི་ནང་དུ་དེ་རིང་མ་གཏོགས་ཡོངས་མྱོངས་མེད། འོན་ཀྱང་གླུ་མཁར་བྱམས་སྐོར་ལ་སྦགས་སྦགས་ལ་མང་པོ་ཞིག་བྲིས་འདུག། ཡག་པོ་ཞིག་མགོ་ཚོ་མ་སོང་། གླུ་མཁར་བྱམས་སྐོར་ལ་མང་པོ་ཞིག་གོ་ཐོས་བྱུང་བདེན་རྫིན་གང་ཡང་ད་དུང་མགོ་ཚོད་མ་སོང་ལ་ཡང། མགོ་ཚོད་དགོས་པའང་མེད། འོན་ཀྱང་ཁོ་བོའི་གོང་ས་མཆོག་ལ་མང་པོ་ཞིག་བཤད་གི་འདུག་ཟེར་བ་གོ་ཐོས་བྱུང་། འོན་ཀྱང་ད་དུང་ངའི་ངོས་ནས་ཁས་ལེན་བྱེད་ཀྱི་མ་རེད། ང་རང་ཉིད་ཀྱི་གསལ་བོ་ཞིག་སྣ་བའི་གོ་བ་དང་། མིག་གི་མཐོང་བ་ཞིག་བྱུང་ཚེ། གལ་ཏེ་དེའི་རིགས་དེ་འདྲ་དངོས་ཡོད་ཡིན་ཚེ། ཁོ་བོའི་མདོ་སྨད་མི་དམངས་ལ་ཞབས་འདྲེན་རེད་མ་གཏོགས་གཞན་གང་ཡང་ཡོད་པ་མ་རེད། ཅིག་བྱས་ན་ཁོ་བོ་དངུལ་ཏོགས་ཙམ་གང་ཞིག་ནས་རེག་གི་ཡོད་སྲིད་པ་རེད། ཚང་མའི་ཁ་ནས་སྦགས་སྦགས་ཅིག་བཤད་རྒྱུ་ལས། ཁོ་བོའི་རྒྱབས་ལྗོངས་ལ་ཞིབ་འཇུགས་མཐར་ཕྱིན་པ་ཞིག་བྱེད་རྒྱུ་གལ་ཆེའོ། འདིར་སྦགས་སྦགས་མང་པོ་ཅིག་བཤད་འདུག་མཁན་ཚོ་ང་རང་ཉིད་ཐཻ་བའི་སུ་གཅིག་གི་ཀྱང་ཁོ་བོའི་རྒྱབས་ལྗོངས་ཤེས་ཀྱི་ཡོད་པ་མ་རེད། སྦགས་སྦགས་ཅིག་བཤད་བསྡད་པ་རང་རེད།
བྱམས་པ་ལགས།
ཁྱེད་ཀྱིས་གསུངས་པ་དེ་དངོས་གནས་རེད། དེང་སང་བཙན་བྱོལ་ཁྲོད་ཀུན་གྱི་ཁ་ན་གླེང་སློང་བྱེད་བཞིན་པ་ནི་ཀླུ་བྱམས་འདི་རེད། འདིས་གཞན་གྱི་ལགས་ནས་དངུལ་ཟས་ཡོད་མིན་མི་ཤེས་ཀྱང་། ཏན་ཏན་ཁོའི་སེམས་ལ་གདོན་ཞིག་ཞུགས་པ་མིན་འགྲོ་བསམ་གྱི་འདུག ཁྱེད་ཀྱིས་དེའི་སྐོར་ལ་ཞིབ་འཇུག་གིས་ཤེས་འདོད་ན་རྡ་སའི་མདོ་སྨད་ས་རྒྱུན་ལ་དྲིས་ན་ཏན་ཏན་མཁྱེན་རྟོག་ཡོང་གི་རེད། འདི་ཚོ་ང་ཚོ་མང་ཚོགས་ཀྱིས་ངེས་པར་དུ་ཧ་གོ་དགོས་པ་ཞིག་རེད། ཕྱོསག་གཅིག་ནས་ཁྱེད་ཀྱིས་གསུངས་པ་ལྟར་ཁོའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་བོད་མི་ཞིག་ཡིན་ཕྱིན་དོལ་རྒྱལ་ཚོགས་པ་དང་རྒྱ་མིའི་རྒྱུག་ཁྱི་དེ་ཚོས་༧གོང་ས་མཆོག་ལ་འཛེམ་ཟོན་མེད་པའི་སྐད་ཆ་དེ་འདྲ་བཤད་པ་ལས་དེ་གཞན་བོད་རིགས་ཚང་མའི་སྐྱབས་དང་མགོན་དང་དཔུང་གཉེན་ཡིན་བསམ་ནས་སུས་ཀྱང་ཁ་གཏོང་མཁན་མེད་པ་དེ་ཁྱེད་ཀྱིས་ཀྱང་ལོས་ཤེས། ད་དུང་དོལ་རྒྱལ་ཚོགས་པའི་ནང་ནའང་རིགས་གཉིས་འདུག་ཁག་ཅིག་གིས་དོལ་རྒྱལ་བསྟེན་ཡང་། ༧གོང་ས་མཆོག་ལ་ཁ་མི་གཏོང་མཁན་གྱི་ཁག་ཅིག་ཡོད་པ་རེད།
གྲགས་པ་ལགས།
དྲི་བ་བཏོན་པར་ཐུགས་རྗེ་ཆེ།
༡ ཀླུ་མཁར་བྱམས་ཀྱིས་དུས་བབ་ནང་མཆན་ཞིག་འདེབས་སྐབས། རྒྱལ་བ་རིན་པོ་ཆེ་ལ༼བླ་རྒན༽ཞེས་པའི་ཚིག་ཅིག་བཀོལ་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་འདུག་མོད། དོན་དངོས་སུ་དེ་འདྲའི་ཚིག་ཅིག་ཀླུ་མཁར་བྱམས་ཀྱི་ངོས་ནས་བྲིས་ཡོད་མེད་བོད་གཞུང་གནད་ཡོད་མི་སྣས་དོན་རྐྱེན་འདིར་གྲོས་བསྡུར་བྱེད་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཁུངས་སྐྱེལ་བྱེད་ཐུབ་མི་འདུག
ཕྱོགས་གཞན་ཞིག་ནས་བཤད་ན། ཕྱི་ལོ ༢༠༠༡ལོར་བཀའ་ཁྲི་ཐད་ཀར་མང་ཚོགས་ཀྱིས་འོས་ཤོག་འཕངས་ནས་འདེམས་མཚམས་རྒྱལ་བ་རིན་པོ་ཆེ་ནས་གསར་འགོད་པར་༼ངོས་གཞོན་སྐྱེས་ཤིག་ལ་རེ་བ་བརྒྱབ་ཡོད་ཀྱང་ཡང་ང་ལྟ་བུའི་བླ་རྒན་མགོ་དཀར་ཞིག་འདེམས་འདུག༽ཅེས་གསུངས་པར་གཞིགས་ན། ༼བླ་རྒན༽ཞེས་པའི་ཚིག་འདིའང་མ་གུས་པའམ་སྨོད་ཚིག་ཅིག་ཡིན་མི་སྲིད་པ་ཞིག་རེད།
༢ ཀླུ་མཁར་བྱམས་ཀྱི༼ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས༽ཞེས་པའི་རྩོམ་ཡིག་ནང་ཤུགས་ལྡན་གྱི་སྐོར་བཀོད་ཡོད་པ་རེད་ལ། དེའང་རྒྱ་ནག་གཞུང་གིས་བོད་ལ་སྲིད་ཇུས་འཛིན་བཞིན་པ་ལྟར་རྨེག་མེད་ཀྱི་ལས་སུ་འཇུག་མི་རུང་ཞིང་། གྲོས་མོལ་གྱིས་ཆེན་པོ་ནས་ཆུང་བ། ཆུང་བ་ནས་མེད་པར་གཏོང་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱས་ཡོད་པས། མི་རེ་གཉིས་ཤིག་གིས་དེའང་མ་འགྲིག་པ་ཞིག་ལ་བཤད་ཀྱི་ཡོད་པ་རེད། ཡིན་ནའང་། རྒྱལ་བ་རིན་པོ་ཆེ་ནས་དུས་རབས ༢༡འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་གནང་བཞིན་པར་ཡོངས་སུ་མཐུན་པ་ཞིག་ཡིན་པས། གཞན་སྟེང་ལ་གྲོས་མོལ་དང་རང་སྟེང་ནས་དྲག་པོ་བྱེད་མི་འོས་པའང་གསལ་བོ་གསལ་རྐྱང་ཆགས་ཡོད།
༣ ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་གཞན་གཅིག་གི་ནང་དུ་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས། བོད་མི་ཚོས་དར་ནག་ཕྱར་ནས་ངོ་རྒོལ་བྱས་པའི་སྐོར་བཀོད་ཡོད་པ་རེད་ལ། དེར་གནད་ཡོད་མི་སྣ་རེ་གཉིས་ཤིག་གིས་ངོ་རྒོལ་རིགས་རྩ་བ་ནས་བྱུང་མེད་ཚུལ་བསྒྲུབ་བཞིན་པའི་ཁར་ཀླུ་མཁར་བྱམས་ཁྲིམས་ལ་གཏུགས་ཀྱི་ཡིན་ཟེར་གྱི་ཡོད་པ་རེད། འོན་ཀྱང་། སྐུ་ངོ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་པེ་ཅིན་ནས་པཎ་ཆེན་རིན་པོ་ཆེ་ལ་བལ་ཡུལ་དུ་བྱུང་བའི་དོན་རྐྱེན་ཐད་རང་གཞན་གཉིས་ལ་བློ་ཕམ་ཡོད་ཚུལ་དང་། དེང་ཕྱིན་རིན་པོ་ཆེ་ནས་བོད་རྒྱ་ཁོངས་རེད་ཅེས་མ་གསུངས་རོགས་ཞེས་ཞུས་ཡོད་པས། དོན་ལ་དོན་རྐྱེན་འདིའང་གསལ་བོ་ཆགས་ཟིན་པ་རེད།
གནས་སྐབས་བདེ་མོ། དྲི་བ་ཡོད་ན་འདྲི་རྐྱང་གནང་རོགས།