ཨ་རིག་འགྱུར་མེད།
གཅིག ཨ་རིའི་རླུང་འཕྲིན་ཁང་།
ད་ལོའི་ལོ་གསར་བ་འདིའི་ནང་དུ་ང་ལ་ཕ་ཡུལ་གྱི་སྤུན་ཟླ་གཉིས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གིས་ཨམ་སྐད་མི་བཤད་པ་ཅི་རེད་ཟེར་ནས་དྲིས་བྱུང་། ངས་སྐབས་སོ་སོར་སྟབས་བདེའི་འགྲེལ་བརྗོད་རེ་བྱས་པ་ཡིན། ཡིན་ནའང་། ད་ལྟ་ངས་ཡང་དང་བསྐྱར་དུ་འདིའི་སྐོར་ལ་བསམ་གཞིག་བྱེད་ཀྱིན་པར་མ་ཟད། གནད་དོན་འདིའི་ཐད་དུ་བདེ་སྡུག་ཅིག་ཞུས་ན་འགྲིག་པར་སྙམ། ཅི་ལྟར་བཤད་རུང་ཨ་རིའི་རླུང་འཕྲིན་ཁང་གི་ནང་དུ་མདོ་སྟོད་སྨད་གཉིས་ཀྱི་སྐལ་ཆད་ཡོད། དེ་རུ་མདོ་སྟོད་སྨད་ཀྱི་ལས་བྱེད་པ་མེད་པ་ཡིན་ཡང་མདོ་སྟོད་སྨད་ཀྱི་ལས་བྱེད་པར་རང་རང་གི་ཆོལ་ཁའི་སྐད་ཐོག་ནས་གསར་འགྱུར་བཤད་པ་དང་མདོ་འཛིན་པ་བྱེད་པའི་སྟེགས་བུ་མེད་པ་དེ་རེད། དེ་ནི་ལས་བྱེད་པ་གཅིག་པུར་འཕྲད་པའི་དཀའ་ངལ་ག་ལ་ཡིན། བོད་ཕྱི་ནང་གི་ཉན་མཁན་ཁྲི་སྟོང་མང་བོར་ཐད་ཀར་འཕྲད་ཀྱིན་པའི་དཀའ་ངལ་སྟེ། ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི་བོད་གཞིས་ཀྱི་སྤུན་ཟླ་མང་བོ་ཞིག་རང་ས་རང་ཡུལ་ནས་འཚར་ལོངས་བྱུང་ཞིང་། རང་ས་རང་ཡུལ་དུ་འཚོ་ཞིང་གཞིས་སྟབས་བོད་མདོ་དབུས་ཁམས་གསུམ་གྱི་སྐད་གོ་བ་ཕར་ཞོག འབྲོག་སྐད་རོང་སྐད་ཀྱི་ཁྱད་པར་ཙམ་པོ་ཡང་ཉན་མི་བདེ་བ་དང་རྣར་མི་གོམས་པའི་དཀའ་ངལ་ཡོད་པས་སོ། །
ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ནི་བྱེས་སྡོད་བོད་མི་ལས་ཀྱང་། གཞིས་ཀྱི་བོད་མི་རྣམས་ཀྱི་ཁྲ་ཆུང་གིས་མིག་གིས་ལྟ་ས་དང་དར་ལུང་རྣ་བས་ཉན་ས། གང་དཀར་སེམས་ཀྱིས་གཏད་ས་ཉག་གཅིག་དེ་ཡིན་ལ། གལ་སྲིད་ཨ་རིའི་རླུང་འཕྲིན་ཁང་ལའང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ཁམས་དང་ཨམ་མདོའི་སྐད་ཀྱི་ལེ་ཚན་ཞིག་ཆེད་སྒྲིག་བྱ་ཐུབ་པ་བྱུང་ཚེ། དེས་སྔར་བས་ཀྱང་བོད་གཞིས་ཀྱི་སྤུན་ཟླ་ཁྲི་ཚོ་མང་བོའི་རེ་སྨོན་འགྲུབ་ཐུབ་པར་བྱ་ཐུབ་སྟེ། ད་ལྟ་གཞིས་ཀྱིས་སྤུན་ཟླ་མང་བོ་ཞིག་གིས་དེ་ལ་དགའ་དགའ་དུང་དུང་གིས་རང་གི་ཚེ་སྲོག་ཚུན་ལ་འཇིགས་ཞུམ་མེད་པར་ལྟ་ཉན་བྱེད་ཀྱིན་ཡོད་རབས་འདུག་ཀྱང་། སྐད་བརྡ་མི་གོ་བའི་སྐད་ངལ་འཕྲད་ཀྱིན་པ་ནི་གོང་བརྗོད་སྤུན་ཟླ་གཉིས་ཀྱིས་རང་རང་ས་ནས་ཤུགས་རིང་བཅས་ཤུ་རེ་གོ དེ་ཚང་ལ་ཨམ་སྐད་ཅིག་ཡོད་རྒྱུ་ན་ཟེར་བའི་སྐད་ཆའི་འགྲོས་ཀྱིས་རྟོགས་ནུས་སོ། །
ཡང་གཅིག་བཤད་ན་དེ་སྔོན་ངས་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ལས་ཀ་བྱེད་སྒང་དེར། ཨ་རིའི་རླུང་འཕྲིན་ཁང་གི་ཨེ་ཤ་ཡའི་སྡེ་ཚན་འགན་འཛིན་དང་བོད་སྐད་སྡེ་ཚན་གྱི་འགན་འཛིན་རྣམ་པ་གཉིས་ས་གནས་དེར་ཕྱོགས་ཕེབས་གནང་བར་མ་ཟད། སྐབས་དེར་གསར་འགོད་པ་དང་གནད་ཡོད་མི་སྣ་ཁག་ཅིག་ལ་ཟུར་མཇལ་གནང་། གོ་སྐབས་དེ་བརྒྱུད་ངེད་ཅག་ཁམས་དང་ཨམ་མདོ་བའི་གསར་འགོད་པ་སྐོར་ཞིག་གིས་དེའི་སྐོར་ཞུས་པས། ཁོང་རྣམ་པ་གཉིས་ཀྱིས་ཀྱང་དེ་ཡག་པོ་འདུག ཐུགས་བསམ་བཞེས་ཀི་ཡིན་གསུངས་ནའང་། ད་བར་གྲགས་འགུལ་ཅི་ཡང་མ་བྱུང་། རྒྱུ་མཚན་དེ་ལྟར་ཡིན་པས། དེ་རིང་བསྐྱར་དུ་དེའི་སྐོར་ལ་ཐུགས་བསམ་ཅིག་བཞེས་རྒྱུའི་དྲན་སྐུལ་བྱ་འདུན་བྱུང་ལ། ཁ་སང་དེ་རིང་ཨ་རིའི་རླུང་འཕྲིན་ཁང་གི་རླུང་རྟ་དགུང་ལ་འཕུར་གྱིན་པའི་སྐབས་འདིར་མདོ་སྟོད་སྨད་ཀྱི་སྐད་ཐོག་ནས་མདོ་འཛིན་པ་དང་བགྲོ་གླེང་བྱེད་པ། གསར་འགྱུར་བཤད་པ་སོགས་བྱས་ཚེ་དེ་བས་ཀྱང་ཚེ་བསོད་རླུང་རྟ་དགུང་དང་མཉམ་པ་གདོན་མི་ཟ་ཞིང་། སྐབས་དེ་ལྟ་བུ་ཞིག་ཏུ་བསླེབ་ན་ཨ་རིའི་རླུང་འཕྲིན་ཁང་གི་མདོ་སྟོད་སྨད་ཀྱི་ལས་བྱེད་ཚོས་ཀྱང་ཁ་ནང་ནས་དབུས་སྐད་འཁྱོངས་ལ་མི་འཁྱོངས་བྱེད་མི་དགོས་པར། རང་གི་ཡུལ་སྐད་གཙང་མའི་སྐད་ནས་གསལ་དག་སྙན་1 གསུམ་གྱི་གསར་འགྱུར་ཞིག་ཀློག་འདོན་བྱ་ཆོག་པའོ། །
གཉིས། བོད་གཞུང་དྲ་བརྙན་ཚན་པར།
ང་ནི་ནམ་ཡིན་རུང་མེད་པ་ལས་ཡོད་པས་དགའ་ལ། ཡོད་པ་ནས་ཡར་རྒྱས་དང་མདུན་སྐྱོད་ཀྱི་ལམ་དུ་ཞུགས་པར་འདོད་པའི་མི་ཞིག་སྟེ། སྔོན་ཆད་བོད་གཞུང་དྲ་བརྙན་ཟེར་བ་ཞིག་མེད་པར་བསམ་ན། དེང་སྐབས་དེ་ལྟ་བུ་ཞིག་ཡོད་པས་དགའ་མོད། ད་ལྟ་ལོ་ངོའང་འགའ་འགོར་བའི་སྐབས་འདིར་བོད་གཞུང་དྲ་བརྙན་ཟེར་བ་ཞིག་ཡོད་པས་མི་ཆོག་པར། ད་ནི་སྔར་བས་ཀྱང་ཡར་རྒྱས་དང་གོང་འཕེལ་གྱི་ལམ་དུ་ཞུགས་པར་སྐུལ་འདེད་བྱ་འདོད། དེས་ན་གོང་ཞུས་ལྟར་བོད་གཞུང་དྲ་བརྙན་དུའང་མདོ་སྟོད་སྨད་ཀྱི་སྐལ་ཆད་ཡོད་པས་ན། ད་ནས་བཟུང་ངེད་ཅག་མདོ་སྟོད་སྨད་ཀྱི་སྤུན་ཟླ་དག་ལའང་རང་གི་སྐད་ཐོག་ནས་གསར་འགྱུར་ལ་ལྟ་ཉན་བྱེད་ཐུབ་པའི་གོ་སྐབས་ཤིག་སྐྲུན་རོགས་ཞེས་ཞུ་བ་ལགས།
བོད་གཞུང་དྲ་བརྙན་ཁང་གི་ཁྱབ་བརྒྱ་ཆེན་པོ་མ་རེད་ལ། ཨ་རིའི་རླུང་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་། བོད་ལྗོངས་བརྙན་འཕྲིན་ཁང་སོགས་དང་བསྡུར་ན་ད་དུང་ཁ་ལ་སོ་ཐོགས་མེད་པའི་བྱིས་པ་ལོ་གསུམ་ཞིག་ཡིན་མོད། རྒྱབ་ལྗོངས་ཀྱི་ཆ་ནས་བཤད་ན་འདི་ནི་བཙན་བྱོལ་བོད་གཞུང་གི་དྲ་བརྙན་དུ་འགྱུར་དགོས་པ་དང་གཞན་དག་ནི་ཞིང་ལྗོངས་གཉིས་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ཙམ་མོ། །
བོད་གཞུང་དྲ་བརྙན་ཁང་གིས་ངེས་པར་དུ་སྔར་བས་ཀྱང་འབད་པ་བརྒྱ་འགྱུར་དང་དཀའ་ངལ་ཁྱད་བསད་ཀྱིས། ད་ལྟ་ངྷ་སའི་གཡས་གཡོན་ལ་བསྐྱར་སྟོན་ཡང་སྟོན་བྱེད་ཀྱིན་པའི་གཞུང་འབྲེལ་གསར་འགྱུར་དག་བོད་ཕྱི་ནང་གི་ལྟ་མཁན་ཁྲི་སྟོང་མང་བོས་ལྟ་ཉན་བྱེད་ཐུབ་པའི་དྲ་བརྙན་ཁང་ཞིག་ཏུ་གཏོང་དགོས་ལ། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་དྲ་བརྙན་ངོ་མ་ཞིག་དང་མགྲིན་ཚབ་པ་ངོ་མ་ཞིག བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ལ་བོད་གཞུང་གི་བརྡ་ཁྱབ་དུས་ལྟར་མཁོ་འདོན་བྱེད་ཐུབ་པའི་ཕོ་ཉ་ངོ་མ་ཞིག་བྱེད་པར་འབད་དགོས་པར་མ་ཟད། འདི་ནི་གཞུང་འབྲེལ་དྲ་བརྙན་ཡིན་པས་གཞན་ལ་མེད་དུ་རུང་ཡང་། འདི་རུ་བོད་མདོ་དབུས་ཁམས་གསུམ་གྱི་སྐད་མེད་ན་མི་ཆོག་སྟེ། གལ་སྲིད་མདོ་སྟོད་སྨད་ཀྱི་སྤུན་ཟླའི་སྐད་ཟུར་འཇོག་དང་འབུར་འཇོམ་བྱེད་འདོད་པ་མིན་ཚེ། ད་ནས་བཟུང་གང་མགྱོགས་སྒོས་མདོ་སྟོད་སྨད་གཉིས་ཀྱི་སྐད་ངེས་པར་དུ་བཅུག་དགོས་པར་མ་ཟད། མདོ་སྟོད་སྨད་ཀྱི་ལས་བྱེད་པ་བསྡུ་སྐོང་དང་ཆེད་ལས་མི་སྣ་གསོ་སྐྱོང་བྱ་དགོས།
སྐབས་རེར་ངས་སེམས་སུ་བོད་གཞུང་དྲ་བརྙན་ཁང་དུ་མདོ་སྟོད་སྨད་ཀྱི་ལས་བྱེད་མི་སྣ་མེད་ ༼ རེ་ཟུང་ཡོད་ན་ཐང་། ༽ པ་དང་། མདོ་སྟོད་སྨད་ཀྱི་སྐད་ཐོག་ནས་གསར་འགྱུར་བཤད་ཀྱིན་མེད་པའི་གནས་ཚུལ་ལ་བསམ་ན་ཡིད་ངོ་མ་མི་སྐྱིད་པ་དང་། ཡུལ་གྱི་གནས་བབ་ཆ་ནས་འདི་ནའང་ངེད་མདོ་སྟོད་སྨད་ཀྱི་སྤུན་ཟླ་དག་གི་ཐོབ་སྐལ་ཞིག་ཆད་ཡོད་བསམ་ན་དེ་བས་ཀྱང་སེམས་སྡུག་པ་ལ་ཚད་ཅིག་མི་འདུག ངོ་མ་ཡིན།
གསུམ་པ། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
སྤྱིར་ཡིན་ན་ཁྱེད་ཚང་དབུ་བརྙེས་ཏེ་ལོ་བཅོ་ལྔ་ཙམ་འགྲོ་གིན་ཡོད་སྟབས། དུས་ཡུན་ཧ་ཅང་རིང་བོ་ཕྱིན་པ་རེད། ད་དུང་ཉིན་རེ་བཞིན་བོད་སྐད་ཐོག་ཆུ་ཚོད་ཕྱེད་ཀ་དང་རྒྱ་སྐད་ཐོག་སྐར་ཆ་ ༡༥ རིང་ ༼ གསལ་བོར་མ་ངེས། ༽ གསར་འགྱུར་མཁོ་སྤྲོད་བྱས་དང་བྱེད་མུས་རེད་ལ། ལོ་སྔོན་མ་ནས་བཟུང་དམིགས་བསལ་བགྲོ་གླེང་འགའ་གོ་སྒྲིག་བྱས་ཏེ་བྱ་བ་ཐམས་ཅད་ལེགས་ལམ་དུ་འགྲོ་དང་འགྲོ་བཞིན་པའི་སྒང་རེད། ཡིན་ནའང་། འདི་རུ་ཡང་མདོ་སྟོད་སྨད་ཀྱི་སྐད་ལ་ཐོབ་སྐལ་ཅང་མེད་ལ། ལོ་བཅོ་ལྔ་ཙམ་ཕྱིན་པའི་དེ་རིང་ད་དུང་ཡང་མདོ་སྟོད་སྨད་ཀྱི་སྐད་ཅིག་དགོས་རབས་ཙམ་ཡང་མ་གོ་བས་ད་ནི་འགྲེལ་བརྗོད་མང་བོ་ཕར་མི་ཞུ་སྟེ། གཅིག་བྱས་ན་དཀའ་ངལ་མང་བོ་ཚུར་འཆད་ཀྱིི་ཡོད་སྲིད་པས་སོ། །
བཞི་བ། སྤྱི་སྡོམ།
གོང་གསལ་ཨ་རིའི་རླུང་འཕྲིན་ཁང་དང་ནོར་ཝེ་རླུང་འཕྲིན་ཁང་གཉིས་ལ་མཚོན་ན། བཙན་བྱོལ་སྤྱི་བྱིངས་ཀྱི་དཀའ་ངལ་ལྟར་འཚོ་བ་གཞན་བརྟེན་དང་གཞོན་གྱི་བཀོད་སྒྲིག་འོག་འགྲོ་དགོས་དུས་དཀའ་ངལ་ཡོད་སྲིད་ཀྱང་། རབ་བྱུང་ན་མདོ་སྟོད་སྨད་ཀྱི་ཐོབ་སྐལ་ཆད་དུ་མི་འཇུག་རྒྱུ་ནི་དེ་རིང་གི་རྩོམ་ཉོག་འདིའི་མཐའ་མའི་འབབ་ས་ཡིན་ལ། ཡ་ཆུང་སེམས་ཀྱི་རེ་འབོད་ཀྱང་དེ་རང་ཡིན་མོད། དེ་མིན་བོད་གཞུང་དྲ་བརྙན་ཁང་གིས་མདོ་སྟོད་སྨད་ཀྱི་ཐོབ་སྐལ་ཆད་བཅུག་པ་ནི། མདོ་སྟོད་སྨད་ཀྱི་སྐད་ལ་བོད་སྐད་ཀྱི་རིན་ཐང་མ་བཞག་པ་དང་། མདོ་སྟོད་སྨད་ཀྱི་ཉན་མཁན་ལ་ཉན་མཁན་གྱི་རིན་ཐང་མ་བཞག་པ། མདོ་སྟོད་སྨད་ཀྱི་ཤེས་ལྡན་མི་སྣར་ལས་ཀའི་ས་མིག་མ་སྤྲད་པ་རང་ཡིན་ཏེ། རྒྱུ་མཚན་མང་བོ་བཤད་མི་དགོས་པར་བོད་གཞུང་གི་དྲ་བརྙན་ཡིས་པས་སོ། །
སྐབས་འདིར་ཐོན་དུས་དབུས་པའི་སྤུན་ཟླ་ཞིག་ཡིན་ན་ད་བར་འདི་ལྟ་བུའི་ཚོར་འདུ་རྣོན་པོ་ཞིག་བྱུང་མྱོང་མེད་སྲིད་ཀྱང་། ང་ནི་ཨམ་མདོ་བ་ཞིག་ཡིན་པས་ངས་རང་གི་ཆོལ་ཁའི་རང་སྐལ་ཆད་ཡོད་པ་མཐོང་ན་སེམས་ཀྱིས་མི་བཟོད་པར་མ་ཟད། མི་མང་ཉུང་གི་རྒྱུ་མཚན་ལ་བརྟེན་ཏེ་ཁམས་ཕྱོགས་ཀྱི་སྐལ་ཆད་ཡོད་པར་ཡང་སེམས་ཀྱིས་ག་ལ་བཟོད་དེ། དེ་ནི་ཕྱོགས་ཞེན་བྱས་པ་མིན་པར་འདྲ་མཉམ་ཞིག་བྱུང་ན། དྲང་བདེན་ཞིག་བྱུང་ན། སུ་ཡིན་རུང་གྱོང་གུད་མེད་པ་ཞིག་བྱུང་ན་བསམ་པའི་བློ་དེས་ཡིན་ནོ། །
མཆན།
1 གསལ་དག་སྙན་གསུམ་ཟེར་བ་ནི་གསར་འགྱུར་རིག་པའི་ཚིག་ཅིག་སྟེ། གསར་འགྱུར་སྙན་སྒྲོན་པས་གསར་འགྱུར་ཀློག་འདོན་སྐབས་ཚིག་གསལ་བོ་དང་སྒྲ་དག་པོ། དབྱངས་སྙན་མོ་ཞིག་གིས་ཀློག་དགོས་པའི་དོན་ནོ། །
འོ་ཡ། དེ་རིང་གློ་བུར་དུ་ཁ་བརྡ་དྲ་རྒྱ་ཁ་ཕྱེས་ཐུབ་སོང་། ཉིན་ཤས་རིང་ཁ་བརྡ་དྲ་རྒྱ་ཁ་ཕྱེས་མ་ཐུབ་པར་གཅིག་དྲན་སོང་། ངས་བསམ་པར་ཁ་སྔོན་ཁ་ཤས་ཀྱིས་ཁ་བརྡ་དྲ་རྒྱ་དང་། དུས་བབས་དྲ་གནས་གཉིས་ཀྱི་བར་དུ་དབྱེན་དཀྲུགས་བྱེད་བཞིན་པ་དེས་མ་འགྲིག་པ་ཞིག་བཟོས་པ་མིན་འགྲོ་བསམ་སོང་། འོན་ཀྱང་དེ་ཡིན་ས་མ་རེད། ད་འགྲིག་སོང་། གང་ལྟར་ཁ་བརྡ་དྲ་རྒྱ་འདི་སྒོ་མ་བརྒྱབ་ན་ཡག་ས་རེད།
༈ རྙེད་བཀུར་གྱི་དམག་འཁྲུགས། འདིར་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ་བྱུང་། གསར་ཏུ་བྱུང་བ་ཞིག་མིན་མོད། བདག་ལ་མཚོན་ན་གསར་ཏུ་གོ་བ་ཞིག་དང་། ཆེས་ཡ་མཚན་པ་ཞིག་རེད། ལོ་རྒྱུས་ཀྱི་སྐྱོན་ཆ་ངོས་འཛིན་ནི་མི་རིགས་ཡར་རྒྱས་ཀྱི་རྩ་བའི་ཆ་རྐྱེན་ཡིན་པས་འདི་ལྟ་བུ་བོད་ཀྱི་སྤྱི་ཚོགས་ལ་མི་འབྱུང་བ་དང་། ཕྱོགས་ཀུན་ནས་སྔོན་འགོག་བྱེད་དགོས། ངས་གོ་བའི་ལོ་རྒྱུས་ནི་ཀཿཐོག་གི་མཁན་པོ་ཞིག་གིས་ངག་ལས་ཐོས་པ་ཡིན་མོད། འདི་ལའང་གཟིགས་ཞིབ་དང་། བདེན་རྫུན་ཤན་འབྱེད། སྙིགས་འདོར་བཅུད་ལེན་བྱེད་དགོས་པ་དུ་མ་ཡོད་ངེས་པས་དྲ་གྲོགས་རྣམས་ཀྱིས་དཔྱད་པར་ཞུ། མ་ཟད་ཆོས་རྒྱུན་འདི་ལ་འབྲེལ་བ་ཡོད་མཁན་ཚོས་སློབ་གསོ་བརྒྱབ་ཏེ་རྩོད་གླེང་ཞི་ཐབས་ལ་འབད་པ་གནང་རོགས་ཞུ། གནས་ཚུལ་འདི་སྒོར་མོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། རྒྱ་གཞུང་གི་སྒོར་མོའི་རོགས་སྐྱོར་ཐོབ་རྒྱུ་གོ་བ་དང་གདན་ས་ཆེན་པོ་ཞིག་གི་བླ་ཆེན་རྣམས་ཀྱི་བར་ཏུ་རྩོད་པ་ཤུགས་ཆེན་སླེབས་འདུག་པར་མ་ཟད་མི་གསོད་ཁྲག་སྦྱོར་ཀྱི་བྱ་བ་ཡང་བྱུང་འདུག ལོ་རྒྱུས་མདོར་བསྡུས་ཏེ་བཤད་ན། ༡༽ ཀཿཐོག་སྨོན་ལམ་ཆེན་མོ་ཚོགས་རྒྱུར་དངུལ་གྱི་དཀའ་ངལ་འཕྲད་དེ་ཕྱི་གླིང་ན་བཞུགས་པའི་བླ་མ་རྣམས་ལ་རོགས་སྐྱོར་བྱེད་པར་བསྐུལ་ཙ་ན། ཀཿ་བསྟན་ལ་ལྷག་བསམ་མངའ་བ་ཀཿཐོག་ཀརྨ་རིན་པོ་ཆེ། འབྲུག་གྲགས་རིན་པོ་ཆེ། བདུད་འདུལ་རིན་པོ་ཆེ་སོགས་ཀྱིས་ཕྱག་དངུལ་ཕོན་ཆེན་པུལ་བ་རེད། དེ་ལ་གཟེངས་བསྟོད་དང་མངའ་གསོལ་གནང་བར་མ་ཟད་རིམ་པར། ཁོང་རྣམས་ཀཿཐོག་གསེར་ཁྲིར་ཕེབས་པ་རེད། དེས་དྲི་མེད་ཞིང་སྐྱོང་ཕྱུག་པོར་གྲགས་པའི་ཟིལ་ཤུགས་ཅུང་ཟད་ཉམ་ནས་མངོན་ལྐོག་མི་མཚུངས་པའི་བྱ་བ་དབུ་བརྙེས་པ་རེད་ཟེར། ༢༽དེ་རྗེས་རྒྱ་གཞུང་གིས་རོགས་རེམ་དུ་དམངས་སྒོར་དུང་ཕྱུར་བཅུ་བདུན་སྤྲོད་རྒྱུའི་འཆར་གཞི་བཏིང་བ་དང་། བགོ་བཤའ་བཏང་ན་སྐལ་བ་ཆེན་པོ་ཐོབ་འགྲོ་བ་སོགས་ཀྱི་གླེང་གཞི་བྱུང་སྟེ། བླ་མ་ཕྱུག་པོ་གསུམ་ལ་སྐྱབས་བཅོལ་མི་དགོས་པའི་ཡིད་ཆེས་རྙེད་དེ་ཁོང་གསུམ་བུད་མེད་དང་འབྲེལ་བ་ཡོད་མིན་སོགས་དོགས་པས་མཐར་བསྐྲོད་བཏང་བའི་ཡི་གེ་གློགས་ལམ་ནས་ཁྱབ་སྒྲགས་བྱས་པས་འཁྲུགས་པའི་མགོ་བརྩམས། བླ་མ་གསུམ་ཕྱིར་འབུད་བཏང་བའི་ཡི་གེ་ལ་ཀཿཐོག་རྨོགས་ཚྭས་ས་ཡིག་མ་གནང་བས་ཁོང་ལ་ཡང་འཇིགས་བསྐུལ་ཐེབས་ཚུལ་བཤད་རྒྱུ་ཡོད་ཚོད་རེད། ༣༽དངུལ་ཐོབ་རྒྱུར་ཐག་ཉེ་་ཚེ་ཀཿཐོག་དྲི་མེད་ཞིང་སྐྱོང་ཁོ་རང་དང་གློ་བ་ཉེ་་བའི་འཇམ་དབྱངས་སྤྲུལ་སྐུ་ཀཿཐོག་བསྟན་བདག་ཏུ་མངའ་གསོལ། གཞན་རྣམས་ལ་དངུལ་གྱི་ལོ་རྒྱུས་འདྲི་མི་ཆོག་པའི་བཀའ་རྒྱ་དང ། བླ་མ་ཕྱིར་འབུད་དོན་ཏུ་ས་ཡིག་མ་བཀོད་པས་བསྟན་པ་ལ་གཅེས་སྤྲས་མི་གནང་པའི་ཉེས་པ་བཀལ་བ་རེད་ཟེར། དེར་བརྟེན་ཀཿཐོག་རྨོག་ཚ་མགོ་ལོག་མདོ་གོང་མ་དགོན་ཏུ་བྲོས། བཤད་གྲྭའི་མཁན་པོ་ཉག་རོང་ཨ་བསོ་རི་ཁྲོད་ཏུ་ཕེབས་རྒྱུ་བྱས། ཤུལ་ཏུ་ཞིང་སྐྱོང་ཕྱོགས་དང་ཉག་རོང་བློ་དགའ་སྤྲུལ་སྐུའི་ཕྱོགས་གཉིས་རྩོད་པའི་ཚ་རླབས་འབར་གྱིན་བཞུགས་ཟེར། ༤༽ལོ་སྔོན་མའི་མགོར་བློ་དགའི་ཕྱོགས་ཀྱི་སྒྲུབ་བླ་གཙོས་གྲྭ་གཉིས་ལ་དྲི་མེད་ཞིང་སྐྱོང་ཕྱོགས་ཀྱི་བོད་རིགས་སྤྱི་བདེ་མི་སྣ་ཞིག་གིས་མེ་མདའ་བརྒྱབ་ཏེ་བསད། དེའི་ཤ་ལན་ལེན་པར་གྲྭ་དམག་ཕུད་་ཏེ་སྤྱི་བདེ་མི་སྣའི་ཁང་པ་རྒྱུ་ནོར་ཚང་མ་མེ་བསྲེག་བཏང་། སྐྱེས་མ་དང་བྱིས་པ་སོགས་རྡུང་བདེགས་ཚབ་ཆེན་བྱས། ཕྱིར་ལོག་སྐབས་གྲྭ་དམག་གི་རླང་འཁོར་འགྱེལ་ནས་གྲྭ་བ་གསུམ་ཤི། ཁ་མཆུ་ད་དུང་ཡང་ལྷག་ཡོད་ཚོད་རེད། ༤༽དངུལ་ཐོབ་པ་ཐག་བཅད་པ་དང་དྲི་མེད་ཞིང་གིས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྱབ་སྒྲགས་བཏང་། རྒྱ་ནག་གི་རྒྱལ་གླུ་དགོན་པར་ལེན་བཅུག ཁྲི་འདུའི་ཀཿཐོགས་ལས་ཁུངས་ཏུ་སྐར་ལྔའི་དར་ཕྱར། འཇམ་དབྱངས་སྤྲུལ་སྐུས་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཀྲུང་གོའི་མངའ་ཁོང་ཏུ་གནས་པར་སྨོན་ལམ་བཏབ། རྒྱ་གཞུང་གིས་ཁོ་ལ་དངུལ་ལེན་པའི་བདག་དབང་ཆ་ཚང་སྤྲོད་རྒྱུ་བྱས། དྲི་ཞིང་ཧོང་ཀོང་ཏུ་ཕེབས་ནས་སྡེ་དགེ་རྒྱལ་ཁབ་ཀྱི་དབུ་བླ་ཡིན་པས་ཁོ་ལ་དབང་ཆ་ཚང་ཡོད་པ་དང་། དེའི་ཕྱོགས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་ཡིན་ཚུལ་སོགས་བཤད་དེ་ཆོས་ཚོགས་སྐབས་རྒྱ་ནག་གི་རྒྱལ་གླུ་བླང། ཡང་བློ་དགའི་ཕྱོགས་ཀྱིས་དྲི་ཞིང་བོད་གཞུང་དང་རྒྱ་ནག་ཕྱོགས་གཉིས་ཀྱི་གསང་ཉུལ་བ་ཡིན་ཚུལ། ཁོ་རང་ཀྲུང་གོའི་མི་སེར་གཙང་མ་དང་བློ་གཏད་ཁེལ་བའི་གྲོགས་པོ་ཡིན་ཚུལ་བཤད་དེ་ཧོང་ཀོང་ཏུ་ཕེབས་ནས་ཁྱབ་སྒྲགས་དང་། དབང་ལུང་གནང་བའི་སྔོན་ཏུ་སྐར་ལྔའི་དར་དམར་ཕྱར་ཏེ་བླ་སློབ་ཚང མ་ཡར་བཞེངས་ནས་རྒྱལ་་ལེན་བཅུག དེ་རྗེས་ཀཿཐོག་དགེ་རྩེ་ཧོང་ཀོང་ཏུ་ཕེབས། ཁོང་རྟོགས་ལྡན་དང་བདེན་པའི་་གཡོ་རྒྱུ་ལ་གོམས་པས་རང་ཉིད་བྱ་བྲལ་ཡིན་ལུགས་དང་། རྒྱལ་བ་རིན་པོ་ཆེ་ང་ལ་དགའ་ཡང་ངས་བོད་རང་བཙན་གྱི་བྱ་བ་ནམ་ཡང་གཉེར་རྒྱུ་མ་རེད། ཆོས་དང་སྲིད་ཁ་ཁ་རེད་གསུངས་པ་དང་། དྲི་མེད་ཞིང་དང་བློ་དགའ་ཡག་རབས་བཤད། སྐར་ལྔའི་དར་དམར་འོག་ནས་ཆོས་བཤད་རྒྱ་ཆེར་གནང་། ཀྲུང་གོ་གསར་བར་བློ་གཏད་བྱེད་ངེས་པ་ཀ་ཐོག་དགོན་པ་ཡིན་རབས་བཤད། མདོར་ན་ཐམས་ཅད་ཀྱིས་རྒྱ་གཞུང་གི་དངུལ་དེས་ཆེད་ཏུ་རྩོད་པ་བྱེད་གནང་གི་ཡོད་པ་ཐོས།
མང་པོ་ཞིག་བྲིས་ཡོད་དེ། ཚང་མ་ནག་གསུབ་ཕྱིན་སོང་།
རྡོག་རྡོག་བཤད་ན་གོང་གི་རྩོམ་དང་མཆན་ཚང་མ་ཡག་པོ་འདུག
ཁ་བརྡ་ཚང་ལ་ཞུ་རྒྱུ་ངས་བསྐུར་བའི་རྩོམ་རྣམས་དྲ་བར་བཀོད་མ་ཐུབ་ན་དེ་ལྟར་འཁོད་པའི་འཕྲིན་ལན་ཞིག་བསྐུར་རོགས།ཁྱེད་ཚང་གི་ཁ་བྱང་འདི་ཨེ་རེད། dunduptashi@yahoo.co.inའདི་མིན་ན་དེ་ལྟར་གསུང་རོགས
ཡིན་དང་ཡིན།
དུས་ངན་འདི་ལ་ལས་ངན་འགྲོ་བས།།བསྟན་པ་བཤིག་པའི་ཐབས་ལ་བརྩོན་པ། །མཁས་པ་རྣམས་ཀྱིས་ངེས་པར་མཛད་དེ། །སླན་ཅད་སྡོམ་པར་དམ་བཅའ་དགོས་སོ། །རྒྱ་ཆེའི་མི་མངས་མགོ་བོ་འཁོར་ནས། །འདི་བཟང་དེ་ལེགས་སྙམ་པའི་རྨོངས་དད། །སྐྱབས་མགོན་རྒྱལ་བའི་བཀའ་སློབ་ཉན་ཞིང་། །ལེགས་བསྒྱུར་དམ་པའི་ལམ་ལ་འཇུག་ཤོག །
ངོ་མ་ལྟས་ངན་རེད་་་དཀོན་མཆོག་མཁྱེན་ནོ་་་་་དགེ་རྩེ་སྤྲུལ་སྐུའི་༧ གོང་ས་མཆོག་ལ་ཡིད་ཆད་གི་བཅུག་ན་ལས་རྒྱུ་འབྲས་ལ་མི་འགྲོ་ཐག་ཆོད་་ཡིན་་་་་
བཀུར་འོས་ཨ་རིག་འགྱུར་མེད་ལགས་སུ། བཀའ་དྲིན་ཆེའོ།། ཞེས་ཞུ་འདོད་བྱུང་སོང་། གང་ཡིན་ཟེར་ན། གཞིས་བཞུགས་བོད་མིའི་ཆེད་དུ། བསམ་ཤེས་དང་དྲན་སྐུལ་གནང་བ་དེ་ཡིན་ནོ།།
གཞིས་བཞུགས་བོད་མིའི་ཆེད་དུ་ཕན་ཐོགས་ཡོད་ན། ཨ་རིག་འགྱུར་མེད་ཀྱིས་གསུངས་པ་བཞིན་ཐུབ་ན་ལེགས་པོ་རེད། གཞན་མ་གཏོགས་སྐབས་རེ་ཐོབ་ཐང་རྩོད་མཁན་འདྲ་ཞིག་ཆགས་ཀྱི་མི་འདུག་གམ།
ཨ་རིག་གི་བསམ་ཚུལ་དེ་བོད་མི་སྒེར་ཞིག་གི་བསམ་ཚུལ་ཡིན་པས་བཀའ་དྲིན་ཆེ། ཡིན་ན་ཡང་། ཁོ་བོའི་བསམ་པར། ད་ལྟ་ང་ཚོ་བོད་རིགས་ཡོངས་རྫོགས་སྐད་ཡིག་གཅིག་སྒྱུར་རམ་སྤྱི་སྐད་སྐོར་ལ་གྲ་སྒྲིག་དང་ཚ་ཚ་འུར་འུར་གྱིས་བོད་ཕྱི་ནང་གཉིས་སུ་ཚོགས་འདུ་གང་མང་སྤེལ་བཞིན་པའི་སྒང་འདིར་ཁམས་ཨམ་དབུས་སྟོད་བཞིའི་སྐད་ཟེར་ནས་ལོགས་སུ་མི་དགོས་པར་ད་གས་འཐུས་ཀྱི་རེད་དྲན། སྤྱིར་བཏང་ཁོ་བོས་བསམ་པར་བོད་ནང་དང་། དམིགས་བསལ་ཨ་མདོའི་ས་ཁུལ་གྱི་བོད་རིགས་རྣམས་ནི་རང་སྐད་ཁོ་ན་མ་གཏོགས་མི་གོ་བའི་རྒྱུ་མཚན་ནི།བོད་རིགས་ས་ཁུལ་གཞན་ལ་འགྲོགས་འདྲིས་ཞེ་དྲག་མི་བྱེད་པ་དེ་ལ་ཐུག་པ་རེད་སྙམ། ཕྱོགས་གཞན་ནས་སྤྱི་སྐད་ཐོག་ལ་གོམས་འདྲིས་ཞེ་དྲག་མ་བྱེད་པ་དེ་ལ་ཐུག་པར་སྙམ། ཡིན་ན་ཡང་། གོ་བ་ལོག་མི་ཉན། ངས་ཨ་མདོའི་སྐད་དོར་དགོས་པ་བཤད་ཀྱིན་མེད། སྤྱི་སྐད་ཤེས་པ་དང་མ་ཤེས་པ་གཉིས་ཀྱི་དགེ་མཚན་བལྟ་དགོས། ཁྱེད་ཀྱི་བསམ་འཆར་དེ་ལྟ་བུ་ཞིག་ཨ་རི་རླུང་འཕྲིན་ཁང་གི་ལས་བྱེད་ཞིག་ལྷོ་ཕྱོགས་ཏུ་སླེབས་སྐབས་སུ་སླེབས་སོང་། འོན་ཀྱང་། ཁོང་གི་འགྲེལ་བཤད་བསྐྱོན་པ་དེ་རྣམས་ཁྱེད་ཀྱིས་འདིར་བཀོད་མ་སོང་།
ད་དེ་རིང་ཁ་བརྡ་ཚང་གཞི་ནས་ཀློག་ཐུབ་པ་བྱུང།
ཉིན་ཤས་རིང་ཁ་བརྡ་དམིགས་མེད་དབྱིངས་སུ་ཡལ་སོང་རྒྱུ་མཚན་གང་ཡིན་མ་ཤེས།
དོན་དམ་གྱི་ཤེས་བྱ་མེད་པའི་བོད་པ་མགོ་མཁྲེགས་འདི་ཚོའི་ཁ་ལ་ལྟ་ཡག་ཅི་ཡོད། ག་དུས་ཡིན་ན་ཡང་སོ་སོའི་
མི་རིགས་སྤྱིའི་ལས་དབང་ལས་ལུང་ཚན་བྱེ་བྲག་པའི་སླད་དོན་ཁོ་ནར་བསམ་སྡོད་མཁན་འདི་ཅི་ཞིག་འགྲིག་གི་
མེད་པ་རེད། མདོ་སྟོད་པ་ཚོས་འདི་འདྲ་བཤད་མཁན་མི་འདུག གཉིས་ནས་དབུས་སྐད་འདི་བོད་ཀྱི་སྤྱི་སྐད་
ཆགས་ཡོད་དུས། འདིས་མི་འགྲིག་པ་ཅི་ཡོད། གོ་གི་མི་འདུག་ན་སྤྱི་སྐད་སློབ་དགོས་པ་རེད། ཆིག་སྒྲིལ་ཡོང་
ཐབས་ལ་ཅི་ཡང་བསམ་བློ་འཁོར་གི་མ་རེད། ག་དུས་ཡིན་ན་ཡང་ཁ་ཁ་དང་སོ་སོ་བྱེད་ཐབས་ལྟ་བུ། ཁེར་ཚུགས་དེའི་ཞེད་སྣང་ལ། གུ་ཡངས་ཙམ་བྱོས་ལོ།
བླ་རུང་དང་འབྲེལ་བའི་གཏམ།
གླེང་གཞི།
ཚང་མའི་མཁྱེན་གསལ་ལྟར་ཉེ་ལམ་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བསམ་བློ་དག་ཐེར་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་འདུག གོ་ཐོས་ལྟར་ན་ལས་འགུལ་དེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། མགོ་ལོག་པ་རིག་དར་བཅས་ཤེས་ཡོན་པ་དང་དབང་འཛིན་པ་དག་གི་མཉམ་འབྲེལ་འོག་སྤེལ་བ་ཞིག་ཡིན་འདུག
ལས་འགུལ་གྱི་དམིགས་ཡུལ།
ལས་འགུལ་འདིའི་དམིགས་ཡུལ་ནི་དུས་དེབ་དང་སྒེར་དེབ།ཚགས་པརསོགས་སུ་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་དང་དེ་མིན་ཁྲིན་ཏུའུ་གཟའ་ཉི་མའི་བགྲོ་གླེང་གཙོ་བོ་ཡིན་པའི་འདུ་ཚོགས་སོགས་ཀྱི་སྟེང་དུ་སྐད་ཆ་བཤད་མཁན་དག་གི་བྲིས་རྩོམ་དང་སྐད་ཆའི་ནང་དུ་བསྟན་པ་དང་སྟོན་པར་དགག་པ་བསྐྱོན་ཡོད་མེད་དང་གོང་གི་མཁན་པོ་དང་མི་ཆེན་དག་གི་ཁ་ན་མ་ཎི་བཞིན་བཟློ་བའི་དགེ་བཅུའི་ཁྲིམས་ལ་གདོང་གཏུག་གི་ལྟ་བ་བཟུང་ཡོད་མེད།སྐྱེས་བུ་དམ་པར་རློམ་མཁན་གྱི་སྤྲུལ་བའི་སྐུ་ལོ་དག་གི་མཛད་སྤྱོད་ལ་སྐུར་བ་བཏབས་ཡོད་མེད།དགོན་པ་སོགས་ཀྱི་དོ་དམ་དང་དགྱ་གྲོང་སོགས་གྲོང་ནང་གི་གྲྭ་བ་སོགས་ལ་ལྟ་སྟངས་བཟུང་ཡོད་མེད།ཆབ་སྲིད་དང་འབྲེལ་བའི་སྐད་ཆ་བཤད་ཡོད་མེད་སོགས་མདོར་ན་ཁོང་ཚོའི་ཐུགས་དང་མི་མཐུན་པ།རྣ་བར་མི་སྙན་པ།མིག་ལ་མི་མཛའ་བ་སོགས་ཀྱི་གནད་དོན་མང་པོ་ཞིག་དག་ཐེར་བྱས་ནས་བརྟེན་མེད་དཔུང་མེད་གྱི་གྲྭ་གཞོན་དག་བསམ་བློ་དང་ལྟ་བ་ཕྱི་སློག་ནང་སློག་བྱེད་ནས་ཡོད་ཚད་ཁོང་ཅག་གི་བཀོད་འདོམས་དང་རྡོག་འོག་ན་གནས་དགོས་པ་དེ་ཡིན་འདུག
དངོས་དོན།
གྲོགས་པོ་འགའ་རེའི་ཁ་ནས་གོ་བའི་གནས་ཚུལ་ལྟར་ན་བླ་རུང་སྒར་ནས་ཕལ་ཆེར་ཉི་མ་རེ་རེར་རྒྱང་བསྒྲགས་དང་ཚོགས་ཆེན་སོགས་ཀྱི་སྟེང་ནས་གྲྭ་བ་བསམ་བློ་བ་དང་རྩོམ་པ་པོ་དག་གི་བྲིས་རྩོམ་དང་སྐད་ཆ་སོགས་ལ་དབྱེ་ཞིབ་དང་དཔྱད་བརྗོད་༼སྤྱིར་འུ་ཚོ་བོད་ལ་དཔྱད་རྗོད་པ་བདུད་ལྷ་རྒྱལ་ལྟ་བུ་ཁར་ཁེར་ལ་མེད་མོད་ད་ཐེངས་མང་པོ་ཡོད་ཚོད་རེད༽སྣ་ཚོགས་པ་བྱེད་ནས་རྒྱ་མར་འཇལ་ནས་ཁོང་ཚོས་ཚབ་ཆེ་བར་འདོད་པ་དག་རྒྱང་ཕུད་བཏང།འབྲིང་བ་དག་ལ་བསམ་བློ་གཏོང་བའི་གོ་སྐབས་སྤྲད་ནས་བརྟག་དཔྱད་བྱེད་པ།༼དགྱ་ཡིག་གི留校查看སློབ་མ་དག་སྒྲིག་འགལ་བྱས་ན་ཐབས་དེ་འདྲ་བཀོལ་བ་རེད༽ཚབ་ཆུང་བ་དག་ལ་ཉེན་བརྡ་གཏོང་བ་སོགས་ཐབས་འདྲ་མིན་བྱེད་གྱིན་འདུག མཁན་ཆེན་དག་གི་ཕུགས་འདུག་དང་མགོ་ལོག་པ་རིག་དར་ཁ་ལྕེ་ཡིན་པའི་ཚན་ཆུང་དེས་ཉིན་རྒྱུན་གོང་གི་གནད་དོན་དང་འབྲེལ་ཡོད་གྲྭ་བ་དག་ཉེན་རྟོག་པའི་འདྲི་གཅོད་བྱེད་པ་ལྟར་ལྟ་བ་དང་བསམ་བློ་ཁ་ཕྱོགས་སོགས་འདྲི་རྩད་གཏིང་ཟབ་ནན་མོ་བྱེད་ཀྱིན་ཡོད་པ་རེད།ཉེ་སྔོན་ཡང་ཕ་ཡུལ་རྨེ་བ་ནས་ཡིན་པའི་གྲྭ་གཞོན་ཞིག་རྒྱང་ཕུད་བཏང་ནས་ཁ་སང་བླ་རུང་དང་ཁ་བྲལ་ནས་ནས་བུད་སོང་ཟེར།གོ་ཐོས་སུ་གྲྭ་བ་དེ་རྒྱང་ཕུད་གཏོང་རྐྱེན་གཙོ་བོ་གྲྭ་བའི་རྔུལ་ལེན་(背心)གྱོན་ན་གདོན་ཞུགས་འགྲོ་ཞེས་པ་དེར་དོགས་སློང་བྱས་ནས་རང་གི་འདོད་ཚུལ་ལྷུག་པོར་བརྗོད་པའི་རྐྱེན་རེད་ཟེར།གྲྭ་བ་དེའི་དགྱ་ནག་གི་གྲྭ་བའི་དོར་མ་གྱོན་ན་དགོན་ཞུགས་མི་འགྲོ་བའི་འུ་ཚོའི་རྔུལ་ལེན་གྱོན་ན་ཅིའི་ཕྱིར་མི་ཆོག་ཞེས་བཤད་པས་མ་རེངས་བ་རེད་ཟེར།
དད་ལྡན་མང་ཚོགས་ཀྱི་ཁྲོད་ན།
དད་ལྡན་མང་ཚོགས་ཀྱི་ཁྲོད་ན་ད་ལྟ་སྐད་ཆ་དགོད་བྲོ་རེ་ཁྱབ་གིན་འདུག ཁོ་ཚོས་བླ་རུང་སྒར་ན་བསམ་བློ་བར་གྲགས་པའི་གདོན་འདྲེ་ཁ་ནག་འགའ་ཡོད་གོ་གི ཁོ་ཚོས་སངས་རྒྱས་ཆོས་ལུགས་རྩ་མེད་དུ་གཏོང་བ་དང་དགེ་བཅུའི་ཁྲིམས་ལ་དགག་པ་རྒྱབ་པ། སྤྲུལ་སྐུ་ཚོར་སྐུར་འདེབས་བྱེད་གྱིན་པ་སོགས་བྱ་བ་ཐ་ཆད་མང་པོ་བསྒྲུབས་ཀྱིན་འདུག ཡིན་ཡང་ད་ལྟ་མཁན་ཆེན་ཚུལ་བློ་གྲོས་སོགས་ཀྱི་བཀའ་དྲིན་ལ་དེ་དག་ཚར་གཅོད་གཏོང་གིན་ཡོད་ཅེས་སྐད་ཆ་ངུ་བྲོ་ལ་སྐྱུག་བྲོ་བའི་སྐད་འདྲ་མིན་ཞིག་ཁྱབ་ཀྱིན་ཡོད་ཚོད་རེད།
ཤེས་ཡོན་པའི་སྡེ་ཁག་གི་ཁྲོད་ན།
སྤྱིར་ཤེས་ཡོན་པའི་སྡེ་ཁག་གི་ད་ལྟའི་གནད་དོན་འདི་ལ་ཁ་ཡ་མི་བྱེད་ཐབས་མེད་ཞིག་ལ་གྱུར་ཡོད་མོད་འུ་
ཚོས་ཤེས་ཡོན་པ་དག་མྱི་ཁ་ལ་སྐྲག་རྒྱུ་མང་དྲགས་པའི་ཡིན་ནམ་ཡང་ན་རང་གི་འགན་འཁྲི་དོར་བ་གང་ཡིན་མ་ཤེས་མོད་འདིའི་ཕྱོགས་ལ་ཁ་ཡ་མི་བྱེད་པ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད།འདི་ནི་སྒེར་གཅོད་པ་འགའ་
ཡིས་ཤེས་ཡོན་པའི་སྡེ་ལ་མནར་གཅོད་དང་ཐད་གར་བརྙེས་བཅོས་བྱས་པ་རེད།ཁ་སང་དེ་རིང་བླ་རུང་གི་གནད་དོན་དེ་ཆུང་ཆུང་ཞིག་གཏན་ནས་མ་རེད།ང་ལྟ་བུའི་མིང་ཐོབ་མེད་གྱི་སློབ་མ་ཞིག་གི་སྐད་ཆ་འདིའི་ནུས་པ་མི་ཐོན་པ་ངོ་མ་རེད།ཡིན་ཡང་ང་ཚོར་གནད་འགག་གི་སྐབས་སུ་སྐད་ཆ་རྣལ་མ་བཤད་དགོས་ཞེས་ཁ་ཕོ་ཆེ་བའི་ཤེས་ཡོན་པ་མི་ཉུང་བ་ཞིག་ཡོད་པའི་ཁོ་ཚོའི་འདིའི་ཕྱོགས་ལ་སྐད་ཆ་རེ་བཤད་ན་ཅི་མ་རུང་སྙམ་པའི་འདུ་ཤེས་སྐྱེ་བ་ཐེངས་གཅིག་མིན།
རང་གི་ལྟ་ཚུལ་འགའ་གླེང་བ།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལོ་འགའི་ཡར་སྔོན་ངའི་ཕ་ཡུལ་དུ་གདན་དྲངས་པ་ལྟར་ཕེབས་ནས་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་དང་སྐད་ཡིག་སྲུང་སྐྱོབ་བྱེད་ཐབས་སོགས་གསུང་བཤད་གལ་ཆེན་གནང་སོང་བའི་ངའི་སེམས་ལ་ཕྱི་ནང་གི་རིག་པ་དག་ཁོང་དུ་ཆུད་པའི་མཁས་བ་ཆེན་པོ་ཞིག་རེད་སྙམ་ནས་གོ་གནས་གལ་ཆེན་བཟུང་ཡོད ། ཡིན་ཡང་། ད་རེབ་དབང་མཐར་སྒེར་གཅོད་དང་ངོ་བོ་དབྱེར་མེད་ཀྱི་ལས་འགུལ་འདི་འདྲ་་་ཞིག་སྤེལ་རྒྱུ་ཡིད་ལའང་འཆར་མ་མྱོང་། འདི་ནི་ང་རང་ཁོང་གི་མཐའ་ཡས་པའི་མཁྱེན་རྒྱ་དང་བླ་ན་མེད་པའི་སྤྱོད་པ་དེར་ཡིད་སྨོན་སྐྱེ་རྒྱུ་མང་དྲག་སོང་བས་ཡིན་རྒྱུ་རེད།རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་ཟེར་བ་དེ་ཁོ་བོའི་སྔ་མོ་ཞིག་ནས་ཐོས་མྱོང་བ་ལས་མཐོང་མ་མྱོང་།ཡིན་ཡང་ཁོང་གི་བྲིས་རྩོམ་སྙན་ངག་གི་དཔྱད་རྩོམ་སོགས་མང་པོ་ཞིག་བཀླགས་མྱོང་ཞིང་ངེས་པ་དོན་གྱི་མཁས་པ་ཞིག་ལོས་ཡིན་སྙམ་པའི་སྣང་བ་སྟེར་མྱོང་།སྐབས་འདིར་ཁོང་ཡང་སྒེར་གཅོད་པ་གཙོ་བོའི་གྲས་ཀྱི་གཅིག་ཡིན་རབ་འདུགམགོ་ལོག་པ་རིག་དར་ལོ་ངོ་འགའི་ཡར་སྔོན་གྱི་དགེ་བསྐོས་རྒན་པ་ལོ་ཡིས་མནར་པའི་དྲིན་ལ་ད་ལྟ་ཁོ་རང་བླ་རུང་སྒར་གྱི་དགེ་བསྐོས་སྤྱི་དཔོན་ཡིན་ཞིང་གོང་གི་མཁན་ཆེན་གཉིས་གཙོ་བོ་ཡིན་པས་མཁན་པོ་སྒེར་གཅོད་པ་འགའ་ཡིས་མགྲིན་ཚབ་པ་ཡིན་འདུག བོད་མི་རིགས་སྐྱ་ཆད་སྔོ་སྡུག་གི་སྐབས་འདིར་གོང་གི་མཁས་པ་དག་གི་རང་མི་རིགས་ཀྱི་གནས་བབ་ལ་འགན་མ་འཁུར་ནས་རང་གི་འདོད་པ་ལྟར་དུ་གྲྭ་གཞོན་བསམ་བློ་བ་དག་ལ་ཁ་གསོད་ཚིག་གསོད་སྣ་ཚོགས་བྱེད་ཀྱིན་འདུགཁྱོད་ཚོའི་མི་གཞི་གང་ན་ཡོད།ཁྱོད་ཚོའི་ཀུན་སྤྱོད་གང་ན་ཡོད།ཁྱོད་ཚོའི་བསམ་བློ་གང་ན་ཡོད།ཆ་མི་སྙོམས་པའི་སྤྱི་ཚོགས་ཀྱི་བར་གསེང་ནས་ཁོང་ཚོས་མི་རིགས་ཀྱི་བདེ་སྡུག་ལ་ཁ་ཡ་མི་བྱེད་པར་མ་ཟད་ད་དུང་ན་གཞོན་བསམ་བློ་བ་དགའ་སེ་རེ་བྱུང་བ་ཡང་བརླག་པར་འདོད་པ་དེ་ནི་ཅི་འདྲའིསྐྱུག་བྲོ་བའི་ལས་དོན་ཞིག་རེད།ཁོ་བོར་མཚོན་ན་སློབ་མ་ཞིག་ཡིན ། སྤྱིར་རིག་གནས་ཆུ་ཚད་དང་བསམ་བློའི་ལྟ་རྒྱ་སོགས་ཧ་ཅང་ཉམས་ཆུང་ཡིན ། སྐད་ཆ་སྦོམ་པོ་འདི་འདྲ་བ་ཞིག་བཤད་པར་ཡེ་ནས་མི་འཚམ་མོད ། བོད་མི་རིགས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་འགྲིབ་ཆེད་ཀུན་ལ་ཁ་ཡ་མེ་བྱེད་ཐབས་མེད་ཞིག་ལ་གྱུར་ཡོད ། ད་ཐེངས་ཀྱི་ལས་འགུལ་འདིར་ཡང་ཁོ་བོ་ནི་རྩ་བ་ནས་དགའ་གིན་མེད། དོན་ངོ་མར་འདི་ནི་བསམ་བློར་དམར་གསོད་དང་འདུ་ཤེས་ཀྱི་བཙན་འཛུལ་ངོ་མ་དེ་རེད ། ལར་མིར་སྐྱེས་པ་ནས་སྐད་ཆ་བཤད་པ་དང་བལྟ་བ་གླེང་བ་ནི་ཆེས་མ་མཐའི་ཁེ་དབང་དེ་ཡིན ། ༼སྒེར་སྡོམ་བྱས་པའི་ཁོར་ཡུག་ལས་གཞན༽ཁྱོད་ཚོའི་ཁེ་དབང་དེའང་མེད་པར་དུ་བཟོ་རྒྱུ་ཟེར་ན་འགྲོ་བ་མིའི་རྩ་བའི་ཐོབ་ཐང་ལ་རྡོག་རྫིས་བཏང་བ་མ་ཡིན་ནམ ། ཁྱེད་ཚོར་ད་དུང་མར་གྱུར་སེམས་ཅན་ཞེས་རྫིག་རྫིག་བྱེད་ནས་བསྔོ་སྨོན་དེའའང་བཅོས་མ་ཞིག་ཏུ་གྱུར་སོང་བ་མ་ཡིན་ནམ །
སྐད་ཆ་ཉིས་ཤད་མ །
སྐད་ཆ་འདིར་ཉིད་ཤད་འཇོག་རན་པའི་སྐབས་འདིར་བརྗོད་མ་ཐུབ་པ་དང་བཤད་མ་ཚར་བ་མང་པོ་ཞིག་མཆིས་མོད་གཅིག་ནས་སློབ་སྦྱོང་གི་གནོན་ཤུགས་དང་གཉིས་ནས་ཐ་སྙད་ཀྱི་ཆུ་ཚད ། གསུམ་ནས་བསམ་བློའི་མཐོང་རྒྱ་སོགས་མང་པོ་ཞིག་གི་རྐྱེན་འདི་ནས་འཚམས་མི་འཇོག་ཀ་མེད་བྱུང་ ། ཡིན་ཏེ ། འདིར་སླར་ཡང་བརྗོད་འདོད་པ་ནི་ངའི་ནམ་ནམ་ཞར་ཞར་བོད་མི་རིགས་ཀྱི་སྐྱ་ཆད་སྔོ་སྡུག་གི་འཚོ་གནས་ཆེད་སྐད་ཆ་བཤད་མཁན་གྲྭ་གྲོང་དབྱེར་མེད་ཀྱི་བསམ་བློ་བ་དང་རྩོམ་པ་པོ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་རང་གི་ནུས་ཚོད་ཀྱི་སྐད་ཆ་བཤད་རྒྱུ་ཡིན ་ནོ།།
མཐར་སྨས་པ། དགེ་ལྷུང་རིག་དར་གྱི་སྨྱོ་གར་ཆུང་ཆུང་རེད།།
དགེ་བསྐོས་རིག་དར་གྱི་སྒོར་གཅོད་ཚབ་ཆེན་རེད།།
མར་གྱུར་སེམས་ཅན་ཞེས་ཆེ་ཆེ་བྱས་ཀྱང་རུང་།།
མཁྱེན་རྒྱ་སྤུ་ཉག་ལས་ཕྲ་བ་དེ་རེས་ཤེས།།
ལྔ་རིག་སློབ་གླིང་གི་མིང་བྱང་རྫིག་པོ་རེད།།
གུ་ཡངས་སྒམ་དཀྱེལ་གྱི་བསམ་བློ་རི་བོང་རྭ།།
རང་ལས་ཚད་མ་ཞིག་མེད་པར་རློམ་མཁན་དེས།།
ལྟ་བ་བཙོན་འཇུག་གི་ལྕགས་ཐག་སིལ་སིལ་བསྒྲགས།།
ཁ་རུབ་སྒོ་བསྡམས་ཀྱི་སློབ་གླིང་ཆེན་མོ་དེར།།
རིགས་དྲུག་སྡུག་བསྔལ་ཞེས་གླེང་མཁན་མང་མང་རེད།།
རང་གི་གནས་བབ་འདི་མཐོང་མཁན་ཉུང་ཉུང་རེད།།
འགའ་རེ་བྱུང་བ་འང་ཁྱུར་མིད་བྱེད་ལ་ཁད།།
༢༠༡༠ལོའི་ཟླ་༥བའི་ཚེས་༡༢ཉིན་གནའ་མཁར་ཟི་ལིང་ནས་སྦྱར།
ཨམ་མདོ་རྣམས་ཀྱིས་རང་གི་སྐད་ཡིག་མ་དོར་བའི་སྟེང་བོད་ཀྱི་སྤྱི་སྐད་སྤྱོང་རྒྱུ་གལ་ཆེན་རེད། ཀཿཐོག་དགོན་པའི་དམག་འཁྲུགས་ཞི་བར་བླ་མ་དང་མི་ཆེན་རྣམས་ཀྱིས་སློབ་གསོ་བྱེད་རྒྱུ་གལ་ཆེ། ཡུལ་ཁམས་ཁོལ་བུ་ཞིག་གི་དོན་དེ་བོད་སྤྱི་ཡི་གཏོར་བཤིག་གི་རྩ་བ་ཆགས་རྒྱུ་རེད།
བློ་བཟང་ཆོས་གྲགས་ལགས་ ཁྱེད་ཀྱིས་ཐོས་པའི་ཀ༔ཐོག་དགོན་པའི་གནས་ཚུལ་དེ་ཀ༔ཐོག་གི་མཁན་པོ་མིང་ལ་སུ་ཟེར་བ་ཞིག་གིས་ཁྱེད་ལ་ངོ་སྤྲོད་བྱས་སོང་ དེ་དངོས་གནས་ཡིན་ན་མ་བཟང་ཐལ་ཡ་ ངས་མཁན་པོ་དེ་ལ་ཡང་སྐྱར་སྐད་ཆ་དྲི་འདོད་འདུག།
སྤྱིར་སྟངས་ང་ལ་མཚོན་ན་ཀ༔ཐོག་དགོན་པའི་གྲྭ་པ་མིན་ལ་དགོན་དེའི་ཆོས་བརྒྱུད་འཛིན་མཁན་གྱི་གྲྭ་པ་དང་མི་སེར་གང་ཡང་མིན། དེར་བརྟེན་མཆན་འདིར་གསལ་བཤད་དགོས་དོན་མེད་ནའང་། མཆན་པས་བདེན་རྫུན་ཤན་འབྱེད་དགོས་གསུངས་པ་ལྟར་ང་རང་གིས་དངོས་སུ་མཐོང་ཐོས་བྱུང་བའི་གནས་ཚུལ་ཁག་གཅིག་འགོད་ན། སྤྲུལ་སྐུ་གསུམ་ཕྱིར་འབུད་གཏོང་བའི་གནས་ཚུལ་བདེན་པ་ཡིན་ནའང་། ས་རྟགས་བསྡུ་སྐབས་རྨོག་ཚ་དང་མཁན་པོ་བསོད་བསྟན་གཉིས་བྲོས་ཚུལ་བཤད་པ་ནི་ཁུངས་མེད་རེད། རྒྱུ་མཚན་ནི་སྤྲུལ་སྐུ་གསུམ་ཕྱིར་འབུད་གཏོང་བའི་ཡི་གེར་དབུ་ཁྲིད་ཡོངས་ཀྱི་ས་རྟགས་བཀོད་པ་དྲ་ལམ་ཁག་དང་རྒྱ་གར་ལའང་ཁྱབ་བཞིན་པ་ཀུན་གྱིས་མཁྱེན་གསལ་རེད། རྨོག་ཚ་དང་ཨ་བསྟན་གཉིས་བྲོས་དགོས་པའི་རྒྱུ་མཚན་རྒྱ་གཞུང་གིས་དགོན་པའི་འདུ་ཁང་ཐོག་སྐར་ལྔའི་དར་དམར་འཛུགས་དགོས་པའི་བཙན་བཀའ་གཏོང་བར་བརྟེན་བྲོས་པ་ཞིག་རེད། དངུལ་ཐོབ་ལ་ཉེ་སྐབས་ཞིང་སྐྱོང་གིས་རང་གི་བློ་ཉེ་འཇམ་སྤྲུལ་བསྟན་བདག་ལ་བསྐོས་ཟེར་བའང་རྫུན་ཚིག་ཏེ་འཇམ་སྤྲུལ་བསྟན་བདག་ལ་བསྐོས་ནས་ད་བར་ལོ་ངོ་བཅོ་བརྒྱད་ལྷག་ཙམ་སོང་ཡོད། དངུལ་གྱི་ཆེད་དུ་དྲི་བློ་གཉིས་བར་མི་བསད་ཀྱི་དོན་རྐྱེན་ལྷག་ཚུལ་བཤད་པ་ཡང་མི་བདེན་ཏེ། མི་བསད་མཁན་ནི་ཧོར་པོ་ཀུན་དགའ་གྲོང་ནས་ཡིན་པའི་ནགས་ཚལ་སྲུང་སྐྱོབས་མཁན་གྱི་མི་ཞིག་ཡིན་ལ། བསད་བྱ་གཉིས་ནི་བློ་དགའི་ལྷ་ཁང་ལས་ཀའི་མགོ་པ་གཉིས་རེད། བསད་དོན་ནི་ལྷ་ཁང་གི་ཤིང་ཆ་གཅོད་སྐབས་གང་བྱུང་གིས་ནགས་ཚལ་མང་པོ་གཅོད་སྐབས་ཤིང་ནགས་མགོ་པས་ནགས་ཚལ་ལས་དགོས་པའི་ཤིང་ཆ་མ་གཏོགས་གང་བྱུང་འཕྲོག་བརླག་བཟོ་མི་ཉེན་ཚུལ་བཤད་པར། ཁོང་གཉིས་ཀྱིས་མ་ཉན་པར་དེ་ལ་ཁ་ལན་ངན་པ་མང་པོ་སྨྲས་ནས་ཕན་ཚུན་ཁ་རྩོད་ཤོར། རྗེས་སུ་ལམ་འགག་ཞིག་ནས་ཕན་ཚུན་མོ་ཏྲ་གདོང་ཐུག་བྱུང་སྐབས་སོ་སོར་མ་གཟུར་བར་འཁྲུག་འཛིན་ཤོར་ནས་མི་བསད་དོན་རྐྱེན་བྱུང་བ་ཞིག་རེད་འདུག འཇམ་སྤྲུལ་གྱི་སྨོན་ལམ་དེ་ཡང་མི་བདེན་ཏེ་འཇམ་སྤྲུལ་ནི་རྒྱ་གཞུང་གི་བཙོན་འོག་ཏུ་ལོ་མང་རིང་དཀའ་སྡུག་དཔག་མེད་མྱོང་ཚར་མཁན་ཞིག་ཡིན་ཐོག དུས་རྒྱུན་དུ་མི་རིགས་ཀྱི་ལ་རྒྱ་དང་། རིག་གཞུང་ལ་གཅེས་འཛིན་གནང་མཁན་ཞིག་ཡིན་པ་ཀུན་གྱི་མཁྱེན་གསལ་རེད། ཐ་ན་ཀ༔ཐོག་པའི་འབངས་མི་དང་། ཕ་ཡུལ་གྱི་མི་མང་ལ་ཆས་གོས་བོད་ཀྱི་ཆས་གོས་གཙང་མ་ལས་རྒྱ་མིའི་ཀོ་ཀྲི་གྱོན་ནས་དགོན་པ་དང་ཁོང་གི་མདུན་ན་ཡོང་མི་ཆོག་ཚུལ་དང་། སྔོན་ཛར་ལོ་གཡུག་ནས་རྒྱ་མིའི་སྐྲ་བཞག་སྟངས་བྱེད་མཁན་ཐམས་ཅད་བཀག་པར་བརྟེན་དེང་སང་ཡུལ་ལུང་དེ་དག་ཏུ་སྔ་མོའི་བོད་ཆས་གཙང་མ་བཞེས་མཁན་ཤ་སྟག་ཆགས་ཡོད། ཀ༔ཐོག་མཁན་པོའི་མིང་འཛིན་ནས་མི་བདེན་པའི་སྐད་ཆ་འདི་འདྲ་བཤད་པ་ནི་མི་འོས་པ་ཞིག་ཡིན་པ་ནི། ཆོས་རྗེ་ས་པཎ་གྱིས། ནགས་ལ་གནས་པའི་སྤྲེའུ་དག།།ལྗོན་པའི་ཤིང་ལ་མི་གཙང་འདོར།།ཞེས་གསུངས་ལྟར་མ་ཡིན་ནམ།
བོད་ཀྱི་རླུང་འཕྲིན་ཁག་དང་། ལྷག་དོན། ཨ་རིའི་རླུང་འཕྲིན་ཁང་ལ་མཚོན་ན། ཕྱོགས་གང་སར་ཁྱབ་ཆེ་བར་བརྟེན། གང་ཅིའི་ཐད་ནས་མི་ཉམས་གཏན་གནས་ཀྱི་ཐད་ལ་ཐུགས་དགོངས་གང་ལེགས་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་འཁུམས། དེ་བས་ཀྱང་། ང་ཚོས་ཤེས་པར་བྱ་དགོས་པ་ཞིག་ལ། གསར་འགོད་པ་བསྐོ་བཞག་གི་ཕྱོགས་ནས་བསམ་ཚེ། མདོ་དབུས་ཁམས་གསུམ་གྱི་མི་སྣ་རེ་རེ་ནི། ངེས་པར་དུ་དགོས་པར་མཐོང་། རྒྱུ་མཚན་གང་ཞེ་ན། གལ་སྲིད། གསར་འགོད་པ་ཚོས་རྣམ་ཀུན་རླུང་འཕྲིན་བརྒྱུད། ཆོལ་ཁ་གསུམ་པོའི་སྐད་ཐོག་ནས་གནས་ཚུལ་མང་པོ་ཞིག་གསར་འགྲེམས་གནང་ཐུབ་པ་ཡིན་ན། ཡུལ་མི་ཚོས། གསར་འགོད་པས་སྤེལ་པའི་གནས་ཚུལ་རྣམས་བདེ་བླག་ངང་རྟོག་ཐུབ་པ་མ་ཟད། ད་བར་མདོ་དབུས་ཁམས་གསུམ་གྱི་མི་ཚོས། ཕན་ཚུན་གླེང་མོལ་བྱེད་སྐབས་ཀྱི་དཀའ་རྙོག་དེ་དག་ཀྱང་རིམ་བཞིན་མེད་པར་འགྱུར་བར་གདོན་ཟ་མི་དགོས་པས་སོ།།
བོད་ཀྱི་རླུང་འཕྲིན་ཁག་དང་། ལྷག་དོན། ཨ་རིའི་རླུང་འཕྲིན་ཁང་ལ་མཚོན་ན། ཕྱོགས་གང་སར་ཁྱབ་ཆེ་བར་བརྟེན། གང་ཅིའི་ཐད་ནས་མི་ཉམས་གཏན་གནས་ཀྱི་ཐད་ལ་ཐུགས་དགོངས་གང་ལེགས་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་འཁུམས། དེ་བས་ཀྱང་། ང་ཚོས་ཤེས་པར་བྱ་དགོས་པ་ཞིག་ལ། གསར་འགོད་པ་བསྐོ་བཞག་གི་ཕྱོགས་ནས་བསམ་ཚེ། མདོ་དབུས་ཁམས་གསུམ་གྱི་མི་སྣ་རེ་རེ་ནི། ངེས་པར་དུ་དགོས་པར་མཐོང་། རྒྱུ་མཚན་གང་ཞེ་ན། གལ་སྲིད། གསར་འགོད་པ་ཚོས་རྣམ་ཀུན་རླུང་འཕྲིན་བརྒྱུད། ཆོལ་ཁ་གསུམ་པོའི་སྐད་ཐོག་ནས་གནས་ཚུལ་མང་པོ་ཞིག་གསར་འགྲེམས་གནང་ཐུབ་པ་ཡིན་ན། ཡུལ་མི་ཚོས། གསར་འགོད་པས་སྤེལ་པའི་གནས་ཚུལ་རྣམས་བདེ་བླག་ངང་རྟོག་ཐུབ་པ་མ་ཟད། ད་བར་མདོ་དབུས་ཁམས་གསུམ་གྱི་མི་ཚོས། ཕན་ཚུན་གླེང་མོལ་བྱེད་སྐབས་ཀྱི་དཀའ་རྙོག་དེ་དག་ཀྱང་རིམ་བཞིན་མེད་པར་འགྱུར་བར་གདོན་ཟ་མི་དགོས་པས་སོ།།
ཨ་ཁ། གོང་གི་རྒྱུས་ཡོད་མཁན་གཉིས་ཀྱི་བཤད་ཚུལ་ལ་གཞིག་ན། ཀཿཐོག་ཚང་གནས་ཚུལ་འདི་དངོས་བྱུང་ཞིག་ཡིན་པ་འདྲ། ༡འོན་ཀྱང་དཔྱད་དགོས་པ་ཞིག་ནི་རྨོག་ཚ་གུང་ཁྲན་ཏང་ལ་མཐུན་ལམ་ཡོད་པ་ཡོངས་སུ་གྲགས་པ་ཞིག་རྒྱ་ནག་གི་རྒྱལ་དར་ལ་བྲོས་དོན་མི་འདུག ༢སྤྲུལ་སྐུ་གསུམ་ཕུད་པའི་ཡི་གེ་དྲ་རྒྱ་ནས་མཐོང་ཡང་དེའི་སྟེང་ཏུ་བློ་དགའ་དང་རྨོག་ཚ་གཉིས་ཀྱི་ས་ཡིག་མི་འདུག ཡི་གེ་གཞན་ཡོད་མིན་མ་འཚལ།༣ འཇམ་དབྱངས་སྤྲུལ་སྐུ་དང་ཞིང སྐྱོང་གཉིས་གློ་བ་ཉེ་་བ་མིན་ན་སྔ་འགྱུར་བར་མཁན་པོ་རྒན་པ་གསེར་རིའི་ཕྲེང་བ་ལྟ་བུ་བཞུགས་པ་བཞག་ནས་དྲི་མེད་ཞིང་གི་རྒན་ཆོས་དགེ་སློང་སྒྲུབ་ཡུལ་རང་གི་སློབ་མ་འཇམ་དབྱངས་བཙལ་དོན་མེད། ༤་བློ་དགའི་ཕྱོགས་ཀྱི་མི་དྲུག་ཤི་བ་བདེན་པ་ཡིན་ཅིང་། ཧོར་པོ་ཀུན་དགའ་གྲོང་གི་ལས་བྱེད་པ་དེ་དྲི་ཞིང་གི་ཕྱོགས་མིན་པའི་སྒྲུབ་བྱེད་མེད་ན། བློ་དྲི་འཁྲུགས་ཟེར་བ་དེའང་རྫུན་ཏུ་སྒྲུབ་མི་ཐུབ། ༥འཇམ་དབྱངས་ཀྱི་རྒྱ་ནག་ཏུ་སྐྱེ་བའི་སྨོན་ལམ་ནི་ལྐོག་གྱུར་ཞིག་ཡིན་པས་མངོན་ཤེས་མེད་ན་བདེན་རྫུན་ཐག་གཅོད་པ་དཀའ། འོན་ཀྱང་ཁོང་ནི་རླུང་རྟ་གང་བཟང་གི་ཕྱོགས་སུ་རྒྱུགས་པའི་མགོ་བདེ་ཞིག་ཡིན་རབས་བཤད་རྒྱུ་འདུག་པས་གཞན་ངོ་སྲུང་ནས་སྨོན་ལམ་རེ་ཁ་ནས་མ་ཤོར་བའི་ངེས་པ་ཡང་མེད་སྙམ། གང་ལྟར་ཡང་། ནོར་ནི་ཕུང་ཁྲོལ་འབྱུང་བའི་གཞི་ཡིན་པས་འཁྲུགས་པའི་རྒྱུ་སྒོར་མོ་ལས་བྱུང་། རྐྱེན་སྤྲུལ་སྐུ་གསུམ་མཐར་སྐྲོད་ཀྱིས་སྦྱར། འབྲས་བུ་མི་བསད་ཁྲག་སྦྱོར་ཀྱི་བྱ་བ་བྱུང་ཟིན་པ་ཡིད་སྐྱོ་བའི་གནས་སོ། །དང་པོ་སྤྲུལ་སྐུར་ངོས་འཛིན་མ་བྱས་ན་ལེགས། བྱས་ནས་ཕུད་ཟེར་ན་གད་མོ་ཤོར་བ་ཞིག་དང་། ཀཿཐོག་བླ་མ་རྣམས་ལ་མངོན་ཤེས་ཡོད་མེད་དང་་སྤྲུལ་སྐུ་ངོས་འཛིན་ཕྱོགས་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་རྟོགས་ཐུབ། ཀཿཐོག་སྤྲུལ་སྐུ་ཟེར་ཚད་འདི་དང་འདྲ་བར་ངེས་སོ། །རྙིང་མ་ཚང་ལ་བླ་ཆེན་མིང་ཆེན་དུ་མ་བཞུགས་ཡོད་པ་བདེན་པ་ཀཿཐོག་ཚང་གི་བསྟན་བདག་ཟེར་བའི་འཁྲུགས་རྩོད་འདི་ལ་བཀའ་ཕེབས་རན་འདུག་གོ། བསྟན་འཛིན་ཐུགས་མཐུན་འཆད་ཉན་རྒྱས། །རྒྱལ་བསྟན་ཡུན་ཏུ་གནས་པར་ཤོག །
རྡོ་རྗེ་ཟེར་བའི་ཀཿཐོག་ལ་རྒྱུས་ཡོད་མཁན་འདིས། རྙེད་བཀུར་གྱི་དམག་འཁྲུགས་ཞེས་པར་གསལ་བཤད་གནང་བར་བཀའ་དྲིན་ཆེ། ཀློགས་པ་པོར་གནས་ཚུལ་འདིའི་ཕྱོགས་སྔ་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་ངེས་ཅན་འབྱུང་ངེས།
རྡོ་རྗེ་ལགས་ཀྱིས་གནས་ཚུལ་གསལ་བཤད་གནང་པ་ལ་ཐུགས་རྗེ་ཆེ་ཞུ། ཀཿཐོག་ལ་དམག་འཁྲུགས་བྱུང་ཚུལ་མི་བཞིས་བཤད་པར་མི་མཐུན་ས་ཡང་འདུག འདྲ་ས་ཡང་འདུག གང་ལྟར་དམག་འཁྲུགས་བྱུང་ནས་མི་ལྔ་དྲུག་ཞིག་ཤི་བ་དངོས་ཡོད་གནས་ཚུལ་རེད། དེ་ལ་རྒྱ་ནག་སྤྱི་བདེ་མི་སྣས་རྟགས་དཔྱད་བྱེད་བཞིན་པའི་གནས་ཚུལ་གོ་བས་ཞིབ་པར་རྒྱ་ཆེའི་མི་མང་གིས་གོ་ཡོང་། གདན་ས་ཆེན་པོ་དེ་འདྲ་ཞིག་ལ་གནས་ཚུལ་ཐ་ཆད་དེ་འདྲ་བྱུང་བ་དངོས་གནས་ཡིད་སྐྱོ་བ་ཞིག་རེད།
ཀཿཐོག་པ་འདིར་དགོན་ལག་མང་། སྤྲུལ་སྐུ་མང་། སྙོག་དྲྭ་ཡང་མང་པོ་ཡོད་པ་འདྲ། གོ་ཐོས་ལྟར་ན། ཉེ་བའི་ལོ་ཉི་་ཤུའི་རིང་། ཕྱག་ཚ་སྤྲུལ་སྐུ་མོ་ཊའི་རྐྱེན་གྱིས་གཤེགས་བཀྲ་ལག་དགོན་པ་དུམ་བུ་གཉིས་སུ་འཁྲུགས། མཁན་པོ་འཇམ་དབྱངས་མོ་ཊའི་རྐྱེན་གྱིས་གཤེགས་བཤད་དྲྭ་དགོན་པ་དུམ་བུ་གཉིས་སུ་གྱེས། བློ་དགའི་གྲྭ་དམག་མོ་ཊའི་རྐྱེན་གྱིས་གཤེགས་བློ་དྲི་གཉིས་ལ་རྩོད་པ་ཆེན་པོ་བྱུང་། མགོ་ལོག་དང་ཉག་རུང་གྲྭ་བ་དམར་འཐབ་བྱས་བློ་རྨོག་གཉིས་ལ་རྩོད་པ་དྲག་པོ་བྱུང་། དགེ་རྩེ་སྤྲུལ་སྐུར་ཡང་སྲིད་གསུམ་ཙམ་བྱུང་རྨོག་ཞིང་གཉིས་ལ་རྩོད་པ་ཤུགས་ཆེན་བྱུང་། ཁྲི་འདུ་ཕྱོགས་སུ་ཞིང་སྐྱོང་བཤད་གྲྭ་བཙུགས་མཁན་པོ་དང་རྨོག་ཚ་རི་ལ་ཕེབས་གྲབས་བྱས། རྩོད་པ་མ་ཆད་དུང་འབར་རྒང་ཡིན་པ་འདྲ། ད་ལོ་རྨོག་ཚས་རིན་ཆེན་གཏེར་མཛོད་དབང་ལུང་སྐུར་རྒྱུ་ལ་ཡང་བཤད་གླེང་མང་པོ་ཡོད་ཟེར། དགེ་རྩེའི་ཡང་སྲིད་གསུམ་པོར་ཡང་རྩོད་པ་ཆེ་ཟེར། མཁན་པོ་མུན་སེལ་གྱིས་ངོས་འཛིན་བྱས་པའི་བཀྲ་ལེགས་དགེ་རྩེ་སྤྲུལ་སྐུ། གཙང་པ་གྲུབ་ཆེན་གྱི་སྲས། ད་ལྟའི་རྒྱ་གར་ཏུ་ཡོད་པ་སོགས་དགེ་རྩའི་སྤྲུལ་སྐུ་ཡིན་པར་རྨོག་ཚས་ཁས་ལེན་བྱས། དྲི་ཞིང་གིས་ངོ་རྒོལ་བྱས། རྩོད་པའི་མེ་ལྕེ་ད་དུང་ཉམས་པ་མེད་པར་གནས་ཟེར། བཤད་རྒྱུ་འདི་འདྲའི་མང་པོ་ཞིག་བྱུང་བ་བཅོས་ཅི་ཐུབ་ལྟ་རྒྱུ་ཀཿཐོག་གི་ཆོས་རྒྱུན་དང་གྲོགས་པོ་ཡོངས་ཀྱིས་འབད་བརྩོན་བྱེད་དགོས་པར་སྣང་།
རྡོ་རྗེ་ལགས་གྱིས་ཞུ་སདག་ཞིག་གནང་རྒྱུ། ཡང་གོ་ཐོས་ལྟར་ན། ཀཿཐོག་གི་རྒྱ་སྒོ་ནས་ཐར་དཀའ་བ་བཞི་ཡོད་ཟེར། བླ་ཆེན། མཁས་ཆེན། རྒྱུ་ཆེན། འཇོན་ཐང་ཆེན་པོ། དེ་བཞི་ཀཿཐོག་དགོན་པར་འཛུལ་དཀའ། འཛུལ་ཀྱང་གནས་གནས་དཀའ་ཟེར། བླ་ཆེན་ནི། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། ཆོས་རྗེ་འཇིགས་མེད་ཕུན་ཚོགས། དཔལ་ཡུལ་པདྨ་ནོར་བུ་སོགས་ཕེབས་འདོད་བྱས་ཀྱང་ཐབས་ཀྱིས་བཀག་པ་རེད་འདུག གྲུབ་དབང་པད་ནོར་རིན་པོ་ཆེས་ངས་ཀཿཐོག་དཔལ་ཡུལ་ཁྱད་མེད་སྐྱོང་དགོས་པར་མཁན་པོ་ངག་ཆུང་དང་ལེགས་བཤད་འབྱོར་ལྡན་སོགས་ཀྱི་བཀའ་ཡིན་ཏེ་ལན་གཅིག་སོང་ནའང་ཚང་མ་དགའ་མགུ་ཞིག་མ་བྱུང་བས་དེ་ནས་བཞག་པ་ཡིན་གསུངས་ཟེར། མཁས་ཆེན་ནི། མཁན་པོ་ཟླ་ཟེར། མཁན་པོ་པདྨ་ཤེས་རབ། ཀཿཐོག་རིག་འཛིན་ཆེན་པོ། མཁན་པོ་ཀློང་ཡང་སོགས་ཀྱང་མངོན་ནས་གདན་ཞུས་དང་ལྐོག་ནས་ཐབས་ཀྱིས་བཀག་པ་རེད་ཟེར། ཕྱུག་ཆེན་ནི། ཉེ་་ཆར་ཀཿཐོག་གི་རྒྱང་ཕུད་བཏང་བའི་སྤྲུལ་སྐུ། ཀརྨ་སྤྲུལ་སྐུ། འབྲུག་གྲགས། བདུད་འདུལ་སོགས་ཡིན་ཟེར། མི་རེ་རེ་ནས་རྒྱ་སྒོར་འབུམ་མང་པོ་བཏང་བའི་ཐ་མ་སྡོམ་པ་མི་འདུག་ཅེས་པུད་པ་རེད་ཟེར། སྤྱིར་སྡོམ་ཉམས་ཕུད་པ་བསྟན་པའི་ཀ་དར་ཡིན་མོད། དེ་དག་སྡོམ་པ་ལས་ཉམས་པའི་རྒྱུ་མཚན་སྟོན་རྒྱུ་མེད་པ་དང་། འཇམ་དབྱངས་གཅིག་པོ་མ་གཏོགས་ཀཿ་ཐོག་བླ་ཆེན་ཕལ་ཆེར་ཁྱིམ་པ་ཡིན་པ་དང་། གྲྭ་བ་ཡང་སྐྱ་སེར་འདྲེས་མ་ཡིན་པས་དྲང་པོ་དྲང་བཞག་ཅིག་མིན་པར་སྨྲའོ། །སྔོན་དྲི་མེད་ཞིང་གི་ཚོང་རོགས་ཨ་མདོ་རྔ་བ་ནས་ཡིན་པ་བྷི་མི་ཟེར་བ་སོགས་ཀྱིས་བཤད་ཅིང་། རྔ་བའི་ཀིརྟི་དགོན་པའི་གྲྭ་བ་ཞིག་གིས་བྲིས་པའི་་་་་་དྲི་ཅན་ཞིང་སྐྱོང་གི་རྒྱ་བོད་ཕུང་ལ་སྦྱོར་བའི་ལོ་རྒྱུས། ཟེར་བ་འདི་བྷི་མི་དང་རྒྱུས་ཡོད་པའི་ཀཿཐོག་གི་གྲྭ་བ་རྣམས་ཀྱིས་བཤད་པའི་ངག་རྒྱུན་ཕྱོགས་སྒྲིགས་བྱས་པ་ཞིག་ཀྱང་ཡོད་པར་ཐོས་ཏེ་དཔེ་མ་འབྱོར། རྒྱུས་ཡོད་མཁན་བཞུགས་ཚེ་ཅུང་ཟད་ཅིག་གཟིགས་ན་མཚར་པོ་མཐོང་རྒྱུ་ཡོད་པ་འདྲ། ཐོས་པའི་གཏམ་ཏེ་ཕྱེད་བདེན་ཕྱེད་མི་བདེན་ཟེར་བ་ལྟར་ནོར་བ་ཡང་ཡོད་སྲིད་པས། བླང་དོར་བྱ་རྒྱུ་དང་། འདི་ལྟ་བུའི་ལོ་རྒྱུས་ཀྱི་སློབ་གསོ་བོད་རིགས་ཡོངས་ཀྱིས་ངེས་པར་བྱས་ཏེ་ཕྱིན་ཆད་མི་འབྱུང་པའི་ཐབས་ལ་བརྩོན་པར་འཚལ། །
དྲ་གྲོགས་བོད་འཆར་ལགས། ང་ལ་བཤད་མཁན་གྱི་མཁན་པོའི་མིང་བཤད་ན་ཁོ་ལ་སྲོག་གི་འཇིག་པ་མི་འབྱུང་པའི་ངེས་པ་མེད་པས་ཞུ་ཐབས་ཟད། གོང་གསལ་རྡོ་རྗེ་ལགས་ཀཿ་ཐོག་ལ་རྒྱུས་ཆེན་པོ་ཡོད་མཁན་ཞིག་ལགས་པས་དེ་ལ་དྲིས་ན་ང་ལས་ལྷག་པའི་ཁ་གསལ་བཤད་རྒྱུ་ཡོད་པ་འདྲ། ང་ལ་མིས་བཤད་པ་རེད། རྡོ་རྗེ་ཁོ་རང་གིས་མཐོང་བ་རེད། ཁུངས་བཙུལ་ལུགས་སོ་སོ་རེད། འོན་ཀྱང་ངའི་གྲོགས་པོ་མཁན་པོ་དང་བླ་མ་དེ་ཚོ་ཡང རྫུན་སྐྱལ་ཞིག་མིན་པས་བདེན་རྫུན་བརྟགས་དཔྱད་ཀྱི་རིན་ཐང་ངེས་ཅན་ཞིག་ཡོད་ངེས། དྲི་ཅན་ཞིང་སྐྱོང་གི་རྒྱ་བོད་ཕུང་ལ་སྦྱོར་བའི་ལོ་རྒྱུས། ཟེར་བ་དེ་མཐོང་ན་ཀཿཐོག་ལོ་རྒྱུས་སྣོག་དྲྭ་གསལ་བོ་བཀོད་འདུག་ཟེར། འོན་ཀྱང་རྨོངས་དད་མཁན་རེ་གཉིས་ཀྱིས་བཀག་འདུག་པས་དཔེ་ཆ་དེ་དཀོན་པོ་ཞིག་རེད་འདུག
ཡང་རྡོ་རྗེ་ལགས་ལ་ཞུ་རྒྱུ། ཀཿཐོག་སྤྲུལ་སྐུ་ལ་རྒྱབ་རྩ་དབང་ཐང་མེད་ན་བླ་མའི་གྲལ་ཏུ་ཐོན་དཀའ་ཟེར་བ་བདེན་པ་རེད་དམ། གོ་ཐོས་ལྟར་ན། ཀཿཐོག་སི་ཏུའི་ཡང་སྤྲུལ་༧གོང་ས་སྐྱབས་མགོན་ཆེན་པོས་ངོས་འཛིན་བྱས་པ་ཞིག་དང་། དིལ་མགོ་མཁྱེན་བརྩེས་ངོས་འཛིན་བྱས་ཏེ་ཁོ་རང་གི་དགོན་པར་ཁྲི་འདོན་བྱས་པ་ཞིག་ཡོད་ཀར་རྨོག་ཞིང་གཉིས་ཀས་ནབ་བཟའ་རྟེན་གསུམ་ཕུལ་མྱོང་ནའང་། ཕྱིས་སུ་ཁ་རྗེ་དབང་ཐང་ཅན་འབྲུག་རྒྱལ་གྱི་སྲིང་མོ་ཞིག་ལ་ཕྲུ་གུ་ཞིག་སྐྱེས་པ་ངོས་འཛིན་བྱས་ཏེ་གཞན་གཉིས་དོར་བ་དང་། དགེ་རྩེས་སྤྲུལ་སྐུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་ཀརྨ་པས་ངོས་འཛིན་བྱས་པ་དྲི་ཞིང་དང་དབོན་སྤྲུལ། བྱ་བྲལ་སོགས་ཀྱིས་རྟེན་གསུམ་པུལ་ནས་མངའ་གསོལ་བྱས་ནའང་། འཇར་མན་ཏུ་ཕེབས་ཏེ་སྐུ་གཤེགས་པའི་སྐབས་ཁོང་ཚོའི་བླ་མ་མིན་མདོག་བྱས། མ་འདས་སྤྲུལ་སྐུ་གསུམ་ངོས་འཛིན་བྱས་པ་རེད་ཟེར་བ་བདེན་པ་ཨེ་རེད།
ཡང་རྒྱུས་ཡོད་རྡོ་རྗེ་ལགས་ལ་ཞུ་བ། ཀཿཐོག་ཏུ་མགོ་ལོག་དང ཉག་རོང་གི་དམག་འཁྲུགས་བྱུང་ནས་མགོ་ལོག་མཐར་སྐྲོད་བཏང་། དགེ་རྩེ་འདུག་མ་བདེ་བར་རྒྱ་གར་པེབས་ཟེར་བ་དེ་ཅི་ལྟར་བྱུང་བའི་ཚུལ་ལ་ཡང་གསལ་བཤད་ཅིག་མཛད་པར་ཞུ། །
ཡང་རྡོ་རྗེ་ལགས་ལ་ཞུ་བ། ཀ༔ཐོག་རིག་འཛིན་ཆེན་པོའི་ཡང་སྲིད་ལ་ཇོ་ནང་དང་ས་སྐྱས་བདག་པོ་བྱེད་ཀྱིས་ཡོད་པ་འདྲ། ཀཿཐོག་བླ་གྲྭ་རྣམས་ཁ་གཉེར་སྣ་གཉེར་རེད། ཁོས་བྲིས་པའི་ཀུན་བཟང་འཁོར་ལོ་དང་དེབ་རྣམས་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས། ཨ་ལགས་གཟན་དཀར་བ་སོགས་ཀྱིས་བསྔགས་པ་བརྗོད་པ་གོ་ཞིང་། སྨྱོ་ཤུལ་མཁན་པོ་དང་། གདུང་སྲས་ཕྲིན་ལས་ནོར་བུ། ས་སྐྱ་བདག་ཆེན། ཨ་ལག་ཀླུ་སྨྱོན་སོགས་ཀྱིས་བསྟོད་པ་དང་གདེངས་འཇོག་ཆེན་པོ་བྱས་ཡོད་པའི་ཡིག་ཆ་དུ་མ་མཐོང་། རྨོག་ཚ་དང་འཕྲད་ཅིང་ཀཿཐོག་དགོན་པར་ཕེབས་པའི་གདན་འདྲེན་བྱས་ཡོད་ལུགས་གོ་ནའང་། ད་བར་ཀཿཐོག་ཏུ་ཕེབས་མ་ཐུབ་པའི་རྒྱབ་ལྗོངས་ན་གསང་བ་ཞིག་ཡོད་ཚོད་རེད། འདི་ཡང་་མགོ་ཉག་གི་དམག་འཁྲུགས་དང་འབྲེལ་ཡོད་མེད་ཀྱི་གསལ་བཤད་ཅིག་གནང་བར་ཞུ།
བློ་བཟང་ཆོས་གྲགས་དེ་ལ་མ་གོ་བ་ཞིག་མི་འདུག ཁྱོད་ཀྱི་འཁོར་ཡུག་གི་གྲྭ་བ་དེ་ཚོ་ཀཿ་ཐོག་ལ་རྒྱུས་ཡོད་མཁན་ཞིག་ཡིན་པ་ཁོ་ཐག་ཆོད། སྐྱོན་ཆ་གང་ལས་བྱུང་ཤེས་ན་ཉེས་པ་སེལ་བར་ཕན་པ་ཡོད་ངེས། མ་ཟད་ཀཿཐོག་བླ་གྲྭ་དད་འབངས་ཡོངས་ཀྱིས་ངོ་ཚ་བའི་གནས་ལེགས་པར་ཤེས་ན་ཁྲེལ་ཡོད་པ་འབྱུང་ངེས་པས། སྐྱོན་ངོས་འཛིན་དང་། བསྒྱུར་བཅོས། གཙང་དག་འབྱུང་བར་སྐུལ་འདེད་བྱེད་དགོས། བསྟན་འཛིན་ཐུགས་མཐུན་ཁྲིམས་གཙང་ཤོག
སྐྱོ་བ་ལ། ཀཿཐོག་གི་ལོ་རྒྱུས་ནང་ཏུ་དེ་འདྲའི་བླ་གྲྭ་མང་པོ་ཞིག་མོ་ཊས་གཤེགས་འདུག དེ་འདྲའི་རྩོད་འཁྲུགས་མང་པོ་ཞིག་བྱུང་མྱོང་འདུག བྱ་བྲལ་ཟེར་བའི་ཀཿཐོག་བླ་མ་གྲགས་ཅན། ཚིག་གཅིག་བཤད་ན་དཔའ་སྐད་ཅན། གཏམ་གཅིག་གླེང་ན་ལས་འབྲས་གསུང་མཁན་དེས་ཆོས་རྒྱུན་གཞན་ལ་དགག་པ་བྱེད་རྒྱུ་ལས། རང་ཕྱོགས་ཀཿཐོག་པ་རྣམས་མཐུན་ཐབས་ཞིག་གནང་ན་ཅི་མ་རུང་། འོན་ཀྱང་ཁོང་ཉག་རོང་པ་ཡིན་པས་མགོ་ཉག་གི་རྩོད་པ་ཟླུམ་ཐུབ་མིན་མ་འཚལ་ཡང་། བྱ་བྲལ་བླ་མ་ནི་ཆོས་བཞིན་སྤྱོད་མཁན་ཞིག་ཡིན་པར་གྲགས་པས་དེས་བློ་དྲི་གཉིས་སོགས་ཆེན་པོ་རྣམས་ལ་སློབ་གསོ་རེ་གནང་ན་རྩོད་པ་ཆོས་ཕྱོགས་སུ་ཞི་བར་ཕན་པ་འབྱུང་ངེས་སྙམ།
དྲི་མེད་ལགས། ཉིད་ཀྱི་གསུང་པ་ལྟར་སྐྱོན་སྤང་ཡོན་ཏན་ལེན་རྒྱུ་གལ་ཆེ། ཀཿཐོག་དགོན་ལོ་བརྒྱད་རྒྱ་ལོན་པའི་དགོན་པ་གྲགས་ཅན་ཞིག་ཡིན་མོད། ཉེ་་དུས་འདིར་དགོན་ལག་མང་པོ་ཆོས་རྒྱུན་གཞན་དུ་འགྱུར་བ་རེད་ཟེར། དོན་རྐྱེན་བྱུང་དོན་དབུ་འཛིན་རྣམས་ནང་མི་འགྲིགས་པས་མངོན་ལྐོག་ཇི་རིགས་ཀྱི་སྒོ་ནས་རང་གི་ཆོས་རྒྱུན་ཚོ་གནོན་ཤུགས་སྤྲད་པ་དང་། གདན་ས་ལ་བླ་རྫུན་དང་རྡོ་རྗེ་སློབ་དཔོན་ཡིན་ཟེར་བའི་རྫུན་མ་ཁྱུ་གཅིག་བྱུང་བས་རེད་ཟེར། ད་ལྟ་དམངས་གཙོའི་དུས་རབས་སུ་དགོན་ལག་ཆོས་རྒྱུན་ཚོ་ལའང་གུས་བཀུར་དང་རྩི་མཐོང་གི་སྒོ་ནས་འབྲེལ་བ་བྱེད་དགོས་པ་ལས། གཉའ་ནོན་དང་བཤུ་ཞོག་ཁྱད་གསོད་བྱས་ནས་ཁོངས་སུ་འདུ་ཐབས་ག་ལ་ཡོད། དེ་བཞིན་ཡོན་ཏན་ཅན་དང་། བྱས་རྗེས་ཅན། འཇོན་ཐང་ཅན་ཚོར་དགོན་པའི་ལྕགས་རི་ལ་ཡོང་མི་འཇུག་པའི་ཐབས་འཇུས་ངན་པ་དེ་རྩད་ནས་མ་བྱུང་བར་ཀཿཐོག་དགོན་པར་ཡར་རྒྱས་ཆེན་པོ་ཞིག་ཡོང་དཀའ། ད་ལྟ་ཀཿཐོག་གི་མཁན་པོ་དང་བླ་མ་སོགས་ཀྱིས་ཐུགས་ཁྲལ་བྱེད་པའི་སྐབས་རེད་འདུག
བྱ་བྲལ་སངས་རྒྱས་རྡོ་རྗེ་ཕེབས་ན་ཀཿཐོག་དགོན་པའི་སྙོག་དྲ་སེལ་ཐུབ་མིན་གསུང་པ་ལ། ཁོང་མཁས་གྲུབ་ཆེན་པོ་ཡིན་པས་འབད་པ་བྱས་ན་ཀཿཐོག་གིས་ཉན་མདོག་ཁ་བོ་རེད། འོན་ཀྱང་དོལ་རྒྱལ་དང་ཕྱི་རྒྱལ་ལ་ཕེབས་མཁན་གྱི་བླ་མོ་ཚོ་ལ་བཀའ་སྐྱོན་གནང་རྒྱུ་ལས། ཀཿཐོག་གི་བསྟན་དོན་ལ་བཀའ་ཕེབས་ཡོད་མེད་མ་འཚལ། བྱ་བྲལ་འདི་མགོ་ལོག་ཚོ་དང་འབྲེལ་བ་མི་དམན་ཙམ་ཡོད། འོན་ཀྱང་མི་པུག་ཉག་རོང་ཡིན་པས་ཕུག་ནས་མགོ་ལོག་ལ་དགའ་མི་དགའ་མི་ཤེས། ཀཿཐོག་དགེ་རྩེ་སྤྲུལ་སྐུ་ཁས་ལེན་མ་གནང་པར་མགོ་ལོག་ལ་མི་དགའ་འདུག་ཞེས་པའི་དཀྲོག་གཏམ་བྱུང་མོད། དེ་ནི་མ་ཡིན་ཏེ་བྱ་བྲལ་གྱི་དགེ་རྩེ་ཁོ་རང་གི་བླ་མ་གཙང་པ་གྲུབ་ཆེན་གྱི་ཚ་བོ་དེ་ལ་ངོས་འཛིན་མཛད་གྱིན་ཡོད་པ་ཐོས།
དྲྭ་རྒྱ་འདིར་གཟིགས་དང་་ཀཿཐོག་སྤྲུལ་སྐུ་ཚུལ་ཁྲིམས་སྟན་འཛིན་ཞུ་བ་ཞིག་གིས་་་བན་བོན་གྲུབ་མཐའི་་་དཀྲུགས་ཤིང་དུ་གྱུར་བའི་གླུ་ཚིག་འདི་བཞིན་བྲིས་པ་འདུག། http://www.youtube.com/watch?v=vY0sJrY0pzQ
དེས་ནས་རྗེས་སུ་ཐུགས་འགྱོད་འདྲ་བྱུང་བ་ཡིན་པ་འདྲ་་་ཡང་བན་བོན་མཐུན་འབྲེལ་དགོས་པའི་གླུ་ཚིག་འདི་བཞིན་བྲིས་པ་ཡང་འདུག།
http://www.youtube.com/watch?v=EJTpsifvNj8
བོན་ལགས། ཕྱི་རོལ་གཤེན་ཟེར་ཚེ་བོན་དང་ཆ་འདྲ་བའམ། བོན་ཆོས་རྫུན་མ་ལ་འགྲེལ་ཀྱང་མི་ཆོག་པ་མེད་པས་ཐུགས་དོགས་ཆེར་གནང་མི་དགོས་པ་འདྲ། འོན་ཀྱང་ ཀཿཐོག་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་འཛིན་སོགས་གློ་བུར་ཏུ་རླུང་རྟ་བརྒྱུགས་ཏེ་བླ་ཆེན་ཆགས་པ་ཚོས་མགོ་བོ་གནམ་ཏུ་བཏེགས་ནས་སྡོད་པ་ལས། པྱིའི་ཆོས་རྒྱུན་ནང་གི་གྲྭ་རྒྱུན་ཀུན་ལ་མཐུན་ལམ་བཟོ་མི་ཤེས། ཁྱད་པར་ཁྲི་མཐོ་དམན་གྱི་རྩོད་པ་ཤུགས་དྲག་པོ་ཡོད་པས་ཉམས་ཆུང་རྣམས་ལ་བྱམས་མདོག་བྱེད་པ་ལས། རང་མཉམ་ལ་མིག་ལོག་གི་བལྟ་མཁན་གྱི་གྲས་ཡིན་ཚོད་རེད། །དེ་མི་རེ་གཉིས་ཀྱི་བྱས་པ་ལས་ཀ་ཐོག་པ་སྤྱིའི་འདོད་པ་ཡིན་མི་སྲིད། བན་བོན་གཉིས་ལ་རྩོད་པ་མི་འབྱུང་བར་གསོལ་བ་འདེབས།
བོན་ལགས། ཉིད་ཀྱི་མཚན་དེ་བརྗེ་བོ་བརྒྱབ་ན་ལེགས། ཁ་མཚར་ཞིག་བཤད་བསམ་ཀྱང་མི་ཕོད་པ་དང་མི་རུང་བ་ཞིག་རེད་བསམ་ཡོང་གི་འདུག སྤྱིར་ནང་པའི་མིང་གི་ཁྲོད་ཏུ་སངས་རྒྱས་དང་བྱང་སེམས་ཀྱི་མཚན་གྱིས་གང་ནས་ཡོད་མོད། དེ་དག་གང་ཟག་དེའི་མིང་ཏུ་ངོས་འཛིན་བྱེད་པ་ཀུན་ལ་གོམས་པ་ཞིག་ཡིན་མོད། དེར་དད་པ་ཡོད་མཁན་ཀུན་གྱིས་གང་ཟག་དེ་སངས་རྒྱས་དེ་ཡིན་པའི་ངོས་འཛིན་དང་རྩོད་པ་གཉིས་ཀ་མི་འབྱུང་། བོན་ཟེར་བའི་ཚིག་དེར་མ་གོམས་ཤིང་ཆོས་རྒྱུན་དེ་ལ་ཕོག་ཐུག་འགྲོ་བར་འདུག་པས་དགོངས་པ་བཞེས་པར་འཚལ།
རང་རིགས་དྲྭ་གྲོགས་རྣམ་པས་འདིར་ངེས་པར་དུ་གཟིགས་གནང་རོགས། བྱུང་ན་གནས་ཚུལ་འདི་ཚོ་བོད་ཡིག་ཐོག་ཕབ་དགོས་པ་འདུག། http://www.dawn.com/2011/05/18/basha-dam-threatens-thousands-of-ancient-rock-carvings.html
ཀཿཐོག་དགོན་པ་འདི་ནི་རབ་བྱུང་གཉིས་པའི་ཆུ་སྟག༼༡༡༢༢༽ལོར་ཁམས་འབྲི་ཆུའི་འགྲམ་ནས་འཁྲུངས་ཤིང་༡༡༩༢་ལོར་འདས་པའི་ཀ་དམ་པ་བདེ་གཤེགས་སམ་བདེ་གཤེགས་སྤོབས་པ་མཐའ་ཡས་སམ་རྗེ་བཙུན་ཤེས་རབ་སེངྒེ་ཡང་ཞུ་བ་དེས་ཁོང་དགུང་ལོ་༣༨ལ་སོན་པའི་ས་ཡོས་༼༡༡༥༩༽ལོར་ཕྱག་བཏབ། དགོན་པ་འདི་ནི་བསྟན་པ་ཕྱི་དར་རྗེས་ཀྱི་སྔ་འགྱུར་རྙིང་མ་པའི་གདན་ས་ལོ་རྒྱུས་རིང་ཤོས་ཤིག་ཡིན། དགོན་པ་འདི་ནས་ཀ་ཐོག་བླ་རབས་བཅུ་གསུམ་ཟེར་བའི་སྐྱེས་ཆེན་དམ་པ་མང་པོ་ཡང་བྱོན་མྱོང་། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ཟེར་བའི་མཁས་པ་ཆེན་པོ་དེ་ཡང་གདན་ས་འདིའི་སྤྲུལ་སྐུ་ཞིག་ཡིན་ཞིང་ཁོང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་བཀའ་འབྲེལ་བཞིན་ལ་དྭགས་སྟོད་སྨད་འདུམས་མཛད་པར་ཡང་ཕེབས་པ་སོགས་སྙན་གྲགས་ཆེན་པོ་ཞིག་ཡིན།
པདྨ་ལགས། ད་ལྟའི་ཀཿཐོག་གནས་སྟངས་གསུང་རྒྱུ་ཡོ་དམ། ཚང་མ་ཞི་བདེའི་འཚོ་བར་རོལ་ནས་ཡོད་ན་ཅི་མ་རུང་། གུ་བཀྲའི་ཆོས་འབྱུང་དུ་ཚེ་ནོར་རྒྱལ་དབང་བདུན་པའི་བླ་མ་ཡིན་ཚུལ་གསུང་འདུག་པས་དེའི་སྐོར་ཞིབ་མོར་ཡིག་ཆ་གཞན་དུ་ཡོད་མེད་ཀྱང་གསུང་པར་ཞུ།
བོན་ལགས་ཀྱི་དྲ་ངོས་གནང་བ་དེ་གལ་ཆེན་ཞིག་རེད། སྤྱི་ལོའི་སྔོན་༣༠༠༠ཙམ་དུ་བྱུང་བའི་རི་མོ་དང་། སངས་རྒྱས་ཀྱི་སྐུ་བརྙན། མཆོད་རྟེན་སོགས་འཇིག་ལ་ཉེ་བའི་གནས་ཚུལ་ལགས། པ་ཀི་སི་ཋན་གྱི་ཅུ་མཆོད་འགྲུབ་པ་དང་འཛམ་གླིང་ནོར་བུ་རྣམས་མཐོང་བའི་ཡུལ་ལས་འདས་འགྲོ་བསའ། བློ་ཕམ་ཆེ། །
བོན་ལགས་ཀྱི་དྲ་ངོས་གནང་བ་དེ་གལ་ཆེན་ཞིག་རེད། སྤྱི་ལོའི་སྔོན་༣༠༠༠ཙམ་དུ་བྱུང་བའི་རི་མོ་དང་། སངས་རྒྱས་ཀྱི་སྐུ་བརྙན། མཆོད་རྟེན་སོགས་འཇིག་ལ་ཉེ་བའི་གནས་ཚུལ་ལགས། པ་ཀི་སི་ཋན་གྱི་ཆུ་མཛོད་འགྲུབ་པ་དང་འཛམ་གླིང་ནོར་བུ་རྣམས་མཐོང་བའི་ཡུལ་ལས་འདས་འགྲོ་བསའ། བློ་ཕམ་ཆེ། །
ནང་པས་ སངས་རྒྱས་ གསུམ་པ་ འོད་སྲུངས་དང་། དེའི་ སྐབས་ཀྱི་ རྒྱལ་པོ་ ཀྲི་ཀྲིའི་ ལོ་རྒྱུས་ལ་ དཔྱད་ཐབས་ ད་ལྟ་ ཡང་ མི་སྲིད་པ་ ཡིན་ནམ། ནང་པའི་ ཚན་རིག་པ་ ཚོ་ལ་ དྲིས་པ་ ཡིན་ལགས།
དྲི་མེད་ལྷག་བསམ་ལགས། ཀཿ་ཐོག་གི་ད་ལྟའི་གནས་བབས་བདེ་འཚམས་ཞི་བའི་ངང་བཤད་སྒྲུབ་ཕྲིན་ལས་དབྱར་གྱི་མཚོ་བཞིན་དར་རྒྱས་ཕུན་སུམ་ཚོགས་ངང་གནས་འདུག །གཏམ་ཁ་སྒོས་བུད་ན་རྒྱ་སྒོ་རྒྱ་སྒོས་རྒྱལ་ཁམས་ཟེར་རྒྱུ་བོ་རེད། དགེ་བཤེས་བེ་རིས་གསུངས་དེ་ཚོ་བདེན་པ་རེད། བོད་སྤྱི་ལ་ཁ་དཀར་བསམ་དཀར་ཚོས་དྲ་བ་རྩ་ཆེན་ཅི་ལྟ་ནི་མ་རེད། ཁྱད་པར་ཁ་བརྡ་དྲ་བའི་ནང་དུ་གྲྭ་ལོག་གི་དོ་ར་ཞིག་རེད། ཁ་ལད་འདི་ཚོ་ལ་ཅི་ཉན་རྒྱུ་ཡོད་ནི་མ་རེད། ཁྱེད་ལྟ་བུ་མཁས་དབང་ཚོ་རང་ཚུགས་ཐུབ་ན་བཟང་གི་བསམ་ཡོད། པདྨ་ལྷ་མོས
ཨ་ནེ་པདྨ་མཚོ། རྫུན་མ་གསུང་། ཀཿཐོག་རྨོག་ཚའི་རིན་ཆེན་གཏེར་མཛོད་གནང་རྒྱུ་ལ། ཞིང་སྐྱོང་རྒན་མོ་དང་བཅས་པས་ཕྱིར་ནུར་བྱེད་ཅི་ཐུབ་བྱེད་ཀྱིས་འདུག ཀཿཐོག་བཀྲ་ལེགས་དགོན་གྱི་ནང་འཁྲུགས་རྒྱ་ནག་གིས་བཙན་བསྡུ་བྱས་ཀྱང་། འབར་ཆོག་པའི་མེ་བཞིན་གནས་འདུག ཀཿཐོག་གཞི་ཆེན་དགོན་གྱི་སྐྱབས་མགོན་མ་དགོན་མཁར་དམར་ལ་འགྲོ་ས་མི་འདུག ཀཿཐོག་དགེ་རྩེས་ཀྱང་བོད་ཀྱི་དགེ་རྩེ་གཉིས་ལ་ཁ་ཟེར་རྐྱང་པ་༧གོང་ས་མཆོག་གི་ཞབས་དྲུང་དུའང་ཞུས་འདུག ཁ་ཡག་དང་སྐྱག་པ་ལག་པས་བཀབ་པ་ཙམ་གྱིས་ཉེས་པ་བསལ་ཐུབ་རྒྱུ་མ་རེད། ཀཿཐོག་གི་བསྟན་ལ་ཐུགས་ཕན་ཡོད་ན་མི་སྐྱོན་མི་སྐྱོན་ཞེས་མིག་བཙུམ་ནས་གཡང་ས་ལ་མཆོང་བ་ལས། འདི་སྐྱོན་འདིས་སྐྱོན་ཞེས་གཡང་ས་ཡོད་པ་ཤེས་པར་བྱས་ཏེ་བཟློག་ན་བཟང ། ཡག་པོ་འདུག་ཅེས་ཁ་གཡང་གཅིག་པོས་དོན་འགྲུབ་རྒྱུ་མ་རེད། སྐུ་ཚེ་རིང་།
དྲི་མེད་ལྷག་བསམ་ལགས། ཀཿཐོག་ཚང་ཞི་འཇམ་ག་ལ་ཡིན། སྙོག་དྲའི་སྒོ་གསུམ་མི་ཐུབ་པ་མང་པོ་ལྷག་འདུག ངས་འདིར་ལོ་རྒྱུས་ཁ་ཤས་བྲིས་ཡོད་པ་དེ་ཀཿཐོག་ལ་ཕན་སེམས་གྱིས་ཡིན། ནང་ཁུལ་ནས་སྙོག་དྲ་ཞི་ཐབས་མི་འདུག ཕྱི་རོལ་གྱི་བླ་ཆེན་རྣམས་ཀྱི་བཀའ་སློབ་དང་། རྒྱ་ཆེའི་མི་མང་གིས་འབོད་བསྐུལ་གནོན་ཤུགས་ལ་བརྟེན་ནས་ཀཿཐོག་བསྟན་སྲིད་ལེགས་བཅོས་ཀྱི་ཐབས་ལ་བརྩོན་དགོས། ཀཿཐོག་གི་སྙོག་དྲའི་སྐོར་གྱི་ཡིག་ཆ་དང་སྒྲ་ཐག་ཤིན་ཏུ་མང་པོ་ཁོ་བོའི་ལག་པར་ཡོད། དེབ་ཞིག་འདོན་ཐུབ་ཐུབ་ན་ལེགས་ཏེ། ང་ལ་ལོ་རྒྱུས་མཁོ་སྤྲོད་གནང་མཁན་གྱི་མཁན་སྤྲུལ་བླ་མ་ཚོས་བཤད་འདོད་པ་ལ། མིང་འགོད་ཕོད་ཀྱིས་མི་འདུག སྐབས་ཡོད་ཀྱིས་མིས་བདེན་དཔང་མ་གནང་ན། ག་གེ་མོས་བཤད་དང་། ཆེ་གེ་མོས་ཐོས་ཟེར་བ་གཅིག་པུས་ལོ་རྒྱུས་ཁུངས་བཙུན་ཡོང་རྒྱུ་མ་རེད། ད་ལྟ་རྒྱ་རོང་གི་བླ་མ་གཅིག་དང་གསེར་ཐར་ནས་ཡིན་པའི་བླ་མ་གཅིག་གིས་ཕལ་ཆེར་མཚན་འགོད་པར་དགོངས་པ་བཞེས་ཀྱིས་འདུག དེ་ལྟ་ནའང་ཚུལ་འཆོས་ཀྱིས་བསྡམ་པའི་བླ་མ་བཙུན་པ་རྣམས་དང་། རྒྱུ་ལ་བག་མི་ཚ་བར་འབྲས་བུ་ལ་ངོ་ཚ་བའི་བླ་མ་དེ་ཚོས་ངོ་ཆེན་དང་ཞུ་བ་ཕུལ་ནས་ཀ་ལ་སྒོ་ལྕགས་རྒྱག་གི་འདུག་པས་བསམ་པ་བཞིན་འགྲུབ་ཐབས་བྲལ། རང་ཉིད་ཀཿཐོག་པ་ཞིག་མིན་ལ་རྙིང་མ་པ་ཞིག་ཀྱང་མིན། འོན་ཀྱང་ངའི་སྤུན་ཟླ་རྣམས་ལས་དབང་གིས་ཀཿཐོག་ལ་འཚང་ཀ་རྒྱག་པར་དེའི་ཆོས་རྒྱུན་ལ་ཞུགས་སོང་། བཤད་ན་མི་ཉན། བསྟན་ན་མི་མཐོང་བའི་མགོ་མཁྲེགས་དེ་ཚོར་ཐབས་ཤེས་གཞན་ནི་མི་འདུག གསལ་ཐག་ཆོད་པའི་འགྲེལ་བཤད་ཅིག་བྱས་ན་ལམ་ནོར་བ་དེ་ལས་ལྡོག་ཐབས་ཤིག་ཡོང་སྙམ།
ཨ་ནེ་པདྨ། དགེ་བཤེས་བེ་རིས། སྤྱི་འཐུས་ཚོགས་ཆེན་དང་དྲ་བའི་ངོས་ཐམས་ཅད་ཏུ་ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་སྙོག་ལུང་བ་གང་བྱས།། རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་ནས་སྤྱན་ཆབ་འཐོར་བཅུག་སྟེ། ད་བསམ་ཤེས་ཀྱི་འཁྲབས་ནས་ཁ་བརྡའི་དྲ་བ་ལ་ཁ་གཏོང་བ་འདི་དྲིན་ལན་ལོག་མཇལ་ཁོ་ན་རེད། ཉེས་པ་མ་ཤེས་ན་ཡོན་ཏན་གྱི་རིན་ཐང་ག་ལ་ཤེས། དྲ་ངོས་ཀྱི་མཁས་དབང་རྣམས་ལ་སྐུར་འདེབས་མ་བྱེད། ཁྱོད་ཀྱིས། ་་་་་་བོད་སྤྱི་ལ་ཁ་དཀར་བསམ་དཀར་ཚོས་དྲ་བ་རྩ་ཆེན་ཅི་ལྟ་ནི་མ་རེད། ཁྱད་པར་ཁ་བརྡ་དྲ་བའི་ནང་དུ་གྲྭ་ལོག་གི་དོ་ར་ཞིག་རེད། ཁ་ལད་འདི་ཚོ་ལ་ཅི་ཉན་རྒྱུ་ཡོད་ནི་མ་རེད།་་་་་ཟེར་བའི་ཚིག་གིས་དྲ་བ་ལ་གཟིགས་མཁན་རྒྱལ་བ་རིན་པོ་ཆེ་ནས། སྲིད་བློན་རྣམ་པ་ཚུན་ལ་མཐོང་ཆུང་དང་འགྲན་ཟླ་བྱས་པ་མིན་ནམ།
ཀ་ཐོག་དགོན་པ་ཟེར་བ་འདི་ཚོ་ཅི་གང་ཡང་མ་རེད། དགོན་ཆུང་བྱ་སྐྱག་ཙམ་ཞིག་རེད། འདི་ཚང་ནང་འཁྲུགས་ནས་བོད་ཁ་བ་རི་པའི་མི་མང་ལ་གྱོང་རག་ཡོང་རྒྱུ་དང་འདི་ཚང་ནང་མ་འཁྲུགས་ནས་ང་ཚོ་ལ་ཁེ་བཟང་རག་ཡོང་རྒྱུ་ཅི་ཡང་མེད།
སྤོབས་པ་མཐའ་ཡས་ལགས། ཀཿཐོག་དགོན་འདི་ལོ་རྒྱུས་རིང་ཞིང་། དགོན་ལག་སུམ་བརྒྱ་ཙམ་ཡོད་པ། ཉེ་ཆར་འབུམ་གྲྭ་དང་། ཁྲི་གྲྭ་ཟེར་བའི་སྨོན་ལམ་རིམ་པར་འཚོགས་ཚུལ་ལ་བལྟས་ན་ཆུང་ཆུང་ཞིག་གཏན་ནས་མ་རེད། དགེ་འདུན་པ་འབུམ་བཞི་གྲངས་ཞིག་ལས་བོད་སྤྱི་ལ་མེད་པས། འདི་ལ་འཁྲུགས་པ་བྱུང་ན་བོད་ཀྱི་བསྟན་དགོན། སྤྱི་ཚོགས་ལ་གནོད་པ་འབྱུང་ངེས་ཅན་ཡིན། སྐྱོན་མེད་ཟེར་ནས་བོད་ཀྱི་ཡོད་ཚད་ཤོར་བ་མིན་ནམ། །།
ཀ་ཐོག་དགོན་པ་ལ་ལོ་རྒྱུས་རིང་ནས་ཅི་བྱེད། ལོ་རྒྱུས་འདས་ཟིན་པ་རེད། དགོན་ལག་མང་ནས་ཅི་བྱེད། མ་བུ་ཁ་ཁ་རེད། དེང་སང་ཀ་ཐོག་འདི་གང་ཡང་མ་རེད། རྙིང་མ་བ་ཚོའི་ནང་ན་འདི་དགོན་པ་གལ་ཆེན་ཞིག་ལ་བརྩི་མཁན་ཡང་ཡོད་པ་མ་རེད། དེང་སང་རྙིང་མའི་བཤད་སྒྲུབ་ཀྱི་ལྟེ་གནས་ཞིག་གང་ཡང་མ་རེད། དགོན་ཆུང་ཞིག་རེད། འདི་ཚང་འཁྲུགས་མ་འཁྲུགས་ཀྱིས་བོད་མི་མང་གི་མདུན་ལམ་ལ་ཁྱད་པར་ཆེན་པོ་གང་ཡང་འགྲོ་ཐུབ་གི་མ་རེད། དེ་འདྲ་དེ་ཚོ་བཤད་བསྡད་ན་བོད་སྤྱི་དང་ལྷག་པར་ཡང་མདོ་སྟོད་སྨད་ཀྱི་ཡུལ་སྡེ་དེ་ཚོས་རྩ་ས་ཞིང་མཐའ་བརྩད་ནས་བསྡད་ཡོད་པ་བརྒྱ་བརྒྱ་སྟོང་སྟོང་རེད།
སྤོབས་པ་མཐའ་ཡས་ལགས། དྲ་བ་འདི་ཚོར་གཟིགས་དང་། ཀ༔ཐོག་དགོན་པ་དེ་ཆུང་ཆུང་ཞིག་གཏན་ནས་མ་རེད། བཤད་སྒྲུབ་ནི་ཡོད་མེད་མ་འཚལ། གཞི་རྒྱ་ནི་མི་ཆུང་བ་ཁོ་ཐག་རེད། །མ་ཟད་དྲ་བ་འདི་དག་ལས་ནང་འཁྲུག་གི་སྐོར་ཡང་ཞར་དང་ཞོར་ཏུ་འབྱུང་། རྒྱ་ཡིག་གི་དྲ་བ་ཀློགས་ནས་བརྟགས་དཔྱད་ཅིག་བྱས་ཚེ་བློ་བཟང་ཆོས་གྲགས་ཟེར་བའི་སྐད་ཆ་ཁུངས་མེད་ཅིག་མིན་པའི་ཚོར་བ་བྱུང་། །www.kathog.org.tw
http://www.kathog.org
བློ་བཟང་ཆོས་གྲགས་ལགས། སྐུ་ཉིད་ཀྱི་བཀའ་སློབ་གནང་བར་བཀའ་དྲིན་ཆེ་ཞུ། ༼༼ཕྱི་རོལ་གཤེན་ཟེར་ཚེ་བོན་དང་ཆ་འདྲ་བའམ། བོན་ཆོས་རྫུན་མ་ལ་འགྲེལ་ཀྱང་མི་ཆོག་པ་མེད་པས་ཐུགས་དོགས་ཆེར་གནང་མི་དགོས་པ་འདྲ༽༽ གླུ་ཚིག་དེར་་་་་ཕྱི་རོལ་གཤེན་གྱི་བསྟན་པས་དབང་བསྒྱུར་དུས་་་་་ཟེར་བྲིས་འདུག་པས་དེ་འདྲའི་་་་གཤེན་་་དེ་སུ་ཡིན་མིན་དང་དེས་བསྟན་པའི་་་བསྟན་པ་་་དེ་གང་ཡིན་མིན་ངོས་ལྐོག་མེད་པར་གསལ་བཤད་ཁ་གསལ་ཞིག་གནང་ཐུབ་ན་གཞི་ནས་བློ་ལྡན་དགྱེས་པའི་མཆོད་པར་འགྲོ་ངེས་ཅིང་དེ་མིན་གླུ་ཚིག་འདི་འདྲ་བ་ནི་བོན་གྱི་གྲུབ་མཐར་ཕྱོགས་ཡོངས་ནས་སྣང་མེད་མཐོང་ཆུང་བྱས་པ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ང་ཚོ་བོན་ཕྲུག་ཚོས་ངེས་པར་དུ་ཡིད་ལ་འཇོག་ཐག་ཆོད་ཡིན། གླུ་ཚིག་འདི་དག་ནི་མི་འགའ་ཤས་ཤིག་གིས་་་དགའ་དགའ་སྤྲོ་སྤྲོའི་་་དུས་སྐབས་སོགས་ལ་གཏོང་བྱེད་རེད། ང་ཚོ་བོན་པོ་ཚོ་ནི་རང་སེམས་་་སྡུག་གིས་མནར་་་བྱེད་རེད། བླ་མ་དང་སྤྲུལ་སྐུ་ཁོང་འདྲ་བོ་བོད་མི་རིགས་ལ་ཤ་ཞེན་ལ་རྒྱ་དང་ཡོན་ཏན་ཧ་ཅང་ཆེ་སོང་བ་ཡིན་གྱི་རེད། དབྱིན་ཇིའི་སྐད་དུ་ Religious Discrimination ཟེར་བརྗོད་ཀྱི་ཡོད་རེད་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་རེད། བོན་ཆོས་ཡག་ནའང་འདྲ་སྡུག་ནའང་འདྲ་བོད་རང་ས་རང་ཡུལ་གྱི་ཆོས་ལུགས་ཤིག་ཡིན་པས་དེ་ལ་མཐོང་དང་བརྩི་བཀུར་བཞག་ན་་་བན་དེ་ཚོ་ལའང་ཕན་ཆེ་ན་མ་གཏོགས་གནོད་ཆེ་བ་ཞིག་གཏན་མི་ཡོང་བསམ། འཛམ་གླིང་ག་བ་སོང་ནའང་ཡུལ་ཁྲིམས་ཁུར་དགོས་པ་དང་ཡུལ་གྱི་ལུགས་སྲོལ་གང་ཡོད་པ་ལ་བརྩི་བཀུར་ཞུ་དགོས་ཀྱི་ཡོད་རེད། ཡིན་ནའང་ང་ཚོ་བོད་པ་ཚང་ལ་ནི་གང་དྲན་དྲན་འདྲ་བོ་ཞིག་བྱུང་སོང་འདུག། ད་དུང་དེ་ཡི་རྒྱུན་སྐྱོང་བྱེད་རྒྱུ་ཡིན་ས་རེད། །
སྤོབས་པ་མཐའ་ཡས་ལགས། ཀཿཐོག་ཆོས་རྒྱུན་ནི་ལོ་རྒྱུས་ལྡན་པར་མ་ཟད་ད་ལྟའི་གནས་སྐབས་སུ་འཕེལ་རྒྱས་མི་དམན་ཙམ་ཡོད། སྡེ་དགེ་ཕྱོགས་ཀུན་ཀྱིས་ཤེས་གསལ་ལ་ཉག་རོང་ཏུ་དགོན་ལག་བཞི་བཅུ་ཙམ་དང་། མགོ་ལོག་ཏུ་དགོན་ལག་སུམ་ཅུ་་སྐོར་ཞིག་དངོས་ཡོད་དང་། ཁོ་ཚོས་བཤད་པ་ལྟར་ན་དགོན་ལག་སུམ་བརྒྱ་ཡོད་ཟེར། ཟླ་རྒྱུད་བཀྲ་ལེགས་དགོན་དང་། གསེར་གྱི་རཀ་བྲམ་དགོན་དང་། མགོ་ལོག་མདོ་འགབ་མ་སོགས་ལ་གྲ་བ་སྟོང་ལས་བརྒལ་བ་ཡོད་ཚོད་འདུག བླ་མ་ཀུན་གྱིས་བཀུར་བ། བྱ་བྲལ་སངས་རྒྱས་རྡོ་རྗེ་དང་། སངས་རྒྱས་ཚེ་རིང་སོག་སབཞུགས། དེ་བཞིན་ལོ་ཆུང་མཁས་པ་ཡང་མི་ཉུང་པ་བཞུགས་ཏེ། །གྲགས་ཅུང་ཟད་ཡོད་པ། ཉག་རོང་ཚུལ་ཁྲིམས། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཁྱབ་བརྡལ། ཀཿཐོག་རིག་འཛིན་ཆེན་པོའི་ཡང་སྲིད། མཁན་པོ་ཐུབ་པོ་སོགས་དང་། ཀཿཐོག་གི་ཆོས་རྒྱུན་ཡིན་ལ་བླ་རུང་ནས་ཐོན་པའི་མཁན་པོ་ཉི་ཤུ་རྩ་གྲངས་ཤིག་བཞུགས། དགོན་སྡེ་དང་མཁས་པ་དེ་ཙམ་བཞུགས་པར་བཤད་སྒྲུབ་ཕྲིན་ལས་དར་རྒྱས་མི་འདུག་ཅེས་སྨྲ་ག་ལ་སྤོབས། འོན་ཀྱང་ཀཿཐོག་མ་དགོན་ཏུ་ཕྱོགས་སུ་མ་ལྷུང་པའི་མཁན་པོ་ཉག་རོང་ཨ་བསོ་ཙམ་ཡིན་ཚོད་། བཤད་གྲྭ་དང་སྒྲུབ་སྡེ། དགོན་སྡེ་བསྡོམ་པས་ཉི་ས་བརྒྱ་ཙམ་ལས་ཨེ་ཡོད་མི་ཤེས། ཆུ་བོ་མགོ་ནས་སྙོག་པས་གཅིག་ཞབས་སུ་གཅིག་མི་འདུ་བར་སྐྱིད་སྡུག་སོ་སོ་ཡིན་པ་དངོས་གནས་རེད། དྲི་ཞིང་སོགས་ཀྱིས་ཀཿཐོག་ཁྲི་གྲྭའི་ཐབས་ལ་བརྟེན་ནས་ཁོའི་དབང་འོག་ཏུ་བསྡུ་ཐབས་དོན་ཏུ་གཉེར་བཞིན་ཡོད་ནའང་། སྔོན་ཆད་རྫོང་ནང་དང་དྲི་ཞིང་། གླིང་ཚང་གསུམ་ཁམས་སུ་ཕེབས་སྐབས་༧གོང་ས་མཆོག་དང་བོད་གཞུང་། བོད་རང་དབང་ལ་རིམ་པ་ཅན་གྱི་དགག་པ་བརྒྱབ་པ་སེམས་ལ་ཡོད་པས། ཀཿཐོག་གྲྭ་རྒྱུན་རྣམས་ཀྱིས་སྔོན་ནས་བཙན་དབང་གིས་གུས་ཞབས་མི་བྱེད་པའི་དབང་མེད་པ་ལྟ་བུ་ཡིན་ནའང་། ལྐོག་ནས་དམ་གྲིབ་ཉེས་པ་ཀུན་སེལ་འདོན་བཞིན་པ་རེད། མི་སེར་ཚོས་ཀྱང་བཙན་དབང་གིས་མི་མཇལ་ཐབས་མེད་ལས་རང་དབང་ཡོད་པ་ཡིན་ན་གདོང་ལག་པས་བཀབ་ནས་འབྲོ་རྒྱུ་རང་རེད། ཀཿཐོག་གི་ལས་རྟགས་ལ་གཟིགས་དང་། བོད་ཀྱི་གངས་སེང་དང་གངས་རི་བཅས་པ་རྡོ་རྗེ་རྒྱ་གྲམ་ཞིག་གིས་མནན་ཡོད། དེ་མཐོང་མ་ཐག་ཁོ་ཚོའི་གྲྭ་རྣམས་ཀྱིས། ཤི་རེ། ཕོ་རྒོད་ཚོ། བུ་སྐྱེས་འདུག་ལེ། ཟེར་ནས་འཛུམ་མོལ་མོལ་བྱེད་ཀྱང་། བོད་གངས་ཅན་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན་ཅི་དྲའི་ཚོར་བ་ཞིག་སྟེར། མ་འོངས་པར་ཀཿཐོག་གིས་ཆོས་རྒྱུན་གྱི་མཁས་པ་ཚོ་གུས་ཤིང་བཀུར་བའི་སྒོ་ནས་གདན་འདྲེན་དང་། མཁན་པོ་ཨ་བསོ་ལྟ་བུ་ཀུན་གྱིས་བཀུར་བ་ཞིག་ལ་བྱ་བ་ཆེ་ཕྲ་ཐག་གཅོད་བྱེད་མ་བཅུག་ན་ཚང་མ་མཐུན་པོ་ག་ལ་ཡོང་སྟེ་ཆོས་རྒྱུན་གྱི་ཁོངས་སུ་འདུ་རྒྱུ་ཡང་དཀའ་མོ་རེད། ཧི་མ་ལ་ཡི་རི་འདབས་ཀྱི་དགོན་སྡེ་རྣམས་བཀའ་བརྒྱུད་དང་ས་སྐྱའི་ཁོངས་སུ་ཐིམ་པ་དང་། ཨ་མདོ་ཕྱོགས་ཀྱི་དགོན་སྡེ་རྣམས་དགེ་ལུགས་ལུགས་ཕྱོགས་སུ་འགྱུར། ཁམས་ཁུལ་གྱི་དགོན་སྡེ་རྣམས་དཔལ་ཡུལ་དང་རྫོགས་ཆེན་ཏུ་གྱུར་བཞིན་པ་རེད། །ས་སྐྱ་དང་དགེ་ལུགས་སུ་འགྱུར་ན་འཆད་ཉན་ཡག་པོ་དར་ཡོང་བས་དེ་ཡང་བཟང་རྟགས་ཤིག་མིན་རྒྱུ་མེད།
བོན་ལགས། ཉིད་ཀྱིས་གསུང་པ་དེ་དངོས་ནས་རེད། དགེ་ལུགས་པ་དོལ་རྒྱལ་ཕྱོགས་དང་གཙང་མ་ཞིག་ཡོད་པ་མ་ཕྱེད་པར། དེང་དུས་རྙིང་མ་ཚོའི་ཁ་ལ་བྱང་བའི་དགེ་ལུགས་འདྲེ་ངན་ཕྱོགས་བྱས་ན་དེའི་ཆོས་རྒྱུན་འཛིན་མཁན་ཀྱི་སེམས་ལ་བདེ་བོ་ཞིག་མེད་པ་མངོན་གསལ་རེད། རྙིང་མས་དགེ་ལྡན་ལ་ངན་བཤད་བྱས་པ་མིན་ཀྱང་དེ་འདྲ་ཞིག་ཆགས་འགྲོ་བ་རེད། དེ་བསྒྱུར་ནས་མིང་ཚིག་གསར་བ་ཞིག་བེད་སྤྱོད་བྱས་ན་ཀུན་ལ་འཇུག་བདེ་བ་ཞིག་རེད། ཉིད་ཀྱི་མཚན་ཡང་དེ་བཞིན་ནོ། །
བོན་ལགས། སྔོན་བྱུང་གི་མིང་ཚིག་ནི་ལོ་རྒྱུས་ཀྱི་འཁྱོག་འཚམས་ཞིག་ཡིན་པས་བཟང་ངན་གང་ཡིན་ཡང་བཞག་ན་ལེགས། བོན་ཁ་ལ་ཁྱེར་ནས་སྡིག་ལས་བྱེད་མཁན་ནི་ད་ལྟ་སོག་ཡུལ་ཏུ་བོད་པའི་ཤ་མེན་ནམ་ཕྲ་མེན་ཆོས་ལུགས་སྟེ། ད་ལྟ་ཡང་དམར་མཆོད་བྱེད་བཞིན་རང་ཉིད་བོན་པོར་སྨྲ་བ་བཞིན་ནོ། །ལོ་རྒྱུས་སུ་བྱུང་བའི། འཁྱར་བོན། རྡོལ་བོན། བོན་ནག་སོགས་སྟོན་པ་གཤེན་རབ་ཀྱིས་ཕན་བདེའི་ལམ་བཟང་སྟོན་པའི་བོན་མ་ཡིན་ཀྱང་སྐབས་དེར་དེ་ལྟར་གྲགས་པའི་ཕྱིར། འདི་ད་ལྟའི་བོན་རྣམས་ཀྱིས་བནྡྷེ་རྣམས་ཀྱི་བརྙས་བཅོས་ལས་དེ་འདྲའི་བོན་ཞིག་མ་བྱུང་བར་འདོད་པ་ནི་གཞན་སྐྱོན་རང་མགོར་འདྲེན་པ་ཡིན་པས་དགོས་པ་ཆེར་མ་མཐོང་། བོན་ལ་དམའ་འབེབ་ཀྱི་ཚིག་ཇི་སྙེད་བྱུང་བ་དེ་བཞིན་ཏུ་གོ་བ་བླང ན་ཚིག་ཙམ་ལ་རྩོད་པ་དབྱིངས་སུ་ཞི་བར་འགྱུར་རོ། །དེས་ན་ཀཿཐོག་པ་དམ་པའི་རྣམ་ཐར་ཏུ་བྱུང་བའི་བོན་སྟོན་འགའ་ཞིག་བཏུལ་བའི་ལོ་རྒྱུས་ནི། འཚེ་བ་ཆོས་སུ་སྨྲ་ཞིང་བོན་གྱི་མིང་ཁུར་བའི་རྫུན་མ་ཞིག་ཡིན་པར་འདོད་དོ། །དམ་པ་བདེ་གཤེགས་བསྟན་འཛིན་གྱི་སྐྱེས་བུ་ཚད་མར་གྲུབ་པ་ཞིག་གིས་བསྟན་འགྲོལ་ཕན་པའི་སྐྱེས་བུ་ཞིག་མཐར་བསྐྲོད་གཏོང་མི་སྲིད་པའི་ཕྱིར་རོ། །
བློ་བཟང་ཆོས་གྲགས་ཀྱི་མཆན་༥༡་པར་ཕུལ་བའི་ལན་འདི་ལྟར་རོ།༼སྔོན་བྱུང་གི་མིང་ཚིག་ནི་ལོ་རྒྱུས་ཀྱི་འཁྱོག་འཚམས་ཞིག་ཡིན་པས་བཟང་ངན་གང་ཡིན་ཡང་བཞག་ན་ལེགས།༽ བོན་པོའི་་་མིང་ཚིག་གཟི་བརྗིད་ཅན་དེ་མཚམས་བཞག་ཞོར་དུ་ལོ་རྒྱུས་ཀྱིས་ཕྱུག་པའི་་་བོད་་་ཀྱི་མིང་ཚིག་དེ་ཡང་ཕལ་ཆེར་གཙང་མ་བཟོ་རན་ཡོད་ས་རེད། ཆོས་ལུགས་ཁོ་ན་རྒྱུ་མཚན་དུ་བྱས་ན་སྔོན་བྱུང་གི་ལོ་རྒྱུས་ལྡན་པའི་མིང་ཚིག་ཁག་མེད་པ་བཟོ་དགོས་ན་རྒྱལ་རབས་དང་ལོ་རྒྱུས་ཅེས་པའི་སློབ་ཚན་དེ་ཡང་མེད་པ་བཟོས་ན་ལེགས།༼བོན་ཁ་ལ་ཁྱེར་ནས་སྡིག་ལས་བྱེད་མཁན་ནི་ད་ལྟ་སོག་ཡུལ་ཏུ་བོད་པའི་ཤ་མེན་ནམ་ཕྲ་མེན་ཆོས་ལུགས་སྟེ། ད་ལྟ་ཡང་དམར་མཆོད་བྱེད་བཞིན་རང་ཉིད་བོན་པོར་སྨྲ་བ་བཞིན་ནོ།༽བོད་ཀྱི་དགོན་སྡེ་ཕལ་མོ་ཆེའི་བླ་མ་དང་གྲྭ་བཙུན་གྲངས་ལས་འདས་པ་རྣམས་ཀྱི་ཞལ་དུ་མཆོད་རྒྱུ་ཡོད་ན་མེད་ན་དེ་་་དུད་འགྲོ་འབུམ་ཕྲག་མང་པོའི་ཤ་ཁྲག་་་ཡིན་པ་དེ་ཁྱེད་ཀྱིས་མི་ཤེས་སམ། དེ་ཡི་བཀའ་དྲིན་ལ་བརྟེན་ནས་ད་བར་སྲོག་དབུག་མ་ཆད་ཙམ་གནས་ཐུབ་པ་བྱུང་བ་རེད། དེ་ཡོངས་རྗོགས་ནོར་ལུག་སེམས་ཅན་གྱི་སྲོག་བཅད་པ་ལས་བྱུང་བའི་ཤ་ཡིན་པ་ཤེས་བཞིན་དུ་དགེ་བ་ལ་འདུན་པ་རྣམས་ཀྱིས་ཞིམ་ཞིམ་བྱས་ནས་མཆོད་ཡོད་པ་རེད། དེ་ལ་སྲོག་བཅོད་པ་སྤང་བར་འཚལ་བའི་དོན་ཞིག་ཚང་གི་འདུག་དང་མིན་འདུག་དགོངས་པ་བཞེས། མི་ལ་མཛུབ་མོ་གཅིག་ཕར་ཀེར་ཤེས་ས་ལ་རང་ཉིད་ལ་མཛུབ་མོ་གསུམ་ནང་དུ་ཚུར་ཀེར་ཡོད་པ་དེ་ཡང་ཤེས་དགོས་པ་འདུག།༼ལོ་རྒྱུས་སུ་བྱུང་བའི། འཁྱར་བོན། རྡོལ་བོན། བོན་ནག་སོགས་སྟོན་པ་གཤེན་རབ་ཀྱིས་ཕན་བདེའི་ལམ་བཟང་སྟོན་པའི་བོན་མ་ཡིན་ཀྱང་སྐབས་དེར་དེ་ལྟར་གྲགས་པའི་ཕྱིར།༽ང་བོན་པོ་ཞིག་ཡིན་པའི་ངོས་ནས་སྔོན་ཐོག་མར་བོན་ལུགས་ག་འདྲ་ཞིག་བྱུང་ཡོད་པ་དེའི་སྣེ་མོ་བཟུང་བའི་ཐོག་ནས་ལོ་རྒྱུས་བདག་བརྒྱབ་དགོས་པ་རེད། མིང་ག་འདྲ་ཞིག་བརྗོད་ཀྱང་ཁྱད་པར་སྤུ་ཙམ་མེད། དཀར་མཆོད་དང་དམར་མཆོད་གང་བྱས་ཀྱང་ཁྱད་པར་གང་ཡང་མེད། བོན་གྱི་ཆོས་ལུགས་འདི་ཡང་རྟེན་འབྱུང་གི་དོན་ཚང་བ་ལ་བརྟེན་ནས་བྱུང་བའི་ལུགས་སྲོལ་ཞིག་ཡིན་པ་ཡང་ཤེས་དགོས། དེས་ན་སྔོན་ཐོག་མའི་བོན་ལུགས་དེ་བོད་གངས་ཅན་པའི་བླ་སྲོག་ངོ་མ་དེ་ཡིན་པ་གདོང་དམར་དཔའ་བོ་རྣམས་ཀྱིས་ཤེས་པ་ལྟ་བུ་འདུག། ། མུ་འགོད་ཞུ།
༼འདི་ད་ལྟའི་བོན་རྣམས་ཀྱིས་བནྡྷེ་རྣམས་ཀྱི་བརྙས་བཅོས་ལས་དེ་འདྲའི་བོན་ཞིག་མ་བྱུང་བར་འདོད་པ་ནི་གཞན་སྐྱོན་རང་མགོར་འདྲེན་པ་ཡིན་པས་དགོས་པ་ཆེར་མ་མཐོང་། བོན་ལ་དམའ་འབེབ་ཀྱི་ཚིག་ཇི་སྙེད་བྱུང་བ་དེ་བཞིན་ཏུ་གོ་བ་བླང ན་ཚིག་ཙམ་ལ་རྩོད་པ་དབྱིངས་སུ་ཞི་བར་འགྱུར་རོ།༽ སྤྱིར་ཤེས་ཚོད་ཀྱིས་དངོས་པོའི་གནས་ཚུལ་ལ་བལྟས་ན་བོད་གངས་ཅན་གྱི་ཡུལ་དུ་དམར་མཆོད་ཁོ་ནར་བཙོན་པའི་ཆོས་ལུགས་ཤིག་བྱུང་ཡོད་པའི་བཟོ་རྩ་བ་ནས་མིན་འདུག། ཡུལ་འདི་ནི་གང་ལ་གང་མཚམས་ཀྱིས་ལུགས་སྲོལ་ཕུན་སུམ་ཚོགས་པ་བྱུང་ཡོད་པའི་གནས་ཤིག་རེད། དེ་འདྲ་ཡིན་དུས་ཁྱེད་རྣམས་ཀྱི་བོན་པོའི་མིང་ཅན་ཡོངས་ལ་སྐྱོན་འགེལ་བྱེད་པ་དེ་ནི་དོན་ལ་མི་གནས་པའི་སྟོང་བཤད་སྐམ་པོ་ཞིག་ཏུ་གྱུར། ་༼།དེས་ན་ཀཿཐོག་པ་དམ་པའི་རྣམ་ཐར་ཏུ་བྱུང་བའི་བོན་སྟོན་འགའ་ཞིག་བཏུལ་བའི་ལོ་རྒྱུས་ནི། འཚེ་བ་ཆོས་སུ་སྨྲ་ཞིང་བོན་གྱི་མིང་ཁུར་བའི་རྫུན་མ་ཞིག་ཡིན་པར་འདོད་དོ།༽བསྟོད་མ་ཤེས་ན་དམད་པར་འགྲོ་བའི་ཉན་ཁ་ཡོད་ཅིང་དོན་དུ་དགོན་པ་དེ་ཡི་ཆེད་་་མི་བརྒྱད་བསད་པའི་་་ལོ་རྒྱུས་བྲིས་འདུག་པས་འཚེ་བ་ངོ་མ་བྱེད་མཁན་དེ་སུ་ཡིན་ད་དུང་མི་ཤེས་སམ། སྟོན་པ་བཅོམ་ལྡན་འདས་ཀྱིས་དགོན་པ་བཞེང་བའི་ཆེད་དུ་མི་གསོད་དགོས་པ་མདོ་རྒྱུད་གང་དུ་གསུང་འདུག་གམ། བོད་གངས་ཅན་གྱི་ཞིང་དུ་འཚེ་བ་ཆོས་སུ་སྨྲ་བའི་བོན་པོ་ཞིག་བྱུང་ཡོད་པ་ལོ་རྒྱུས་གང་དུ་འདུག་གསལ་པོ་གསུང་རྒྱུ་ཡོད་དམ། ཡུལ་ལྷ་གཞི་བདག་ལ་་་དམར་མཆོད་་་འབུལ་བ་དང་་་འཚེ་བ་ཆོས་སུ་སྨྲ་བ་་་གཉིས་དབྱེ་བ་ལེགས་པར་འབྱེད་མ་ཤེས་པའི་བཟོ་ཞིག་འདུག། ངས་བལྟས་ན་་་འཚེ་བ་ཆོས་སུ་སྨྲ་བ་་་ཞེས་པ་ངོ་མ་དེ་་་གསང་བསྔགས་ཀྱི་་་་བསྒྲལ་བའི་ཞིང་བཅུ་་་ཞེས་པ་དེ་ལ་འགྲེལ་བཤད་ལེགས་པར་མ་བརྒྱབ་ན་འཛམ་གླིང་འདིར་ཞབས་འདྲེན་ལུང་པ་གང་འཇོག་རྒྱུའི་ཉན་འདུག་པས་གཟབ་པར་འཚལ། ༼དམ་པ་བདེ་གཤེགས་བསྟན་འཛིན་གྱི་སྐྱེས་བུ་ཚད་མར་གྲུབ་པ་ཞིག་གིས་བསྟན་འགྲོལ་ཕན་པའི་སྐྱེས་བུ་ཞིག་མཐར་བསྐྲོད་གཏོང་མི་སྲིད་པའི་ཕྱིར་རོ།༽ དམ་པ་ཁོང་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་པ་ཡིད་ཆེས་བྱེད་ཆོག་ཀྱང་་་ཁྱེད་རང་གི་བཤད་བསྟང་དེ་དོན་ལ་རྩ་བ་ཡིད་ནས་གནས་ཀྱི་མིན་འདུག། དེ་འདྲ་ཡིན་ན་བོད་ཡུལ་དུ་གྲུབ་མཐའ་ནང་ཁུལ་མི་གསོད་ཁྲག་སྦྱོར་ག་ཚོད་བྱུང་ཡོད་པ་ཚང་མ་འདིར་འབྲི་དགོས་སམ། བསྟན་འཛིན་གྱི་སྐྱེས་བུ་ནང་ཁུལ་མཐར་བསྐྲོད་བཏང་རེས་བྱས་པ་ནི་གྲངས་ལས་འདས་ཡིན་གཅིག་མིན་གཉིས་བོན་པོ་ཡིན་མི་དགོས། ད་ཐུགས་ེརྗེས་གཟིགས་སྐད་ཆ་དྲང་པོ་ཤོད།
ད་དངོས་གནས་ཁ་བརྡ་དྲ་བ་འདི་ནི་སྙོག་དྲའི་ཞིང་ཁམས་རང་རེད་འདུག་ཡ་ འདིའི་ཐོག་ལ་བཤད་པའི་སྐད་ཆ་རྣམས་ནི་ཕལ་ཆེ་བ་མི་ལ་སྐྱོན་བརྗོད་དང་ཁ་མཚོན་འདེབས་པ་ ཕྲ་མ་བྱེད་པ་ རྩོད་གཞི་བཞག་པ་རྐྱང་རྐྱང་ལས་མི་འདུག་ འདིའི་ཐོག་ལ་སྤོབས་པ་ཆེ་ཐག་ཆོད་ཀྱིས་མི་ལ་ཕར་བལྟས་ཏེ་སྐྱོན་དང་ཞན་ཆ་ཚང་མ་གླེང་མཁན་གྱི་ཁ་ཕོ་ཅན་ཚོས་ འཛུབ་མོ་རང་ལ་བཙུགས་ཏེ་ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་རང་ཉིད་ཀྱི་མི་ཚེ་དང་འདས་པའི་ལམ་ལ་ཕྱི་མིག་ཞིག་གཟིགས་དང་ སྐབས་སྐབས་སུ་རང་ཉིད་ཀྱི་འཚོ་ཐབས་ལའང་ངལ་བ་འཕྲད་བཞིན་པ་དེ་འདྲ་ཡིན་སྲིད། ཁ་བརྡ་ཚང་འདི་སྙོག་དྲ་རང་རེད་ཡ་ ཧ་ཧ་ཧ་ཧ་
བོད་འཁྱར་ལགས། བནྡྷེ་ཚང་གིས་ནོར་ནའང་འདྲ། བོན་པོ་ཚང་གི་ནོར་ནའང་འདྲ། དོན་ཏུ་བོད་པ་རང་གི་ནོར་འཁྲུལ་རེད། འདས་པའི་ནོར་འཁྲུལ་ཀྱིས་སློབ་གསོ་ཐེབས་པར་བྱས་ལ། མ་འོངས་པར་མི་ནོར་བའི་ཐབས་ཤིག་བཙལ་དགོས། ནོར་བ་ལ་གདོང་སྟོན་མ་ཐུབ་ན་བཅོས་ཐུབ་པའི་རེ་བ་ནམ་ཡང་མེད། ངོ་ཚ་དགོས་དུས་ངོ་ཚ་མེད་པར། མེ་མུར་ལག་པས་བཀབ་ནས་ལུས་པོ་གཞོབ་ཏུ་སོང་ཚེ་ད་གཟོད་ཨ་ཚ། ཨ་ན་ཟེར་བ་ཟེར་བ་བོད་ཀྱི་ལུགས་སྲོལ་ཞིག་རེད། ཀཾ་ཚང་གི་དམག་འཁྲུགས་དང་ཀཿཐོག་གི་དམག་འཁྲུགས་ཀྱང་འདི་འདྲ་རྐྱང་བྱས་ནས་མཐར་ཚོད་འཛིན་དཀའ་བའི་གནས་ལ་སླེབས་པ་རེད། ཕར་བཤད་ཚུར་འཐེན་མང་པོ་བྱས་ན་བདེན་པ་ལྷང་ལ་འབུད་རྒྱུ་རེད། འོན་ཀྱངགཞི་མེད་སྒྲོ་འདོགས་དང་བསམ་བཞིན་ཟིང་ཆ་སློང་བ་སོགས་ཡིད་སྐྱོ་བའི་བྱ་བ་ཡིན་པས་བལྟས་པ་ཙམ་གྱིས་མཁས་པའི་དབང་པོ་རྣམས་ཀྱིས་ཤེས་ཐུབ་པ་དང་ཁ་བརྡ་ཚང་གིས་ཀྱང་འགོག་གི་ཡོད་པ་ཡིན་པས་ཐུགས་ཁྲལ་མི་དགོས། །
བོད་འཆར་ལགས། ཉིད་ཀྱིས་སྙོག་དྲའི་ཞིང་ཁམས་རང་རེད་འདུག སྐབས་སྐབས་སུ་རང་ཉིད་ཀྱི་འཚོ་ཐབས་ལའང་ངལ་བ་འཕྲད་བཞིན་པ་དེ་འདྲ་ཡིན་སྲིད། ཟེར་བ་བདེན། འཁོར་བའི་གནས་ཡིན་པས་མི་ཚེ་ལ་དཀའ་ངལ་མེད་པ་ཞིག་མི་སྲིད་ལ། སྙིགས་མའི་དུས་ཡིན་པས་སྙོག་དྲ་ཞིག་འབྱུང་བ་ཆོས་ཉིད། དེ་ཙམ་རྒྱུ་མཚན་དུ་བཟུངནས་དྲ་གྲོགས་མཁས་དབང་རྣམས་ལ་སྐུར་འདེབས་མི་གནང་བར་ཞུ། །
ལགས་སོ་གྲོགས་པ་ཚོ། ངོ་མ་ཁྱེད་རྣམ་གྱིས་བསྟན་པ་ལ་ལྷག་བསམ་དང་ཤ་ཞེན་གནང་འདུག རྩོད་པ་བརྒྱབ་དགོས་རེད་མ་གཏོག་ཡར་རྒྱས་ཡོངས་ཐབས་ཡོད་མ་རེད། ངན་པ་ཚར་མ་བཅད་ན་ངན་པའི་རྒྱུན་ཆད་ཀྱི་མ་རེད། འོན་ཀྱང་གནས་ཚུལ་རྣམས་དངོས་ཡོད་བདེན་པ་ར་སྤྲོད་རྒྱུ་མེད་པར་མཁན་པོ་ཞིག་གིས་ལབ་སོང་ཟེར་ནས་དྲྭ་བའི་ནང་བཀོད་བཞག་ན་ཡག་པོ་ཨི་ཡོད་ན། མི་མང་པོ་ཞིག་གིས་ཀ་ཐོག་ཟེར་ན་གང་ཡིན་ཤེས་ཀྱི་ཡོད་མ་རེད། དེ་ཚོའི་བརྒྱུད་ལ་དོན་མེད་ཀྱི་བག་ཆགས་ངན་པ་འཇོག་ན་མི་ལེགས། གོང་དུ་བྲིས་པའི་མཚན་དེ་ཚོ་ནི་ངོ་མ་དཀྲུག་གཞི་ལྟ་བུ་ལས་ང་ཚོའི་སྤྱི་ཚོགས་འདི་ཡར་རྒྱས་ཡོང་ཐབས་སུ་བྲིས་པ་ལྟ་བུ་མི་སྣང་། དེང་སང་སྨྲ་བརྗོད་རང་དབང་ཡོད་ཟེར་ནས་ཡོད་ཚད་བཤད་ན་འགྲིག་མིན་ལྟ་དགོས། གལ་ལྟེ་ངོ་མ་གོང་གི་གནས་ཚུལ་རྣམས་བདེན་པ་ཡིན་ན་བདེན་པའི་ཁུངས་རྩལ་ནས་མངོན་གསལ་དོད་པོའི་ཐོག་ནས་མི་མང་ལ་ཤེས་བཅུག་རྒྱུ་གལ་ཆེན་པོ་ཆགས་ཡོད། སྤྱིར་གཏང་ད་ལྟའི་བར་དུ་བླ་རྒན་ཚོས་དེ་འདྲ་ཤ་སྟག་བྱས་ནས་ང་ཚོའི་གནས་སྟངས་འདི་འདྲ་ཞིག་ཆགས་པ་རེད། མདོར་ན་འདི་ཚོ་རྩ་མེད་བཟོ་དགོས་ངེས་རེད། འདི་ཚོས་དབང་བསྒྱུར་གྱིས་འོག་ནས་ངན་ཇུས་སྣ་ཚོགས་ཀྱི་དུག་རླང་དེ་འཕྱུར་དུས་རྨོང་ཞེན་ཆེ་བའི་སྐྱེ་བོ་དག་སྨྱོས་ནས་ཇི་མི་སྙམ་གླན་རྟགས་སྟོན་གྱི་ཡོད་པ་དངོས་ཡོད་རེད། འོན་ཀྱང་ཁུང་ལུང་མེད་པའི་དཔྱད་བརྗོད་བྲི་བ་ནི་ཆེས་མ་རུང་པའི་སྤྱོད་པ་སྟོན་པ་ཙམ་ལས་དོན་སྙིང་ལྡན་པ་ཞིག་རྩ་བ་ནས་མིན།།
གྲོགས་པོ་ཚོ་དོན་སྙིང་མེད་པའི་སྐད་ཆ་བཤད་ན་གོ་རྒྱུ་མེད། མི་དམངས་ལ་ཕན་པའི་ལས་ལ་ཞུགས།
དྲི་མེད་ལྷག་བསམ་ལགས་ལ་ཞུ་རྒྱུ་ མེ་མུར་ལག་པས་བཀབ་ནས་ལུས་པོ་མེ་ཡིས་གཞོབ་དུས་ད་བཟོད་ཨ་ཚ་ཨ་ན་ཟེར་བ་བོད་པའི་ལུགས་སྲོལ་ཡིན་ན་ཁྱེད་རང་ཡང་བོད་པ་ཞིག་ཡིན་པས་ལུགས་སྲོལ་དེ་ཡོད་པ་འདྲ་ ཀཾ་ཚང་དང་ཀ་ཐོག་གི་དམག་འཁྲུགས་ཀྱང་འདི་འདྲ་བྱས་ནས་མཐར་ཚོད་འཛིན་དཀའ་བའི་གནས་ལ་སླེབས་པ་རེད་ཅེས་གསུང་འདུག་པས་ ཁྱེད་ཀྱིས་དམག་འཁྲུགས་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ སྤྱིར་ང་རང་ལ་མཚོན་ན་ཀཾ་ཚང་དང་ཀ་ཐོག་གི་ཆོས་རྒྱུད་ཀྱི་གྲྭ་པའང་མིན་ལ་དེ་དག་གི་ཆོས་རྒྱུད་ཀྱང་མིན་ འོན་ཀྱང་དྲ་ཐོག་ཏུ་བཀོད་པའི་ཀ་ཐོག་ཚང་གི་གནས་སྟང་གི་ལབ་གླེང་མང་པོ་མཁན་པོ་ཞིག་གི་ངག་ལས་ཐོས་ཞེས་མི་སྙན་པའི་གཏམ་ཉོབ་མང་པོ་བཤད་འདུག་པ་དེ་དག་བདེན་གསལ་ཡིན་པའི་དཔང་པོ་སུ་བཞག་རྒྱུ་ཡིན་ གནས་ཚུལ་དེ་དག་དངོས་གནས་ཡིན་ན་ནོར་འཁྲུལ་ཡིན་དང་ཡིན་ ངེས་པར་དུ་ལེགས་སྤེལ་ཉེས་འགོག་བཟོ་དགོས་རྒྱུ་རེད་ གནས་ལུགས་དང་རྒྱུ་མཚན་བཤད་རྒྱུ་མེད་ན་མི་ཞིག་གི་ངག་ལས་ཐོས་ཞེས་བཤད་ན་ཡིད་ཆེས་ནུས་སམ།
Jusr suck. Ok
I don’t care.
I don;t no
I don;t no
I don;t no
sfdgsfdgsfdgsfdgfdsgfg
བོན་ལགས། གཡུང་དྲུང་བོན་ནི་བོད་རང་གི་ཕ་ཆོས་ཡིན་ཡིན་པས་གུས་པ་ཞུ་རྒྱུ་ཡིན། འོན་ཀྱང་སྟོན་པ་གཤེན་རབ་མ་བྱོན་པའི་སྔོན་ཏུ་ཡ་ཐོག་གདོད་མའི་བོན་ཞེས་པ་ཞིག་བྱུང་ཡོད་དེ། བདུད་བོན་དང་། བཙན་བོན། གདོན་བོན་སོགས་བྱུང་ཚུལ་བོན་གྱི་བསྟན་བཅོས་འགའ་ཞིག་ལས་བྱུང་། དེ་ལྟ་སྒོམ་སྤྱོད་པ་གང་གི་ཆ་ནས་ཀྱང་ད་ལྟའི་གཡུང་དྲུང་བོན་དང་ཆེས་ཐ་དད་ཏུ་གྱུར་བ་ཞིག་ཡིན་ན་བོན་རྫུན་མ་ཞེས་བཏགས་མི་ཆོག་པ་མེད། གཞན་ཡང་། རྟ་བོན་དང་། ཁྱི་བོན། སྤྱང་བོན་སོགས་སྐབས་རེར་སྐྱག་པ་ལའང་བོན་ཟེར་བའི་སྐབས་ཡོད་པས་བོན་ཞེས་བཤད་པ་ཙམ་གྱིས་ངན་པ་ཡིན་ཚད་ངའོ་ཞེས་རང་གི་སྟེང་དུ་མི་ལེན་པར་གསོལ། ཀ༔ཐོག་གི་བོན་པོ་བསད་པ་དེ་བནྡྷེའི་ཆོས་དང་ཚུལ་མཐུན་པའི་གཡུང་དྲུང་བོན་ནི་མིན་པར་ངེས། བསྟན་དང་འགྲོ་ལ་གནོད་ན་བནྡྷེ་ཡིན་ཀྱང་མཐར་བསྐྲོད་བཏང་འདུག་སྟེ། ཀཿཐོག་དམ་པའི་རྣམ་ཐར་ཏུ་དགེ་སློང་ཚུལ་ཁྲིམས་འཆལ་བ་མང་པོ་གཎྜེའི་སྒྲ་དང་བཅས་གནས་དབྱུང་མཛད་ཚུལ་འདུག ད་ལྟ་ནི། དགེ་འདུན་ཆོས་འཕེལ་གྱིས། ཆོས་མཐུན་བཀུར་སྟའི་བཞུགས་གྲྭལ་གོང་འོག་ཏུ་བརྗེས་ནས། །ཟེར་བ་དངོས་སུ་བྱུང་འདུག་པས་བྱ་ཐབས་ཟད། །
བོད་འཁྱར་ལགས། འཛམ་གླིང་གི་ལོ་རྒྱུས་རྣམ་ཐཪ་གང་ཡིན་ནའང་གོ་བྱུང་། ཐོས་སོང ། འདིས་བཤད། དེར་གསལ་ཟེར་བ་ལ་བ་བརྟེན་ནས་བྲིས་པ་ཤ་སྟག་རེད། མ་ཟད་སངས་རྒྱས་ཀྱི་མདོ་རྒྱུད་ཀྱང་། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཟེས་བྲིས་ཡོད་པ་མིན་ནམ། སྐབས་དེའི་མི་ཡིནའང་དབང་བོ་མ་འཁྲུལ་བའི་ངེས་པ་མེད། དེས་ན་ལོ་རྒྱུས་བདེན་པ་ཞིག་སྲིད་ན་མི་རྙེད། ཁྱོད་རང་སྐབས་དམག་འཁྲུགས་སྐབས་ཡོད་པའི་མི་ཡིན་ན་དེར་ཟད། མ་གཏོགས་ཀཿཐོག་རང་ཏུ་སོང་ནས་དྲིས་ཏེ་བྲིས་ནའང་ཐོས་དང་། བཤད་ཅེས་འབྲི་རྒྱུ་ལས་འོས་མེད། ལོ་རྒྱུས་ལ་ཁུངས་བཙུན་མིན་ལོས་ཡོད། ཀཿཐོག་སྤྲུལ་སྐུ་གསུམ་ཕུད་ཚུལ་དང་ཕྱོགས་གཉིས་ཀྱི་བཤད་པ་དྲ་བའི་སྒང་ལ་འདུག མི་བསད་པའི་ལོ་རྒྱུས་སྡེ་དགེ་དང་ཉག་རོང་ཕྱོགས་ལ་ཡོངས་སུ་གྲགས་པས་འོན་པ་ཞིག་ཡིན་ན་མགཏོགས་ཤེས་ཚོད་རེད། ཀཾ་ཚང་དམག་འཁྲུགས་གྲྭ་བ་མང་པོས་རྡོ་འཔེན་པ་དང་འཐབས་རེད་བྱེད་པ། དིལླིར་ཁྲི་འདོན་སྐབས་དེར་ཁྲག་དམར་པོ་བཞུར་གི་ཡོད་པ་ཞིག་ཨོ་སུ་ཀྲི་ལའི་གསར་འངོད་པའི་དྲ་བར་བཞག་འདུག མ་ཐོས་མ་གོ་ཟེར་ནས་མིག་བཙུམ་ནས་བསྡད་ན་བྱུང་ཚར་བའི་སྐྱོན་ཆ་ནམ་ཡང་བཅོས་ཐུབ་པའི་སྐབས་མེད།
བོད་འཁྱར་ལགས། འདི་ལ་ཅིག་ལྟོས་དང་ནང་འཁྲུགས་ཅི་ཙམ་བྱེད་བཞིན་ཡོད་ཕྱོགས་གཉིས་ཀྱི་བཤད་པ་ཤེས་ལེ་རེ་ཨེ་གོ། 噶陀寺法脉整理部关于开除嘎玛仁波切、诺布活佛、竹扎龙称法王三人www.xuanhuashe.com
ཀཿཐོག་གི་འཁྲུག་པ། འདིར་དྲི་ཞིང་དང་འབྲུག་གྲགས་སོགས་ཀྱི་ཕྱོགས་གཉིས་ཀའི་འཐབ་རྩོད་བྲིས་འདུག རྒྱ་ནག་གི་མིས་བྲིས་པའི་ཡི་གེ་རེད། ང་ཚོ་བོད་པས་བཤད་མི་ཉན་ཞེས་མིག་བཙུམ་ནས་སྡོད་པ་ལས་། རྒྱ་ནག་མི་གྲངས་དུང་ཕྱུར་བཅུ་གསུམ་གྱིས་ས་ལ་བོད་པའི་བླ་མའི་འཁྲུགས་པ་ཞེས་ཁྱབ་འདུག མ་ཟད་འདིར་དཔྱད་རྩོམ་འབྲི་མཁན་ཡང་ཉིན་རེ་བཞིན་མང་དུ་འགྲོ་འདུག བོད་རྒྱ་ཆེའི་མི་མང་ལ་རྫུན་རྐྱང་པ་བཤད་ནས་མགོ་སྐོར་ཐུབ་ས་ཨེ་རེད། དྲ་བ་འདི་ལ་ལྟོས། hi.baidu.Com.
历史进行时——竹扎龙称和直美信雄谁会是最后赢家?2007-12-16 19:45
前一阵见到竹扎龙称还在搞法会活动,规模还不小,就感到事情没完。果不其然!
那些黄金法台屁股发烫了。这才像传统藏密的样子,整个就是一部权力争夺史。二人的介绍敬请搜索,总之都是“佛菩萨化身转世而来”,都称法王的。有趣!不久,就可以现场破解历史是如何重构的,写实版——如果直美胜出,就是这样:
噶陀.直美雄冏法王祈请文
雄冏大师于西藏—江达格色藏宁村一九四六年藏历四月十五日于种种瑞相中诞生。大士3岁时,根据第六世久美德庆多杰法王圆寂时留下的遗书,尊者蒋扬钦哲却吉洛珠与诸多大德高僧共同认定了久美成列贡布为第七世久美德庆多杰之转世灵童。
大师五岁时,堪千—健参渥色等众多大德高僧亲自赶往尊者的家乡,为大师举行了庄严的沐浴、穿袈裟之礼。由堪千—健参渥色任经师,大师学习了藏文的声母及韵母(晕,给喇嘛写传记真不是简单事,就说藏文好了,还要分开说,这样换成汉字该说是“他从小智慧过人,X岁就学习了横撇竖捺)。怙主·久美成勒幼时即聪慧敏锐,才智超人,藏文读写过目成诵。那年,大师在噶陀寺举行了隆重的坐床大典。由喇嘛·札佩作为教师,学习了藏文诵读。大师于无数贤劫前早已成佛,但以其救度无边众生的悲愿而于多生累劫中转世如下:桑杰尼丹多吉、舍利子、萨热哈、知纳增、多吉吽嘎热、诸班琪琼、觉渥弥帝加纳、林杰热巴、噶·当巴德协、八思巴、卡诺巴、黑巴却冏、敦度多杰等(中略)于此期间,大师又于怙主·格则法王、旺波·楚臣圆丹加措、怙主·敦珠仁波切等大德高僧座前,修学宁玛派法承的伏藏密法及旧译经典,学修显密教法甚深窍诀,实修彻证,如满瓶相灌,证量广如虚空,成就不可思议。雄冏大师集所有宁玛法脉传承于一身,断证功德深广难测。 怙主·直美雄冏大师在大恩根本上师堪布·波勒多吉座前听受大圆满传承,获证大彻大悟。仁波切于共与不共显密教法、殊胜大圆满等浩瀚教法,深思熟虑,精进修持,成就为一位学养渊博、德操谨严,慈悲如海的圣教大师。 此后,直美雄冏大师全心全意弘扬佛法、特别是传播以旧译宁玛法脉为主的教法,利益众生,并功德卓著。 大师旅居印度期间,在当地一方依山傍水之处购买了开阔平坦的土地,大师与诸随行眷众同舟共济,在这一片异国的土地上白手起家,艰辛创业,建造了富有藏域风貌的寺院、医院、学校、工巧院、食膳堂、以及一百五十座居住套房,相关的生活辅助设施一应俱全。短短几年间里,应大师的善德感召,悲心凝聚,致使一方原本荒凉的山野空地,转变成了一座生机盎然的拥有各种职能、生活配套设施俱全,汇聚著善人修行、居住的中型城邑,纯正的噶陀法脉在这里长流不息,当地称其名为“噶陀希洽”(噶陀居住地)。 其后,正值旧译宁玛教法之源噶陀金刚座法承兴盛大业迫在眉睫之际,应众多高僧大德一再祈请,无量信众虔诚希冀,加之大师深植悲广宿愿,直美雄冏大师不顾法体安康,毅然回国定居,弘毅荷担起此任重道远的庄严历史使命。噶陀寺在一九五八年“四反”运动之前,总计有经堂48间、修学堂42座、坐经房5间、印经院11间、僧房513间,另有灵骨塔院、释尊殿及密宗神殿等。“四反”运动中,经中央批准为保护寺庙。在“文革”中,嘎陀寺受到严重破坏,几乎成为废墟(载于《白玉县志》)。 面对如此现状,雄冏大师济危扶倾,为法忘躯,不耽劬劳,于一九八二年间,不懈奔走于包括县、州、省、中央等各级政府部门,倾力为恢复噶陀寺寺院的兴建、开放、复建佛学院等复兴大业,劳瘁于申办、报批、审核专案等各类庞杂而繁琐的事务之中。至一九八三年,政府正式批文确定该寺成为康藏地区的第一座开放寺庙。
一九八六年,为恢复建设噶陀寺佛学院的申请审核批文,雄冏大师殚精竭虑,事无巨细皆亲力亲为,七次往返于北京,竭诚尽敬与中央领导人以及各级政府部门进行沟通接洽,终于至诚感通,一九八七年,修复噶陀佛学院的申请获得了各级政府的正式批复。 在雄冏大师20岁至58岁的38年间,大师未曾收取过信众任何钱财的供养。所有奉献给噶陀寺的钱财物,皆为大师自己辛劳工作所得个人收入。大师将其用于:组织兴建了通往噶陀寺的上山公路,这为当时噶陀寺院的施工建设以及信众朝圣等带来了极大的便利;复建了噶陀寺长寿佛大殿以及上、下院的两座显密讲经院;并且长期不间断供养著佛学院僧众的生活补助金至今;另外,大师尽心扶助著噶陀寺的八十余座分支寺院,恢复建设其破旧经堂等善施;用于捐赠的佛像有:从尼泊尔迎请来的两千尊佛像,其中千尊释迦牟尼佛像供奉于噶陀金刚座;另外的千尊金刚萨垛像,以及四川成都制造的千尊释迦佛像、拉萨和尼泊尔迎请的各种佛像一千余尊所依圣物等皆赠与噶陀寺的八十余座分寺供奉;雄冏大师于西元一九九二年,恢复了噶陀金刚座旧制传统的万僧大法会,且以噶陀寺惯制延续至今;大师还经常以组织大型法会等各种形式救济苦难有情众生,祈祷佛法长驻、世界和平。恩德浩如天。有缘亲眼目睹仁波切的人,都会被他那庄严辉煌的巍巍法相所摄服。 西元2007年7月藏历十七火猪年六月莲花生大士吉祥日,于第五届宁玛派祈愿万僧大法会上,大依怙主·直美雄冏大师,为利益与会的万僧俗众,直美雄冏大师在此届大法会上,亲自戴上莲师“空行云集”法帽,并安住于与莲花生大士无二无别等持之中,示现与莲师无别之法相,使无数众生获得见即解脱利益。
这是莲师亲戴的 “空行云集” 法冠阔别噶陀长达五十年之久的首度面世,历尽数百年风雨沧桑,依然庄严辉煌,华光四射。当尊贵的直美雄冏大师戴上“空行云集”法帽之时,现场僧众共睹祥瑞纷呈:空中飘下一条洁白哈达、光亮洁白的飞翔明点、出现巨大的光圈、空行化现之神鹰于空中盘旋……此祥瑞正是鲜明印证著莲师之授记:以此因缘,大师今后之弘法利生事业一切违缘遣消。大师先世所发菩提心及誓愿成熟圆满,伟大功业自行兴旺,如日辉煌。此稀世莲师“空行云集”法冠以及莲师印章为噶陀寺珍贵的不共见解脱所依珍宝,并惟以历代莲师之续承者敦度多杰无间真身转世者所顶戴持承,直至当代第七世直美雄冏·久美成勒贡布大师。目前,为了佛陀的显密正法、尤其是噶陀宁玛法脉的广大弘扬,为了尽法界的一切有情众生离苦得乐,成就世界福祉,雄冏大师正在奉献著他卓著的智慧与慈悲,不辞法体辛劳,躬亲于修建噶陀寺十明佛学院的伟大事业之中,不疲不厌遍行菩提大道。另有噶陀寺的蒋扬法王、扎嘉仁波切、仲巴仁波切、白玛扎西仁波切、日萨仁波切、堪布益西彭措、秋耶仁波切、堪布泽觉等上师,在共同辅助著雄冏仁波切完成建设噶陀金刚座十明佛学院这一时代盛举! 噶陀直美雄冏大师于时世弘范佛陀教法之伟业必然广利世界(仁波切详细传记正在编辑整理中)。
(长寿祈请文从略)
要是竹扎龙称赢了,结果就是那样:
此人自我标榜为嘎陀寺寺主,就像任何人可以自我标榜为某国家主席一样可笑,滑稽。
此人自称是嘎陀寺至高无上之人,其实他只不过是一个出家才一年多时间,贩卖嘎陀文物却历史悠久的,在藏地臭名昭著的卑劣小人。
1959年锡雄与其叔叔等人内外勾结,以解放军要打劫嘎陀寺为名,盗走嘎陀寺历代保存最珍贵的文物二十多箱,逃往印度。在国外他将文物贩卖一空,供其享受骄奢腐败的生活,常常住在五星级大酒店,买豪华的摩托车与人飙车,行为荒诞无忌,最终恶报现前,以至将腿摔断,脸上也留下伤疤。
有一次更荒谬的是他在印度加尔各答一个五星级酒店居住达数月之久后,因想逃避付房费,以至把他恩师纽希堪仁波切(大圆满历代祖师传的作者)的身份证及简单行李押在酒店内,自己说出去拿钱,之后却逃之夭夭,再也没回来。酒店于是将一句印度话都不会说的仁波切扣留下来,命其每天洗碗做粗重的工作,来慢慢抵酒店的费用。一段时间以后,这件事被当地的藏族商人知道,才将其赎回。大家想想看锡雄其人的行径是多么的卑鄙无耻、大逆不道。
锡雄在国外陆续将从嘎陀寺盗出的文物如珍贵的佛像、佛经、法器、金银器皿等变卖一空后,最终将无比珍贵的嘎陀祖师的袈裟和顿都大师(嘎陀后盛行期第一代祖师)的莲花生法帽变卖给印度商人。这是嘎陀传承最大的损失和耻辱,同时也使国家级文物愧宝留失海外给国家造成不可估量的损失。
80年代后他在国外的钱财全部挥霍一空,无法再呆下去,于是就回到了国内。他重操旧业又干起了文物贩卖的勾当,多少藏地珍贵的文物经由他手流失到国外。那个时期他相当富有,光奔驰等豪华车就有十数辆之多,每次外出都是一个车队浩浩荡荡,身边保镖也有十数人,显尽威风。但善有善报,恶有恶报,98年他在国内再次破产,经常被人追杀,行踪也越来越神秘。随着宗教的开放,他又开始穿上宗教的外衣,打着名人的幌子。实施他抢夺嘎陀寺至高地位的阴谋。2005年他突然宣布要出家,于是返回到嘎陀寺。在至今的一年多时间里,他用尽各种卑劣的手段,拉拢、欺骗、强迫其它几位寺管会成员就范于他。
众所周知,莫扎*才是嘎陀寺德高望众的领袖,这么多年来他老人家辛辛苦苦才将嘎陀寺建设成现在的规模。锡雄本人对嘎陀寺毫无贡献,却妒忌老人家的名望和地位,要想夺权已久。莫扎*为了大众的利益一直忍让再三,但锡雄却得寸进尺至嘎陀寺的名誉声望于不顾,至佛教戒律中最重要的“不能破合离僧”的戒律于不顾,赤裸裸的上演了这样一出夺权闹剧。
锡雄这么多年来的所作所为,一直是嘎陀寺的耻辱和最痛。本来家丑不可外扬,但考虑到其最近卑鄙恶劣的行径,为防止他穿着宗教的外衣,打着嘎陀寺主的幌子,到处招摇行骗,将所得来的钱财,用于满足他个人的私欲,所以才将他这个佛门败类丑陋的面纱揭开,以正视听。请各位擦亮你们的眼睛,坚决粉碎阴谋家妄想篡位夺权的阴谋。
伽达默尔说:历史对我们来说,就是一部效果史;维特根斯坦说,这要看取材,它完全取决于你的视角瞄向何处。而对那些喇嘛上师来说,那些渗透着智力活动的各种热情洋溢的情感性传记,是否可以令他们死后被追认为已经成佛,则完全取决于生前的手腕以及和“金刚兄弟”的PK行动。如今,坐在裁判席上的可绝不止几大法王了,那些藏汉两地的的金刚弟子们也会争夺吹哨子的有限权力的。而今流行策划创意,故事一定会波澜曲折,引人入胜的。我们拭目以待!
རླུང་འཕྲིན་དང་དྲ་བརྙན་ནང་། བོད་ལ་ཝོད་ཀྱིས་ཨམ་སྐད་དང་། ཐུགས་རྗེ་ཆེ་ལ་བཀའ་དྲིན་ཆེ་ཡིས་ཁམས་སྐད་མཚོན་མི་ནུས་སམ། བོད་རིགས་སུའི་ཡུལ་སྐད་རེད། ཨ་རིག་ལགས།
བློ་བཟང་ཆོས་གྲགས་ལགས། ཁྱེད་ཀྱི་བརྗོད་གཞི་དེ་འདིར་མ་གླེང་ན་ཡག་ས་རེད། འདིར་ཟེར་བ་དེ་འགྱུར་མེད་ལགས་ཀྱི་རྩོམ་ཡིག་འདིའི་མཆན་འདེབས་ས་དེར་གླེང་བསྡད་ན་རྩོམ་པ་པོའི་ཐུགས་ལ་འཕྲོད་མིན་ཡང་མི་ཤེས། རྩོམ་དང་འབྲེལ་བ་མེད་པའི་གླེང་གཞི་ཞིག་འདིར་ཁྱེར་ཡོང་ན་འབྲེལ་མེད་སྡོང་དུམ་རང་རེད། ངས་ཁྱེད་ཀྱི་བརྗོད་གཞི་འདི་གལ་ཆེན་པོ་མ་རེད་དང་གླེང་མི་རུང་ཞེས་བརྗོད་པ་མིན། གལ་སྲིད་ཁྱེད་ལ་གླེང་འདོད་ཡོད་ན་ཁྱེད་རང་གིས་རྩོམ་ཡིག་འདྲ་ཞིག་བྲིས་ནས་ཁ་བརྡ་རྩོམ་སྒྲིག་པའི་མཚན་ཐོག་ཏུ་བསྐུར་ན་ཁོང་རྣམ་པས་དྲ་སྟེང་དུ་བཀོད་རྗེས་སུ་ང་ཚོ་ཚང་མས་བགྲོ་གླེང་བྱས་ན་ཡག་ས་རེད། ང་ལ་ཡང་འདིའི་སྐོར་ལ་གླེང་འདོད་ཡོད་ཀྱང་འགྱུར་མེད་ལགས་ཀྱི་རྩོམ་ཡིག་དང་འབྲེལ་བ་མི་འདུག་སྟབས་མཆན་འདོགས་ས་འདིར་གླེང་བར་འཚེར་སྣང་འདུག
China is the great the countery in the world.
China is the great the countery in the world.
I like China Ok Ok Ok
China is the great the countery in the world.
I like China Ok Ok Ok
བློ་ཆོས་ལགས་ ཁྱེད་ཀྱིས་འཛམ་གླིང་གི་ལོ་རྒྱུས་ཚང་མ་གོ་བ་དང་ ཐོས་པ་དང་ མི་གཞན་གྱིས་བཤད་པ་ཤ་སྟག་ལས་ མངོན་སུམ་མཐོང་བའི་ལོ་རྒྱུས་མེད་པ་ལུང་རིག་གང་གིས་བསྒྲུབས་ནུས་ མི་བསད་པའི་ལོ་རྒྱུས་སྡེ་དགེ་དང་ཉག་རོང་ལ་ཁྱབ་ཡོད་ཀྱང་དེ་ལ་ཧང་སང་རྒྱུ་མི་འདུག་ མི་བསད་པའི་ལོ་རྒྱུས་སྡེ་ཉག་གཉིས་ལ་ལོས་ཁྱབ་ མི་བསད་མཁན་སྡེ་དགེ་དང་ བསད་བྱ་ཉག་རོང་བ་ཡིན་པའི་ཕྱིར་ དེ་བློ་ཞིང་གཉིས་ནང་མ་འགྲིག་པའི་དོན་རྐྱེན་ཡིན་པའི་དཔང་རྟགས་གསལ་པོ་ཞིག་གསུང་དང་ གཞི་ནས་ཁྱེད་ཀྱི་གཏམ་ལ་གཞན་གྱིས་ཡིད་ཆེས་ སྤྲུལ་སྐུ་གསུམ་ཕུད་པ་མ་རེད་ཟེར་ཀྱི་མེད་ ཕལ་ཆེར་སྐད་ཆ་བཤད་སྟང་ལ་བལྟས་ན་ཁྱོད་རང་འབྲུག་གྲགས་སྤྲུལ་སྐུ་དང་ རྒྱ་རོང་སྤྲུལ་སྐུ་གང་རུང་ཞིག་གི་ཕྱོགས་གཏོགས་ཡིན་པ་འདྲ་ གལ་སྲིད་མ་ཡིན་ན་ང་རང་གཉིས་སྤྲང་པོ་འཇའ་ཐང་དཔལ་ཐང་མི་རྩོད་ཨི་གོ་ཐལ།
བློ་བཟང་ཆོས་གྲགས་ལགས། ངོས་རང་ལ་་་བོན་པོ་་་་་ལབ་ན་མི་ལེགས་སམ། སྟོན་པ་གཤེན་རབ་མ་བྱོན་པའི་སྔོན་ཏུ་ཡ་ཐོག་གདོད་མའི་བོན་ཞེས་པ་ཞིག་བྱུང་ཡོད་པ་དེ་་་ལས་བསླ་མདོག་ཁ་པོས་མི་རུང་བའི་ཚུལ་བཤད་ཀྱང་བྱས་ན་ང་ཚོ་གང་ཅན་པ་ཡོངས་ཀྱི་རིག་གཞུང་གི་ཕུག་ངོ་མ་དེ་འཇིགས་པའི་ཉན་ཁ་ཡོད་པ་རེད། ངོས་རང་ནས་་་་ཡ་ཐོག་གདོད་མའི་བོན་་་ཞེས་པ་དེ་ནི་གལ་ཆེན་གྱི་ནང་ནས་དོན་ཆེན་ཞིག་ཏུ་བརྩི་གི་ཡོད། ང་རང་ཚོ་མི་ཞིག་གི་སྐྱེ་ལེན་དུས་ཀྱང་ཆུང་བྱིས་པ་བཙས་ལོང་མའི་གནས་སྐབས་སུ་་བལྟས་ན་དེ་འདྲ་ལེགས་པོ་དང་མཛེས་པོ་ཞིག་མེད་མོད། འོན་ཀྱང་དེ་ནི་་་མི་ལུས་རིན་པོ་ཆེ་འདི་ཡི་ཐོག་མའི་རྣམ་པ་མ་བཅོས་པ་དེ་ཡིན་པ་རེད། དེ་ལ་མི་འདོད་པའི་ཚིག་ངན་མང་པོ་བསྟབ་ན་རང་ཉིད་བྱབ་ཆུང་དུ་འགྲོ་བ་ལས་སུས་ཀྱང་ཁྱོད་འཇོན་ཐང་ཅན་ཞིག་ལ་མི་བརྩི། དཔེ་དེ་བཞིན་དུ་བསྐལ་པ་ཡ་ཐོག་གི་ང་ཚོའི་ཕ་མེས་ཡང་མེས་ཀྱི་དུས་སྐབས་སུ་བྱུང་བའི་རིག་གཞུང་བཟང་ངན་གང་ཡོད་པ་དེ་རྣམས་ལ་གཞན་ཟེར་གཡེམ་རྒྱུག་བྱེད་དྲག་ནས་བསམ་ལོང་བྱེད་ལོང་མེད་པར་སྨད་ར་འབེབས་ཀྱང་བྱས་ན་རང་ཉིད་ཀྱི་ལོ་རྒྱུས་གང་ཡོད་པ་དེ་རང་ཉིད་ཀྱིས་མེད་པ་བཟོ་གི་ཡོད་པ་ཤེས་དགོས་པ་རེད། དེ་ལ་བདུད་བོན་དང་། བཙན་བོན། གདོན་བོན་སོགས་ག་རེ་ལབ་ནའང་ཁྱད་པར་ཆེ་པོ་དེ་འདྲ་ཡོད་མི་སེམས། ཆོས་ལུགས་ཚང་མའི་ནང་ལ་ལྟ་བ་དང་གྲུབ་མཐའ་མི་མཐུན་པ་མང་དག་ཞིག་ཡོང་བཞིན་པ་རེད། འོན་ཀྱང་བོན་རྫུན་མ་ཞེས་པའི་ཚིག་དེ་ཡ་ཐོག་གི་བོན་ལུགས་ཁག་ལ་སྨྲས་ན་མཁས་པའི་ལེགས་བཤད་དུ་འགྲོ་དང་མི་འགྲོ་བསམ་བཞེས་གནང་དགོས། སྤྱིར་བོན་ཞེས་པའི་ཚིག་དེ་དོན་མང་པོ་ཞིག་ལ་གོ་བ་ཡོད་ཀྱང། དུས་རྒྱུན་དུ་བོད་གངས་ཅན་པའི་གདོད་མའི་ཆོས་ལུགས་ཤིག་ལ་གོ་དགོས་ཅིང་དེ་ལ་སྐྱག་པའི་བོན་ཟེར་བརྗོད་ན་ཁྱེད་རང་གི་ཁོག་པའི་ནང་ལ་ག་ཚོད་ཡོད་པ་དེ་ཕྱིར་མངོན་གྱི་ཡོད་པས་གཟབ་གལ་ཆེ། དེ་འདྲ་ཡིན་ན་སྐྱག་པའི་འབུ་སྲིན་གྱི་སྤྲུལ་སྐུ་དང་ཁྱི་ཡི་སྤྲུལ་སྐུ་་་གླང་གི་སྤྲུལ་སྐུ་་་མི་གསོད་ལག་དམར་གྱི་སྤྲུལ་སྐུ་་་སོགས་ལབ་ན་ག་འདྲ་ཡོང་ས་རེད་དགོངས་པ་བཞེས་ཤིག། དེ་ཚོ་ལའང་སྐྱེ་བ་ནི་ལེན་རྒྱུ་ཡོད་པས་སོ།
བོན་ལགས།ང བོན་པོའི་རིག་གཞུང་ལ་རྒྱབ་གཉེར་ལས་དགག་པ་རྒྱག་མཁན་གྱི་ཕྱོགས་མིན། བོན་ལ་རྣམ་གྲངས་དུ་མ་ཡོད་པ་ཤེས་དགོས། ཡ་ཐོག་གི་བོན་ཏེ་ལོ་རྒྱུས་ལ་མཚོན་ན་རྩ་ཆེན་ཞིག་རེད། དེ་ལ་སྐྱོན་མེད་པ་མ་རེད། ཁྱོད་ཀྱི་མིང་ཡང་ཆོས་རྒྱུན་གྱི་མིང་དུ་བསམ་ཚེ་བརྗོད་མི་རུང་བ་ལྟ་བུ་ཞིག་དང ། རྣམ་གྲངས་གཞན་ལ་འཇུག་ཚུལ་ལ་བསམ་ཚེ་སྐྱོན་མེད་པ་ལྟ་བུ་ཞིག་རེད། སྤྲུལ་སྐུ་ཞེས་པ་དེ་བན་བོན་གཉིས་ལ་ཡོད་པའི་ཚིག་ཞིག་རེད། དེ་བཞིན་སངས་རྒྱས་ཞེས་གྲགས་པའི་གུས་པ་བྱེད་ཡུལ་ཡང་མི་ནག་སྐྱེ་བོའི་མིང་ཏུ་བཏགས། མི་དེའི་སྐྱོན་དང་སྦྱར་ནས་འབོད་སྐབས་ཆོས་རྒྱུན་དེ་ལ་ཕོག་ཐུག་མེད་པ་བཞིན། བོན་པོ་ལ་ཚིག་ཙམ་གྱིས་སྐྱོན་བརྗོད་པ་དེ་ཉིད་ཀྱིས་བདག་གིར་མ་བཞེས་ན་ལེགས། དཔེར་ན། སངས་རྒྱས་སྒུར་ཐོ་དང་། འཕགས་པ་སྐམ་པོ། འཇམ་དབྱངས་ཀླད་སྒེག མགོན་པོ་རྒྱག་པ་སོགས་སངས་རྒྱས་དང་བྱང ཆུབ་སེམས་དཔའི་མཚན་དེ་ལ་མ་རུང་བའི་ཚིག་ཞིག་སྦྱར་ཚེ་དོན་ཏུ་མི་ལེགས་མོད། བརྗོད་ཚེ་བན་དྷེ་རྣམས་ལ་པོག་ཐུག་འགྲོ་མི་སྲིད་པ་བཞིན་ནོ། །ཀཿཐོག་གིས་བསྒྲལ་བའི་བོན་པོ་རྣམས་ཀྱང་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་མིན་པར་ངེས་པས་ཐུགས་རྟོག་ཆེར་མཛད་མི་དགོས་སོ། །
བོད་འཁྱར་ལགས། གོང་གི་དྲ་བ་ཁག་ཏུ་དྲི་ཞིང་དང་། རྒྱལ་རོང་སྤྲུལ་སྐུ་དང་། འབྲུག་གྲགས་སོགས་ལ་སྐྱོན་བརྗོད་བྱས་པ་ཆ་ཚང་འདུག ཕྱོགས་ཚང་མ་བཀོད་ཡོད་པ་མཐོང་བའི་མིག་དང་། རྒྱ་ཡིག་ཅུང་ཟད་ཅིག་ཤེས་ན་ངས་གཅིག་གི་ཕྱོགས་བཟུང་ནས་བཤད་མེད་པ་ཧ་གོ་ཐུབ། རྒྱ་གར་རྣམ་གྲོལ་གླིང་ཏུ་ཡོད་པའི་ཀཿཐོག་གྲྭ་བ་ཁག་ཅིག་དང་། བལ་ཡུལ་བྱ་བྲལ་དགོན་ཏུ་ཡོད་པའི་ཀཿཐོག་གྲྭ་བ་རེ་གཉིས་ཀྱིས་འབྲུག་གྲགས་དང་རྒྱལ་རོང་སོགས་འདྲེ་རུ་བཟོས་ནས་རྒྱ་གར་ཏུ་བཀྲམ་འདུག རྒྱབ་ལོག་ལ་དགེ་རྩེ་ཡོད་ཡོད་ཟེར། བོད་ཏུ་འཁྲུགས་རྩོད་རིམ་པ་བཞིན་ཏུ་བྱུང་ཚུལ་དངོས་ཡོད་གནས་ཚུལ་རེད། ལོ་ཤས་སྔོན་ཧྲང་ཧེ་ན་འབྲུག་གྲགས་ཀྱིས་ཆོས་བཤད་སྐབས་དྲི་ཞིང་གིས་རྒྱ་ནག་གི་སྤྱི་བདེ་ནི་སྣ་ལ་སྐད་བཏང་སྟེ་འབྲུག་གྲགས་སྤྲུལ་སྐུ་བཙོན་ཏུ་བཅུག་པ་རེད། དེ་ནས་རྫ་ཆུ་ཁའི་དམག་ཕུད་རྒྱུ་ཡིན་ཞེས་སྲིད་གཞུང་ལ་ཞུ་གཏུག་བྱས་པས་ཁོ་ལྷོད་ཡངས་སུ་བཏང་ཟེར། དེ་འདྲའི་རིགས་བཤད་མི་ཚར་བ་མང་པོ་ཡོད། བོད་འཁྱར་རིགས་ལམ་ལ་སློབ་སྦྱོང་བྱེད་མ་མྱོང་བས་སྐད་ཆ་གང་ཡང་རིགས་པ་དང་མི་འབྲེལ་བ། བརྗོད་བྱ་ཉུང་བ། བརྗོད་བྱེད་ནོར་བ་ཤ་སྟག་སྟེ། ཀཿཐོག་ཚང་གི་སྤྲུལ་སྐུ་གསུམ་ཕུད་པའི་བཀའ་ཤོག་ནང་བཞིན་རེད། བཀའ་ཤོག་ཏུ། ཆོས་རྒྱུན་ནས་ཕུད་པ་ཡིན་ཞེས་བྲིས་ཡོད། དགོན་པ་ནས་ཕུད་དགོས་ན་ཀཿཐོག་ལ་དབང་ཡོད་ཀྱང་། ཀུན་གཞི་ལ་བག་ཆགས་བཞག་པའི་ཆོས་རྒྱུན་ལས་ཕུད་ཚུལ་ཞིག་ཡོད་ན། དམྱལ་བ་སོགས་སྡུག་བསྔལ་གྱིས་གདུང་བ་ཐམས་ཅད་པུད་ན་གལ་ཆེན་ཡིན་པས་འབད་འཚལ། དགོན་ཆེན་ཞིག་གིས་བཀའ་ཤོག་ཅིག་འབྲི་མི་ཤེས་པར་བལྟས་ན་ཀཿཐོག་མ་དགོན་གྱི་དབུ་ཁྲིད་དྲི་འཇམ་གཉིས་ཀྱི་ཁོང་རྡོལ་ནས་འདུག་གོ།
སྤོབ་པ་མཐའ་ཡས་ལགས། མཆན་ཚང་མ་མཇུག་གཞན་ཏུ་འཁྱོག་འགྲོ་བ་དྲ་བའི་ཐོག་གི་ལུགས་སྲོལ་ཞིག་རེད། འོན་ཀྱང་ཉིད་ཀྱིས་གསུང་པ་ལ་མོས་མཐུན་ཡོད། ཨ་རིག་འགྱུར་མེད་ལ་དགོངས་དག་ཞུ། རྗེས་སུ་མིང་རྗེན་པར་བཏོན་ནས་ཀ༔ཐོག་གི་སྙོག་དྲ་འདི་ཐག་གཅོད་ཨེ་ཐུབ་ཀྱི་རེ་བ་ཡོད།
ཀ་ཐོག་ཚང་གི་འཁྲུགས་པ་གླེང་དུས་བོན་པོ་ཚོའི་ན་ན་ཚ་ཚ་དེ་ཚོ་ཡང་མཉམ་དུ་དྲུད་ཡོང་དགོས་དོན་ཅི་ཡིན་ནམ། བོད་ཀྱི་གདོད་མིའི་ཆོས་ལུགས་གཙོ་བོ་དེ་ནི་དམར་མཆོད་གཏོང་མཁན་ཞིག་ཡིན་པ་ཐག་ཆོད་རེད། བདུད་བོན་བཙན་བོན་སུ་ཡིན་ནི་མི་ཤེས། དེང་སང་ཡང་བོད་ཀྱི་མཐའ་མཚམས་ཡུལ་ལུང་མང་པོར་ལུགས་སྲོལ་དེ་ལུས་ཡོད་པ་དང་ལྷ་སའི་རྡོ་རིང་ལས་ཀྱང་གཞུང་འབྲེལ་གྱིས་དམར་མཆོད་བྱས་ཚུལ་གསལ་ཡོད་པ་དེ་རེད།
ཨམ་སྐད་དང་་ཁམས་སྐད་གང་ཡིན་ནའང་གློག་གི་སྐུད་པ་དང་རིག་གཞུང་གི་བརྒྱུད་པ་ཡིན་པས་བོད་ཉེན་འཕྲང་གི་སྐབས་སུ་ངེས་པར་སྐྱོབས་དགོས། གསར་འགྱུར་དུའང་ཡོད་དགོས། འོན་ཀྱང་བོད་ཀྱི་སྤྱི་སྐད་ནི་བོད་རིགས་གཅིག་འགྱུར་དང་མཐུན་ལམ་གྱི་སྲོག་རྩ་ཡིན་པས་དེ་ལས་ཀྱང་ཆད་མི་རུང་། གཙོ་ཕལ་གྱི་ཁྱད་པར་དང་སྤྱི་སྒེར་གྱི་དབྱེ་བ་ལེགས་པར་འབྱེད་ཤེས་ན་མདོ་དབུས་ཀྱི་སྐད་ལ་རྩོད་པའང་ཞི་བར་འགྱུར་རོ། །
སྤོབས་པ་མཐའ་ཡས་ལགས། ངས་ཀཿཐོག་སྙོག་དྲ་འདིར་སླར་གླེང་པ་ལྟ་བུར་གྱུར་ནའང་། ཉིད་ལ་ཞུ་དགོས་རྒྱུ་ཞིག་ལ། རྒྱ་ནག་གི་ཡུལ་འདིར་ཁ་བརྡ་དྲ་བ་སྐབས་རེར་གསལ་ལ་མི་གསལ་བ་ཡིན་པས་རྩོམ་ཡིག་ཁ་ཤས་བསྐུར་ཀྱང་མ་འབྱོར་བའམ་དྲ་ཐོག་ལ་སླེབས་དུས་མི་འདུག མཆན་རྒྱག་རྒྱུ་ལ་དྲ་བ་ཡོད་སྐབས་དཀའ་ངལ་མེད་པས་དེ་ལྟར་བཀོད་པ་ལགས། ངའི་རྩོམ་ཡིག་ཁྲག་མཚོ་ཁོལ་མ་དེ་དྲ་ཐོག་ཏུ་སླེབས་པ་དང་ཁྱོད་ཀྱིས་ཀྱང་ཁ་སྣོན་མི་ཉུང་པ་བརྒྱབ་ན་ཆོག མ་གཞི་ངས་ཀཿཐོག་་ལསྐྱོན་བརྗོད་བསམ་པ་མིན་ཏེ་གནས་ཚུལ་དྲང་པོ་དང་། ལི་བྷི་ཡིའི་དོན་རྐྱེན་བཞིན་བོད་རྒྱ་ཆེའི་བླ་མ་དང་གྲྭ་བ་ཚང་མས་ཕྱི་ནས་གནོན་ཤུགས་སྤྲད་དེ་ཀཿཐོག་གཙང་མ་ཡོང་པའི་རེ་བ་ཡིན། སྤྱོར་བ་རྩུབ་ནའང་བསམ་པ་དཀར་པོ་ལྟ་བུ་ཞིག་ལགས།
༈ དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱིས་ངའི་གསལ་བཤད་ལ་དཔྱད་པ་ལྔའི་སྒོ་ནས་ཐག་བཅད་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་རྗེ་རིན་པོ་ཆེས། གོ་བ་རག་རིམ་གྱིས་ཐག་བཅད་མ་སྔ་གསུངས་པ་བཞིན་བསྒྲུབ་བྱ་འགྲུབ་མིན་ནི་ཐག་གཅོད་གཅིག་པུས་མིན་པར་རྒྱུ་མཚན་ཡང་དག་ཡོད་མེད་ལ་ཐུག་པར་ཁྱེད་ཀྱིས་ཀྱང་མཁྱེན་གསལ་རེད། དེར་བརྟེན་ཁྱེད་ཀྱི་རྒྱུ་མཚན་དག་ལ་བསམ་ན། ༼༡༽རྨོག་ཚ་རྒྱ་མི་དང་མཐུན་ལམ་ཡོད་པས་རྒྱལ་དར་ལ་མི་བྲོས་ཟེར་བ་ནི་རྒྱ་མི་ལ་མཐུན་ལམ་བཟང་པོ་ཡོད་ཀྱང་དགོན་པའི་ལྷ་ཁང་སྟེང་སྐར་ལྔའི་དར་ཆ་འཛུགས་པར་སེམས་དཀྱིལ་ནས་མ་བཟོད་པའམ། བོད་མི་རྣམས་ཀྱི་བློ་དང་བསྟུན་པས་ཀྱང་ཡིན་སྲིད། སྤྱིར་ངས་ཁྱེད་རང་ལ་དྲི་བ་ཞིག་ཞུ། གལ་སྲིད་ཁྱེད་རང་ཡིན་ན་རྒྱ་གཞུང་དང་མཐུན་ལམ་ཡོད་ཀྱང་ལྷ་ཁང་སྟེང་དར་ཆ་འཛུགས་པར་བོད་རྒྱ་ཆའི་མི་མང་གི་མདུན་ནས་ཁས་ལེན་ནུས་པ་འདུག་གམ། ༼༢༽སྤྲུལ་སྐུ་གསུམ་ཕུད་པའི་ཡིག་ཆའི་སྟེང་ས་རྟགས་ཡོད་མེད་ངེད་རངགཉིས་ཀྱི་མཐོང་ཚུལ་མི་འདྲ་བ་གཉིས་བྱུང་བ་ནི་ཡིག་ཆ་འདྲ་མིན་གཉིས་ཡོད་པའམ། སྣང་གཞི་གཅིག་གི་སྟེང་དུ་སྣང་ཚུལ་མི་འདྲ་བར་བྱུང་བ་ནི་ལས་སྣང་གིས་ཡིན་ཀྱང་སྲིད། ཡིག་ཆའི་སྟེང་ས་རྟགས་མེད་པའི་དབང་དུ་བཏང་རུང་དེས་ས་རྟགས་ལ་བྲོས་པར་སྒྲུབ་མི་ཐུབ་སྟེ། ཁོང་གིས་སྔོན་མ་བདུད་འདུལ་སྤྲུལ་སྐུ་དང་ཕ་ཡུལ་གཅིག་པའི་ ཀརྨ་བསམ་གཏན་བཀྲ་ལེགས་དགོན་པའི་སྤྲུལ་སྐུ་དང་། ཀུན་བཟང་བསྟན་འཛིན་ཉག་རོང་གྲོང་སྟོད་དགོན་པའི་སྤྲུལ་སྐུ་ངོས་འཛིན་གནང་ནས་ལོ་མང་སོང་རྗེས་ཁོང་གི་སྐུ་ཚ་ཞིག་ཁོང་གཉིས་ཀྱིས་མོ་ཊ་ནང་མ་ཁུར་བའི་རྐྱེན་གྱིས་ཕྱིར་འབུད་བཏང་ཡོད། བདེན་མིན་ཁོང་གཉིས་ལ་དྲིས་དང་གསལ་གྱི་རེད། རང་གི་བཟོས་པའི་སྤྲུལ་སྐུ་དེ་གཉིས་ཕྱིར་འབུད་བཏང་ཕོད་ན་ས་རྟགས་ཞིག་ལ་བྲོས་དགོས་པར་འདུག་གམ། ༼༣༽དྲི་ཞིང་གིས་འཇམ་སྤྲུལ་ལས་སྡོམ་པ་ཞུས་པའི་རྒྱུ་མཚན་གྱིས་བློ་ཉེ་ཡིན་པ་དང་ངན་རོགས་ཡིན་པར་མི་འགྲུབ་སྟེ། དཔེར་ན་༧གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་ཞུ་མཁན་ཐམས་ཅད་དང་༧གོང་ས་མཆོག་བློ་ཉེ་དང་། ངན་རོགས་ཡིན་པར་སྒྲུབ་མི་ཐུབ་པ་བཞིན་ནོ།།སྤྱིར་དེང་སང་བོད་དུ་སྡོམ་པ་གནང་མཁན་དཀོན་པ་དང་། ཁྱད་པར་དུ་ཀ༔ཐོག་ལ་དཀོན་པ། སྡོམ་རྒྱུན་སོགས་ཀྱིས་ཀྱང་ཡིན་སྲིད།༼༤༽ཧོར་པོའི་ལས་བྱེད་པ་དེ་དྲི་ཞིང་གི་ཕྱོགས་མིན་པའི་སྒྲུབ་བྱེད་བློ་དྲི་གང་གིའང་ཕྱོགས་མིན་པའི་ཡུལ་མི་དང་། བྱེས་གྲྭ་ཁ་ཤས་ཀྱི་ངག་གཏམ་ལས་གཞན་མེད། ལས་བྱེད་དེ་དྲི་ཞིང་གི་ཕྱོགས་ཡིན་པའི་སྒྲུབ་བྱེད་ཁྱེད་ལ་ཡོད་ན་སྟོན་རོགས་དང་གཞི་ནས་བློ་དྲིའི་འཁྲུག་པ་རྫུན་མིན་པ་ཆགས་རྒྱུ་ལས་ད་ལྟ་སྒྲུབ་བྱེད་མེད་པར་བདེན་པ་ག་འདྲས་འགྱུར། ༼༥༽འཇམ་སྤྲུལ་གྱི་སྨོན་ལམ་དེ་ལྐོག་གྱུར་ཡིན་པས་མངོན་ཤེས་མེད་ན་ཐག་མི་ཆོད་ཟེར་བ་ནི། འོ་ན་ཤེས་བྱ་ཡིན་ན་མངོན་གྱུར་ལས་ལྐོག་གྱུར་མེད་པ་ཡིན་ནམ། དེ་ཡིན་ན་རྗེས་དཔག་ཚད་མ་དང་། ལུང་ཚད་མ་དགོས་མེད་དུ་འགྱུར་ཏེ། དེ་གཉིས་ཀྱི་གཞལ་བྱ་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་མེད་པས་སོ།། ངས་བསམ་ན་འཇམ་སྤྲུལ་གྱི་ལུས་ངག་གི་རྟགས་ལས་ནང་གི་ཀུན་རྟོག་དཔོག་ནུས་པ་ནི། འཇུག་པ་ལས་སོ་སྐྱེའི་སྐབས་སྟོང་ཉིད་ཀྱི་གཏམ་ཐོས་ཚེ་ལུས་ཀྱི་བ་སྤུ་སྡང་བ་དང་མིག་འཆི་མས་བརླན་པའི་རྟགས་ཀྱིས་ལྐོག་གྱུར་སངས་རྒྱས་ཀྱི་ས་བོན་ཡོད་པར་རྟོགས་ནུས་པ་བཞིན་ནོ།། གཞན་ཡང་ཁྱེད་ཀྱིས་གོང་དུ་རྨོག་ཚ་རྒྱ་མི་དང་མཐུན་ལམ་ཡོད་པའི་རྒྱུ་མཚན་གྱིས་དར་ཆ་ལ་མི་བྲོས་པར་སྒྲུབ་ནུས་ལ། འདིར་མངོན་ཤེས་མེད་ན་སྒྲུབ་མི་ནུས་ཟེར་བ་གཉིས་ལ་བསམ་གཞིག་ལན་གཅིག་གནང་བའི་རེ་བ་ཡོད། ཡང་ཁྱེད་ཀྱིས་འཁྲུགས་པའི་རྒྱུ་སྒོར་མོ་ལས་བྱུང་། རྐྱེན་སྤྲུལ་སྐུ་གསུམ་མཐར་སྤྲོད་ཀྱིས་སྦྱར། འབྲས་བུ་མི་བསད་ཁྲག་སྦྱོར་ཀྱི་བྱ་བ་བྱུང་ཟེར་བ་ལ་གཞིག་ཚེ་སྤྲུལ་སྐུ་གསུམ་མི་བསད་ཁྲག་སྦྱོར་གྱི་རྐྱེན་ཡིན་པར་གསུངས་འདུག་པས་དེ་གསུམ་གྱིས་མི་བསད་ཀྱི་རྐྱེན་ཇི་འདྲ་བྱས་པ་རེད་གསལ་བཤད་ཞིག་གནང་རོགས། སྤྱིར་སྤྲུལ་སྐུ་ངོས་འཛིན་གནང་ཕྱོགས་སྐོར་ལ་ཀ༔ཐོག་ཚང་གཅིག་པུའི་སྐྱོན་མིན་པར་བླ་མ་ཕལ་ཆེ་བས་དཔོན་པོ་དང་། འབྱོར་བདག མཁས་པ་དང་འཇོན་ཐང་ཅན་སོགས་དང་། དེ་དག་གི་རིགས་རྒྱུད་དག་སྤྲུལ་སྐུ་བཟོ་ཚུལ་རྒྱ་བོད་གཉིས་སུ་གཅིག་མཚུངས་ཡིན་པར་ཚང་མས་མཁྱེན་གསལ་རེད། སྤྲུལ་སྐུ་དང་པོ་ནས་མ་བྱས་ན་ལེགས། བྱས་ནས་ཕུད་ཟེར་བ་ནི་གད་མོ་ཤོར་བ་རེད་གསུངས་པར་ངས་ཀྱང་ཁྱེད་ཀྱི་གསུངས་དེ་ལ་བརྒྱ་ཆ་བརྒྱ་ཐམ་པའི་མོས་མཐུན་དང་། རྒྱབ་སྐྱོར་ཡོད། བློ་བཟང་ཆོས་གྲགས་ཁྱེད་ཀྱིས་བདག་ལ་དྲི་བ་ཁ་ཤས་བཀོད་འདུག་ཀྱང་བདག་གིས་དེ་དག་ལ་ལན་དགོས་དོན་མི་འདུག་གང་ཡིན་ཟེར་ན། ཁྱེད་ལ་དཔང་རྟགས་ཀ༔ཐོག་པའི་བླ་མ་དང་མཁན་པོ། ཡིག་ཆ་སོགས་ཡོད་པས་དང་། བདག་ལ་གཞན་སྟོང་སྒྲུབ་པའི་ཁུར་ཀྱང་མེད།།རོང་ཀློང་རྣམ་གཉིས་ཀླུ་སྒྲུབ་གཞུང་དང་མཐུན།། གསུངས་པ་བཞིན་ཁྱེད་ཀྱིས་ཞིབ་འཇུག་བྱེད་དགོས་ཚུལ་གསུངས་འདུག་པས་དོན་མེད་མཆན་ཞིག་ཤོར་བ་ལས་གོང་ཞུས་ལྟར་ཀ༔ཐོག་གི་གྲྭ་འབངས་མིན་པར་མ་ཟད་སུ་ཞིག་གི་ཕྱོགས་འཛིན་མཁན་ཞིག་མིན་ངེས་ཡིན་པས་སོ།།
རྡོ་རྗེ་ལགས། ཁྱོད་ལ་ཁུར་ཞིག་ཡོད་ནས་དྲི་བློ་གཉིས་ཀྱི་ཕྱོགས་སྒྲུབ་པ་ལས། ཁུར་མེད་ན་དོན་མེད་ཀྱི་སྐད་ཆ་གསུང་དགོས་པ་མི་འདུག དེ་བཞིན་ཀཿཐོག་གི་གྲྭ་འབངས་མིན་པ་དང་ཕྱོགས་སུ་མ་ལྷུང་ཞེས་པ་ཡང་དེ་བཞིན་ནོ། ངའི་ཡི་གེ་དེ་གློག་ཀླད་དྲ་ལམ་ནས་ཕུད་རོགས་མ་བྱས་ན། ཐབས་ཤེས་གཞན་ཨེ་ཐོན་ལྟ་བའི་རེ་བ་མེད། དེང་དུས་ནང་ཁུལ་གྱི་སྙོག་དྲ་ལ་ཐུགས་ཁུར་བྱེད་མཁན་ཆེར་་མི་འདུག མཁན་པོ་དགྱེས་རྡོར་གྱི་གསུང་པ་ལྟར། དྲི་ཞིང་དང་། སི་ཏུ་སོགས་ཀྱིས་གཞན་གྱི་བསླབ་བྱ་ལ་ཉན་མདོག་ཁ་བོ་མ་རེད། དེ་ཡིན་ན་ངས་བྱས་པ་ཡང་དོན་མེད་ཏུ་འགྱུར་སྲིད། དམིགས་ཡུལ་གཙོ་བོ་ཕྱི་ལོག་གི་བླ་སྤྲུལ་རྣམས་ལ་བརྟེན་ནས་ཀཿཐོག་འགྲིག་ཐབས་བྱེད་རྒྱུ་དེ་བདག་གི་རེ་བ་ཡིན། དྲི་མེད་ལྷག་བསམ་ལགས་ནི་དྲ་ཐོག་འདིའི་མཁས་དབང་ཐུགས་རྒྱུད་དྲང་པོ་ཞིག་གི་གྲས་རེད། དཔྱད་པ་གང་ཡིན་ནའང་ལུང་རིགས་ལྷག་བསམ་སུམ་ལྷན་ཞིག་རེད། ཁོང་གི་གསུང་པ་ལ་རྒྱུ་མཚན་མེད་པ་མ་རེད། དྲི་མེད་ལགས་ཀྱི་གསུང་བཤད་ངའི་སྐད་ཆ་ལས་འཕྲོས་པ་ཡིན་པས་བཤད་པའི་ཁུར་ང་ལ་བབ་འདུག་པར་བསམ་གསལ་བཤད་ཕྲན་བུ་བྱ་ན། ༡་༽རྨོག་ཚས་ཀཿཐོག་བཤད་གྲྭ་ནས་གྲྭ་ཡག་པོ་ཉི་ཤུ་རྩ་གྲངས་དྲི་ཞིང་གི་ཁྲི་འདུ་ལ་ཁྲིད་སོང་བ་དང་། དགོན་པའི་དབང་ཆ་རྩིས་སྤྲོད་དགོས་ཚུལ་བཤད་པ། སྤྲུལ་སྐུ་གསུམ་ཕུད་པ་སོགས་བྱ་བ་མང་པོ་ཞིག་གི་རྐྱེན་གྱིས་དགོན་པའི་ལས་གནས་ལས་དགོངས་ཞུ་བྱས་ཏེ་ཀཿཐོག་མདོ་འགབ་མ་དགོན་པར་སོང་བར་ང་བྲོས་སོང་ཞེས་པའི་སྐད་ཆ་བྱུང་བ་རེད་ཅེས་གསུང་འདུག་པས་ཁོ་རང་ལ་བཀའ་འདྲི་མ་ཞུས་ན་བཤད་དཀའ་མོ་ཞིག་རེད། ༢་༽རྨོག་ཚས་རྒྱ་ནག་བཀང་ཀྲོས་སུ་རྒྱ་རོང་སྤྲུལ་སྐུའི་སློབ་མ་ལ་གནང་བའི་གསུང་བཤད་པ་ཞིག་ཏུ་ང་རང་སྒེར་གྱི་ངོས་ནས་ཕྱིར་ཕུད་པའི་སྤྲུལ་སྐུ་གསུམ་ལ་འགལ་བ་གང་ཡང་མེད། ཕུད་དགོས་པའི་སྐད་ཆ་དེ་འདྲ་བྱུང་བར་བློ་ཕམ་ཡོད་ཅེས་གསུངས་འདུག ༣་༽དྲི་ཞིང་གི་བླ་མ་འཇམ་དབྱངས་ལས་མ་ཐོབ་བྱ་བ་སྔ་འགྱུར་སྤྱི་ལ་མཐོང་ཆུང་གི་གཏམ་རེད། མཁན་པོ་སྐུ་བགྲེས་མང་པོ་ཡོད། ཀཿཐོག་རང་ལ་མཚོན་ན། མཁན་པོ་ཨ་བསོ། མཁན་པོ་ཨ་ཆུག ཁྲ་གླིང་མཁན་པོ་པད་བློ། གཞི་ཆེན་མཁན་པོ་ལེགས་ཁོ་སོགས་མཁན་པོ་སྐུ་བགྲེས་དུ་མ་བཞུགས་པ་དང་། རྙིང་་མ་མཚོན་ན། དཔལ་ཡུལ་མཁན་པོ་པད་ཏེ། དར་ཐང་གར་དབང་ཉི་་མ། རྫོགས་ཆེན་སྤྲུལ་སྐུ་སྐལ་བཟང་། ཨ་རིག་མཁན་པོ་པད་ཚེ། རྡོ་བྲག་ཨོ་རྒྱན་ཆེ་མཆོག་སོགས་དགོན་ཆེན་རེ་ལ་མཁན་ཆེན་རེ། དགོན་ཆུང་རེ་ལ་མཁན་ཆུང་རེ་སོགས་བརྟན་མཁས་ཀྱི་ཡོད་ཏན་དུ་མས་ཕྱུག་པ་མང་དུ་མཆིས་པ་དང་། མཁན་སློབ་ཀྱི་འབྲེལ་བ་ཡོད་ན་བློ་ཉེ་བ་མིན་ཟེར་བ་ནི་གད་མོའི་གཏམ་མོ། །༤་༽མ་ཟད་ཀཿཐོག་སྨོན་ལམ་སྐབས་འཇམ་སྤྲུལ་གྱིས་ཀཿཐོག་བླ་མ་རྒན་པ་རྣམས་དང་ཁྱད་པར་་དྲི་མེད་ཞིང་གིས་གང་བཤད་ལེགས་སོ་ཟེར་བ་ལས་བཀའ་ལ་གྱེན་ལྡོག་མ་བྱས་པ་དེ་ངའི་ཡོན་ཏན་ཡིན། གཞན་ང་ལ་ཤེས་རྒྱ་ཡོན་ཏན་གང་ཡང་མེད་གསུང་ཡོད་པ་མ་མཐོང་ངམ། སྨོན་ལམ་ཚིག་ཙམ་ཡང་ཡིན་སྲིད། སྙིང་ནས་བཏབ་པ་ཡང་ཡིན་སྲིད། སྨོན་ཞེས་པ་སེམས་ནས་དྲན་དགོས་པ་ཞིག་ཡིན་ན་ལྐོག་གྱུར་ལོས་ཡིན། འཇམ་སྤྲུལ་གྱི་སྨོན་ལམ་བཏབ་པར་ཁས་ལེན་མེད་མཁན་ཁྱོད་ཡིན་པ་ལས་གཞན་མེད་པས་རྟགས་གསལ་རང་ལ་བཏང་བ་ཡིན་པ་འདྲའོ། ། འཇམ་སྤྲུལ་གྱིས་ཁོ་རང་ལ་བློ་ཉེ་བའི་ཀཿཐོག་ལྷ་བཟོ་ཚུལ་ཁྲིམས་ཟེར་བ་ཞིག་ལ་བསྐུར་བའི་ཡི་གེར། བཤད་གྲྭ་ལ་རྨོག་ཚ་སོགས་རོགས་པ་བྱེད་མཁན་མང་། དགོན་པ་ལ་འགྲོ་སོང་སྦྱོར་མཁན་ཉུང་བས་ཐེ་ཝན་ནས་རོགས་པ་བྱེད་མཁན་ཞིག་ཨེ་ཐོག་ལྟ་རོགས་ཞེས་པའི་ཕྱག་བྲིས་དྲ་ཐོག་ཏུ་བཀོད་ཡོད་པར་གཟིགས་ན་ཀཿཐོག་ནང་ཁུལ་གྱི་བླ་མ་རྣམས་ཀྱི་སྐྱིད་སྡུག་སོ་སོ་ཡིན་པ་ཤེས་ཐུབ། མ་ཟད་འཇམ་དབྱངས་ཀྱི་སྤུན་ཆུང་བཀྲ་ཚེ་ཟེར་བ་ཞིག་དྲི་ཞིང་གིས་བལ་ཡུལ་ཏུ་བཏང་སྟེ། བྱ་བྲལ་དགོན་པར་སྡོད་བཅུག བལ་ཡུལ་གྱི་བོད་པའི་གནས་སྟངས་ཟླ་རེ་བཞིན་ཁོ་ལ་སྐྱེལ་དགོས་ཚུལ་བདེན་པ་ཡིན་ན་འཇམ་སྤྲུལ་དྲི་ཞིང་གི་བློ་ཉེ་་བ་མིན་ན་སུ་ཡིན། ༥་༽རྐྱེན་ཡིན་ན་བྱེད་པ་པོ་ཡིན་པས་ཁྱབ་མཐའ་ཁས་ལེན་ཚུལ་ལ་བལྟས་ན་རིགས་ལམ་ལ་སྤྱང་ཡོད་མདོག་མི་གདའ་བས་དེ་འདྲའི་རིགས་ལ་རྩོད་་པར་མི་བྱའོ། །མདོར་ན་ཨ་རིག་ལགས་ཀྱི་མཆན་འདིར་མ་གླེང་ཞེས་བཤད་མཁན་བྱུང་བས་གླེང་འདོད་མེད་ནའང་། རྡོ་རྗེའི་མཆན་གྱིས་རྐྱེན་བྱས་ཏེ་ཡི་གེ་འདི་འབྲི་ཤོར་སོང་། རྐྱེན་ཡིན་ན་བྱེད་པ་པོ་ཡིན་པའི་ཁས་ལེན་རྫིགས་མདོག་ཁ་བོ་ཞིག་ཁོང་གིས་གནང་ཡོད་པས། ཉེས་པ་གང་ཡོད་ཁོང་ལ་གསུང་རོགས་ཞུ། །༦་་ཀཿཐོག་གི་སྤྲུལ་སྐུ་རེ་ལ་སྐྱོན་རེ་ཡོད་པ་ཁོ་རང་ཚོའི་གཏམ་རེད། མི་བདེན་པར་བསམ་ན་ཀཿཐོག་ཡིན་ཟེར་མཁན་ཚོར་ཁྱོད་ཚོས་སྤྲུལ་སྐུ་ག་གེ་མོ་ཅི་ལྟར་ངོས་འཛིན་བྱས་པ་རེད་ཅེས་དྲིས་དང་། ལོ་རྒྱུས་བཤད་པའི་ཞོར་ཏུ་ཟུར་ཟ་དང་སྐྱོན་བརྗོད་ཅི་རིགས་པ་ཞིག་གླེང་ཡོང་ངེས། ཆོས་རྒྱུན་གཞན་ལས་ཀཿཐོག་དང་ཀརྨ་བཀའ་རྒྱུད་པའི་སྤྲུལ་སྐུ་ཚོ་འཐབ་རྩོད་ཆེ་བ་མངོན་གསལ་རེད། ལོ་རྒྱུས་ལ་ལྟོས་དང་ཤེས། །ངའི་བཤད་པ་དེ་དག་རྒྱ་ཡིག་ཏུ་ཡོད་ཚུལ་གོང་ཏུ་དྲ་བ་ཞིག་བཀོད་ཡོད་དེར་གཟིགས།
བློ་བཟང་ཆོས་གྲགས་ཁྱེད་ལ་གསལ་བཤད་ཅུང་ཙམ་ཞུ་ན། ངས་གོང་ནས་ཞུས་པ་བཞིན་སྤྲུལ་སྐུ་བྱས་རྗེས་ཕུད་པར་ངོ་རྒོལ་བྱེད་མཁན་ཞིག་དང་། ཀ༔ཐོག་པ་མིན་པར་ཁྱེད་རང་ཡིད་ཆེས་ཡོད་ནའང་འདྲ་མེད་ཀྱང་ཆོག་དངོས་ཡོད་ནི་དེ་རང་ཡིན། ངས་མཆན་ཆུང་ཞིག་ཤོར་བར་རྒྱུ་མཚན་ཡང་དག་མེད་པའི་ཐག་གཅོད་ཁ་ཤས་བྱས་འདུག་པར་གསལ་བཤད་བྱས་པ་ཡིན། ཁུར་ཡོད་མེད་ཀྱང་དེ་ལ་ཐུག་ཡོད། ཁྱེད་རིགས་ལམ་བྱང་བ་ཡིན་སྲིད་ཀྱང་། རིགས་པ་དང་མཐུན་པའི་ལན་ལས་གང་བྱུང་གི་རྫུན་བཤད་ཡ་ཡོད་མ་རེད། དཔེར་ན། ཁྱེད་ཀྱིས་༼རྐྱེན་ཡིན་ན་བྱེད་པ་པོ་ཡིན་པས་ཁྱབ་མཐའ་ཁས་ལེན་ཚུལ་ལ་བལྟས་ན་རིགས་ལམ་ལ་སྤྱང་ཡོད་མདོག་མི་གདའ་བས་དེ་འདྲའི་རིགས་ལ་རྩོད་་པར་མི་བྱའོ།༽ ཡང་། ༼རྐྱེན་ཡིན་ན་བྱེད་པ་པོ་ཡིན་པའི་ཁས་ལེན་རྫིགས་མདོག་ཁ་བོ་ཞིག་ཁོང་གིས་གནང་ཡོད་པས། ཉེས་པ་གང་ཡོད་ཁོང་ལ་གསུང་རོགས་ཞུ།༽ཞེས་གསུངས་འདུག སུས་རྐྱེན་ཡིན་ན་བྱེད་པོ་ཡིན་པར་ཁྱབ་མཐའ་ཁས་བླང་འདུག ཁྱེད་ཀྱིས་སྤྱན་ཆེ་ཙམ་བགྲད་དེ་གོང་གི་མཆན་འདི་དག་ལ་གཟིགས་དང་། གོང་དུ་དྲི་མེད་ལྷག་བསམ་གྱིས། ༼ནོར་ནི་ཕུང་ཁྲོལ་འབྱུང་བའི་གཞི་ཡིན་པས་འཁྲུགས་པའི་རྒྱུ་སྒོར་མོ་ལས་བྱུང་། རྐྱེན་སྤྲུལ་སྐུ་གསུམ་མཐར་སྐྲོད་ཀྱིས་སྦྱར། འབྲས་བུ་མི་བསད་ཁྲག་སྦྱོར་ཀྱི་བྱ་བ་བྱུང་ཟིན་པ་ཡིད་སྐྱོ་བའི་གནས་སོ།༽ ཞེས་གསུངས་འདུག་པར་ངས་དྲི་བ་འདི་དྲིས་པ་ཡིན། ༼ཁྱེད་ཀྱིས་འཁྲུགས་པའི་རྒྱུ་སྒོར་མོ་ལས་བྱུང་། རྐྱེན་སྤྲུལ་སྐུ་གསུམ་མཐར་སྤྲོད་ཀྱིས་སྦྱར། འབྲས་བུ་མི་བསད་ཁྲག་སྦྱོར་ཀྱི་བྱ་བ་བྱུང་ཟེར་བ་ལ་གཞིག་ཚེ་སྤྲུལ་སྐུ་གསུམ་མི་བསད་ཁྲག་སྦྱོར་གྱི་རྐྱེན་ཡིན་པར་གསུངས་འདུག་པས་དེ་གསུམ་གྱིས་མི་བསད་ཀྱི་རྐྱེན་ཇི་འདྲ་བྱས་པ་རེད་གསལ་བཤད་ཞིག་གནང་རོགས།༽ །ཞེས་ངས་དྲིས་པ་ཡིན། རིགས་ལམ་སྦྱང་མཁན་དངོས་གནས་ཡིན་ས་རེད། དྲི་བ་དང་ཁྱབ་མཐའ་གཉིས་སོ་སོར་མི་འབྱེད་མཁན་གྱི་རིགས་པའི་ཆུ་མཆོག་ལགས། རྫུན་མ་མ་བཤད་ལོ། ཡང་ཁོང་གིས།༼འཇམ་སྤྲུལ་གྱི་སྨོན་ལམ་བཏབ་པར་ཁས་ལེན་མེད་མཁན་ཁྱོད་ཡིན་པ་ལས་གཞན་མེད་པས་རྟགས་གསལ་རང་ལ་བཏང་བ་ཡིན་པ་འདྲའོ།༽།ཞེས་ཟེར་བ་ནི་ངས་འཇམ་སྤྲུལ་གྱིས་སྨོན་ལམ་མ་བཏབ་པར་སྒྲུབ་ཚེ་སྔ་རྒོལ་དེ་ཡང་སྨོན་ལམ་བཏབ་པར་འདོད་མཁན་ཞིག་དགོས་ཨི་རེད། དཔེར་ན། སྒྲ་མི་རྟག་པར་སྒྲུབ་ཚེ་སྔ་རྒོལ་དེའང་སྒྲ་མི་རྟག་པར་འདོད་མཁན་ཞིག་དགོས་རེད་པས།དེ་འདྲ་ཡིན་ན་སྨོན་མ་བཏབ་པ་དང་། སྒྲ་མི་རྟག་པར་སྒྲུབ་མི་དགོས་ཏེ་རྒོལ་བ་གཉིས་པོ་འདོད་པ་མཐུན་པས་སོ།། འདི་ལ་གཟིགས་དང་དངོས་གནས་རིགས་པ་སྨྲ་བ་རང་རེད་འདུག། ད་དུང་འཇམ་དབྱངས་ཀྱི་སྤུན་ཆུང་བཀྲ་ཚེ་ཟེར་བ་ཞིག་མེད་ཅིང་དེ་ཡང་ཧམ་རྫུན་རེད། འདུག་ན་དེ་ནས་བཟུང་ངས་ཁྱོད་ཀྱིས་ཅི་གསུངས་དང་ལེན་ཞུ་ངེས་ཡིན། རིགས་པ་སྨྲ་བས་རིགས་པ་དང་མཐུན་པའི་ལེན་འདེབས་དགོས་པ་ལས་ཧམ་རྫུན་གྱིས་ནག་མེད་ཉེས་འགེལ་བྱེད་པ་ནི་རྒྱ་དམར་གྱི་བྱེད་སྟངས་རང་རེད། ད་མང་པོ་བཤད་འདོད་མི་འདུག་ལ། དགོས་དོན་ཡང་མི་འདུག ཁྱེད་ཀྱིས་གོང་དུ་རྩོད་འདོད་མི་འདུག་གསུངས་པ་བཞིན་བདག་གིས་ཀྱང་དེ་དེ་བཞིན་ནོ་ཞུ་རྒྱུ་ཡིན།
རྡོ་རྗེ་ལགས། དེང་དུས་ཀཿཐོག་པ་ཁ་ཤས་རིགས་པ་ཁས་མི་ལེན་ཞིང་། དབྱུག་པ་ནན་གྱིས་བཙལ་ནས་མི་གསོད་ཁྲག་སྦྱོར་བྱེད་མཁན་ལགས་པས་རྡོ་ལ་རྗེ་བོ་བཏགས་ཀྱང་མི་ལ་བྱམས་པ་ཡོད་ཚོད་མི་གདའ། ཁྱོད་ཀྱིས་ཀྱང་རྨོག་སྤྲུལ་ལ་སྨོད་པའི་ཚིག་ཁ་ཤས་བྱུང་ཚུལ་ལ་གཞིག་ན་ཕྱོགས་ཞེན་གྱིས་མ་བསླད་ཅེས་སྨྲ་མི་ཤེས་པ་ཞིག་རེད། རྐྱེན་སྤྲུལ་སྐུ་གསུམ་གྱིས་བྱས་ཟེར་བ་དེ་ཕག་ཤ་རྙིང་པས་མཁྲིས་ནད་གསར་བ་བསླང་ཟེར་བ་ལྟར། ཕྱོགས་འགལ་ཇེ་ཆེར་སོང་བ་ལས་སྤྲུལ་སྐུ་གསུམ་བྱེད་པ་པོ་ཡིན་གསུངས་པ་མིན་པ་འདྲ། རྒྱུ་རྐྱེན་གྱི་དུས་ཡིན་ན། འབྲས་དུས་ཡིན་མི་དགོས་པ་རིགས་ལམ་པར་གྲགས་པའི་ཆོས་སྐད་ཅིག་རེད། སྤྲུལ་སྐུ་གསུམ་གྱིས་རྐྱེན་བྱས་འཁོན་འཛིན་སོགས་བྱུང་བ་ཡིན་ནའང་། མི་གསོད་པའི་སྐབས་སྔོན་གྱི་རྒྱུ་དུས་འགག་ཟིན་པས་ཕྱིར་ཐད་ཀར་འབྲེལ་བ་མེད་པ་འདྲ། མདོར་ན་ཁྱོད་ཀྱིས་འཇམ་དབྱངས་ཀྱི་སྤུན་ཆུང་བཀྲ་ཚེ་ཟེར་བ་ཞིག་མེད་ཅིང་དེ་ཡང་ཧམ་རྫུན་རེད། འདུག་ན་དེ་ནས་བཟུང་ངས་ཁྱོད་ཀྱིས་ཅི་གསུངས་དང་ལེན་ཞུ་ངེས་ཡིན། རིགས་པ་སྨྲ་བས་རིགས་པ་དང་མཐུན་པའི་ལེན་འདེབས་དགོས། ཟེས་བཤད་པ་འདིས་རྩོད་སྤོང་བྱས་འདུག་པར་ལན་ཞུ་ན། ནཻ་པལ་ཏུ་མཇམ་སྤྲུལ་གྱི་སྤུན་ཡིན་པར་ཁས་ལེན་མཁན་ཞིག་ཡོད་པ་གསལ་བོ་ཡིན། ལོ་སྔོན་མའི་སྤྱི་ཟླ་༧་༨་སྐོར་ཏུ་དྲི་ཞིང་ནཻ་པལ་དུ་ཡོད་སྐབས། བྱ་བྲལ་སྒྲུབ་སྡེ་ནས་ཡོང་བ་ཡིན་ཟེར་བའི་གྲྭ་བ་སྐྲ་རིང་། སོ་ཆག མིག་ཡོ། ལྟོ་ཆེ། གཟུགས་ཐུང་། མདོག་ནག་པ་སོགས་མི་སྡུག་པ་དགུ་དང་ལྡན་པ་ཞིག་སླེབས་སོང་། དྲི་ཞིང་ལ་བྱ་བྲལ་སངས་རྡོར་དགེ་རྩེ་ལ་ཐུགས་མི་མཉེས་ཚུལ། དགེ་རྩེ་བོད་གཞུང་གི་གསོས་ཁྱི་ཡིན་ཚུལ། རྒྱ་གར་ཏུ་དགོན་པ་རྒྱག་ཚེ་དགོན་བདག་ཀཿཐོག་རང་ནས་བྱུང་བ་ཞིག་ལས། མགོ་ལོག་དང་རྒྱ་རོང་ཉག་རོང་སོགས་ཀྱི་ཆོས་རྒྱུན་དུ་གྲགས་པ་ལ་བློ་གཏད་མི་རུང་ཚུལ། བོད་གཞུང་གི་གནས་ཚུལ་ག་གེ་མོ་མང་པོ་བཤད་བྱུང་། དྲི་ཞིང་ཅུང་ཟད་དགའ་བའི་ཟོལ་གྱིས་ཁྱོད་ལ་གནས་ཚུལ་ཅི་ཡོད་རིམ་པ་བཞིན་སྔར་བཞིན་འབྲེལ་བ་གྱིས་ཟེར། མི་དེ་སུ་ཡིན་ནམ་སྙམ་ནས་སྐད་ཆ་དྲིས་པས། ཁོ་རང་གིས་འཇང་མདའ་ནས་ཡིན། འཇམ་སྤྲུལ་གྱིས་སྤུན་ཟླ་ཡིན་ཟེར། བོད་ཏུ་ལོག་རྗེས་ཀཿཐོག་གི་གྲྭ་བ་འགའ་ཤས་ཡོད་པར་འཇམ་སྤྲུལ་དང་མི་དེའི་འབྲེལ་བ་དྲིས་པས། ཁོང་ཚོས། དངོས་གནས་རེད། འཇམ་སྤྲུལ་དང་མི་ཚང་གཅིག་ནས་ཡོང་བ་རེད་ཟེར། ཁོའི་སྐོར་ཟིན་ཐོ་ཞིག་བརྒྱབ་ཡོད་དེ་ཕ་ཡུལ་དུ་ལུས་སོང་། ད་ལྟ་རང་ཁ་པར་བརྒྱབ་ནས་ཁོའི་ལོ་རྒྱུས་དྲིས་པ་ཡིན། མིང་ལ་བཀྲ་ཤིས་དང་བསྐལ་བཀྲ་ཡང་འབོད་ཟེར། བསྐལ་བཟང་བཀྲ་ཤིས་ཡིན་ཡིན་པ་འདྲ། ལགས་སོ། །གནས་ཚུལ་ཞིབ་ཕྲ་དང་ཀཿཐོག་ལོ་རྒྱུས་ལ་རྒྱུས་མི་དམན་ཙམ་ཡོད་པས་ལན་དི་ལྡོན་པར་དཀའ་ངལ་ཆེན་པོ་རང་མེད། གནས་ཚུལ་ཞིབ་གསལ་གྱིས་ཐུགས་ཕན་ཡོང་བར་སྨོན།
དྲི་མེད་ལྷག་བསམ་ལགས། ཕེབས་ཤོག འདིར་ཁྱོད་ལ་རྒོལ་བ་དུ་མ་བྱུང་འདུག་པས། རིགས་པའི་མཚོན་ཆ་བསྣམས་ནས་ཕེབས་ཤོག། མཁས་དབང་ལགས། ངག་བཅད་མི་གནང་རོགས། སྤྱན་གྱིས་གཟིགས་རོགས། སྙན་རྩོམ་གྱི་སྦྲང་ཆར་འབེབས་བཞིན། ལོ་རྒྱུས་ཀྱི་འཇའ་ཚོན་སྤྲོ་བཞིན། རིགས་ལམ་གྱི་གློགས་ཞགས་འཁྱུགས་བཞིན། ཕེབས་ཤོག མཁས་དབང་ལགས། ཁྱོད་ནི་དྲ་ཐོག་གི་རྒྱན་ཡིན། ཐུགས་བསམ་དཀར་པོའི་འོ་ཇ་དང། བསླབ་བྱའི་བདུད་རྩི་འགྱེད་རོགས།
ཁྱེད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ད་ངའི་མཆན་དོན་གསལ་པོར་མཁྱེན་པ་འདྲ། སྤྲུལ་སྐུ་གསུམ་རྐྱེན་ཡིན་མིན་སྐོར་གྱི་དྲིས་ལན་ཡང་གསལ་པོ་འདུག་ངའི་དོག་གཞིའང་སེལ་སོང་། བཀྲ་ཚེ་ཟེར་བའི་འཇམ་དབྱངས་དང་ནང་མི་གཅིག་པའི་མགོ་གཉིས་པ་ཞིག་འདུག་ན་ངའི་དམ་བཅས་པ་དེ་ལག་བསྟར་བྱེད་ངེས་ལགས། སྤྱིར་ཕྱི་རྒྱལ་ཁབ་དང་ནང་མི་མང་། ཐ་ན་ཁྱིམ་ཚང་གཅིག་ཡིན་ནའང་ཕལ་ཆེར་ཆེ་ཆུང་ལ་མ་ལྟོས་པར་རྩོད་པ་ཡོད་དང་ཡོད་བཞིན་པ་རེད། ཡིན་ནའང་དེ་དག་གཅིག་གིས་གཅིག་ངན་སྨྲས་དང་། སྐྱོན་བརྗོད་ཁོ་ནས་འདུམ་འགྲིག་ཡོང་ཐབས་མེད་པར་ཞི་བའི་ལམ་ནས་གྲོས་མོལ་བྱེད་པ་དེང་དུས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་། མི་མང་དག་ལ་གཟིགས་དང་གསལ་གྱི་རེད། དེ་བཞིན་ཀ༔དགོན་ལའང་རྩོད་པ་དེ་འདྲ་ཡོད་ན་༧གོང་ས་མཆོག་གིས། ཁ་ཡི་རྨ་དེ་ཁ་ནང་ནས་སོས་དགོས་པ་བཞིན་མི་མཐུན་པ་དག་ཞི་བས་གྲོས་མོལ་གྱི་ལམ་ནས་སེལ་དགོས་རེད། །ཅེས་གསུངས་པ་བཞིན་བཟང་བར་སྙམ། རྨོག་ཚའི་སྐོར་ཅུང་ཟད་བཤད་དོན་ནི་ཁྱེད་ཀྱིས་ཁོང་མ་གཏོགས་གཞན་ཡོངས་རྫོགས་གདུག་འདྲེ་ནང་བཞིན་གསུངས་འདུག་པས་ཚིག་རེ་གཉིས་ཤོར་བ་ལས་རྨོག་ཚར་མི་དགའ་བས་རྩ་བ་ནས་མིན་ངེས་ལགས།
རྡོ་རྗེ་ལགས། སྤྲུལ་སྐུ་གསུམ་གྱིས་རྐྱེན་བྱས་ཞེས་པ་ངའི་སྐད་ཆ་ལས་པྲོས་པ་རེད། ངའི་འགྲེལ་སྟངས་དེ་རང་ཡིན། དྲི་མེད་ལྷག་བསམ་ལ་དགོངས་པ་གཞན་ཡང་ཡོད་སྲིད། དེ་ངས་ཁ་ཚོན་གཅོད་མི་ཐུབ། ༧གོང་ས་མཆོག་གིས། ཁ་ཡི་རྨ་དེ་ཁ་ནང་ནས་སོས་དགོས་པ་བཞིན་མི་མཐུན་པ་དག་ཞི་བས་གྲོས་མོལ་གྱི་ལམ་ནས་སེལ་དགོས་རེད། །ཅེས་པའི་ལུང་དྲང་པར་གུས་པ་ཡོད། འོན་ཀྱང་གྲོས་མོལ་བྱེད་པར་བདེན་རྫུན་གསལ་པོ་བཤད་དེ་ཤེས་སུ་འཇུག་དགོས། ༼ གྲོས་དང་མོལ་༽ཞེས་པའི་དོན་ལ་ཐུགས་བསམ་བཞེས་རོགས། བོད་ཀྱིས་བཤད་མི་རུང་ཞེས་བླ་མ་དང་སྐུ་ངོ་ཚོའི་སྐྱོན་སྦེད་རྐྱང་བྱས། ཅུང་ཟད་རེ་གླེང་པ་ཙམ་ལ་དགེ་སྐོས་དང་། མི་ཆེན་ཚོས་ཅད་པ་བཅད། ཡིད་ལ་བསམ་ཀྱང་ཁ་ནས་བརྗོད་མི་ཆོག་པ་ཞིག་བཟོས་ཏེ་མཐར། རང་གི་ས་ནས་རང་དབང་རྩོད་ས་མེད་པར་རྒྱལ་སྤྱིའི་ཁྲིམས་ཁང་དུ་སྐད་འབོད་བྱེད་རྒྱུར་ཐུག་པ་རེད། ཨབ་གྷ་ནི་སུ་ཋན་དང་། ཨེ་རཀ་སོགས་གཞན་ཡི་རོགས་རམ་འོག་བཅིང་གྲོལ་ཐོབ་པ་ལ་ཡང་བསམ་དགོས། དྲི་ཞིང་ལྟ་བུས་སུའི་ཁ་ལ་མི་ཉན་པར་ཕོ་སར་གཏུམ་པོ་ཤ་སྟག་ལ་སྐུ་སྲུང་གིས་མིང་བཏགས་སྟེ། རང་གིས་འདོད་པ་དང་ཅུང་ཟད་མ་མཐུན་ཚེ། རྡུང་རྐྱང་དང་གསོད་རྐྱང་བྱེད་པ་ཚོར་ཞི་མོལ་འདི་མཛའ་འམ་མི་མཛའ་ཞིབ་འཇུག་བྱེད་དགོས། ངས་ཀཿཐོག་གི་བླ་མ་གཞན་རྣམས་གདུག་འདྲེ་ནང་བཞིན་བཟོས་པ་མེད། ལྷག་པར་བློ་དགའ་ཉག་རོང་གི་རིགས་ཕྲག་དོག་ཆེ་ཞལ་རྩུབ་པོ་ཡོད་པ་ལས་མངོན་ལྐོག་གཉིས་ཀྱི་བྱ་བ་བྱེད་མཁན་རིགས་མ་རེད། མཁན་པོ་རྣམས་པར་གུས་པ་མེད་མཁན་སུ་ཡང་མེད། འཇམ་དབྱངས་རི་ཁའི་དར་ལྕོག་རེད། རླུང་གང་ཆེའི་ཕྱོགས་སུ་ཡོ་འགྲོ་རྒྱུ་རེད། ཉེ་་ཆར་གོ་ཐོས་ལྟར་ན། འཇམ་དབྱངས་ཀྱི་སྤུན་གྱི་མིང་ལ་སྐལ་བཀྲ་ཟེར། བློ་དགའ་དང་ཁོང་གཉིས་བྱ་བྲལ་གྱི་སྲས་མོའི་ཆེད་ཏུ་མི་མངོན་པའི་འཐབ་རྩོད་ལན་མང་བྱེད་མྱོང་ཟེར། བདེན་པ་ཡིན་མིན་དཔྱད་དགོས། དགེ་རྩེ་སྐལ་བཀྲ་གཉིས་དགྲ་ནག་པོ་རེད། སྐལ་བཀྲས་དགེ་རྩེ་དང་རྨོག་སྤྲུལ་ལ་སྐྱོན་བརྗོད་བྱས་པ་མཆོད་རྟེན་བྱ་རུང་ཁ་ཤོར་ནས་བལ་ཡུལ་ཡང་ལེ་ཤོད་ཚུན་ཚད་དུ་ཡོངས་གྲགས་རེད། རྒྱབ་ལོག་ཏུ་འཇམ་སྤྲུལ་ཡོད་མེད་མི་ཤེས། སྐལ་བཀྲས་བྱ་བྲལ་གྱིས་ངོས་ལེན་གནང་པའི་གཙང་པ་གྲུབ་ཆེན་གྱི་སྲས་དགེ་རྩེའི་ཡང་སྲིད་དེ་ལས། ད་ལྟའི་མགོ་ལོག་དགེ་རྩེ་རྒད་པོ་ཡར་ལོག་ཡོན་ཏན་གང་ཡང་མེད་པ། ཁ་རྟོགས་ལྡན། དོན་ཁྲམ་པ། ངོས་འཛིན་འདི་ཡིན་མེད་པ། ཀཿཐོག་པ་འུར་ལང་ནས་ཁྲི་འདོད་བྱས་པ་དེ་ནམ་ཡང་ཁས་ལེན་བྱེད་མི་ཐུབ་ཅེས། རྟ་ཞོན་ལ་ལང་སྟེ་བཤད། རྐང་ཐང་ལ་བསྡད་དེ་བཤད། དགེ་རྩེ་ངོས་འཛིན་དང་ཕྱིར་ཕུད་སྤྲུལ་སྐུ་གསུམ་ངོས་འཛིན་བྱེད་སྟངས་སྒོ་ཀུན་ནས་ཆ་འདྲ་བ་ཡིན་པས་དཀར་ནག་གི་དབྱེ་བ་འབྱེད་མི་ཐུབ་ཟེར། རྡོ་རྗེ་ལགས། ཀཿཐོག་པའི་ནང་ཁུལ་ཞི་འཇམ་ཡོང་པ་ལ་ཆིངས་པ་ཡག་པོ་ཞིག་ཐོབ་དགོས། བྱ་བྲལ་སངས་རྡོར་དང་། ངག་སྤྲུལ་སངས་ཚེ་གཉིས་ལ་ཆོས་རྒྱུན་ནང་ཏུ་བརྩི་མཐོང་མི་སྐྱོན་ཙམ་ཡོད། སྔོན་ནང་ཁུལ་ནས་ཞི་ཐབས་དང་ཐག་གཅོད་མང་པོ་བྱས་ཟིན་ཏེ། ཚིག་དོན་ལ་གནས་མཁན་མི་འདུག གཙོ་བོ་ཆུ་བོ་མགོ་ནས་གཙོག་པས་རེད། ཆེན་པོ་རྣམས་ལ་གྲྭ་བས་ཁྲིམས་འཇོག་ས་མི་འདུག ཐོབ་དང་དབང་ཐང་མེད་མཁན་གྱི་གཏམ་སུ་ཞིག་གིས་ཁུར་རྒྱུ་རེད། སུ་ཞིག་གིས་ཞི་འཇམ་ཐུབ་རྒྱུ་རེད། ཐབས་ཅི་་ལ་བརྟེན་དགོས། ༧རྨོག་ཞིང་་རྩོད་པ། བློ་དྲིའི་རྩོད་པ། དགེ་རྩེའི་རྩོད་པ། སྤྲུལ་སྐུ་གསུམ་རྩོད་པ། མགོ་ཉག་རྩོད་པ། སེར་སྔགས་རྩོད་པ། དགོན་དང་བཤད་གྲྭའི་རྩོད་པ། གདན་ས་དང་ཉིན་དགོན་རྩོད་པ། མ་དགོན་དང་དགོན་ལག་རྩོད་པ། ད་དུང་དགོན་ལག་དང་དགོན་ལག་བར་གྱི་རྩོད་པ་སོགས་་་་་་་། སུ་ཞིག་གིས་སེལ། འདི་དག་ཞི་འཇམ་བྱུང་བའི་ཐབས་འཇུས་གསལ་བོ་དང་། བླ་མ་ཡག་པོ་ཡོད་ན་ངས་དེ་ལ་གཏན་ཏུ་གུས་པ་ཞུ་རྒྱུ། མཆོད་པ་པུལ་རྒྱུ། དེ་འདྲ་རེ་ཡོང་བར་གསོལ་བ་འདེབས་སོ། །
བཀྲིས་གང་ཞིག་རྒྱལ་དང་དེ་སྲས་ཀྱིས།།
བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་།།
ཕུན་ཀུན་གྱི་འབྱུང་གནས་ལུང་རྟོགས་བསྟན།།
ས་གསུམ་སྐྱེ་བོ་ཀུན་གྱི་མཛེས་གྱུར་ཅིག།
རྡོ་རྗེ་ལགས། བདེན་པ་ནི་བཤད་ན་མི་རུང་ཟེར། ཁ་མཆུ་ནི་ནང་ནས་ཞི་དགོས་ཟེར། ཐབས་ཤེས་ནི་སྒྲིག་གཞི་ལྡན་པ་གང་ཡང་བཤད་རྒྱུ་མི་འདུག འདི་འདྲའི་ངང་ལ་དབང་ཆེན་རྣམས་བཙན་པོ་ཁྲིམས་མེད་དུ་བཏང་ནས། འགྲུབ་པར་གྱུར་ཅིག་སྙམ་པའི་སྨོན་པ་རེ་བྱས་ནས་ཤི་ན་ལེགས་དགོངས་སམ། །
བློ་བཟང་པོ་ལགས། གལ་སྲིད་ཁྱེད་ཀྱི་གསུངས་པ་བཞིན་རྩོད་པ་དེ་འདྲ་ཡོད་ན། ངས་བཤད་མི་རུང་ཞུ་བ་མིན། བདེན་པ་ཡོད་ན་རྒྱུ་མཚན་དང་ལྡན་པས་ནང་ཁུལ་ནས་བཤད་དགོས་པ་ལས། གྲོང་བར་གྱི་རྒན་མོ་དག་གི་ཁ་རྩོད་ལྟ་བུ་ངན་སྨྲྲས་དང་སྐྱོན་བརྗོད་ཁོ་ནས་ཕན་པ་ཡོད་མ་རེད་ཟེར་གྱི་ཡོད། བཤད་ཡུལ་ཀྱང་ཕྱི་རྒྱལ་ཁབ་ཀྱི་མི་སྣ་དང་། ནང་ཆོས་ལུགས་པ། མི་རིགས་གཅིག་པའི་སྐྱ་སེར་དག་གི་ནང་དུ་གཟུ་བོ་ཡང་དག་མེད་པར་མི་སྲིད་པས་ཕན་ཚུན་བསམ་ཤེས་ལྡན་པས་དེ་དག་གི་མདུན་ནས་བཤད་ན་བཟང་བར་སྙམ། ཕྱིའི་གནོད་ཤུགས་ཀྱིས་ནང་ཞི་འཇམ་གཏོང་མི་ཐུབ་པར་ཨི་རག་དང་། ཨབ་གྷན། ལིམ་པེ་ཡ་སོགས་ལ་གཟིགས་དང་གསལ་གྱི་རེད།
རྡོ་རྗེ་ལགས། ཉིད་ཀྱིས་ཞི་འཇག་གི་བཀའ་སློབ་གནང་བར་དངོས་གནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་དེང་སང་བདེན་པ་ལས་རྫུན་པ་རྒྱལ། དྲང་པོ་ལས་གཡོ་རྒྱུ་འགྲོ་ཆེ་བ་སྙིགས་མའི་རང་མཚན་སྟེ་སྒྱུར་དཀའ་བ་ཞིག་རེད། མ་ཟད་ཆོས་བརྒྱད་ཆོས་སུ་སྨྲ་བ་དང་། བསྟན་དགོན་བཙན་དབང་གིས་འཛིན་དགོས་ཟེར་མཁན་ཚོར་བདེན་པ་བཤད་ན་ཉན་ཚོད་མ་རེད། མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་ནང་ཆེན་བགྲོ་གླེང་སྐབས་གནང་བའི་གསུང་བཤད་དུ། སྟོན་པའི་བཀའ་མདོ་རྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་ནོར་བ་རེད་ཅེས་སྨྲས་ན་དེ་ལོག་ལྟ་རེད། ང་ཚོས་རིགས་པ་དང་མཐུན་པའི་རྩོད་པ་བྱེད་ཆོག འོན་ཀྱང་། དགོན་སྡེ་དང་། བླ་བྲང་དང་། བླ་མ་སོགས་ཀྱི་མཛད་པ་གནང་ཚུལ་ཀུན་སྤྱོད་ལ་ནོར་འཁྲུལ་འདུག་ཟེར་ན་ང་ཚོས་ངོས་ལེན་དགོས། སྐྱོན་བརྗོད་བྱེད་ཆོག སྐྱོན་བརྗོད་བྱས་སྟེ་ནོར་བ་བཅོས་ཐུབ་པ་གལ་ཆེན་རེད་གསུངས་འདུག ངེད་གཉིས་ཀྱིས་བཤད་པའི་ཀཿཐོག་སྙོག་དྲྭ་དེ་དངོས་ཡོད་ཞིག་རེད། སོ་སོའི་གོ་བར་མི་མཐུན་ས་རེ་གཉིས་ཡོད་མོད་རྩ་བ་གཅིག་རེད། འོན་ཀྱང་ངེད་གཉིས་ཀ་སྙོག་དྲྭའི་ནང་དུ་མེད་པས་མིས་བཤད་པ་ཁོ་ན་དབང་བཙན་བྱ་རྒྱུ་ལས་འོས་མེད། འདིར་ཡོད་པའི་ཀཿ་ཐོག་པའི་བླ་གྲྭ་ཚོ་ལྐོག་ནས་འབག་འབུག་བཤད་རྒྱུ་དགའ་ཞིག་རྫོགས་རྒྱུ་མེད་པ། མངོན་ཏུ་སྨྲོས་བྱས་ན་ཕྱིར་འཐེན་བྱེད་མཁན་ཤ་སྟག་རེད། ཉིད་ཀྱིས་དགོངས་ན། མི་སུ་ཞིག་དང་། ཐབས་ཅི་འདྲ། བརྒྱུད་རིམ་ག་འདྲ་ཞིག་ལ་བརྟེན་ནས་ཀཿཐོག་ཞི་འཇག་ཡོང་ཐབས་བྱེད་དགོས། ཀཿཐོག་གི་བླ་ན་སངས་རྒྱས་ཚེ་རིང་གིས་བཀྲ་ལེགས་དགོན་པའི་ནང་འཁྲུགས་བཤད་པ་སླར་ལོག་བྱས་ནས་བཟུང་ཀ་མཆུ་མི་བཤད་གསུངས། མཁན་པོ་ཨ་བསོ་ནི་འཛིན་སྐྱོང་གི་བྱ་བ་རྩོད་སྙོག་གི་ནང་དུ་མི་འཛུལ། བྱ་བྲལ་ལོ་མཐོ་ཐག་རིང་། ཨ་ཆུག་དགུང་ལོ་བགྲེས་སྙུན་གཞི་ཆེ། ད་ནང་ན་ཀུན་ཀྱིས་བཀུར་བ་ཞིག་སུ་ལྷག་འདུག རྒྱལ་བ་རིན་པོའི་བཀའ་ལ་ནི་ཞིང་སྐྱོང་གིས་མི་ཉན། ཀརྨ་པས་ནི་རང་གི་ཕྱོགས་ཀྱང་འགྲིགས་ཐབས་མི་ཡོང་། ས་སྐྱ་བདག་ཆེན་གྱིས་ནི་འཛིན་སྐྱོང་ལ་བཀའ་མི་གནང་། ཁྲི་ཆེན་ཀུན་ཀྱིས་བཀུར་ནའང་༧གོང་ས་མཆོག་གི་བཞེད་པ་ལས་དྲི་ཞིང་ལ་མི་བསྟུན། དགའ་ལྡན་ཁྲི་བར་ནི་ཀཿཐོག་པས་དུག་བཞིན་འཛེམ། ཆོས་རྒྱུན་གཞན་ན་སུ་ཞིག་ལྷག་འདུག ཨ་རི་ཁ་བྲལ་ཕྱོགས་ཁག་གི་རྒྱབ་སྐྱོར་རེད། རྒྱ་གར་ནི་མགོ་བདེ། རྒྱ་ནག་ནི་དྲི་ཞིང་གི་མཛུབ་མོ་གར་བསྟན་རེད། འབྲུག་པ་ནི་བོད་མིར་སྡང་། ནཻ་པལ་ནི་སྙོག་འཛིང་ཀཿ་ཐོག་ནང བཞིན་རེད། རྒྱལ་ཁབ་སུ་ཞིག་ལ་སྐྱབས་བཅོལ། ང་ཀཿཐོག་ལ་བསམ་པ་དཀར་མཁན་ཞིག་ཡིན། རེ་བ་བྱེད་མཁན་ཞིག་ཡིན། ཡག་པོ་ཡོང་ན་དགའ་མཁན་ཞིག་ཡིན། ངའི་སྤུན་ཟླ་ཚོའི་མདུན་ལམ་དེ་དམ་ཉམས་ཁྲིམས་རལ་གྱི་ར་བ་ཞིག་ཏུ་མི་བསྐྱོད་པའི་རེ་བ་ཡོད། ངའི་སྤུན་ཟླ་དབང་ཆེན་བཙན་པོ་ཚོས་མཛུབ་མོ་གར་བསྟན་མི་བྱེད་པར་སྨོན། ངའི་སྤུན་ཚོ་རང་དབང་མེད་པའི་ཁྲོད་ཏུ་མི་གནས་པར་སྨོན། ངའི་སྤུན་ཟླ་ཚོ་མཐའ་མི་མངོན་པའི་རྩོད་སྙོག་གི་མུན་ལམ་དུ་མི་འཇུག་པར་སྨོན། ངའི་ཟླ་སྤུན་ཚོ་རྫུན་པའི་རྒྱབ་སྐྱོར་ཏུ་མི་ཚེ་གཏོང་བ་ལས་ལས་ངན་ཚབ་ཆེན་མ་བྱུང་གོང་ཏུ་ཤི་ན་དགའ། ངས་ནི་སྐྱོན་བརྗོད་བྱས་ཏེ་བོད་རྒྱ་ཆེའི་མི་མང་གིས་ཤེས་སུ་འཇུག་འདོད། བོད་འདི་ན་བློ་གཟུ་བོར་གནས་པ་ཞིག་ཡོད་ཚེ་ཀཿཐོག་དགོན་པ་གཟིགས་རོགས། བསམ་དཀར་རེ་གཉིས་ཀྱིས་མ་བསྐུལ་དྭངས་བླང་གིས་རྩོད་པ་ཞི་ཐབས་ཨེ་གནང་ལྟ་རྒྱུ་ལས། ང་ལ་ཐབས་ཟད་སོང་། ང་མགོ་རྨོངས་སོང་། ཡིད་ཆད་སྐྱེས་བྱུང་། གསུང་དང་། རྡོ་རྗེ་ལགས།
བློ་བཟང་ཆོས་གྲགས་ལ་གསལ་བཤད་ཞིག་ཞུ་འདོད་བྱུང།
ཀཿབསྟན་ལ་ལྷག་བསམ་རྣམ་དག་ཡིན་ན་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་གནས་ཚུལ་འདི་དག་བརྟགས་དཔྱད་དང་ཞུབ་འཇུག་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་རེད།ཁུང་མ་འཁྱོལ་བ་སྤྱི་ཚོགས་ནང་དཀྲོགས་གཏམ་དང་ལེགས་སྤེལ་ཉེས་འགོག་བྱས་ན་ཡག་པོ་མི་འདུག། མཁན་པོ་མིང་བརྗོད་འདོད་མེད་པར་ལ་གཟིགས་ན་དྲང་བདེན་ཡང་མི་འདུག། བདེན་པ་ཡིན་ན་དོགས་པ་དང་རྣམ་རྟོག་དགོས་ཀྱི་མ་རེད།ཕྱི་གསལ་ནང་གསལ་དགོས་ན་དངོས་མིང་བཤད་ན་ཡག་པོ་འདུག། གནས་ཚུལ་འདི་གསལ་བཤད་དགོས་དོན་མི་འདུག་ཏེ་སྤྱི་ཚོགས་ནང་མགོ་རྨོངས་བཅུག་ན་ཡག་པོ་མ་རེད། ཞིང་སྐྱོང་དང་བློ་དགའ་གཉིས་ལ་འགྲན་སེམས་དང་མཐོ་གོ་ས་རྩོད་རྒྱུ་དུས་ནམ་ཡང་མེད། ཀཿཐོག་གསེར་ཁྲི་དང་པོ་ཞིང་སྐྱོང་།སྤྲུལ་སྐུ་བློ་དགའ་མཁན་པོ་འབྱོར་ལྡན་གྱི་སྐྱེ་སྤྲུལ་རེ་ཁོང་གཉིས་སྔར་ཕྱིར་བར་གསུམ་ལ་རྩོད་པ་གང་ཡང་རྒྱབ་མྱོང་མེད། ད་ལྟའི་སྐབས་ཞིང་སྐྱོང་གི་བཅུ་ཕྲག་རིག་པའི་སློབ་གླིངལྷ་ཁང་དང་གྲྭ་ཤག་སྟོང་གསུམ་ཙམ་བཞེངས་སྐྲུན་བྱེད་བཞིན་པ་རེད །སྤྲུལ་བློ་དགའ་གི་གཞུང་གྲྭ་ལྷ་ཁང་ཆེན་པོ་ཞིག་གསར་བཞེངས་བྱེད་ཀྱི་ཡོད་པས་འོག་ཁང་
བཞེངས་ཚར།ཡིན་ན་ཡང་།སྟབས་མ་ལེགས་པར་ཞིག་ལ་སྤྱི་ལོ་༢༠༡༠ཟླ༦ཡིན་མིན་ཙམ་ལ་སྤྲུལ་བློ་དགའ་ཉེ་རིང་ལི་ཐང་བླ་མ་ཐུབ་དགའ་དང་ཉག་རོང་འབྱུང་ཁུང་དགོན་གྲྭ་བསྟན་བསྟན་གཉིས་ལྷ་ཁང་གསར་བཞེངས་གྱི་
མགན་ཁུར་གཙོ་བོར་ཁོང་གཉིས་རེ་ལྷ་ཁང་གི་ཤིང་ཆ་ས་གནས་ནས་ཡོང་དགོས་དུས། དཔོན་ལྷུང་ས་གནས་ནས་ཤིང་ཆ་བཅོད་སྐབས།ཧོར་པོ་ཀུན་དགའ་གྲོང་ནས་ཡིན་པས་དཔལ་ཡུལ་རྫོང་གི་རྫོང་དཔོན་ཟུར་པ་གི་བུ་བདེ་ཆེན་ནོར་བུ་ཟེར་བས་ལ་ལ་གི་ལུག་ཀྲུག་ཟེར་རྒྱ་མི་ལས་བྱེད་ཤིང་སྲུང་ཡིན་པས་ཤིང་ཆ་ཁྱེར་ཆོག་དང་མི་ཆོག་གི་ཕན་ཚུན་ཁ་རྩོད་ཤོར་འདུག། རྗེས་སུ་ལམ་འགག་ཞིག་ལ་ཕན་ཚུན་མོ་ཏྲ་གདོང་ཐུག་བྱུང་སྐབས་སྔར་ནས་མཁོན་འཛིན་ཡོད་པས་རྐྱེན་ཕན་ཚུན་ཁ་རྩོད་ཕྲན་བུ་སྟེང་བློ་བུར་དུ་ཤིང་སྲུང་ལས་བྱེད་གི་མེ་མདའ་རྒྱབ་ནས་བླ་མ་ཐུབ་དགའ་དང་བསྟན་བསྟན་གཉིས་བསད་འདུག། དེ་རྗེས་བསྟན་བསྟན་ཕ་ཡུལ་ནས་ཉེ་རིང་དང་སྤྲུལ་བློ་དགའ་དགོན་སེར་སྐྱ་མོ་ཏྲ་གཉིས་ཀཿཐོག་ལ་བལྟ་མཁན་དང་ཕོང་པོ་བདག་པོ་བྱེད་སྐབས་མི་རེ་ཟུང་ལུག་ཀྲུག་ཁྱིམ་ལ་ཡོད་མེད་རྩད་གཅོད་བྱེད་ཚེ་ཁོང་ཚོ་ཚང་མ་རི་ལ་བྲོས་བྱོལ་འགྲོ་ཚར་རྗེས་དཔལ་ཡུལ་སྤྱི་བདེ་ཅུས་གི་ལུག་ཀྲུག་རྒྱབ་དུ་ལོག་ནས་བླ་མ་གྲྭ་པ་འདུག་མ་ཐུབ་ན་ཟེར་བས་དྲག་གནོན་བྱེད་ཚེ་ཁོང་ཚོ་གི་ཁང་པ་མེ་བསྲེག་བཏང་ཡོད་འདུག། དེ་རྗེས་སྤྲུལ་བློ་དགའ་ཕེབ་ནས་ཁང་པ་མེ་བསྲེག་བཏང་རྒྱུ་ནོར་འཁྲུལ་རེ་གསུང་བས་ཡུལ་མི་རྣམས་ལ་བཀའ་བཀྱོན་གནང་འདུག།གནས་ཚུལ་འདི་རང་གི་ཐག་བཅོད་བྱེད་རྒྱུ་ཡིན།མི་སུ་གང་གི་རང་གཞན་གཉིས་ཕུང་གི་བྱ་བ་བྱེད་མི་ཆོག་ཅེས་བཀའ་ཕེབ་འདུག།སེར་སྐྱ་རྣམས་ཕྱིར་ལོག་བྱེད་སྐབས་ཨ་བསེ་བཞི་མདོ་ལ་ཆར་ཤུགས་ཆེ་བས་དབང་གི་མོ་ཏྲ་འགྱེལ་ནས་་ནོར་བུ་བཟང་པོ་ པདྨ་ནོར་བུ་ སངས་རྒྱས་ སྐལ་བཟང་ནོར་བུ་ ཕུན་ཚོགས་ རྡོ་རྗེ་བཅས་མི་དྲུག་རྐྱེན་ལམ་ཤོར་ཡོད་འདུག།དངོས་ཡོད་གནས་ཚུལ་རྟོགས་པའི་ཐོག་ནས་ཡོངས་དགོས་པ་ཡིན་སྟབས་གནས་ཚུལ་ཅི་འདྲ་ཞིག་ཡིན་པ་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཞིང་སྐྱོང་དང་བློ་དགའ་གཉིས་གི་འཁྲུགས་རྩོད་གང་ཡང་མ་རེད།གནས་ཚུལ་འདི་ཞིབ་ཕྲ་དགོས་ན་ལི་ཐང་བླ་མ་་ཐུབ་དགའ་གི་སྤུན་བློ་བཟང་ཉི་མ་ད་ལྟ་རྡ་རམ་ས་ལ་བཞུགས་ཡོད་པ་རེད།ཉག་རོང་མགོ་ལོག་འཁྲུགས་རྩོད་ཟེར་བ་དེ་བས་ཀྱང་མི་བདེན།འདས་པའི་ལོ་བཅོ་ལྔ་གོང་ལ་མཁན་ཚུལ་ཁྲིམས་མཐར་ཕྱིན་བཞུགས་སྐབས་ཉག་རོང་མཚོན་ཁ་དགོན་གྲྭ་གནས་སྐྱབས་དང་མགོ་ལོག་སྤྲུལ་རྫུན་བློ་བཟང་རྒྱ་མཚོ་གཉིས་འཁྲུགས་པ་རྒྱབ་ནས་ཀཿཐོག་དགོན་ནས་ཕྱིན་ཕུད་བཏངས་ཡོད།མགོ་ཉག་གཉིས་ཡོངས་རྫོགས་མ་རེད།རེ་ཟུང་ཡོད་སྲིད་པ་རེད་གནས་ཚུལ་འདི་ཁ་གསལ་དགོས་ན་རྡ་རམ་ས་ལ་སྔགས་པ་གྲྭ་ཚང་ནང་སྤྲུལ་རྫུན་བློ་བཟང་རྒྱ་མཚོ་མཁན་འཇིགས་མེད་ཕུན་ཚོགས་གི་འདས་མཆོད་ལ་ཁ་གཡར་ནས་སྒོར་མོ་འདྲ་ལོན་ཐབས་བྱེད་ནས་གནས་ཡོད་དེ་ལ་འབྲེལ་བར་གྱིས།
ཁ་བརྡ་དྲ་རྒྱ་འདི་ནང་ཆོས་སྲིད་གཉིས་དོན་མ་རྟོགས་པའི་གྲྭ་ལོག་རང་གཞུང་དང་རང་དགོན་བཅས་ལ་སྐྱོན་བརྗོད་བྱེད་མི་ཞབས་འདྲེན་པ་རྣམས་རྒྱ་ཆེར་མང་ཚོགས་རྣམས་པ་ཡིད་གཟབ་གནང་རོག་ཞུ།།
རྡོ་རྗེ་ལགས། ངས་བློ་ཆོས་ཁྱོད་གཉིས་ཀྱི་ལན་ལ་བལྟས་ཏེ་དཔྱད་པ་ཕྲན་བུ་ཞིག་བྱས་པ་ཡིན། ཐག་བཅད་པ་གཏན་ནས་མེད། མ་གཞི་གནས་ཚུལ་འདི་ལ་ང་རང་ལ་རྒྱུས་ཆེན་པོ་མེད་པས་ཐག་གཅོད་ཀྱང་མི་འོས། མ་ཟད་འདི་འདྲའི་འཁྲུགས་རྩོད་མི་འབྱུང་བར་སྨོན་ལམ་བྱ་མཁན་ཞིག་ལགས། དཔྱད་པ་རིགས་པ་དང་མཐུན་མིན་གླེང་སློང་བྱ་ཆོག་པ་ཞིག་ལགས་མོད། ས་ག་ཟླ་བ་འདིར་བལྟ་མཁན་རྣམས་ཀྱིས་སེམས་དཀྲུགས་ན་མི་འདོད་པས་རེ་ཞིག་ལན་ལྡོན་པར་མི་བྱའོ། ། རྡོ་རྗེ་ལགས། ཁྱོད་ལ་གསུང་རྒྱུ་ཡོད་ན་བཤད་མི་ཆོག་པ་མིན་ཡང་། ས་ཟླ་འདིར་བོད་མི་མང་པོ་གསོག་སྤྱོང་གི་ལས་ལ་བརྩོད་པའི་དུས་ལགས་པས། ངག་འཆལ་གི་ལས་ལ་མི་འཇུག་པར་གསོལ་བ་འདེབས། །
མིང་ནོར་སོང་། དགོངས་དག་ཞུ། བློ་བཟང་ཆོས་གྲགས་ལགས། ཁྱོད་ལ་བདེན་པའི་གཏམ་གསུང་རྒྱུ་ཡོད་ན་བཤད་མི་ཆོག་པ་ཞུ་བ་མིན་ཡང་། ས་ཟླ་འདིར་བོད་མི་མང་པོ་གསོག་སྤྱོང་གི་ལས་ལ་བརྩོད་པའི་དུས་ལགས་པས། ངག་འཆལ་གི་ལས་ལ་མི་འཇུག་པར་གསོལ་བ་འདེབས།
བློ་བཟང་ཕྱི་ཡི་ཐབས་ལ་རེ་བ་དང་། །རྡོ་རྗེས་ནང་གི་ཐབས་ལ་རེ་བ་ཡི། །ཐབས་ལམ་གཉིས་པོ་སོ་སོར་ཡིན་གྱུར་ཀྱང་། །རེ་བའི་ཕུག་བསམ་སྤུན་ཟླའི་མདུན་ལམ་གཅིག
།རེ་བའི་འབྲས་བུ་གཞི་གཅིག་སྨིན་གྱུར་ནས། །ཆགས་སྡང་དུག་ལྔའི་རྟོག་ཚོགས་རབ་ཞི་ཞིང་། །ཕན་ཚུལ་དག་སྣང་འོ་ཆུ་གཅིག་འབྲས་ཏེ། །བསྟན་འགྲོར་སྨན་པའི་དོན་ཆེན་འགྲུབ་པར་ཤོག །འདི་ན་དོན་མེད་མཆན་ཚིག་ཤོར་བ་ཡིས། །བརྗོད་བྱ་དོན་དང་བརྗོད་བྱེད་ཚིག་དག་གིས། །ཐུགས་ལ་གནོད་པའི་ལས་ངན་བསགས་ཡོད་ན། །མཁྱེན་དཔྱོད་ལྡན་པ་དག་གི་སྤྱན་སྔར་འཆགས།།
དྲི་མེད་ལྷག་བསམ་ཁྱེད་ཀྱི་གསུངས་དེ་ལ་བདག་གིས་ཀྱང་དེ་དེ་བཞིན་ནོ་ཞུ་རྒྱུ་ཡིན་ལགས།
རྩོད་པ་མ་ལུས་ཞི་བ་ངས་ཀྱང་སྨོན་ལམ་ཡིན། མཁས་དབང་དམ་པ་དྲི་མེད་ལྷག་བསམ་གྱི་བཀའ་སློབ་བཞིན། ཟླ་བ་འདི་ལ་ལུས་ངག་གི་སྒོ་སྡོམ་ཨེ་ཐུབ་བལྟ་རྒྱུ། རྡོ་རྗེ་ལགས་དང་། དྲི་མེད་ལགས་སོགས་དྲྭ་གྲོགས་ཚང་མའི་ཆོས་སྤྱོད་དགེ་ཚོགས་དབྱར་མཚོ་ལྟར་འཔེལ་བའི་སྨོན་ལམ་ཞུ།
དེང་རབས་གི་བླ་མ་དེ་ཚོའི་དང་པོ་ངོས་ལེན་གྱི་བཀའ་ཤོག་ཆེ་ཐག་ཆོད་ཞིག་གིས་ཐོག་ལ་ཐམ་ཀ་ཡང་ཆེ་ཆོད་ཞིག་རྒྱབ་ནས་དེ་ ས་ཕྱིས་སུ་རང་ལ་ཁེ་ཕན་མེད་པ་འམ། ཡང་ན་རང་གི་བཀའ་དང་ལེན་མ་བྱས་ཚེ་ཁོ་རྫུན་མ་རེད་ལ་སོགས་སྐྱོན་འཛུགས་བྱེད་པ་འདི་རང་མཆུ་རང་གི་སྡོམ་པ་འམ་རང་གི་རང་ལ་སྐྱོན་འཛུགས་བྱེད་པ་མ་རེད་དམ?
དེང་རབས་ཀྱི་བླ་མ་དེ་ཚོའི་དང་པོ་ངོས་ལེན་གྱི་བཀའ་ཤོག་ཆེ་ཐག་ཆོད་ཞིག་གིས་ཐོག་ལ་ཐམ་ཀ་ཡང་ཆེ་ཆོད་ཞིག་རྒྱབ་ནས་དེ་ ནས་ཕྱིས་སུ་རང་ལ་ཁེ་ཕན་མེད་པ་འམ། ཡང་ན་རང་གི་བཀའ་དང་ལེན་མ་བྱས་ཚེ་ཁོ་རྫུན་མ་རེད་ལ་སོགས་སྐྱོན་འཛུགས་བྱེད་པ་འདི་རང་མཆུ་རང་གི་སྡོམ་པ་འམ་རང་གི་རང་ལ་སྐྱོན་འཛུགས་བྱེད་པ་མ་རེད་དམ?
བླ་མའི་དུས་རབ་རྫོགས་ལ་ཉེ་བས་འགྲེལ་བརྗོད་གང་ཡང་མ་གནང་ཞུ།
Voa དང་Rfa གཉིས་ཀྱི་ལས་བྱེད་པ་རྣམས་ལ་ཞུ་རྒྱུ།
ཁྱེད་རྣམས་ཀྱིས་དུས་རྟག་ཏུ་རྗེས་ལུས་ཀྱི་གསར་འབྱོར་དང་། ལོ་ངོ་བཅུ་ཕྲག་སོང་ཡང་ཡར་རྒྱས་མེད་པའི་དྲ་རྒྱ་དེའི་ངོས་ལ་བལྟས་དུས་བོད་མི་རིགས་ལ་མགོ་རྨོངས་སུ་ཞུགས་པའི་ལས་དོན་དེ་རིགས་ལ་འགྱུར་བ་ངེས་པར་དུ་གཏོང་རོག་གནང་ཞེས་རེ་འབོད་ཞུ་གི་ཡིན།
ཁྱེད་ཚོས་ཤེས་ཡོན་དང་། ཁྱེད་ཚོས་དམ་བཅས་པའི་གསར་འགོད་ཁང་དེར་ཞུགས་ཟིན་པ་དང་སྒེར་དོན་དང་པོ་ལ་བཞག་སྟེ་རྗེས་ལུས་གསར་འབྱོར་རྙིང་པ་དེ་ཚོ་དང་། འགྱུར་བ་མེད་པའི་དྲ་རྒྱ་ངོས་གནས་ཚུར་རྙིང་པ་དེ་རྣམས་ཁྲལ་ལྟ་བུ་མ་བཞག་པ་ཡར་རྒྱས་དང་།་གང་ལགས་ཞེ་ན། ཁྱེད་ཚོས་ཡར་རྒྱས་གཏང་འདོདོ་ན་ཁྱོད་ཀྱིས་འགྲོ་སོང་གཏང་མི་དགོས་པ་ངས་ཤེས་ཀྱི་ཡོད།
ཁྱེད་ཚོས་རང་དོན་ཁོ་ནར་མ་ཡིན་པ་དུས་ཚོད་ཅུང་ཙམ་གཏང་ན་ཅི་མི་ལེགས། མུ་མཐུད་ཞུ་གི་ཡིན།