བསམ་གླིང་ཚེ་རིང་ལྷ་མོ།
འདི་ནི་ཁྱེད་དང་ཁྱེད་ཀྱི་ལང་འཚོ་རེད་ལ། ཁྱེད་ཚོའི་དཔའ་ཉམས་ཀྱང་རེད། མཐོན་པོའི་བྲག་རི་ལྟར་བཙན་པར་སྒྲགས་པའི་རྒྱ་དམར་གྱི་སྡུག་རྩུབ་དེ། འཛམ་གླིང་སྟེང་ཐེར་འདོན་བྱེད་པའི་ཐོག་སེར་དྲག་པོ་ཞིག་རེད་ལ། དེ་ནི་ལང་འཚོ་དར་བའི་དཔའ་རྒོད་ཚོའི་གཟི་བརྗིད་ཀྱང་རེད། ནགས་ཀླུང་སྟུག་པོར་འགྱིང་བག་གིས་རྒྱུ་བའི་དམར་ཡག་སྟག་རྒོད་དེ་འཇིགས་པ་མེད་པའི་གདེངས་སྤོབས་ཀྱིས་ནགས་ཀླུང་ཉུལ། དེ་ནི་དཔའ་འཁུམས་པ་དང་བག་ལ་ཉལ་བ་རྣམས་དཀྲོགས་པར་བྱེད་པའི་འུར་སྒྲ་ཞིག་རེད་ལ།དེ་ནི་ནགས་ཚལ་འདི་ན་ཡང་དཔའ་ཞིང་བརྟུལ་ཕོད་པའི་ཚེ་སྲོག་གི་རྒྱུ་བ་ཞིག་ཡོད་པ་རྟོགས་སུ་བཅུག་པ་དང་འདྲ། ཁྱེད་ཚོའི་སྙིང་སྟོབས་ཀྱིས་བཙན་པོའི་ལྕགས་སྒྲོག་གཅོད་ནུས་ལ། དྲག་པོའི་མཚོན་ཆ་ཞུར་ནུས། གང་ལྟར་ཀྱང་ཁྱེད་ཚོ་ནི་ཆོས་རྒྱལ་སྲོང་བཙན་གྱི་བུ་རྒྱུད་ངོ་མ་ཞིག་རེད། ང་ཚོས་རྒྱལ་རབས་ལ་ཕྱི་ལྟས་ཤིག་དང་འབྱུང་འགྱུར་ལ་རྒྱང་ལྟ་ཞིག་བྱས་ཚེ། དུས་རབས་ཀྱིས་ང་ཚོར་འཁུར་དུ་བཅུག་པ་ནི་རང་ཡུལ་རྒྱ་དམར་གྱི་ལག་ནས་ལེན་རྒྱུ་དེ་ཡིན་འདུག དེ་ནི་དུས་རབས་འདིའི་སྐྱེས་བུ་ཚོའི་འགན་འཁྲི་རེད་ལ། དེ་ནི་ན་གཞོན་ཚོའི་ཕྲག་སྟེང་དུ་བབ་པའི་ལས་འགན་ངོ་མ་དེ་ཡིན་པ་འདྲ། དེས་ན་ཁྱེད་ཚོ་ནི་སྐྱ་རེངས་བསུ་བའི་ཕོ་ཉ་དང་། བདེན་དོན་སྐྱོང་བའི་ཕོ་རྒོད། བོད་མི་རིགས་འདིའི་དཔའ་བོ་ཞིག་རེད། ཁྱེད་ཚོས་རྒྱ་མི་གུང་ཁྲན་གྱི་མཁྲེགས་འཛིན་གྱི་ལྟ་བ་ཐལ་རྡུལ་དུ་སྙིལ་བར་འདོད་ལ། ཁྱེད་ཚོས་བོད་ནང་གི་སྨྲེ་ངག་དང་སྡུག་བསྔལ་གྱི་ངུ་འབོད་ཁྲི་སྟོང་མང་པོ་འཛམ་གླིང་ལ་སྒྲགས་པར་འདོད། དེར་བརྟེན་ཁྱེད་ཚོས་དཀའ་སྡུག་ལ་ཁྱད་དུ་བསད་དེ་རླབས་ཆེ་བའི་ལང་འཚོ་དེ་ལེགས་སྐྱེས་སུ་ཕུལ་གནང་མཛད་པས། ཤ་ཁྲག་གི་ཐིག་པ་རེ་རེར་ཡང་གསེར་སྲང་ཁྲི་འབུམ་གྱིས་གོང་ཚད་ཞལ་མི་སྤོབས་ལ་དེ་བས་ཚེ་སྲོག་གི་རིན་ཐང་ཞལ་ག་ལ་སྤོབས། མ་གཞི་བྱས་ན་ཁྱེད་ཚོའི་སྐུ་གཟུགས་དེ་ཉིན་རེ་ནས་ཉིན་རེ་སྐྱོ་རུ་འགྲོ་ལ། ཟུངས་ཁྲག་ཀྱང་ཉིན་རེ་ལས་ཉིན་རེ་ཉུང་དུ་འགྲོ་སྲིད།
འོན་ཀྱང་དཔའ་རྒོད་ཚོ། བོད་གངས་ཅན་གྱི་རི་བོ་རྣམས་གཅིག་ལས་གཅིག་མཐོ་ཞིང།
མཚོ་དམའ་བོ་རྣམས་གཅིག་ལས་གཅིག་ཟབ་པས། ཁྱེད་ཚོའི་དཔའ་སྟོབས་དེ་ཉིན་རེ་ལས་ཉིན་
རེ་གོང་དུ་འཕེལ་བཞིན་འདུག་ལ། བོད་གངས་ཅན་གྱི་རྩ་དོན་གྱི་ནུས་པ་མཐོ་རུ་ནས་མཐོ་རུ་འདེགས་བཞིན་འདུག དེ་དང་ལྷན་གཅིག་ཏུ་མཐོ་བ་སྐུ་ངོ་ཚོ་དང་དམའ་བ་ང་ཚོ་མི་སེར་དཀྱུས་མ་ཚོའི་ཡིད་ཁམས་ཀྱི་ཟབ་ས་རུ་གཅིག་མིན་གཉིས་མིན་གྱི་བརྡ་ལན་ཞིག་ཀྱང་སྤྲོད་པར་བྱེད་པས། ཁྱེད་ཚོ་ནི་དཔྱིད་ཀྱི་རྒྱལ་མོ་བསུ་བའི་དབྱར་རྔ་ཞིག་མིན་ནམ། དེས་ན་བོད་ཕྱི་ནང་གི་དཔའ་རྒོད་ཚོའི་རླབས་ཆེ་བའི་བྱ་འགུལ་ལ་ལྟ་བཞིན་པའི་ང་དང་ང་ཚོས། ད་དུང་རང་གི་རྒྱལ་ཁབ་ལ་དགའ་ཞིང་རང་གི་ཕ་ཡུལ་དྲན་པའི་ང་དང་ང་ཚོས། ད་ནི་ཅི་ཞིག་བྱེད་དགོས་སམ། ང་ཚོ་ནི་ད་གཟོད་གདོང་ལྤགས་མཐུག་པོ་ཞིག་གྱོན་ཞིང་རང་རང་གི་འཚོ་གོས་ལ་མགོ་འཁོར་བཞིན་པའི་འཚོར་སྣང་སྟེར་ལ། ལ་རྒྱ་དང་ཁྲེལ་གཞུང་མེད་པའི་གནོང་འགྱོད་ཀྱང་འཁུར་བཞིན་ཡོད། ང་ཚོས་སྔར་བཞིན་རང་རང་གི་ལ་རྒྱ་དང་གདུང་སེམས་ཤིག་ཁོག་ཏུ་སྦས་ཏེ་སྡོད་དགོས་སམ། ཡང་ན་བོད་ཕྱི་ནང་གི་དཔའ་རྒོད་ཚོར་བསྟོད་གླུ་རེ་ལེན་གྱིན་སྡོད་དགོས། ཡང་ན་ང་ཚོས་མིག་ལྤགས་ཟུམ་ཟུམ་གྱིས་སྨོན་ལམ་རེ་འདོན་ནས་སྡོད་དགོས་སམ། ཡང་མིན་ན་ང་ཚོ་དང་ང་ཚོས་རང་རང་གི་རྐུབ་སྟེགས་དང། ལས་གནས། འཚོ་གནས། སྡོད་གནས། ལས་བྲེལ་སོགས་དང་བྲལ་ཏེ་ཁྱེད་ཚོ་དང་མཉམ་ཤི་མཉམ་གསོན་བྱེད་དགོས། གང་ལྟར་དྲི་བ་རྒྱ་ཕྲག་དུ་མ་དང་ཐེ་ཚོམ་སྟོང་ཕྲག་མང་པོར་ལན་ཞིག་འདེབས་དཀའ་ལ། གདམ་ངའང་དེ་བས་བྱེད་དཀའ། གང་ལྟར་ཀྱང་མི་གཤིས་རིང་ལུགས་ཀྱི་ངོས་ནས་བཤད་ན་ཁྱེད་རྣམས་ལ་གངས་རི་ལྟར་དཀར་བའི་ཡ་རབ་བཟང་སྤྱོད་ལྡན་འདུག་ལ། མཚོ་ལས་ཟབ་པའི་ལ་རྒྱ་ཞིག་དང་ ད་དུང་ལྷུན་པོའི་སྤོ་ལྟར་མཉམ་པའི་རྒྱུ་དག་ཟབ་མོ་ཞིག་ཁྱེད་རྣམས་ལ་ལྡན་འདུག
ད་དུང་ཡང་བཤད་འདོད་པ་གཅིག་ནི། ཁྱེད་རྣམས་བོད་རྒྱལ་ཁབ་ཀྱི་དཔའ་རྒོད་རེད་ལ། བཙན་བྱོལ་བོད་མིའི་སྤོབས་སེམས་དང། བོད་མི་རིགས་ཀྱི་བཟི་བརྗིད་མཚོན་བྱེད་ཀྱང་ཡིན།
བསམ་གླིང་ཚེ་ལྷ་ལགས་ཁམས་བཟང་།
སྐུ་ཉིད་ཀྱིས་བསྟོད་འོས་པ་ཞིག་དང་།བསྟོད་རིན་ཡོད་པ་ཞིག་ལ་བསྟོད་བསྔགས་ཀྱི་རྩོམ་ཡིག་ཚོར་བ་ཟབ་པོ་ཞིག་བྲིས་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།མུ་མཐུད་ནས་བྲིས་དང་ང་ཚོས་ཡིག་འབྲུ་གཅིག་ཀྱང་མ་ཆད་པར་བཀླགས་ངེས་ཡིན།
བོད་ཀྱི་གཞོན་ནུ་ཚོགས་ནི་བོད་ཀྱི་གཞོན་ནུ་ཚོགས་པ་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་རྩ་དོན་གྱི་ཐོག་སྲོག་ཤིང་ལྟ་བུ་ཞིག་ཏུ་འགྱིངས་ངེས་གནས་ཡོད།འབྱུང་འགྱུར་དེ་ལྟར་བོད་ཀྱི་བདེན་མཐའ་མ་གསལ་བར་གནས་ངེས་ཡིན།
བཀུར་འོས་དྲ་གྲོགས་བསམ་གླིང་ཚེ་རིང་ལྷ་མོ་ལགས།
ཉིད་ཀྱིས་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག་ན། བུ་མོ་ངའི་ངོས་ནས་ཀྱང་རྒྱབ་སྐྱོར་དང་ཡི་རངས་ཡོད་ལ། ང་རང་བུ་མེད་ཅིག་ཡིན་རུང་། མི་རིགས་དང་རིག་གཞུང་གི་ཆེད་དུ། ག་འདྲ་བྱས་ནས་ནུས་སྟོབས་ཤིག་འདོན་དགོས་མིན་སྐོར་ལ་བསམ་གཞིགས་བྱས་དང་བྱེད་ཀྱིན་པའི་སྒང་ཡིན་ལགས་ན། གལ་སྲིད། གཡོ་འགུལ་ཐུབ་སྤྱད་ཀྱི་ལས་འགུལ་རེ་དུས་དང་ནུས་པར་འཚམས་སོང་ན། སྤེལ་རྒྱུའི་འདུན་པ་ཡོད་ལགས། དེའི་སྐབས་སུ། བུ་མོ་ངའི་ལང་ཚོའི་གཟི་མདངས་མི་རིགས་ཀྱི་ཆེད་དུ། འབུལ་ཐུབ་པར་སྨོན། དེ་དུས། བུ་མོ་ངའི་བློས་བཏང་རིག་གཞུང་གི་བླ་སྲོག་གསོན་པའི་ཆེད་དུ། ཕན་པར་ཤོག བོད་རྒྱལ་གྱུར་ཅིག དྲང་བདེན་རྒྱལ་གྱུར་ཅིག བུ་མོ་ངའི་ལས་དོན་རྒྱལ་གྱུར་ཅིག་གུའོ།།
ཚེ་སྐྱིད་ལགས།
ཕོ་གསར་ངའི་ལང་ཚོའི་གཟི་མདངས་ཀྱང་བུ་མོ་ཁྱོད་དང་མཉམ་དུ་མི་རིགས་ཀྱི་ཆེད་དུ་འབུལ་ཐུབ་པའི་སྨོན་ལམ་འདེབས་ཀྱིན་ཡིན་ད་་་་་་་་ཧ་ཧ་
དབུས་ཚོགས་གཞོན་གཙོས་ཟས་བཅད་ངོ་རྒོར་བ་ལྷན་རྒྱས་ལ་རྒྱབ་སྐྱོར་ཡོད་། དངོས་ཡོད་མདོ་སྨད་རྔ་བའི་སྤུན་ཟླ་རྣམས་ཀྱི་ཆེད་དུ་ཁ་ཡོད་ལག་ཡོད་རྒྱབ་སྐྱོར་བྱས་དགོས་ཀྱི་འདུག། དེ་ཡང་ཕལ་ཆེར་དབུས་ཚོགས་གཞོན་མཆོག་ནས་གསར་གཏོད་འདྲ་པོ་འགོ་ནས་མར་འདི་བྱེད་དང་དེ་བྱས་ཅེས་བཤད་སྡོད་པ་རྐྱང་པ་མ་ཡིན་པར་དབུ་ཁྲིད་དེ་ཕྱག་ལས་གནང་ན་རྒྱ་ཆེར་མང་ཚོགས་ཀྱི་སེམས་ཤུགས་སྔར་ལྷག་འཕེལ་བ་སོགས་ཀྱི་དགོས་པ་ཆེ་པོ་མཐོང་གི་འདུག། འདས་པའི་ལོ་༢༠༠༧ནས་མདོ་སྨད་དང་དམིགས་བསལ་རྔ་བའི་ཕྱོགས་ནས་བོད་དོན་ཐོག་འོས་འགན་ཆེ་པོ་བཞེད་དེ་བར་མཚམས་མེད་པར་རྒྱ་གཞུང་ལ་ངོ་རྒོར་བྱས་དང་བྱེད་མུས་རེད་།
བཀུར་འོས་རྩམ་དགའ་ལགས།
སྐུ་ཉིད་ཀྱིས་བུ་མོ་ངའི་ལས་དོན་ལ་སྐྱིད་སྡུག་མཉམ་མྱོང་གི་རྣམ་འགྱུར་བསྟན་པ་ལ་དགའ་སོང་ དེ་ལས་ཀྱང་། སྐུ་ཉིད་ཀྱི་སྙུགས་མིང་ལ་《རྩམ་དགའ་》ཞེས་བཏགས་པ་དེས། བུ་མོ་ངའི་དུང་བ་ཡར་ཡར་འཕྱུར་གི་འདུག་ཡ། ཡིན་རུང་། བོད་ཀྱི་ཐུན་མིན་གྱི་ཁ་ཟས་ལ་དགའ་དུང་ཡོད་པ་ནང་བཞིན་གྱིས། ང་ཚོའི་མི་རིགས་དང་རིག་གནས་ཀྱི་ཆེད་དུ། བློས་བཏང་གི་སྒོ་ནས་སྲུང་སྐྱོབ་ནུས་ན། ཆོད་སེམས་ཀྱི་ངང་ནས་འཛིན་སྤེལ་ཐུབ་ན། རྣམ་དཔྱོད་དང་ལྡན་པའི་སྒོ་ནས་ཁྱབ་སྤེལ་བྱས་ན། བུ་མོ་ངའི་དུང་བ་ཡོད་ཚད་དང་བརྩེ་བ་ཡོད་ཚད། ཁྱེད་ཉིད་ཁོ་ན་སྟེར་ཆོག་ཨང་། འདི་ནི། བུ་མོ་ངའི་བརྩེ་དུང་གི་རྨང་གཞི་ཡིན་ལགས་ན། བུ་མོ་ངའི་བརྩེ་དུང་གི་ཆེད་དུ། སུ་ཞིག་གིས་འགུག་ཐབས་བྱེད་ན། དེར་སྔོན་སོང་གི་གོང་གི་ཆ་རྐྱེན་དེ་ཚོ་ཚང་འཛོམས་ཡིན་ན། བུ་མོ་ངའི་བརྩེ་བ་ཕྱིར་མངོན་བྱེད་ཆོག བུ་མོ་ངའི་དུང་བའི་ཟབ་སར་འཛུལ་ཆོག བུ་མོ་ངའི་ལང་ཚོའི་གཟི་ཉམས་རོལ་ཆོག བུ་མོ་ངའི་བྱད་གཟུགས་མཛེས་པའི་སྐྱེས་གཟུགས་བསྟན་ཆོག
རྣམ་པ་གསུམ་ལ་སྙིང་ནས་ཡི་རངས་བྱེད་བཞིན་ཡོད་ལགས།
ཚེ་རིང་ལྷ་མོ་ལགས།
སྙན་ངག་གི་འཇིག་རྟེན་ནང་ནས།
ཁྱོད་ཀྱི་ལང་ཚོ་ངོམས་རན་ཆོག་འདུག་ལ།
སྒྱུ་རྩལ་གྱི་འཁོར་ཡུག་ནང་ནས།
ཁྱོད་ཀྱི་མཛེས་སྡུག་བསྟན་རན་ཆོག་འདུག
མུ་མཐུད་ནས་སེམས་ཀྱི་ཚོར་བ་ཡོད་ཚད་ཐང་མར་རྡོལ་དང་།
ང་ནི་ནམ་ཡང་།
ཁྱོད་ཀྱི་ནས་རྡོག་རེ་རེ་ནས་རྒུམ་པའི་ཕུག་རོན་དཀར་པོ་དེ་ཡིན་ལགས།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་ངོ་རྒོལ་ལ་ཞུགས་མཁན་རྣམ་པ།
དབུས་ཚོགས་གཞོན། དོན་གྲུབ་ལྷ་དར།
ཟུང་དྲུང་། བསྟན་འཛིན་ནོར་བཟང་།
དཔལ་འབྱོར་དྲུང་ཆེ། དཀོན་མཆོག་ཡར་འཕེལ།
དེ་རིང་ཁོ་ཚོ་ཟས་བཅད་ངོ་རྒོལ་ལ་ཞུགས་ནས་ཉིན་༡༢་འགྲོ་བཞིན་ཡོད་པ་རེད། བསྟན་འཛིན་ནོར་བཟང་དང་དཀོན་མཆོག་ཡར་འཕེལ་གཉིས་ཧ་ཅང་སྐམ་པོ་ཆགས་འདུག འོན་ཀྱང་། དགྱ་ནག་ད་དུང་ཡ་མེད་རེད།།།།།
ང་ཚོས་དེའི་སྐོར་གྱི་བགྲོ་གླེང་མང་ཙམ་བྱེད་དགོས་ཀྱི་འདུག
བཀུར་འོས་རྡོར་དབང་ལགས་ནས་གཙོས་དྲ་གྲོགས་རྣམ་པ་ལྷན་རྒྱས་ཀྱིས་གུས་མོའི་བསམ་ཚུལ་ལ་རྒྱབ་སྐྱོར་དང་མཆན་འདེབས་རེ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།
བཀུར་འོས་ཐུབ་བསྟན་འཇིགས་མེད་ལགས་ཀྱིས་གསུངས་པ་བཞིན་ང་ཚོས་ཀྱང་ཅི་ཞིག་བྱེད་ཐུབ་མིན་ཐད་གྲོས་གླེང་དང་དགོངས་ཚུལ་གསུངས་རོགས།
ཟས་བཅད་ངོ་རྒོལ་ལ་རྗེས་སུ་ཡི་རང་ཡོད་ཀྱང་། སུ་གང་གི་འཕྲོད་བསྟེན་དང་ཚེ་སྲོག་ལ་གནོད་པར་མི་བྱ་སྟེ། གནོད་ན་སྤྱི་དོན་ལ་ཡང་གནོད་པར་འགྱུར་བའི་ཕྱིར། རན་དུས་སུ་འཚམས་འཇོག་པར་འོས་སོ་སྙམ། དགེའོ། །
བོད་མི་རིགས་ཀྱི་ད་ལྟ་ང་ཡ་གནས་སྟངས་ལ་རྣམ་པ་གསུམ་གྱིས་ཐུགས་བསམ་བཞེས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
དངོས་གནས་བདེན་པ་རེད། ངས་ནི་ཅི་ཞིག་བཤད་དགོས་མིན་ཡང་ཤེས་མ་སོང་། ཁོང་ཚོའི་སྙིང་སྟོབས་ནི་བླ་ན་མེད་པ་ཞིག་རེད་ལ། ཁོང་ཚོའི་སྙིང་སྟོབས་མཐཽང་དུས་རང་ཉིད་རང་ཉིད་ལ་ངོ་ཚ་ཞིང་ཞེ་ཁྲེལ་བའི་ཚོར་བ་ཞིག་བྱུང་ལ། ཁ་རྒྱག་པ་རེ་བཤད་རྒྱུའི་སྤོབ་པ་ཡོང་སུ་བྲལ་སོང་། ཁ་བཤད་ཆུ་ཡི་དབུ་བ་ལ། ལག་ལེན་གསེར་གྱི་ཐིག་པ་དགོས་ཞེས་པ་ཅིས་མ་བདེན། ང་རང་ཚུད་པའི་ང་ཚོ་མང་པོ་ཞིག་ནི་དྲྭ་རྒྱའི་སྟེངས་ཁ་རྒྱག་རེ་བཤད་པ་ལས་ལག་ལེན་ཐོག་ནས་གང་ཡང་བསྟོན་རྒྱུ་མེད་པ་མ་ཟད། ད་དུང་ལ་ལས་དཀའ་ལས་རྒྱབ་མཁན་ཚོ་ལ་སྐྱོན་བརྗོད་རེ་བྱེད་ཁུལ་བྱེད་པ་ནི་ཇི་འདྲའི་སྐྱུག་བྲོ་བ་ཞིག་རེད།
བུ་མོ་ཚེ་རིང་ལྷ་མོས་བཏོན་པའི་གོང་གི་ཆ་རྐྱེན་འདི་དག་གནང་ཐུབ་མཁན་རེ་ཡོད་ན་ཕེབས་རྐྱང་བྱོས་ཨ།
ངས་ནི་ཁས་ལེན་ཐུབ་ས་མ་རེད་དོ།
མོའི་སྨྱུག་རྩལ་གང་ཅིའི་ཐད་ནས་བུ་མོ་ངར་མ་ཞིག་རེད་འདུག
མི་ཡི་ཚེ་སྲོག་འཆི་བདག་གི་སོ་ཁ ན་འཇོག་སར་ཁྱོད་ཚོའི་ཆགས་སྲེད་དང་འདོད་བརྩེ་ཡི་གཏམ་འཆར་འདི་ཚོ་མི་མཛའ།
བཀུར་འོས་པའི་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་གཙོས་རྣམ་པ་གསུམ་གྱི་ལས་དོན་འདི་ནི་ཚོགས་སྡེ་གཞན་པའི་མགོ་ཁྲིད་ཚོས་ཀྱང་མིག་དཔེར་ལྟ་དགོས་ས་ཞིག་ཆགས་ཡོད་པ་མ་ཟད། ཁོང་ཚོའི་ལོ་རྒྱུས་ཁྲོད་གསེར་ཡིག་གིས་འབྲི་དགོས་པའི་ལས་དོན་རླབས་ཆེན་ཞིག་ཀྱང་ཆགས་ཡོད།
ཁྱེད་རྣམ་པར་སྙིང་ནས་ཡི་རངས་ཞུ།
ད་ནི་ཟས་བཅད་རྒོལ་ཡང་མཚམས་འཇོག་གནང་རོགས་ཞེས་ཞུ་འབོད་ཞིག་ཀྱང་ཞུ་འདོད་བྱུང་། ཁྱེད་རྣམ་གྱིས་ཟས་བཅད་ངོ་རྒོལ་བྱས་ནས་ཉིན་མང་པོ་སོང་སྟབས་སྐུ་གཟུགས་ཀྱིས་ཀྱང་ལྕོགས་རྒྱུ་མ་རེད། ཐུགས་རྗེ་གཟིགས། མཚམས་འཇོག་གནང་རོགས།
བོད་རྒྱལ་ལོ།
བཀུར་འོས་དྲ་གྲོགས་ཕུར་པ་སྐྱབས་ལགས།
མི་རིགས་ཀྱི་བརྩེ་དུང་གླེང་ན་ག་འདྲ་བྱས་ན་མ་ཆོག་པ་རེད་དམ། རིག་གཞུང་གི་བརྩེ་དུང་གླེང་ན་གང་འདྲ་བྱས་ན་མ་ཆོག་པ་རེད་དམ། བུ་མོ་ངས་ཤེས་མ་སོང་། སྤྱིར་ན། མི་རིགས་ལ་བརྩེ་ཞིང་དུང་མཁན་སུ་ཞིག་ཡོད་ན། དེ་ནི། བུ་མོ་ངའི་བརྩེ་དུང་གི་རྒྱལ་སྲས་ལ་བརྩི་ཆོག རིག་གཞུང་ལ་གསོན་ཤུགས་སུ་ཞིག་གིས་སྟེར་ནུས་ན། དེ་ནི། བུ་མོ་ངའི་བརྩེ་དུང་གི་བླ་སྲོག་ལ་བཀུར་གི་ཡིན་ལགས། འདི་ནི། བུ་མོ་ངའི་བརྩེ་དུང་གི་རྨང་གཞི་ཡིན་ཞེས་གོང་དུ་བཤད་ཟིན་པ་ཡིན་མོད། འོན་ཀྱང་། དྲ་གྲོགས་ཉིད་ཀྱིས་ཤེས་བཞིན་མ་ཤེས་ཁུལ་བྱས་པའམ། མ་ཤེས་རུང་ཤེས་ཁུལ་གྱིས་ཆེད་བརྗོད་བྱས་པ་ཡིན་མིན་ཆ་འཚལ། གང་ལྟར། མི་རིགས་ལ་བརྩེ་དུང་སླད་མེད་པ་ཞིག་མེད་ན། མི་རིགས་ཀྱི་བརྩེ་དུང་གི་རིན་ཐང་རྟོགས་ཀྱི་མ་རེད་ལ། དེ་ལས་ཀྱང་། རིག་གཞུང་ལ་དགའ་ཞེན་དྲི་མ་བྲལ་བ་ཞིག་མེད་ན། རིག་གཞུང་ལ་བརྩེ་དུང་རྣམ་དག་ཅིག་སྐྱེ་རྒྱུའང་སྲིད་ཀི་མ་རེད་ལགས།
ཐོག་མར་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་རང་སྲོག་བློས་བཏང་གིས་ཟས་བཅད་རྒོལ་གནང་བཞིན་པའི་བདག་གི་སློབ་གྲོགས་དོན་གྲུབ་ལྷ་དར་དང་གཞན་ཕྱག་རོགས་གཉིས་བཅས་ལ་སྙིང་དབུས་ནས་གོང་བཀུར་དང་། ཁྱོད་གསུམ་གཙོས་ངེད་ཅག་གི་རེ་འདུན་དེ་མྱུང་དུ་འགྲུབ་ཅིང་ཁྱོད་རྣམ་པའི་སྐུ་གཟུགས་ལ་འགལ་རྐྱེལ་ཅི་ཡང་མ་བྱུང་བར་བདེ་ལེགས་ངང་མི་ཚེའི་འཚོ་བ་དང་བོད་དོན་བདེན་མཐའ་གསལ་བར་ལས་དོན་རླབས་ཆེན་བསྒྲུབ་པའི་སྐལ་བཟང་ཐོབ་པར་སྨོན་ཞེས་ཞུ།
གཞན་མཆན་བུ་གང་མང་མང་འདུག་ཀྱང་རྔ་བ་ཚེ་རིང་གི་སྐྱིད་ཀྱི་མཆན་བུ་དེས་གྲོགས་རྩམ་དགར་བྲིས་པ་ཡིན་སྲིད་ཀྱང་། ངས་ཀྱང་དེར་དོ་སྣང་ཆེ་ཙམ་མི་སྤྲོད་ཐབས་མེད་བྱུང་སོང་། སྤྱིར་ཁོ་མོའི་བཏོན་པའི་ཆེ་རྐྱེན་དག་ང་ལྟ་བུ་ཞིག་གིས་བསྒྲུབ་དཀའ་ཡང་། བུ་མོ་འདི་འདྲའི་འདི་ལྟར་བཤད་ཡོང་ན་འདུག་མི་བཟོད་པ་ཞིག་རེད། ངས་འདི་ལྟར་བཤད་ན་དྲ་གྲོགས་ཕུར་བ་སྐྱབས་ཀྱིས་ང་ལ་ཡང་སྡིགས་སྲིད་མོད། ད་ནི་མི་ཁའི་ཁ་རླངས་དེ་གཟེད་དགོས་བྱུང་རུང་རང་གི་སེམས་གཏམ་དེ་ཡང་བཤད་འདོད་བྱུང་། རྔ་བ་ཚེ་སྐྱིད་ཀྱི་ཆ་རྐྱེན་དག་གང་ནུས་ཀྱིས་བསྒྲུབ་ཨེ་ཐུབ་བལྟ་གུ་ཡིན། ཧ་ཧ་ཧ
ཐོག་མར་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་རང་སྲོག་བློས་བཏང་གིས་ཟས་བཅད་རྒོལ་གནང་བཞིན་པའི་བདག་གི་སློབ་གྲོགས་དོན་གྲུབ་ལྷ་དར་དང་གཞན་ཕྱག་རོགས་གཉིས་བཅས་ལ་སྙིང་དབུས་ནས་གོང་བཀུར་དང་། ཁྱོད་གསུམ་གཙོས་ངེད་ཅག་གི་རེ་འདུན་དེ་མྱུང་དུ་འགྲུབ་ཅིང་ཁྱོད་རྣམ་པའི་སྐུ་གཟུགས་ལ་འགལ་རྐྱེལ་ཅི་ཡང་མ་བྱུང་བར་བདེ་ལེགས་ངང་མི་ཚེའི་འཚོ་བ་དང་བོད་དོན་བདེན་མཐའ་གསལ་བར་ལས་དོན་རླབས་ཆེན་བསྒྲུབ་པའི་སྐལ་བཟང་ཐོབ་པར་སྨོན་ཞེས་ཞུ།
གཞན་མཆན་བུ་གང་མང་མང་འདུག་ཀྱང་རྔ་བ་ཚེ་རིང་གི་སྐྱིད་ཀྱི་མཆན་བུ་དེས་གྲོགས་རྩམ་དགར་བྲིས་པ་ཡིན་སྲིད་ཀྱང་། ངས་ཀྱང་དེར་དོ་སྣང་ཆེ་ཙམ་མི་སྤྲོད་ཐབས་མེད་བྱུང་སོང་། སྤྱིར་ཁོ་མོའི་བཏོན་པའི་ཆེ་རྐྱེན་དག་ང་ལྟ་བུ་ཞིག་གིས་བསྒྲུབ་དཀའ་ཡང་། བུ་མོ་འདི་འདྲའི་འདི་ལྟར་བཤད་ཡོང་ན་འདུག་མི་བཟོད་པ་ཞིག་རེད། ངས་འདི་ལྟར་བཤད་ན་དྲ་གྲོགས་ཕུར་བ་སྐྱབས་ཀྱིས་ང་ལ་ཡང་སྡིགས་སྲིད་མོད། ད་ནི་མི་ཁའི་ཁ་རླངས་དེ་གཟེད་དགོས་བྱུང་རུང་རང་གི་སེམས་གཏམ་དེ་ཡང་བཤད་འདོད་བྱུང་། རྔ་བ་ཚེ་སྐྱིད་ཀྱི་ཆ་རྐྱེན་དག་གང་ནུས་ཀྱིས་བསྒྲུབ་ཨེ་ཐུབ་བལྟ་གི་ཡིན། ཧ་ཧ་ཧ
གང་ལྟར་འདི་ནི་གཞོན་ནུའི་ཚོགས་གཞོན་ལགས་ཀྱིས་ནམ་རྒྱུན་བཤད་བཞིན་པའི་དཔའ་སྐད་དེ་ཕྱིར་སྟོན་བྱས་པ་རེད། བརྒྱ་བཤད་སྟོང་བཤད་བྱས་ཀྱང་ “ལས་འགུལ་གྱི་བྱ་བཞག་མི་འུ་རང་ཉིད་ནས་འགོ་འཚུགས་དགོས་” པས་འདི་ནི་མིག་དཔེར་འོས་པ་དང་རྗེས་སུ་ཡི་རང་གི་གནས་ཤིག་མ་ལགས་སམ། ཡིན་ན་ཡང་འུ་ཚོས་ལས་འགུལ་ཇི་ལྟར་སྤེལ་ཡང་ད་བར་རྒྱལ་སྤྱི་དང་རྒྱ་ནག་གི་གསར་གནས་གང་དུ་བལྟས་ཀྱང་བོད་ནང་དང་ལྷག་པར་རྔ་བའི་ཕྱོགས་ཀྱི་སྲིད་ཇུས་ལ་འགྱུར་བ་ཡོད་བཟོ་མི་འདུག་པས། བོད་པ་ཚང་གི་བདེན་དོན་དང་ལས་དབང་འདི་སུ་ལ་ཇི་ལྟར་འགྲེལ་རྒྱག་དགོས་མི་ཤེས་པར་གྱུར། རྒྱལ་ཁབ་གཞན་གྱིས་རྒྱ་ནག་སྲིད་གཞུང་ལ་མིད་པ་ཡན་ཆད་ཀྱི་སྐད་ཆ་རེ་བཤད་དེ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། བོད་དོན་རྒྱབ་སྐྱོར་བ་ཚོའི་ཁ་གཅོད་ཐབས་རེ་བྱེད་པ་ལས། དོན་ངོ་མར་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཁེ་ལས་ཁོ་ན་གཙིགས་ཆེན་དུ་བཟུང་ཡོད་པ་དང་། ཁོ་པ་ཚོའི་དཔལ་འབྱོར་གྱི་མ་ལག་ཆེས་མང་པོ་ཞིག་རྒྱ་ནག་ལ་ལྟོས་ཚབས་ཆེ་གཤིས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་གྱི་བྲན་དུ་གྱུར་ཡོད་སྟབས། རྒྱ་ནག་ཧམ་པ་ཆེ་རུ་ཕྱིན་ཏེ་ ༢༠༢༠ ནས་འཛམ་གླིང་གི་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་གཅིག་པུ་དེ་རྒྱ་ནག་ཡིན་ཞེས་སྒྲོག་བཞིན་པ་རེད། དེའི་ཆ་ནས་ཀྱང་འུ་ཚོའི་བདེན་དོན་ལ་བོད་པ་རང་ཉིད་ཀྱིས་འཐབ་རྩོད་མ་བྱས་ན་རྒྱལ་ཁབ་གཞན་ལ་དེ་ཙམ་གྱི་རེ་བ་བཅོལ་རན་མེད་པར་མཐོང་བས། ཕྱོགས་གང་ས་ནས་བདེན་དོན་རྩོད་རྒྱུ་གལ་ཆེ། ལས་འགུལ་མཚམས་མ་འཇོག་དང་མུ་མཐུད་ནས་ཡོང་མཁན་ལོས་ཡོད།
གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་གཞན་གཉིས་ལ་གུས་བརྩི་ཞུ་རྒྱུ་ཡིན། ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་བཅུ་ཕྲག་འགྲོ་བཞིན་ཡོད་པས་ལས་འགུལ་བའི་སྐུ་སྲོག་ལྟོགས་ནས་ཤོར་ན་ཕངས་པོ་ཞེ་དྲག་རེད། དེ་བས་གནད་ཡོད་རེ་འགས་རེ་ཞིག་ཟས་བཅད་ངོ་རྒོལ་ཕྱིར་འཐེན་གནང་བར་སྐུལ་ནའང་མ་འགྲིག་པ་མི་འདུག
རང་ཉིད་ཀྱིས་ལས་འགུལ་ནང་མཉམ་ཞུགས་གནང་མི་ཐུབ་པའི་ཁར་ཕྱིར་འཐེན་གནང་དགོས་རབས་བཤད་ན་ལན་པོ་རང་མེད་ཀྱང་ཚོར་བ་དམར་དམར་པོ་ཡིན། གུས་པ་དང་བཅས།
བོད་ཀྱི་གཞོན་ལྷན་ལས་བྱ་གསུམ་ནས་རྔ་པ་ཀིརྟི་དགོན་པའི་ཆེད་དུ་ཟས་བཅད་ངོ་རྒོལ་གནང་བ་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལ། ཁྱེད་ཚོའི་ལས་དོན་དག་བར་ཆད་ཀྱི་གཡུལ་ལས་རྒྱལ་ནས་བཀྲ་ཤིས་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ་ཡང་གྲངས་མེད་ཞུ།
དཔའ་རྒོད་ཚོ་་སྐུ་ཚེ་ཡུན་དུ་བརྟན། ཚེ་སྲོག་གི་མར་མེ་ཞུད་ན་བོད་གངས་ཅན་པའི་གུད་ཅིག་ཡིན།
དཔའ་རྒོད་ཚོ་སྐུ་ཚེ་ཡུན་དུ་བརྟན། ཚེ་སྲོག་མཆོད་མེ་ལྷག་ལྷུབ་ཏུ་འབར་ཀྱང་བོད་དོན་གྱི་བདེན་མཐའ་མ་གསལ་བས་སྐྱོ་བྱུང་།
བཀུར་འོས་དྲ་གྲོགས་གཅན་བཟོད་རྒྱམ་ལགས།
བཀའ་དྲིན་ཆེའོ།། དགའ་སོང་། བདེ་སོང་། སྐྱིད་སོང་། དགའ་བ་ནི་བུ་མོ་ངའི་བསམ་འདུན་ལ་རིན་ཐང་བཞག་པས་རེད། བདེ་བ་ནི་བུ་མོ་ངའི་དགའ་ཕྱོགས་ལ་རྒྱབ་སྐྱོར་བྱས་པས་རེད། སྐྱིད་པ་ནི་བུ་མོ་ངའི་བརྩེ་དུང་འཛིན་ཕྱོགས་ནོར་མེད་པ་འདྲ་བས་རེད། དེ་ལས་ཀྱང་། དུས་རྒྱུན་དུ་གཅན་ཞེས་པ་དེ་བུ་མོ་ངས་བལྟ་ན་འདོད་ཅིང་ཀློག་ན་འདོད་པའི་ཚིག་ཅིག་རེད། འདིའི་རྒྱུ་མཚན་ཡང་། གཅན་ཞེས་པའི་ཚིག་དེ་སུ་ཞིག་གི་མཚན་གྱི་འགོ་རུ་ཡོད་ན། དེ་ནི། མཁྱེན་དཔྱོད་ཡངས་པའི་རྩོམ་པ་པོ་ཞིག་གམ། ཡང་ན། ཟབ་བརླིང་ལྡན་པའི་བསམ་བློ་བ་ཞིག་ཡིན་པ་ཕལ་ཆེར་བསམ་གི་འདུག་ལགས། འདི་ནི། གཅན་ཞེས་པའི་ཚིག་དེ་བཀོལ་མཁན་རྣམས་ཀྱིས་བཞག་པའི་བག་ཆགས་་ཤིག་རེད། གང་ལྟར། མི་རིགས་དང་རིག་གཞུང་ལ་བཅིངས་པའི་བུ་མོ་ངའི་དུང་བ་དཀར་མོ་ཡིན་ལ། མི་རིགས་དང་རིག་གཞུང་ལ་བསམས་པའི་བུ་མོ་ངའི་བརྩེ་བ་ཟབ་མོའང་ཡིན།
ལྷན་རྒྱས་ནས་དགོངས་ཚུལ་གང་ནུས་ཅི་ནུས་འདོན་གནང་མཛད་པར་སྙིང་དབུས་ནས་བཀྲིན་ཆེ།
ད་ཐེངས་ཀྱི་ལས་འགུལ་འདིས་རྒྱལ་ཚོགས་ཀྱི་འཐུས་མིའི་གཟིགས་སྐོར་ཞིག་ཀྱང་ལྡི་ལིར་ཕེབས་དགོས་པ་བཟོས་འདུག་སྟབས་ནུས་ཤུགས་མི་ཆུང་བ་ཞིག་ཐོན་ཡོད་པ་གསལ་པོ་རེད།
ཁོང་ཚོའི་བློ་སྟོབས་དང་ལས་འགུལ་སྣེ་འཁྲིད་ཀྱི་ཐབས་ཚུལ་གསར་པར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། འདི་ལྟར་འཐབ་རྩོད་ཀྱི་སྣེ་འཁྲིད་པ་རྣམ་པས་ལས་འགུལ་ནང་དངོས་སུ་མཉམ་ཞུགས་ཀྱིས་ཕེབས་པ་ཡིན་ན། ལས་འགུལ་གྱི་ནུས་པ་སྒོ་ཀུན་ནས་ཚད་མཐོར་སོན་ངེས་ཤིང་། མི་མང་གི་བློ་གཏད་དང་གོང་བཀུར་གདེང་འཇོག་གི་ངོས་འཛིན་ཡང་འཚོལ་མི་དགོས་པར་ངང་གིས་ཡོང་ཐུབ།
ད་ཐེངས་ཀྱི་ལས་འགུལ་འདིས་བོད་བསྟན་སྲིད་ཀྱི་བདེ་ཐབས་ལ་མངོན་ལྐོག་གཉིས་ཆར་ནས་ལེགས་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་ཐེབ་ཐུབ་པ་ཙམ་མིན་པར་གཞོན་ལྷན་སྒྲིག་འཛུགས་ཀྱི་ནུས་པ་དང་ཆེ་མཐོང་ལ་ཡང་ངོས་འཛིན་གསར་པ་ཞིག་འཐོབ་རྒྱུའི་གནས་བབ་སྦྱིན་ཡོད།
གོང་གི་མཆན་ཨང་ ༢༠ པའི་ནང་འཇམ་དབྱངས་ལགས་ཀྱིས་་་་་་རྒྱ་ནག་ཧམ་པ་ཆེ་རུ་ཕྱིན་ ཏེ་ ༢༠༢༠ ནས་འཛམ་གླིང་གི་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་གཅིག་པུ་དེ་རྒྱ་ནག་ཡིན་ཞེས་ སྒྲོག་བཞིན་པ་རེད།་་་་་་་་ཅེས་གསུངས་འདུག
ཁོང་གིས་གསུངས་པ་ལྟར་སྔ་ལོའི་ལོ་འཇུག་ཏུ་རྒྱ་ནག་གིས་རྒྱལ་སྤྱིའི་དཔལ་འབྱོར་ཨང་གཉིས་པའི་རྐུབ་སྟེགས་ཐོག་འཛེགས་ནས་རྒྱལ་སྤྱི་ཁྱོན་ཡོངས་ལ་གླེང་ཕྱོགས་གསར་པ་ཞིག་བཟོས་པ་རེད། ཡིན་དང་ཡིན་ལོ་རྒྱུས་ཐོག་མི་འབོར་དང་དཔལ་འབྱོར་གྱི་གནས་བབ་སོགས་ཕྱོགས་གང་ཐད་ནས་སྟོབས་ཆེན་ཅན་དུ་འགྱུར་མྱོང་བའི་གླིང་ཆེན་ཨེ་ཤེ་ཡར་སླར་ཡང་དཔལ་འབྱོར་གྱི་སྟོབས་ཤུགས་ཤིག་སྐྱར་དར་གྱིས་འཛམ་གླིང་གི་རྩེ་མོར་འཛེགས་པའི་མངོན་རྟགས་ཐོན་སྐབས་གླེང་ཕྱོགས་གསར་པ་ཞིག་ངེས་པར་ཡོང་དགོས་ངེས་ཙམ་མིན་པར། སྤྲོ་དགའི་ཁ་གཡང་གསར་པ་ཞིག་ཀྱང་ངེས་པར་སྒྲོག་དགོས་ཚོད་ཡིན།
འོན་ཀྱང་ང་ཚོ་བློ་སྣ་ཐུང་དྲགས་པས་སམ་ཡང་རྒྱང་ཐག་རིང་སར་ལྟ་རྟོག་མི་ཐུབ་པའི་གནས་བབ་ལས་རྒྱ་ནག་གི་དར་རྒྱས་དེ་བོད་དོན་གྱི་འགོག་རྐྱེན་ལྟ་བུ་ཞིག་ཏུ་མཐོང་གིན་ཡོད་པ་རེད་ལ། རྒྱལ་སྤྱིའི་ཆབ་སྲིད་པ་ཁ་བདེ་བ་དེ་ཚོས་ཀྱང་རྒྱ་ནག་གི་དར་རྒྱས་དེ་ཆེ་ས་འཛམ་གླིང་བདེ་ཐབས་ཀྱི་འགོག་རྐྱེན་ལྟ་བུ་ཞིག་ཏུ་དྲིལ་སྒྲོག་བྱེད་ཀྱིན་ཡོད།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སུ་མ་ཕྱིན་པའི་གནས་བབ་དེའམ་རྒྱ་ནག་གི་སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད། རིག་གནས་སོགས་ཕྱོགས་གང་ཐད་ནས་གོ་རིམ་མེད་པར་ཟང་ཟིང་ཉམ་ཞན་དུ་གྱུར་པའི་གནས་བབ་དང་། རྒྱ་ནག་དར་རྒྱས་སུ་ཕྱིན་པའི་གནས་སྐབས་གཉིས་ལས་གང་ཞིག་བོད་དོན་ལ་ཕན་པ་དང་གང་ཞིག་བོད་དོན་ལ་གནོད་པའི་ཐད་དབྱེ་ཞིབ་ཚད་ལྡན་བྱས་ཏེ་སྐད་ཆ་ཤོད་དགོས་ཀྱི་འདུག་མ་གཏོགས། སྐབས་འཕྲལ་རང་བཞིན་གྱི་འགྱུར་ལྡོག་དང་སྣང་ཚུལ་ཙམ་དོན་གནད་ཐག་གཅོད་ཀྱི་དཔང་པོར་བཟུང་སྟེ་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུ་འདི་ངའི་ངོས་ནས་བལྟས་ན་གནད་ལ་འཁེལ་གྱི་ཡོད་པ་ཞིག་ཏུ་མཐོང་གི་མི་འདུག
གཉིས་ནས་ ༢༠༢༠ ནས་འཛམ་གླིང་ཐོག་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་གཅིག་པུ་དེ་རྒྱ་ནག་ཡིན་ཞེས་བརྗོད་ཀྱི་ཡོད་ཟེར་བར་ཡང་བརྟག་ཞིབ་བྱེད་དགོས་པའི་ཆ་ཡོད།
ཉེ་ཆར་ཐོན་པའི་དཔལ་འབྱོར་དབྱེ་ཞིབ་ཀྱི་ཡིག་ཆ་ཁ་ཤས་ནང་ ༢༠༢༠ ནང་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་རྩ་འབོར་གྱི་འཕེལ་ཚད་ཨ་རི་དང་མཉམ་པར་འགྱུར་བའི་གོ་སྐབས་མངོན་མོད། འོན་ཀྱང་དཔལ་འབྱོར་གྱི་ཕྱོགས་ངོས་གཉིས་ཏེ་གྲོང་གསེབ་དང་རི་ཁུལ་གནས་སྡོད་པའི་དཔལ་འབྱོར་གནས་བབ་དང་རྒྱ་ནག་མི་མང་མི་རེ་ངོ་རེའི་ལོ་རེའི་ཡོང་འབབ་གྱི་ཚད་གཞི་དེ་ཨ་རི་དང་གཅིག་གྱུར་ཆགས་མི་ཐུབ་པ་ཙམ་མ་ཟད། བརྟག་པ་མཐའ་བཟུང་གིས་ཨ་རིའི་རྒྱལ་ནང་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་ ༢ ཙམ་ལས་འཕེལ་ཚད་ལ་མ་སོན་ཅིང་རྒྱ་ནག་རྒྱལ་ནང་ཐོན་སྐྱེད་རྩ་འབོར་གྱི་འཕེལ་ཚད་བརྒྱ་ཆ་ ༦ ཙམ་སོན་གྱི་ཡོད་པའི་དབང་དུ་བཏང་ཡང་། དུས་རབས་འདིའི་ཕྱེད་ཕྱི་མའི་གནས་སྐབས་སུ་ཡང་མི་མང་མི་རེ་ངོ་རེའི་ཐོན་སྐྱེད་གྱི་འཕེལ་ཚད་དེ་ད་དུང་ཡང་རྒྱ་ནག་གིས་ཨ་རིར་བསྡུར་ཐུབ་པའི་གནས་སྐབས་ཤིག་ཡོང་མི་ཐུབ་པ་གསལ་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་འཛིན་བྱ་སའི་བརྩི་གཞི་ངོ་མ་དང་གལ་ཆེ་ཤོས་ནི་རྒྱལ་ཡོངས་མི་རེའི་ཐོན་སྐྱེད་འཕེལ་ཚད་འདི་ཡིན་པ་རེད།
ད་དུང་རྒྱ་ནག་གི་དཔལ་འབྱོར་རྒྱུན་མཐུད་དར་འཕེལ་ཡོང་རྒྱུར་འགོག་རྐྱེན་མང་དག་ཅིག་གཡོལ་མེད་དུ་འབྱུང་གིན་ཡོད་དེ། ཁོར་ཡུག་ཉམས་རྒུད་དང་ཆབ་སྲིད་ཀྱི་བདེ་འཇགས་མེད་པ། དྲྭ་བའི་མཐུན་རྐྱེན་ཚད་དང་མི་ལྡན་པའི་ཐོག་འགོག་ཐབས་དཀའ་བའི་ལྐོག་ཟ་རུལ་སུངས་ཀྱི་ཉེན་ཚབས་སོགས་འགོག་རྐྱེན་སྣེ་མང་རྒྱུན་མཐུད་ཀྱིས་ཡོང་གི་ཡོད།
དེ་ལས་ཀྱང་ཉེན་ཚབས་ཆེ་བ་གཅིག་ནི་ ༢༠༣༠ ཙམ་ནས་རྒྱ་ནག་གི་མི་སེར་ཁྲོད་རྒས་འཁོག་གི་བརྒྱ་ཆ་དེ་ཤུགས་ཆེན་པོས་འཕར་རྒྱུ་ཡིན་ཅིང་། རྒྱ་ནག་འབྱོར་ཕྱུག་ལྡན་པའི་སྤྱི་ཚོགས་ཤིག་ཏུ་མ་གྱུར་པའི་སྔོན་ནས་གཞོན་སྐྱེས་ཉུང་ཞིང་རྒས་འཁོག་མང་བའི་སྤྱི་ཚོགས་བགྲེས་སྲོང་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཚབས་གླེང་གིན་ཡོད།
རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་འཇིག་རྟེན་གྱི་རྩེ་མོར་སོན་ཏེ་ཨ་རིའི་གནས་བབ་ལས་བརྒལ་བའི་གོ་སྐབས་བྱུང་ཡང་། བོད་དོན་ཤི་རོ་ཞིག་ཏུ་མི་འགྱུར་བའི་སྒྲུབ་བྱེད་དང་གཏན་ཚིགས་རྔོ་མི་ཐོགས་པ་ཡོད་ལ།
རྒྱ་ནག་གི་སྟོབས་ཤུགས་ཉམས་ཚད་དམྱལ་བའི་གཏིང་ཞབས་སུ་ལྷུང་ཏེ་Sierra Leone ..སི་ར་ལི་ཨོན་གྱི་གནས་བབ་ལས་བརྒལ་བའི་གོ་སྐབས་བྱུང་ཡང་། བོད་དོན་མཐའ་སེལ་གྱིས་ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ལ་ཅི་དགར་སྤྱོད་པའི་གོ་སྐབས་ཤིག་ཡོང་དཀའ་བ་དེ་བས་ཀྱང་གསལ་པོ་རེད།
ངས་བལྟས་ན་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་ཉམ་བརྒུད་ཇི་ལྟར་སོང་ཡང་བོད་དོན་ལ་ཕན་གནོད་དེ་ཙམ་མེད། གཙོ་ཆེ་ཤོས་རྒྱ་ནག་དམར་ཤོག་སྲིད་གཞུང་འདི་གནས་མ་གནས་དེ། བོད་དོན་སེལ་ཐུབ་མ་ཐུབ་ཀྱི་འགག་ཙ་ཐུག་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་འདི་གནས་བཞིན་ཏུ་རྒྱ་ནག་འདི་འཛམ་གླིང་སྟེངགི་སྟོབས་ཤུགས་ཆེ་ཤོས་ཤིག་ཆགས་པ་ཡིན་ན་འཛམ་གླིང་ལ་ཉེན་ཁ་ཆེན་པོ་ཡོད་པ་ནི་ད་ལྟའི་རྒྱ་གཞུང་གི་བྱེད་སྟང་ནས་ཤེས་ཐུབ།
ངོ་བསྟོད་ཙམ་གྱིས་ཅི་ཕན་དེ་ལས་ལས་འགུལ་གང་མགྱོགས་མཚམས་འཇོག་གནང་བའི་འབོད་སྐུལ་གནང་རོགས། ཤེས་འཇོན་ཅན་གྱི་གཞོན་སྐྱེས་འདི་ཚོ་ང་ཚོའི་བལྟས་བལྟས་རིག་རིག་ལ་འཆི་ལམ་དུ་བརྫང་བཞིན་འདུག
ང་རང་ཁ་བརྡའི་ཐོག་བཞུགས་པ་དང་པོ་ཡིན་པས་ཐོག་མ་ཚང་མ་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་།།མ་ཟད་བོད་ཀྱི་དཔའ་རྒོད་གསུམ་ལ་གདུང་སེམས་མཉམ་སྐྱིད་ཡོད་།།
རང་སྲོག་བློས་བཏང་མ་བྱེད་རོགས་གནོངས། ཐུགས་རྗེས་གཟིགས། དགེ་ལེགས་འཕེལ།
ང་ཚོའི་རྒྱལ་ཁབ་དང་མི་རིགས་ཆེད་དུ་འཐབ་རྩོད་དང་ཟས་བཅད་ངོ་རྒོལ་བྱེད་མཁན་རྣམས་ལ་ངས་སེམས་ཁོངས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་རྣམས་ཀྱིས་སྐུ་གཟུགས་ལ་བདག་གཅེས་གནང་གལ་ཆེ།
ཇི་སྲིད་ང་ཚོའི་རང་དབང་མ་ཐོབ་བར་དུ་དེ་སྲིད་ཀྱི་ང་ཚོས་རང་དབང་རྩོད་དགོས་པས།
གསོན་པོར་སྡོད་རྒྱུ་ནི་ཤིན་ཏུ་དགོས་པ་ཆེའོ།།
བསམ་གླིང་ཚེ་རིང་ལགས། ཁྱེད་ཀྱིས་ཚོར་བ་དང་འགན་འཁྲི་ཡོད་པའི་ཐོག་ནས་དྲ་ཐོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔའ་བོ་གསུམ་གྱི་སྐོར་རྩོམ་ཡིག་སྤེལ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཚོགས་གཞོན་དོན་གྲུབ་ལྷ་དར་དང་དཀོན་མཆོག་ཡར་འཕེལ་ཁོང་གསུམ་ནི་དཔའ་བོ་རེད་ལ། རང་དབང་འཐབ་རྩོད་ཀྱི་ཡང་དག་པའི་འགོ་འཁྲིད་ཀྱང་རེད། རང་དབང་འཐབ་རྩོད་ཀྱི་འགོ་གཙོ་ཟེར་ན། ཁོང་གསུམ་ལྟ་བུ་རང་ཉིད་སྔོན་དུ་འཐབ་རྩོད་ནང་ཞུགས་ནས་རྩོད་ལེན་བྱེད་མཁན་ཞིག་དགོས་ངེས་རེད། ཡ་དྲ་གྲོགས་རྣམ་པ་དུས་རྟག་ཏུ་དྲ་ཐོག་ཏུ་ཆོལ་ཁ་ཆོས་ལུགས་ཀྱི་གནད་དོན་མཚོན་པའི་ནང་ཁུལ་གྱི་རྩོད་རྙོག་ཏུ་རྣམ་དཔྱོད་བརྡར་ནས་མིན་པར། སྐབས་དུས་བོད་མི་རིགས་ཀྱི་དོན་ལ་དམིགས་ནས་ལས་འགུལ་ཞིག་སྤེལ་རྩིས་ལ་ཕྱོགས་ན་མི་བཟང་ངམ།
དྲ་གྲོགས་རྣམ་པ་དགོངས་དྭངས། གློག་ཀླད་ནང་ཁ་བྱང་ནོར་ནས་འཇམ་དཔལ་ཚུལ་ཁྲིམས་ཀྱི་མིང་ལ་ཤོར།
བསམ་གླིང་ཚེ་རིང་ལགས། ཁྱེད་ཀྱིས་ཚོར་བ་དང་འགན་འཁྲི་ཡོད་པའི་ཐོག་ནས་དྲ་ཐོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔའ་བོ་གསུམ་གྱི་སྐོར་རྩོམ་ཡིག་སྤེལ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཚོགས་གཞོན་དོན་གྲུབ་ལྷ་དར་དང་དཀོན་མཆོག་ཡར་འཕེལ་ཁོང་གསུམ་ནི་དཔའ་བོ་རེད་ལ། རང་དབང་འཐབ་རྩོད་ཀྱི་ཡང་དག་པའི་འགོ་འཁྲིད་ཀྱང་རེད། རང་དབང་འཐབ་རྩོད་ཀྱི་འགོ་གཙོ་ཟེར་ན། ཁོང་གསུམ་ལྟ་བུ་རང་ཉིད་སྔོན་དུ་འཐབ་རྩོད་ནང་ཞུགས་ནས་རྩོད་ལེན་བྱེད་མཁན་ཞིག་དགོས་ངེས་རེད། ཡ་དྲ་གྲོགས་རྣམ་པ་དུས་རྟག་ཏུ་དྲ་ཐོག་ཏུ་ཆོལ་ཁ་ཆོས་ལུགས་ཀྱི་གནད་དོན་མཚོན་པའི་ནང་ཁུལ་གྱི་རྩོད་རྙོག་ཏུ་རྣམ་དཔྱོད་བརྡར་ནས་མིན་པར། སྐབས་དུས་བོད་མི་རིགས་ཀྱི་དོན་ལ་དམིགས་ནས་ལས་འགུལ་ཞིག་སྤེལ་རྩིས་ལ་ཕྱོགས་ན་མི་བཟང་ངམ།
རང་སྲོག་བློས་བཏང་བྱེད་མཁན་གྱི་རྒྱལ་ཁབ་ཀྱི་དཔའ་རྒོད་གསུམ་ལ་རྗེས་སུ་ཡི་རང་ཞུ་་་་མི་བུ་འདི་དག་ལ་གདུང་སེམས་མཉམ་སྐྱེད་བྱེད་པ་ལས་དགོས་མིན་གྱི་ཚིག་སྐམ་འདྲ་མིན་མི་བཤད་པར་ཞུ་
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས་གསུངས་པ་ལྟར་དྲ་གྲོགས་རྣམ་པས་ཕུ་ནུའི་འདུ་ཤེས་དམ་དུ་ཟུང་ནས་ཕབ་གཞོང་དང་གློག་ཀླད་ཀྱི་ངོ་གདོང་ཆོལ་སུམ་ནང་ཁུལ་ལ་མ་གཏད་པར་བསྟན་དགྲ་དམར་པོའི་ཁྱི་མཁན་དེ་ཚོར་གཏད་དང་། དེ་བཞིན་ང་ཚོ་བསམ་བློ་ཕྱི་གླིང་ཡུལ་ལ་མི་གཏད་པར་རང་ཡུལ་གངས་ལྗོངས་ལ་གཏོད་ཅིག ང་ཚོའི་དམིགས་ཡུལ་སྒྲོག་ལར་ལྗང་ཁུར་མི་གཏད་པར་བདེན་མཐའ་གསལ་ཐབས་ལ་གཏོད་ཅིག
ཁ་བཤད་ཆུ་ཡི་ལྦུ་བ།
ལག་ལེན་གསེར་གྱི་ཐུར་མ།
ཞེས་པ་དེ་ཅིས་མི་བདེན།
ཁྱེད་རྣམ་པས་མི་རིགས་དང་རིག་གཞུང་གི་ཆེད་དུ་ཁ་ཕོ་སྒྲོག་བཞིན་འདུག་ཀྱང་།
དོན་དངོས་སུ་སོ་སོས་བཏབ་པའི་མཆན་བུ་དག་ལ་ལྟོས་དང་།
ཚིག་གི་སྡེབ་སྦྱོར་ལྟ་ཞོག་ཐ་ན་དག་ཆའང་རང་མགོ་ཐོན་པ་ཞིག་མི་འདུག
བོད་ཡིག་འདིའི་བྱུང་རབས་ལ་གཅིག་ལྟོས་དང་།
སྣང་ཆུང་བྱེད་རན་འདུག་གམ།
ལེགས་པར་སོམས་ཤིག
ཁོང་རྣམ་པ་ལྷན་རྒྱས་ཀྱི་སེམས་ཤུགས་དང་ལྷག་བསམ་སྙིང་སྟོབས་བཅས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། སེམས་གཏིང་ནས་རྒྱབ་སྐྱོར་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་པ་བཞིན་དོན་དངོས་ཐོག་ནས་ཀྱང་དེ་བཞིན་གནང་བསྔགས་བརྗོད་ཡོད། ཚང་མའི་མིག་དཔེར་འོས་པ་ཞིག་རེད།
ངོ་མ་རྗེས་སུ་ཡིད་རིང་ཞུ་ང་ཚོ་བོད་པ་ཚང་མ་འདི་ལྟ་བའི་སེམས་ཤུགས་དང་ལྷག་བསམ་ཞིག་ཡོད་ན་ངོ་མ་བོད་ལ་སྐྱིད་པའི་ཉི་མ་མི་འགྱིང་བར་ཤར་ངེས་
ལྷན་རྒྱས་ཀྱིས་ཐུགས་ཀྱི་འཚོར་རྐྱེན་ཟབ་མོས་དཔའ་བོ་གསུམ་ལ་རྒྱབ་སྐྱོར་གནང་བ་དང། ཁོང་རྣམས་པའི་སྐུ་སྲོག་ལ་ཐུགས་ཁྲལ་གནང་བར་སྙིང་དབུས་ནས་བཀྲིན་ཆེ་ཞུ།
།༈ རྙེད་བཀུར་གྱི་དམག་འཁྲུགས། འདིར་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ་བྱུང་། གསར་ཏུ་བྱུང་བ་ཞིག་མིན་མོད། བདག་ལ་མཚོན་ན་གསར་ཏུ་གོ་བ་ཞིག་དང་། ཆེས་ཡ་མཚན་པ་ཞིག་རེད། ལོ་རྒྱུས་ཀྱི་སྐྱོན་ཆ་ངོས་འཛིན་ནི་མི་རིགས་ཡར་རྒྱས་ཀྱི་རྩ་བའི་ཆ་རྐྱེན་ཡིན་པས་འདི་ལྟ་བུ་བོད་ཀྱི་སྤྱི་ཚོགས་ལ་མི་འབྱུང་བ་དང་། ཕྱོགས་ཀུན་ནས་སྔོན་འགོག་བྱེད་དགོས། ངས་གོ་བའི་ལོ་རྒྱུས་ནི་ཀཿཐོག་གི་མཁན་པོ་ཞིག་གིས་ངག་ལས་ཐོས་པ་ཡིན་མོད། འདི་ལའང་གཟིགས་ཞིབ་དང་། བདེན་རྫུན་ཤན་འབྱེད། སྙིགས་འདོར་བཅུད་ལེན་བྱེད་དགོས་པ་དུ་མ་ཡོད་ངེས་པས་དྲ་གྲོགས་རྣམས་ཀྱིས་དཔྱད་པར་ཞུ། མ་ཟད་ཆོས་རྒྱུན་འདི་ལ་འབྲེལ་བ་ཡོད་མཁན་ཚོས་སློབ་གསོ་བརྒྱབ་ཏེ་རྩོད་གླེང་ཞི་ཐབས་ལ་འབད་པ་གནང་རོགས་ཞུ། གནས་ཚུལ་འདི་སྒོར་མོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། རྒྱ་གཞུང་གི་སྒོར་མོའི་རོགས་སྐྱོར་ཐོབ་རྒྱུ་གོ་བ་དང་གདན་ས་ཆེན་པོ་ཞིག་གི་བླ་ཆེན་རྣམས་ཀྱི་བར་ཏུ་རྩོད་པ་ཤུགས་ཆེན་སླེབས་འདུག་པར་མ་ཟད་མི་གསོད་ཁྲག་སྦྱོར་ཀྱི་བྱ་བ་ཡང་བྱུང་འདུག ལོ་རྒྱུས་མདོར་བསྡུས་ཏེ་བཤད་ན། ༡༽ ཀཿཐོག་སྨོན་ལམ་ཆེན་མོ་ཚོགས་རྒྱུར་དངུལ་གྱི་དཀའ་ངལ་འཕྲད་དེ་ཕྱི་གླིང་ན་བཞུགས་པའི་བླ་མ་རྣམས་ལ་རོགས་སྐྱོར་བྱེད་པར་བསྐུལ་ཙ་ན། ཀཿ་བསྟན་ལ་ལྷག་བསམ་མངའ་བ་ཀཿཐོག་ཀརྨ་རིན་པོ་ཆེ། འབྲུག་གྲགས་རིན་པོ་ཆེ། བདུད་འདུལ་རིན་པོ་ཆེ་སོགས་ཀྱིས་ཕྱག་དངུལ་ཕོན་ཆེན་པུལ་བ་རེད། དེ་ལ་གཟེངས་བསྟོད་དང་མངའ་གསོལ་གནང་བར་མ་ཟད་རིམ་པར། ཁོང་རྣམས་ཀཿཐོག་གསེར་ཁྲིར་ཕེབས་པ་རེད། དེས་དྲི་མེད་ཞིང་སྐྱོང་ཕྱུག་པོར་གྲགས་པའི་ཟིལ་ཤུགས་ཅུང་ཟད་ཉམ་ནས་མངོན་ལྐོག་མི་མཚུངས་པའི་བྱ་བ་དབུ་བརྙེས་པ་རེད་ཟེར། ༢༽དེ་རྗེས་རྒྱ་གཞུང་གིས་རོགས་རེམ་དུ་དམངས་སྒོར་དུང་ཕྱུར་བཅུ་བདུན་སྤྲོད་རྒྱུའི་འཆར་གཞི་བཏིང་བ་དང་། བགོ་བཤའ་བཏང་ན་སྐལ་བ་ཆེན་པོ་ཐོབ་འགྲོ་བ་སོགས་ཀྱི་གླེང་གཞི་བྱུང་སྟེ། བླ་མ་ཕྱུག་པོ་གསུམ་ལ་སྐྱབས་བཅོལ་མི་དགོས་པའི་ཡིད་ཆེས་རྙེད་དེ་ཁོང་གསུམ་བུད་མེད་དང་འབྲེལ་བ་ཡོད་མིན་སོགས་དོགས་པས་མཐར་བསྐྲོད་བཏང་བའི་ཡི་གེ་གློགས་ལམ་ནས་ཁྱབ་སྒྲགས་བྱས་པས་འཁྲུགས་པའི་མགོ་བརྩམས། བླ་མ་གསུམ་ཕྱིར་འབུད་བཏང་བའི་ཡི་གེ་ལ་ཀཿཐོག་རྨོགས་ཚྭས་ས་ཡིག་མ་གནང་བས་ཁོང་ལ་ཡང་འཇིགས་བསྐུལ་ཐེབས་ཚུལ་བཤད་རྒྱུ་ཡོད་ཚོད་རེད། ༣༽དངུལ་ཐོབ་རྒྱུར་ཐག་ཉེ་་ཚེ་ཀཿཐོག་དྲི་མེད་ཞིང་སྐྱོང་ཁོ་རང་དང་གློ་བ་ཉེ་་བའི་འཇམ་དབྱངས་སྤྲུལ་སྐུ་ཀཿཐོག་བསྟན་བདག་ཏུ་མངའ་གསོལ། གཞན་རྣམས་ལ་དངུལ་གྱི་ལོ་རྒྱུས་འདྲི་མི་ཆོག་པའི་བཀའ་རྒྱ་དང ། བླ་མ་ཕྱིར་འབུད་དོན་ཏུ་ས་ཡིག་མ་བཀོད་པས་བསྟན་པ་ལ་གཅེས་སྤྲས་མི་གནང་པའི་ཉེས་པ་བཀལ་བ་རེད་ཟེར། དེར་བརྟེན་ཀཿཐོག་རྨོག་ཚ་མགོ་ལོག་མདོ་གོང་མ་དགོན་ཏུ་བྲོས། བཤད་གྲྭའི་མཁན་པོ་ཉག་རོང་ཨ་བསོ་རི་ཁྲོད་ཏུ་ཕེབས་རྒྱུ་བྱས། ཤུལ་ཏུ་ཞིང་སྐྱོང་ཕྱོགས་དང་ཉག་རོང་བློ་དགའ་སྤྲུལ་སྐུའི་ཕྱོགས་གཉིས་རྩོད་པའི་ཚ་རླབས་འབར་གྱིན་བཞུགས་ཟེར། ༤༽ལོ་སྔོན་མའི་མགོར་བློ་དགའི་ཕྱོགས་ཀྱི་སྒྲུབ་བླ་གཙོས་གྲྭ་གཉིས་ལ་དྲི་མེད་ཞིང་སྐྱོང་ཕྱོགས་ཀྱི་བོད་རིགས་སྤྱི་བདེ་མི་སྣ་ཞིག་གིས་མེ་མདའ་བརྒྱབ་ཏེ་བསད། དེའི་ཤ་ལན་ལེན་པར་གྲྭ་དམག་ཕུད་་ཏེ་སྤྱི་བདེ་མི་སྣའི་ཁང་པ་རྒྱུ་ནོར་ཚང་མ་མེ་བསྲེག་བཏང་། སྐྱེས་མ་དང་བྱིས་པ་སོགས་རྡུང་བདེགས་ཚབ་ཆེན་བྱས། ཕྱིར་ལོག་སྐབས་གྲྭ་དམག་གི་རླང་འཁོར་འགྱེལ་ནས་གྲྭ་བ་གསུམ་ཤི། ཁ་མཆུ་ད་དུང་ཡང་ལྷག་ཡོད་ཚོད་རེད། ༤༽དངུལ་ཐོབ་པ་ཐག་བཅད་པ་དང་དྲི་མེད་ཞིང་གིས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྱབ་སྒྲགས་བཏང་། རྒྱ་ནག་གི་རྒྱལ་གླུ་དགོན་པར་ལེན་བཅུག ཁྲི་འདུའི་ཀཿཐོགས་ལས་ཁུངས་ཏུ་སྐར་ལྔའི་དར་ཕྱར། འཇམ་དབྱངས་སྤྲུལ་སྐུས་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཀྲུང་གོའི་མངའ་ཁོང་ཏུ་གནས་པར་སྨོན་ལམ་བཏབ། རྒྱ་གཞུང་གིས་ཁོ་ལ་དངུལ་ལེན་པའི་བདག་དབང་ཆ་ཚང་སྤྲོད་རྒྱུ་བྱས། དྲི་ཞིང་ཧོང་ཀོང་ཏུ་ཕེབས་ནས་སྡེ་དགེ་རྒྱལ་ཁབ་ཀྱི་དབུ་བླ་ཡིན་པས་ཁོ་ལ་དབང་ཆ་ཚང་ཡོད་པ་དང་། དེའི་ཕྱོགས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་ཡིན་ཚུལ་སོགས་བཤད་དེ་ཆོས་ཚོགས་སྐབས་རྒྱ་ནག་གི་རྒྱལ་གླུ་བླང། ཡང་བློ་དགའི་ཕྱོགས་ཀྱིས་དྲི་ཞིང་བོད་གཞུང་དང་རྒྱ་ནག་ཕྱོགས་གཉིས་ཀྱི་གསང་ཉུལ་བ་ཡིན་ཚུལ། ཁོ་རང་ཀྲུང་གོའི་མི་སེར་གཙང་མ་དང་བློ་གཏད་ཁེལ་བའི་གྲོགས་པོ་ཡིན་ཚུལ་བཤད་དེ་ཧོང་ཀོང་ཏུ་ཕེབས་ནས་ཁྱབ་སྒྲགས་དང་། དབང་ལུང་གནང་བའི་སྔོན་ཏུ་སྐར་ལྔའི་དར་དམར་ཕྱར་ཏེ་བླ་སློབ་ཚང མ་ཡར་བཞེངས་ནས་རྒྱལ་་ལེན་བཅུག དེ་རྗེས་ཀཿཐོག་དགེ་རྩེ་ཧོང་ཀོང་ཏུ་ཕེབས། ཁོང་རྟོགས་ལྡན་དང་བདེན་པའི་་གཡོ་རྒྱུ་ལ་གོམས་པས་རང་ཉིད་བྱ་བྲལ་ཡིན་ལུགས་དང་། རྒྱལ་བ་རིན་པོ་ཆེ་ང་ལ་དགའ་ཡང་ངས་བོད་རང་བཙན་གྱི་བྱ་བ་ནམ་ཡང་གཉེར་རྒྱུ་མ་རེད། ཆོས་དང་སྲིད་ཁ་ཁ་རེད་གསུངས་པ་དང་། དྲི་མེད་ཞིང་དང་བློ་དགའ་ཡག་རབས་བཤད། སྐར་ལྔའི་དར་དམར་འོག་ནས་ཆོས་བཤད་རྒྱ་ཆེར་གནང་། ཀྲུང་གོ་གསར་བར་བློ་གཏད་བྱེད་ངེས་པ་ཀ་ཐོག་དགོན་པ་ཡིན་རབས་བཤད། མདོར་ན་ཐམས་ཅད་ཀྱིས་རྒྱ་གཞུང་གི་དངུལ་དེས་ཆེད་ཏུ་རྩོད་པ་བྱེད་གནང་གི་ཡོད་པ་ཐོས།
དྲང་བདེན་དང་བོད་མིའི་བདེ་སྡུག་ལ་དུང་པ་ཆེ་བའི་བོད་ཀྱི་དཔའ་རྒོད་ཚོ་ཁྱེད་ཚོ་ནི་བོད་མི་རིགས་ཀྱི་རེ་བའི་མི་མདུན་མ་བཅོས་ས་ཞིག་རེད། ཁྱེད་ཚོས་དཀའ་སྤྱད་དང་བརྩོན་སེམས་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་ཞུ་རྒྱུ་ཡིན།