( རྒད་པོ་ཟ་ལེ་རྒྱལ་ལགས་སུ་བརྩེ་ལན་དུ་སྤྲིངས། )
ཤར་ཕྱོགས་ཁུག་རྟ།
ཨ་པ་ཟ་ལེ་ཡི་བླ་མ་ཀུན་མཁྱེན་དང་།།
ཅང་མེད་བདག་མེད་ཀྱི་ཤར་ཕྱོགས་ཁུག་རྟ་གཉིས།།
ལྟོ་དང་གཏམ་གྲགས་ལ་ཁྱད་པར་ཡོད་ན་ལས།།
ཞི་མོ་གཡབ་པ་འདི་ཨ་ན་མ་ན་ཡིན།།
འཛམ་གླིང་ཀུན་པོ་ལ་གྲགས་པའི་ཀརྨ་དང་།།
རྡ་སའི་རི་ཁུགས་སུ་མ་གྲགས་ཁུག་རྟ་གཉིས།།
གཞུང་ལུགས་ཆེན་པོ་ལ་ཁྱད་པར་ཡོད་ན་ལས།།
བཅད་མ་བྲིས་དང་ན་ཨ་ན་མ་ན་ཡིན།།
འབྲས་སྤུངས་གྲྭ་ཚང་གི་སྒམ་པོ་ཀུན་སྤྲུལ་དང་།།
རེབ་གོང་རིག་འབྱུང་གི་ཞི་ལུ་ཁུག་རྟ་གཉིས།།
འཁོར་དང་ཞབས་ཞུ་ལ་ཁྱད་པར་ཡོད་ན་ལས།།
ཕོ་ཉམས་བློ་ཁོག་དེ་ཨ་ན་མ་ན་ཡིན།།
ཡོངས་འཛིན་དགའ་ཁྲི་ཡི་སྤྲུལ་བ་འདུལ་འཛིན་དང་།།
ཆོ་མེད་མདོ་མེད་ཀྱི་ཤར་ཕྱོགས་ཁུག་རྟ་གཉིས།།
རང་སེམས་དུལ་བ་ལ་ཁྱད་པར་ཡོད་ན་ལས།།
ཁ་ལྕེ་དག་མོ་དེ་ཨ་ན་མ་ན་ཡིན།།
མི་རྒན་རྒས་འཁོག་གི་རྣམ་དཔྱོད་དར་ས་དང་།།
ཤར་ཁུག་དར་མ་ཡི་རིག་པ་འདོན་ས་གཉིས།།
ལོ་ཡི་ཉམས་མྱོང་ལ་ཁྱད་པར་ཡོད་ན་ལས།།
ནུས་པ་འདོན་ས་དེ་ཨ་ན་མ་ན་ཡིན།།
གྲོས་ཚོགས་རྭ་བ་ཡི་རྐུབ་སྟེགས་གནོན་མཁན་དང་།།
འཁྱམ་པོ་ལྡོམ་པོ་ཡི་ཤར་ཕྱོགས་ཁུག་རྟ་གཉིས།།
དཔོན་པོའི་རྫིག་ཉམས་ལ་ཁྱད་པར་ཡོད་ན་ལས།།
ལས་དོན་བྱས་པ་དེ་ཨ་ན་མ་ན་ཡིན།།
འབུམ་རམས་བཀའ་ཁྲི་དེ་བློ་བཟང་སེང་གེ་དང་།།
གྲྭ་ལོག་བདག་མེད་དེ་བློ་བཟང་ཆོས་འབྱོར་གཉིས།།
དཔོན་དང་མངའ་ཐང་ལ་ཁྱད་པར་ཡོད་ན་ལས།།
ཕ་སྐད་ཕ་ཡིག་ལ་ཨ་ན་མ་ན་ཡིན།།
མི་ཡུལ་ལུང་པ་ནས་རྒ་ནས་སྒུར་བ་དང་།།
གསར་དུ་གསར་ཞུགས་ཀྱི་ཤར་ཕྱོགས་ཁུག་གཉིས།།
གསར་རྙིང་ཡིན་མིན་ལ་ཁྱད་པར་ཡོད་ན་ལས།།
བཙན་བྱོལ་ལོ་རྒྱུས་ལ་ཨ་ན་མ་ན་ཡིན།།
མཐོན་པོའི་ཁྲི་ཁ་ནས་སྡོད་པའི་དཔོན་པོ་དང་།།
གྲལ་གྱི་མཐའ་མདོ་ན་འཁྱམ་པའི་ཁུག་རྟ་གཉིས།།
མཐོ་དང་དམའ་མིན་ལ་ཁྱད་པར་ཡོད་ན་ལས།།
རྒྱ་མིའི་མིག་ནང་དུ་ཨ་ན་མ་ན་ཡིན།།
བྱ་བཏང་རི་ཁྲོད་ལ་སྡོད་པའི་སྒོམ་ཆེན་དང་།།
གླ་ཆ་ཆུང་ཙག་ལ་བརྟེན་པའི་ཁུག་རྟ་གཉིས།།
ལས་ཀའི་བྱེད་ལས་ཁྱད་པར་ཡོད་ན་ལས།།
བསྟན་སྲིད་སྲི་ཞུ་དེ་ཨ་ན་མ་ན་ཡིན།།
ནུབ་ཕྱོགས་ཟ་ལེ་དང་ཤར་ཕྱོགས་ཁུག་རྟ་གཉིས།།
ཕྱི་བསྐྱོད་མཐོང་ཆེན་ལ་ཁྱད་པར་མེད་ནའང་།།
དབྱིན་མོའི་སྟུ་ཁ་ནས་མི་ཚེ་རྫོགས་མིན་ལས།།
ཨམ་ཕྲུག་ཡིན་པ་དེ་ཨ་ན་མ་ན་ཡིན།།
མཐའ་འཁོབ་རྒད་པོ་ཡི་ལོ་རྒན་དྲུག་བཅུ་དང་།།
གསར་རྒོད་ཁུག་རྟ་ཡི་ཕོ་ལོ་ཉི་ཤུ་གཉིས།།
གཞུང་ལ་སྦྱངས་མིན་གྱི་གྲངས་ཀ་ཡོད་ན་ལས།།
ཡི་གེ་བྲིས་པ་དེ་ཨ་ན་མ་ན་ཡིན།།
སྤྱི་བོའི་བདེ་ཆེན་གྱི་མཁས་དབང་ཟམ་གདོང་དང་།།
བླུན་པོ་བློ་ཁོག་ཅན་ཤར་ཕྱོགས་ཁུག་རྟ་གཉིས།།
བྲིས་པའི་ཟབ་ཚད་ལ་ཁྱད་པར་ཡོད་ན་ལས།།
ཤར་མར་འབྲི་བ་དེ་ཨ་ན་མ་ན་ཡིན།།
ཨ་ན་མ་ན་ཡི་རྩ་འདི་མ་ཚང་ན།།
ཟ་ལེ་རྒད་པོ་སོགས་རང་ང་འདར་དོན་མེད།།
བླ་རྒན་ནང་ལྡང་སོགས་རང་ང་ཁྲོས་དོན་མེད།།
ཤར་ཕྱོགས་ཁུག་རྟ་ང་རང་ང་འགྱིང་དོན་མེད།།
ཤར་ཕྱོགས་ཁུག་རྟ་འདི་གང་གི་ཕོ་ཉ་རེད།
ཁུག་རྟའི་གཤོག་རླབས་འདི་གང་གི་སྒྱུ་རྩལ་རེད།
ངག་གི་གྲེ་འགྱུར་འདི་སུ་ཡི་གདམས་ངག་རེད།
འཕུར་རོགས་ཁུ་བྱུག་དང་འཇོལ་མོ་སུ་དག་ཡོད།
རང་དབང་འཕུར་ལྡིང་གི་རོལ་རྩེད་ཅི་ཙམ་ཞིག་ཡོད།
ཤར་ཕྱོགས་ཁུག་རྟ་ལ་གསེག་ཅིག་དྲིས་ཡོད།
སྤྲུལ་བ་དགུ་ལྡན་གྱི་དགེ་ཆོས་སྨྱོན་པ་ལ།།
ཤར་ཕྱོགས་ཁུག་རྟ་ཞེས་ཡང་སྲིད་ཐོལ་བ་ཞིག།
རྒོད་པོ་ཤ་ཟན་གྱི་རྣམ་ཤེས་སྐྱག་ཟན་ཚོར།།
བྱ་བྱེའུ་འབའ་འབུ་ཡི་སྣང་བ་མཐོན་པོ་ཞིག།
ཨ་མདོའི་དགེ་ཆོས་ཀྱི་ཀླད་པའི་རྒྱ་ཁྱོན་ན།།
རྒོད་པོ་གཤོག་ཐོགས་ཀྱི་འཕུར་ལམ་བཅོ་བརྒྱད་ཡོད།།
བྱ་བྱེའུ་འབའ་འབུ་ཚོའི་མགོ་ལྐོགས་སྐམ་པོ་ན།།
ཀ་ཁ་མ་ཤེས་བའི་སྡུག་བསྔལ་བཅུ་དགུ་ཡོད།
རྡ་སའི་པ་པོ་ཚོས་རང་རང་བཀྱགས་ནའང་།།
མི་རོ་གསོན་པོ་ཡི་ལྗིད་ཚད་ཤེས་ནི་རེད།།
མགོ་ལྐོགས་སྐམ་པོ་ལ་ནང་སྙིང་མེད་ནའང་།།
ཁ་རྒྱགས་རྫིག་པོ་ཞིག་ཡོད་པ་གསལ་ནི་རེད།།
རང་གིས་རང་ཉིད་ལ་ཡིད་ཆེས་མ་རྙེད་པས།།
ཅིག་ཅིག་ཉིག་ཉིག་གི་རྣམ་ཤེས་ཡིན་ཚུལ་བཤད།།
སྲན་མ་བཏབ་ཤུལ་ནས་གྲོ་ནས་སྐྱེས་བ་འདི།།
ཨ་ཁུ་འབྲོག་པ་ལ་ད་དུང་དོགས་པ་ཡིན།།
གྲྭ་ས་བླ་བྲང་སོགས་ཆོས་ཀྱི་གདན་ས་ནས།།
བུམ་པ་སྟོང་བ་ཞིག་བརྩད་དེ་ངར་རབས་ཟེར།།
ཀླད་པ་སྟོང་བ་དང་བུམ་པ་སྟོང་བ་གཉིས།།
རྒད་པོ་གསལ་ལེ་ངས་བལྟས་ན་གཅིག་པ་རེད།།
རྒད་པོ་གསལ་ལེ་ལ་ཁ་རྒྱགས་ཆེ་བ་འདི།།
འབྲོག་པའི་རྩྭ་ཐང་ནས་མ་སྦྱངས་ཤེས་བ་ན།།
རྟོག་པ་རང་གྲོལ་གྱི་རིགས་སུ་འདུ་བ་ལས།།
ཡང་སྲིད་གླེན་པ་ཚོས་བསྟན་ནས་རྟོགས་པ་མིན།།
དགེ་འདུན་ཆོས་འཕེལ་ལགས་སྐྱེས་བ་སྔ་དྲགས་ནས།།
རྒད་པོ་གསལ་ལེ་ང་སྐྱེས་བ་འཕྱི་དྲགས་ནས།།
ཁ་བརྡ་ངོ་མ་ཞིག་བྱེད་བསྐལ་མ་བྱུང་ཡང་།།
སྐྲ་ཡི་སྤྲུལ་བ་ཚོར་འགྲོགས་ཀྱང་བསོ་མོ་རེད།།
ཤར་ཕྱོགས་ཁུག་རྟ་འདི་ཀརྨའི་ཕོ་ཉ་ཡིན། །རླུང་རྟ་གང་བཟང་ལ་ལག་བརྡ་བྱེད་མཁན་ཡིན། །བདེན་པའི་་རྒྱབ་སྐྱོར་ཀྱི་ཁ་མཁས་མང་པོ་མེད། །རྩྭ་རྩེ་རླུང་ཁྱེར་དེ་ཨ་ན་མ་ན་ཡིན། །བསྟན་སྲིད་སྲི་ཞུ་ཞིག་ཐུབ་ན་བཟང་མོད་དེ། །བསྟན་ལ་ཕྱོགས་རིས་ཤིག་གནང་ན་མཁས་པ་མིན། །བསྟན་རྩ་འདུལ་བ་ལ་རྡོག་པས་རྒྱག་ཞོར་ཏུ། །བསྟན་དོན་ཁ་ཁྱེར་ཚོ་་ཨ་ན་མ་ན་ཡིན། །ཤར་ཕྱོགས་རེབ་གོང་དེ་རིག་པའི་འབྱུང་གནས་ཡིན། །གཞུང་ལུགས་འཆད་རྩོམས་ལ་གྲུབ་པ་ཐོབ་པ་ཡིན། །བྱས་པར་དྲིན་ལན་ལ་ལོག་མཇལ་བྱེད་མཁན་ཡིན། །མི་ངན་ཁ་མཁས་ཚོ་ཨ་ན་མ་ན་ཡིན། །ཁ་དོན་མི་མཚུངས་པའི་གཏམ་ལ་ཡིད་སྐྱོ་ནས། །ཁ་བརྡའི་དྲ་བར་འདིར་དྲི་མ་བཏང་བ་ཡིས། །དྲ་བདག་རབ་གསལ་ལ་མ་གནོད་སྐུ་ཚེ་རིང་། །རེབ་གོང་མི་ལ་ཡང་བཟང་ངན་སྣ་ཚོགས་འབྱུང་། །
ཨ་རོ། བློ་བཟང་ཆོས་འབྱོར། ཁ་ཁ་རོགས་སུ་སྡོད་མ་གཏོགས། ཀུན་མཁྱེན་བླ་མ་ལ་ཁྱོད་ཀྱིས་དོན་མེད་ཅིག་གླེང་ཁུལ་མ་བྱེད་ན་ཡག་གོ།
རྒད་པོ་གསལ་ལེ་རྒྱལ་ཟེར་བ་སུ་ཞིག་རེད།
རྒས་ཀྱང་རིག་གསལ་ཞིག་ཡིན་ནོ་ཁོ་ཐག་རེད།
ཁ་མཚར་འདོགས་ར་ལ་དགའ་ནོ་ཤེས་གི་འདུག
མཐོ་རྒྱག་དམའ་རྒྱག་འདི་ཨ་མདོའི་ཁྱད་ཆོས་ཤིག
རྐང་སྣམ་འདོམས་ཅན་རེ་གོན་ཡོད་མི་ཤེས་ཏེ།
སྐད་ཆ་མདོ་མེད་ཅིག་མ་རེད་ཟེར་ན་ཆོག
ཁུག་རྟ་འཕུར་སྟངས་ཀྱི་གཤོག་རྩལ་མཚར་ལུགས་དང།
རྒད་པོ་གསལ་ལེ་ཡི་ཁ་ལྕེ་བདེ་ལུགས་འདིས།
ང་ལ་ངལ་གསོ་ཡི་བར་གསེང་ཐེངས་གཅིག་བྱིན།
ཤར་ཕྱོགས་ཁུགས་རྟ་ལ་ཁ་ཕོ་ཆེ་ནའང་།།
ཁ་བཤད་དོན་གནས་ཀྱི་བྱ་བཞག་མི་འགྲུབ་ཀི
གསར་བུ་གསལ་ལེ་རྒྱལ་གསེབ་ལས་མཁས་ཚུལ་དེ།།
སུ་དང་གང་ཡིན་གྱིས་ཕལ་ཆེར་ཤེས་ཚོད་རེད།།
ལུགས་སྲོལ་མི་གཅིག་དང་ལབ་སྲོལ་མི་གཅིག་པའི།།
ཡུལ་ལུང་གེ་མོ་ན་བཞུགས་ནོ་གསལ་ལེ་རེད།།
ཆབ་སྲིད་ཟློས་གར་ལ་ཞབས་ཏོག་ཆེར་བསྒྲུབ་མཁན།།
གར་མཁན་ཤར་ཕྱོགས་ཀྱི་ཁུགས་རྟ་ཡ་མེད་རེད།།
ད་འདི་ཚོས་བསམ་བཟོས་ནས་ཀྱག་ཀྱག་བྱེད་ཀི་ཡོད་ས་རེད།
མཐོ་དམན་གང་ལ་འདྲེན་པའི་ཁུག་རྟ་ཡི་མིང་ཅན། །
རང་ཉིད་མིང་དེ་གང་སར་གྲགས་པ་ཞྀག་བཟོས་ན །
བྱེད་སྟངས་འདི་ནི་ཐབས་ལམ་ཡག་ཤོས་ཤིག་ཏུ་ཅི་མི་རྩི། །
དེས་ན་ད་དུང་མཐོ་པོའི་གོ་སར་འདྲེན་པར་གྱིས།།
ཤར་ཕྱོགས་ཁུག་རྟ་འདིའི་ངག་གི་ཁུག་སོ་ནས།།
ཚིག་བཅད་སྙན་མོ་ནི་རང་ང་ཤུ་རུ་རུ།།
གསར་བུ་ཟ་ལེ་རྒྱ་འགྲན་ཡ་ཡོང་གི་ཞེས།།
ཨ་མདོ་ཨ་ཁུ་ངས་ཐེ་མོ་བསྟན་དང་ནས།།
གསར་བུ་ཟ་ལེ་རྒྱ་རང་ང་ངར་དང་ནོ།།
གྲྭ་རྒོད་གསར་བ་ཚོའི་མཇེ་མགོ་ལངས་པ་འདྲ།།
དེ་རིང་དྲ་ནང་ལ་སྙན་ངག་ཁས་ཤོག་དང་།།
བོད་ཀྱི་ངག་རིག་གི་འགྲན་ཟླ་བསླངས་པ་འདྲ།།
དྲ་གྲོགས་དོན་ལྡན་འགའ་བཅས་ཕེབས་འདུག་པ་དགའ་བསུ་ཞུ།
ཡང་གྲོགས་ཟ་ལེ་རྒྱལ་ལགས་སུ་ཅིག་བྲིས་ཡོད།
བྱ་རྒྱལ་ཁྱུང་ཆེན་གྱི་གཤོག་ཟུང་རྒས་ས་ན།།
ཁཱ་ཏ་འུག་པ་ཡི་མགོ་བོ་མཐོ་ཚུལ་འདི།།
བྲག་དམར་ཐེམ་པ་ལ་བྱང་བའི་ཁུག་རྟ་ངས།།
འཕུར་ཐེངས་གཅིག་གིས་རང་དུམ་སེ་གཅོད་ན་ཐང་།།
རང་གི་གྲོད་ཁོག་གི་གྲོག་རོང་འགྲིམ་ཞོར་དུ།།
དབྱིན་མོའི་སྟུ་ཁ་ནས་མི་ཚེ་བསྐྱལ་མཁན་ཚོས།།
ཚོད་མེད་ཁ་རྒྱག་གི་ཚིག་རེ་ཐལ་བ་འདི།།
རིགས་ཀྱི་ཀ་བ་ངས་གཏན་དུ་ནོན་ན་ཐང་།།
ནུབ་ཕྱོགས་མཐའ་འཁོབ་ནས་མགོ་ཡོམ་འཁོར་འཁོར་པ།།
མི་འདོད་ལས་བྲེལ་གྱིས་བྲན་ལ་བཀོལ་བཀོལ་པ།།
དེ་རིང་ཁུག་རྟ་ལ་ལྟ་ལོག་བྱེད་པ་འདི།།
དམྱལ་བའི་གཏིང་རྡོ་ལ་བརྡབ་སྤྱད་ཡིན་ན་ཐང་།། ཧཧཧཧ
ཤར་ཕྱོགས་ཁུག་རྟས་ཨ་ན་མ་ན་རེད་ཟེར་ན།།
ཁྱེད་ཀྱི་ཨ་མའི་བུ་ཞེས་ཡིད་བཞིན་ནོར་བུ་ལ་སྨྲས་པ།།
ཨ་ཚོགས་ཀླུ་ཡིས་ཨ་མདོའི་བླ་རྒན་ལ་བོས་པ།།
ཡག་བཙོག་གང་ཡིན་ཨ་ན་མ་ར་རང་ཡིན་པས།།
ཆབ་སྲིད་ཞབས་ཏོག་སྒྲུབ་རྒྱུ་མཚམས་འཇོག་ཅིག་བྱ་རོགས།།
ཨ་ན་མ་ན་ཡར་མར་བཅོ་བརྒྱབ་ཅིག་བཤད་པ།། ཁྱེད་ཀྱང་༧གོང་ས་མཆོག་གི་ཁྲི་ཐོག་ལ་འགྲོ་ངེས།། ཞལ་བ་ཞལ་ལག་སྤྱོད་པ་ཨ་མ་མ་ན།། རྒྱག་ན་བཙོག་པ་གཏོང་བ་ཨ་ན་མ་ན།། ཨ་ན་མ་ན་རྩི་རྒྱུ་མང་དྲག་ན།། རང་གིས་རང་ངོ་མི་ཤེས་པར་ཉེན་ཁ་ཡོད་དོ
གསར་བུ་ཟ་ལེ་རྒྱལ་ལ། །
ཁ་ལྕེ་བདེ་མོ་ཡོད་པས། །
ཤར་ཕྱོགས་ཁུག་རྟ་ཁྱེད་ཀྱིས། །
ཁ་ཡ་ཡོང་རྒྱུ་དཀའ་པྰ། །
ཤར་ཕྱོགས་ཁུག་རྟ་འདིའི་ཁོག་རྒྱ་ཆེ་ཚུལ་ལ།།
དགེ་ཆོས་སྨྱོན་པ་ཡི་ཡང་སྲིད་ཡིན་པ་འདྲ།།
ཚིག་སྦྱོར་ཁ་ཤས་ལ་ཨུ་ཚུགས་རྒྱག་ཚུལ་ལ།།
ཨ་ན་མ་ན་ཞིག་ད་དུང་མིན་པ་འདྲ།།
བློ་བཟང་ཐོག་ལ་ཆོས་འབྱོར་ཞིག།
རྩ་བའི་བླ་མའི་ཐུགས་སྨོན་རེད།།
དགེ་ཤུན་ཤུལ་ན་རྐང་སྣམ་ཞིག།
རྐང་བ་གསུམ་པའི་རེ་བ་རེད།།
དགེ་ཆོས་ཀྱི་སྐྲ་ཡི་སྤྲུལ་བ་འདིའི།།
རྐང་བ་གཉིས་རླིག་པའི་གླ་བ་རེད།།
ལག་པ་གཉིས་ལབ་ཀྱི་དྲུང་ཡིག་རེད།།
༧གོང་ས་མཆོག་གྲོད་པའི་སྦྱི་བདག་རེད།།
གཉན་ལག་བྱོས། སྦྱིན་བདག་གི་སྦྱིན་ལ་རྗེས་འཇུག་བྲིས་མི་འདུག
ཤར་ཕྱོགས་ཁུག་རྟ་ལ་ཆ་རྒྱུས་མེད་ནའང།
སྙན་རྩོམ་མང་པོ་ཞིག་བློ་ལ་འབབ་གི་ཡོད།
ཨ་ན་མ་ན་ཡང་བློ་ལ་འཐད་སོང་བའི།
གྲོགས་པོ་ཁྱེད་ལ་རྒྱབ་སྐྱོར་གཙང་མ་ཡོད།།
༧གོང་ས་མཆོག་ཟོས་ནས་གོན་དང་ནོ།།
ས་སྣེ་ལེན་ཁང་ནས་འགོ་བཙུགས་འདུག
ད་གཟུགས་འགོར་ལངས་ནོས་འགྲོ་ནོ་འདི།།
བྱམས་སྙིང་རྗེ་ཅན་གྱི་སྐུ་དྲིན་ཡིན།།
འདི་རུས་པ་ཅན་ལ་རི་མོ་ཡིན།།
ཡུལ་མཐའ་འཁོབ་རྣམས་ནས་ཕྱིར་འཁོར་ཡོད།།
མགོ་གངས་སྐྱིད་གཤོངས་ལ་གཏད་བསྡད་ཡོད།།
ཁྱེད་ཟ་ལེའི་རུས་པ་སྨུག་གདུང་ཡིན།།
དེའི་ནང་གི་མགར་གྱི་མི་རབས་ཡིན།།
བོད་མཐའ་མཚམས་དགྲ་བཞི་འདུལ་ནི་ཡིན།།
བོད་ཆེན་པོའི་ལྕགས་རིའི་ཨམ་ཕྲུག་ཡིན།།
ཕ་རྒྱ་སྟག་འདྲ་བོ་འཁྲུངས་ཤུལ་ན།།
བུ་ཟ་ལེ་འདྲ་བོའི་དུས་ཚོད་ལ།།
ཡུལ་མཐའ་འཁོབ་གདན་ལ་བཏིང་དང་ནས།།
མ་དབྱིན་མོའི་རྙ་མ་གོན་དང་ནས།།
ད་མི་རྟག་འཆི་བ་སྒུག་ནོ་འདི།།
བུ་ངན་པ་ཁྱེད་དང་འུ་གཉིས་ཀྱི།།
བོད་ཟས་པའི་ཟས་རིན་ངོ་མ་དང་།།
མགོན་བཀུར་བའི་བཀུར་སྟངས་ཡིན་པས་ན།།
ངའི་རྒ་བའི་གྲོགས་ཁྱེད་དགྱེས་དགྱེས་མཛོད།།
ཧཧཧཧཧ
ལྷ་མོ་དོན་གྲུབ་ལགས་ཀྱི་དྲི་བ་དང་པོར་ལན་དུ།
ཤར་ཕྱོགས་ཁུག་རྟ་ང་སུས་ཀྱང་ཕོ་ཉ་མིན།།
ཡར་ལ་མ་མཐུན་ནོ་མར་ནས་མ་བསྡད་ནོ།།
ཅིག་གི་ཕོ་ཉ་ཞིག་ཉན་ཚོད་མི་འདུག་གོ།
ཁུག་རྟའི་གཤོག་རླབས་ལ་སྒྱུ་རྩལ་སྲིད་དོགས་མེད།།
གལ་སྲིད་ཕར་བཏགས་ཀྱིས་སྣང་བ་འཁྲུལ་སོང་ན།།
ལུག་རྫིའི་ལ་གཞས་དང་ཡུལ་གྱི་བྱིན་རླབས་ཡིན།།
གྲེ་འགྱུར་སྙན་མོ་ཞིག་ཡོད་ཀི་འདོད་ས་མེད།།
ཡིན་ཡང་དགེ་མཐོང་སོགས་བསད་ནས་གཏུབ་དང་ནོ།།
ཨ་ཁུ་ལྷ་མོ་ཁྱོས་གཞན་ལ་མ་བཤད་རོགས།།
འཕུར་རོགས་འཇོལ་མོ་དང་ཁུ་བྱུག་ཡོད་ཀྱི་ན།།
ཕྱོགས་ཁག་འཕུར་ས་ནས་སྒུར་ཏེ་འདུག་དོན་མེད།།
འོན་ཏེ་བྱ་བྱེའུ་འགའ་མཐའ་ལ་འཁོར་མོད་ཀྱང་།།
རིག་པའི་འཕུར་གྲོགས་ཤིག་ད་དུང་ཡོང་རེ་མེད།།
ཧཧཧཧ
ཤར་ཕྱོགས་ཁུག་རྟ་འདི་དྲིན་ལན་ཤེས་མཁན་རེད། །ལྷག་བསམ་རྒད་པོ་ཡི་ཁ་ངན་བཟོད་པར་གསོལ། །ཟ་ལེ་གདུང་རིགས་ཀྱི་འདོད་པ་བུ་ཞིག་རེད། །ཨ་མ་རྒན་མོ་ལ་དྲིན་ལན་མཇལ་མཁན་རེད། །དགྲ་བཞི་འདུལ་མཁན་ཞིག་ཡིན་ན་བོད་ལ་མཁོ། །ཕུ་ནུར་སྨོད་མཁན་ཞིག་ལགས་ན་མེད་ཀྱང་ཆོག །ཁ་མཁས་གཅིག་པོ་ཡིས་མི་ཚད་དོན་ཡངདགོས། །ཁུག་རྟའི་འགྱུར་ཁུག་གིས་སྟད་མོ་སྟོན་རྒྱུ་གྱིས། །
ཤར་ཕྱོགས་ཁུག་རྟས་འབྲི་རྩལ་མདའ་ཡིན།།
ཤར་ཕྱོགས་ཁུག་རྟས་རིག་པ་ཐོག་ཡིན།།
གསལ་ལེ་རྒད་པོ་རྫོགས་རྒྱུ་ད་ཡིན།།
ཟླ་བྷེའི་སྙིང་ནད་དྭངས་རྒྱུ་ད་ཡིན།།
ཨ་ལ རྩེད་མོ་རྩེད་ནས་
གསལ་ལེ་ཁུག་རྟ་གཉིས་སེམས་ཡིད་ཆེ་ཡོད་རྗེས་མ་ནས་འདིའི་ཚབ་དཔྱད་རྩོམ་སྤེལ་བར་སྒུག་ནས་ཡོད།
རྒད་པོ་ཟ་ལེ་ཡིས་དཔྱད་རྩོམ་མི་འཁྱོང་ནོ།།
དྲ་གྲོགས་པ་མགོ་ཁྱོས་ད་དུང་མ་ཤེས་ཟིག།
དཔྱད་རྩོམ་རང་ང་ལ་ཐོན་རྒྱུ་མེད་ནོ་དེས།།
དེང་སང་རྡ་ས་ན་ཟོག་རྫུ་མང་ནིའི་ཁར།།
ཚིག་བཅད་ཁྱ་ཁྱོག་རེ་འབྲི་མཁན་མང་ནོ་འདི།།
ཡ་གའི་ཕུགས་ཤིག་ན་ཚར་ནས་སྡོད་རྟགས་རེད།།
ཚིག་བཅད་ཐ་ཐུང་རེ་བྲིས་ནས་རྒས་སོང་ན།།
སྙན་ངག་མཁན་པོ་རུ་རློམ་པའི་ཨམ་རྟགས་འདི།།
རྡ་རམ་ས་ལ་ནས་བསྒྱུར་ཐབས་མ་ཡོད་དུས།།
གངས་ཅན་བོད་ཡུལ་ནས་ད་དུང་དཀའ་ས་རེད།།
ཆབ་སྲིད་གར་མཁན་ཚོ་མཁས་པར་བརྫུས་བརྫུས་ནས།།
ལོ་ངོ་ཁ་ཤས་ཤིག་ཕར་ལ་དེད་ན་ཡང་།།
དེ་རིང་སང་ཉིན་གྱི་རྡ་རམ་ས་ལ་ན།།
པགས་པ་བཤུས་དང་ནོའི་ཟོག་རྫུ་ཇེ་མང་རེད།།
གོས་དཀར་ཟླ་བྷེ་ཡི་གཟན་དཀར་བཤུས་དང་ནོ།།
ཨ་པ་ཟ་ལེ་ལ་རྟོགས་པ་མཐོ་རྟགས་རེད།།
ཤར་ཕྱོགས་ཁུག་རྟ་ཡི་འཕུར་རྗེས་མ་ཆོད་ནོ།།
རིག་རིག་ཟོས་དང་ནོ་དུག་ལ་གྱུར་རྟགས་རེད།།
རྒད་པོ་རེ་འགའ་ལ་ཚིག་འགའ་འབྲི་བསམ་མོད།།
གྲི་དང་མདུང་མོ་ཡིས་བསྣུན་ལ་ཞེད་སྣང་གིས།།
ཉི་མའི་སྲིབ་འཁྱག་ནས་གནས་སྐབས་འཇོག་གི་ཡིན།།
ཟ་ལེ་རྒྱལ་ཉལ་ས་ལྷུངས་འདུག་ཟེར་།།
ཟླ་བྷེ་ཚང་དགའ་ནས་སྡོད་རབ་གོ།
ཤམ་བྷ་ལའི་ཁྲག་སྡོང་གཏུབ་དང་ཟིག།
ངག་རིག་གི་འགྲན་ཟིག་བསླངས་འདུག་གོ།
hello dear class mate
i am namtso ,come to 21th may 2011 4 or 5 pm norling .
for dinner.
རྒད་པོ་དགེ་བོ་ཟ་ལེ་ཁོང་།། མི་རབས་གསར་བའི་མདུང་རྩེ་ན།། རང་སྲོག་རང་གིས་བཅད་པ་འདི།། དབྱིན་མོའི་རྐུབ་ཀྱི་གྱོང་གུད་ཡིན།།
ཀརྨ་པ་ཡི་ཕོ་ཉ་ཁོའི།། ཁ་རྒྱགས་ས་ལ་མི་ཤོངས་འདི།། བྱིས་པ་སྨྱོན་པའི་ཨག་སྐད་བཞིན།། གང་ནས་གང་སར་ཁྱབ་ནས་འགྲོ།།
ཟ་ལེ་རྒྱལ་བན་ལོག་ཡིན་པ་ང་གཅིག་པུ་མ་གཏོགས་ཤེས་ནི་མ་རེད་ཡ
མཁྱེན་ལྡན་རྣམས་ལ་གཤམ་དུ་གསལ་བསྒྲགས་ཤིག་ཡོད། དོ་སྣང་གནང་རོགས་ཞུ། གྲོགས་རིག་འབྱུང་གིས་འདི་མདུན་ངོས་བཀོད་གནང་ཡོང་བ་ཞུ།
༼ ཤར་ཕྱོགས་ཁུག་རྟའི་གསལ་བསྒྲགས།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་མཁས་པ་དང་། ཉམས་ཞིབ་པ། རྩོམ་པ་པོ་རྣམས་གཙོས་རྒྱ་ཆེའི་བོད་གངས་ཅན་པ་རྣམས་ཀྱི་དགོངས་ཚུལ་རྩོམ་ཡིག་རྣམས་གཤམ་འཁོད་ཁ་བྱང་ཐོག་བསྐུར་ཐུབ་པ་ཡིན་ན། ཚོགས་ཆེན་གྲུབ་ནས་མི་འགྱང་བར་ལོ་རྒྱུས་དེབ་ཐེར་ནང་གནས་ཆེད་ཕྱོགས་སྒྲིག་ཆེད་དེབ་འདོན་རྒྱུ་ཡིན་པས། དེ་དོན་གང་ན་སུ་བཞུགས་ཀྱི་མཁྱེན་ལྡན་རྣམས་པས་ཐུགས་འཇགས་ཡོང་བ་ཞུ།
ཤར་ཕྱོགས་ཁུག་རྟས་གུས་ཞབས་དང་བཅས།
རྩོམ་བསྐུར་ཡུལ། loveyoutibet@gmail.com ཡང་ན gangjenpa888@yahoo.co.in གང་རུང་ཐོག་བསྐུར་ན་འགྲིག༽
ཤར་ཕྱོགས་ཁུག་རྟའི་གསར་འགོད་གསལ་བསྒྲགས།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་མཁས་པ་དང་། ཉམས་ཞིབ་པ། རྩོམ་པ་པོ་རྣམས་གཙོས་རྒྱ་ཆེའི་བོད་གངས་ཅན་པ་རྣམས་ཀྱི་དགོངས་ཚུལ་རྩོམ་ཡིག་རྣམས་གཤམ་འཁོད་ཁ་བྱང་ཐོག་བསྐུར་ཐུབ་པ་ཡིན་ན། ཚོགས་ཆེན་གྲུབ་ནས་མི་འགྱང་བར་ལོ་རྒྱུས་དེབ་ཐེར་ནང་གནས་ཆེད་ཕྱོགས་སྒྲིག་ཆེད་དེབ་འདོན་རྒྱུ་ཡིན་པས། དེ་དོན་གང་ན་སུ་བཞུགས་ཀྱི་མཁྱེན་ལྡན་རྣམས་པས་ཐུགས་འཇགས་ཡོང་བ་ཞུ།
ཤར་ཕྱོགས་ཁུག་རྟས་གུས་ཞབས་དང་བཅས།
རྩོམ་བསྐུར་ཡུལ། loveyoutibet@gmail.com ཡང་ན gangjenpa888@yahoo.co.in གང་རུང་ཐོག་བསྐུར་ན་འགྲིག
ཁུག་རྟ་ལགས། བསམ་ཚུལ་འདི་བཟང་གི་མོད། ཚོགས་ཆེན་གྱི་སྔོན་ལ་ཚོགས་མི་ཚོར་ཕུལ་ཐུབ་ན་དུས་ཐོག་ཆར་བར་འགྱུར་ཡང་སྲིད། དེ་ཡང་དེབ་གཟུགས་སྤུས་ལེགས་ཡིན་མི་དགོས། སྤྱིར་བཏང་གི་ཡིག་ཆ་ལྟར་འགྲེམས་སྤེལ་བྱས་པས་ཆོག ཚོགས་ཆེན་རྗེས་ལ་སླར་ཡང་ཕྱོགས་སྒྲིག་གིས་དེབ་སྤུས་ལེགས་འདོན་འཐུས།
ཨ་རོགས་འཁྱམ་པོ་ཟ་རུ་ཟ་ལེ་རྒྱ།།
གནས་གཅིག་སྡོད་མི་ཚུགས་པའི་ཁུག་རྟ་ལ།།
ཁྱེད་ནི་རྩ་ནས་འགྲན་ཡ་མ་ཡོང་ཐ།།
ཁོང་ནི་བོད་གཞུང་གནད་ཡོད་ཡིན་པ་འདྲ།།
རྩ་ཁྲིམས་དེབ་ཐེར་སོ་མ་བཟོ་རྒྱུ་ཟེར།།
ཁ་སྔོན་ཀླུ་བྱམས་རྒྱ་ཡི་གསལ་བསྒྲགས་ལ།།
ཁོང་ཡང་རྩ་ཁྲིམས་བཟོ་མཁན་ཡིན་ནོ་ཟེར།།
བོད་གཞུང་རྩ་ཁྲིམས་གསར་བའི་ཟིན་བྲིས་དེ།།
འདི་འདྲ་རྐྱང་རྐྱང་ལག་ཏུ་ལྷུང་སོང་ཟིག།
རྩ་ཁྲིམས་རྙིང་པ་ཏྰ་ལེ་བླ་མས་བཟོས།།
སྐྱ་སྟོང་ཆ་བོས་དུས་དང་མི་འཚམ་ཟེར།།
ད་ནི་རྩ་ཁྲིམས་སོ་མ་བཟོ་བ་ལ།།
མགོ་ལྐོག་སྐམ་པོ་རྐྱང་རྐྱང་ཚོགས་ཡོད་ཚོད།།
རྒད་པོ་ཟ་ལེ་རྒྱལ་འདི་ཨ་མདོའི་སྐད་བཤད་དགོས་ཟེར་མཁན་ཞིག་རེད་མོད། ཨ་རིའི་གསར་འགྱུར་ཁང་ལ་བདེ་སྡུག་ཞུ་བའི་སྐོར་ལ་འཇམ་ཅག་གེར་བསྡད་འདུག ཟ་རྒྱལ་གྲྭ་ལོག་ཞིག་ཡིན་པ་དེ་རིང་ལས་མ་གོ། གྲྭ་བ་རྣམས་ལ་སྡང་ཚུལ་དང་། གྲྭ་བའི་གསང་བ་ཤེས་ཚུལ་ལ་བསམ་ན་བདེན་པ་ཁོ་ཐག་རེད། །
ཨ་མདོའི་ཁ་སྐད་འདི་ན་ཐོག་ན་བརྩེགས་རེད།
ཤར་ཕྱོགས་ཁུག་རྟ་འདི་ཞི་ལུ་མགོ་སྟོང་རེད།
ལྷ་དོན་ལགས། ཉི་མས་གཏུག་ཡོང་གི་ཡོད་པས་ཚོགས་ཆེན་གྱི་སྔོན་ལ་ཡོང་ཐབས་མེད་པ་ལྟ་བུ་ཞིག་རེད། ངས་འདི་གཙོ་བོ་ལོ་རྒྱུས་དེབ་ཐེར་ནང་གནས་ཆེད་ཤེས་ཡོན་པ་ཚོས་འགན་ཁུར་སྟངས་ཀྱི་སྟོང་ཆ་དེ་བསུབ་འདོད་པ་ཙམ་ཡིན། བསམ་ཚུལ་གནང་བ་ཐུགས་རྗེ་ཆེ།
ད་ལྟ་བྲིས་བཞག་པ་རྣམས་རང་འགུལ་གྱིས་ཐུགས་སྣང་གནང་ནས་བསྐྱར་བཤུས་རྒྱག་རྒྱུ་གལ་ཆེན་རེད་འདོད།
བློ་ཆོས་ལགས།
ཨ་རིའི་རླུང་འཕྲིན་ཁང་ལ་ཅིག་འགྱུར་མེད་ཀྱིས་བཤད་པ་དེ་ཚོར་བ་ཙམ་རེད། ཨམ་སྐད་དེ་ལས་ལྷག་ཅིག་བཤད་ཐུབ་ཀི་མ་རེད།
གཞོན་ནུ་ཟླ་མེད་ཨ་མདོའི་ཨ་ཁུ་ལགས།
ཀླུ་བྱམས་རྒད་པོའི་མ་འོངས་རྩ་ཁྲིམས་དང་།།
གཞུང་མང་གཉིས་ཀའི་བཅའ་ཁྲིམས་བསྐྱར་བཅོས་གཉིས།།
ཁྲིམས་ཡིག་ཡིན་པ་འདྲ་འདྲ་ཡིན་ནའང་།།
ཁྲིམས་མཐུན་ཡིན་མིན་ཁྱོན་ནས་འདྲ་ས་མེད།།
གཞོན་ནུ་ཟླ་མེད་ཟ་ལེ་རྒད་པོ་སོགས།།
ཟུར་འདུག་བསམ་ཚུལ་སྨྲ་ལས་གོམས་པ་ལས།།
དངོས་ཞུགས་ཉམས་མྱོང་བསགས་རྒྱུར་མི་འཇོན་པས།།
སྐད་ཆ་བདག་མེད་ཀླུ་ལྟར་མ་འཕེན་རོགས།།
ཧོར་གཙང་འཇིགས་མེད་ཀྱི་དེབ་ཕྲེང་ནག་རིལ་མ།།
རླུང་རྟ་ཡར་འགྲོ་ཡི་སྐབས་ལ་ཁེལ་བ་ལས།།
ཚིག་གི་མཉེན་ཤ་དང་དོན་གྱི་བརྗིད་ཁོག་ལ།།
ཤར་ཕྱོགས་ཁུག་རྟ་དང་ཨ་ན་མ་ན་མིན།།
བེ་རི་སྨྱོན་པ་ཡི་ལབ་བརྡོལ་ལུགས་མེད་ལ།།
ཁམས་པར་ངག་རིག་གིས་དབེན་པ་ཙམ་ཞིག་ལས།།
དབྱངས་ཅན་ལྷ་མོ་ཡི་ཉེ་སར་མ་ཐོན་པ།།
གོང་གི་བཅད་མ་འདིས་ལྷང་ལ་བཏོན་འདུག་གོ།
གངས་བུ་ལགས།
ཨམ་སྐད་ཞེ་དྲག་བསྲེས་མེད་ལ། བསྲེས་པ་དག་ཀྱང་ལུང་སྟོན་པའི་རྣམ་བཞག་དང་མཐུན་ཐབས་བྱས་ཡོད། དགོངས་འཆར་འདི་གནད་འགག་རེད། ངེད་ནས་སེམས་ལ་འཛིན་རྒྱུ་ཡིན། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒད་པོ་ཟ་ལེ་རྒྱལ་ལགས་གྲྭ་ཟུར་རེད་ཟེར་བ་དེ་བདེན་པ་མ་རེད།
ཁ་བརྡ་རྩོམ་སྒྲིག་པ་ལགས།
ད་ནས་བཟུང་༧གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་གྱི་བསམ་ཚུལ་རིགས་དྲ་ངོས་འདིར་སྟངས་འཛིན་བྱེད་རོགས་ཞུ་རྒྱུ་དང་། དོལ་རྒྱལ་སྐོར་གྱི་འགྲེལ་ལོག་མ་བྱུང་ཚེ་གནས་སྐབས་དྲ་ངོས་འདིར་འཛུལ་ཞུགས་བྱེད་ཁོམས་མི་འདུག་ཅེས་ཞུ་རྒྱུ་ཡིན།
ལྡི་ལི་ནས་ཞུ་དག་པ་བློ་གྲོས་བསྟན་འཛིན་པས།
གོང་གི་གསལ་བསྒྲགས་དེར་ཁ་སྣོན་ཞིག་ལ། འདིར་བསྐུར་འབྱོར་མ་བྱུང་བའི་བསམ་ཚུལ་རིགས་དྲ་གནས་གཞན་དུ་བཀོད་ཡོད་ཀྱང་འདི་ནས་ལས་བྲེལ་གྱིས་བསྡུ་རུབ་བྱ་ཐབས་མེད་པས། འདི་གར་ཐད་གཏོང་ཡོང་བ་ཞུ།
དེབ་འདི་སྒྲིག་པོ་བདེ་ཆེན་སྒྲོལ་མ་དང་བོན་རྒྱ་བསྟན་འཛིན་རབ་རྒྱས། གུས་བ་བཅས་ཡིན།
ཨོ། ད་རེས་ཆེད་དུ་རྒན་རབས་པ་ཟ་ལེ་རྒྱལ་ལགས་སུ་རྩོམ་སྐུལ་ཞུ་རྒྱུ་ཡིན་ལ། བྱུང་ན་གང་མགྱོགས་མགྱོགས་སྐུ་ཉིད་ནས་རྩོམ་ཡིག་རེ་གཏོང་གནང་ཡོང་བ་ཞུ།
དེབ་འདི་སྒྲིག་སྟངས་ཐད་དགོངས་ཚུལ་གསུངས་ན་དགའ་བསུ་ཞུ་རྒྱུ་ཡིན།
ཚོགས་ཐོག་ཏུ་འགྲེམས་རྒྱུ་ནི་དེ་འདྲའི་དཀའ་ངལ་མི་ཆེ། སྤྱིར་གཏང་ཤོག་དཔར་བརྒྱབ་ནས་འགྲེམས་ཆོག་ག ཚོགས་མི་ཧ་ཅང་མང་པོ་ཞིག་གིས་མ་གོ་བ་དང་མ་མཐོང་བ་ཡོད་པས་ཕན་ཁེ་ཆེ་ངེས།
བསམ་ཚུལ་ཡག་ཤོས་རིགས་ཕྱོགས་སྒྲིག་བྱ་རྒྱུར་དེ་ཙམ་བྲེལ་བ་མི་དགོས། གཙོ་བོ་སྐབས་དོན་ལ་སྨན་པ་ཞིག ཚང་མ་མ་ཐུབ་ཀྱང་གལ་ཆེའི་བསམ་ཚུལ་ཁག་ཅིག་དཔར་སློག་རྒྱག་ཆོག་ག
དུས་ཐོག་ཆར་བ་ཞིག སྐབས་བབ་ཚོགས་ཐོག་ལ། འབབ་རེ་ཐུབ་སོང་ན། ཕན་ཁེ་གཞན་ལས་ཆེ།
ལོ་རྒྱུས་ཀྱི་ཤོག་ལྷེ་གལ་ཆེན་ཞིག་ཏུ་འགྱུར་ལ་ཉེ་བའི་ཚོགས་ཆེན་འདིའི་བརྗོད་དོན་དང་འབྲེལ་བའི་གནས་ཚུལ་ཐད།
རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཆབ་བྲག་ལྷ་མོ་སྐྱབས་སོགས་ཀྱིས་རྩོམ་ཡིག་འདི་གར་བསྐུར་གནང་མཛད་པ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
སྐུ་ཞབས་མཁས་པ་པདྨ་འབུམ་མཆོག་དང་། སྐུ་ཞབས་དགེ་འདུན་རབ་གསལ། ཨ་རིའི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་སྐྲ་རིང་པོ་ལགས། ཡོ་རོབ་དོན་གཅོད་ཀྱི་རྒྱ་ནག་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས། ནོར་གླིང་ཉམས་ཞིབ་འགན་འཛིན་སྐུ་ཞབས་རྡོ་རྗེ་དབང་ཕྱུག་ལགས། ལོ་རྒྱུས་སྨྲ་བ་སྐུ་ཞབས་ལྷ་ལུང་རྒྱལ་ལགས། སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་ལགས། གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། སྐུ་ཞབས་ཟ་ལེ་རྒྱལ་བཅས་ལ་དམིགས་བསལ་གྱིས་རྩོམ་སྐུལ་ཞིག་ཞུ་བཞིན་ཡོད་པས། ཁྱེད་ཅག་གིས་ཅི་ནས་ཀྱང་དཀྱོག་མཚམས་གལ་གནད་ཆེ་ས་འདིར་དགོངས་བཞེས་ཀྱིས་ལོ་རྒྱུས་དེབ་ཐེར་ནང་དགོད་རྒྱུའི་དགོངས་ཚུལ་ཞིག་གནང་རོགས་ཞུ།
དེ་བཞིན་ཕ་ཡུལ་བོད་ནས་ཀྱང་རྩོམ་ཡིག་རེ་ཤོས་འབྱོར་རེ་ཆེ་བ་བཅས་ཀྱི་སྙན་ཞུར།
ཁུ་བྱུག་སྔོན་མོ་འདི་མ་གྲགས་བསྡད་ཤུལ་ན།།
ཁུག་རྟ་གཤོག་མེད་འདི་གཡས་འཕུར་གཡོན་འཕུར་རེད།།
སྐྱ་ཁྲ་ཧོར་བ་ཡིས་སྡེར་མོ་གཟེངས་བར་ན།།
ཁུག་རྟ་ནག་རིལ་འདིའི་ཚེ་སྲོག་ཨ་ཙ་མ།།
གུང་ཁྲན་རྒྱ་ཚང་ལ་བྲོས་པའི་ལུང་ཁུག་ན།།
ལན་འདེབས་གསར་བུ་ཚོ་གཅིག་ངར་གཉིས་ངར་རེད།།
ཟམ་གདོང་བླ་མ་ཡི་བཀའ་བཙན་བབས་ཤུལ་ན།།
གསར་བུ་དར་མ་ཚོའི་རང་དབང་ཨ་ཙ་མ།།
དགེ་འདུན་ཆོས་འཕེལ་ཁོང་བཞུད་པའི་བཤུལ་ལམ་ན།།
ང་ཡིན་ཁོ་ཡིན་གྱི་སྤྲུལ་སྐུ་འཚངས་ཁ་རེད།།
བརྩམས་ཆོས་དག་མ་ཞིག་མེད་པས་འཚང་ལམ་ན།།
སྤྲུལ་སྐུ་རྫུན་མ་ཚོས་ངོ་གདོང་ཨ་ཙ་མ།
ཁུག་རྟ་སོགས་ལ་ཀུ་རེ་ཚུལ་དུ་ཡིན།
བླ་རྒན་རྨོག་རུ་ཁྱེད་འདི་ལྟར་ཕེབས་དོན་ཅི།།
བློ་ཁོག་སྟོབས་ཀྱིས་རང་ཕྱེ་རྒྱུ་མ་རྙེད་པ།།
འགྲོ་ཐབས་འདུག་ཐབས་ཀྱི་ནང་སྙིང་རློན་པ་དེ།།
ཁུག་རྟའི་སྐད་ཅིག་ལ་འདོན་རྒྱུར་ཞེད་སོང་ངམ།།
ཤར་ཕྱོགས་ཁུག་རྟ་དང་རྒད་པོ་གསལ་ལེ་རྒྱལ་གཉིས་།
ལ་གཞས་ཀྱི་སྦྱོར་བ་ཤུགས་ཆེ་བའི་ཤགས་འགྱེད་མཁན་ཤར་ཕྱོགས་ཁུག་རྟ་དང་རྒད་པོ་གསལ་ལེ་རྒྱལ་གཉིས་ཁ་བརྡ་དྲ་ཐོག་གི་སྙུག་འཛིན་པ་འཁྲིག་ཆ་དོད་པོ་གཉིས་ཡིན་པར་རྗེས་སུ་ཡི་རངས་ཡོད། ཤར་ཁུག་ལ་རྨ་ལྕེ་མང་གཤིས་ཀ་ཞིག་ཡོད་ལ་རྒད་པོ་གསལ་ལེ་རྒྱལ་ལ་ཨུ་ཚུགས་ཀྱི་རང་གཤིས་ཤིག་ཀྱང་འདུག
འོན་ཀྱང་། རྩོམ་རྩལ་དང་སྡེབ་སྦྱོར་གྱི་ཉམས་ཆའི་ཐད་ནས་ད་དུང་ཤར་ཁུག་གིས་རྒད་པོ་གསལ་ལེ་རྒྱལ་གྱི་དོ་ཟླ་ཡོང་བ་མི་འདུག མུ་མཐུད་ཤུགས་རྒྱོབས་དང་ཡར་རྒྱས་ལ་མཐའ་མེད་པས་ནམ་ཤིག་དགེ་ཆོས་ཀྱི་སྤྲུལ་བ་དངོས་གནས་ཆགས་སྲིད།
ཐུབ་བསྟན་འཇིགས་མེད་སོགས་འདི་གར་ཕེབས་ཐུབ་ཀི་རེད་བསམ་བསམ་མ་བྱུང་། དོ་སྣང་གནང་དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ་ལ། ངས་མ་ཤེས་སར་འདི་ལྟར་དོ་སྣང་བྱེད་བཞིན་པར་དགའ་ནས་བསྡད་ཡོད།
ཨ་ན་མ་ན་ཁ་ཤོམས་རི་ལས་མཐོ་ཡང་།།
བླ་མ་ཀུན་མཁྱེན་རྒྱགས་པ་ལུག་མ་དེ་ཡིས།། རྒྱ་མོར་གཡབ་ནོ་འཇིག་རྟེན་ཡོངས་གྲགས་རེད་དོ།།
རྒྱལ་བར་སྐུར་བ་བཏབ་ནོ་ཚང་མས་ཤེས་ན།། ཆོས་མེད་སྲིད་མེད་རྒན་པོ་དཀོར་གཟན་ལོས་ཡིན།།
༧གོང་ས་དྲུག་པའི་དུས་ནས་དམ་ཚིག་ལྷད་པ།། ད་དུང་ཉ་ཉོག་མང་པོར་རྒྱུད་ནས་སླེབས་པས།།
གཡབ་སྐྱ་འདི་འདྲ་བོད་ལ་དགོས་དོན་མེད་ལ།། རྒྱ་ཁྱི་འདི་འདྲ་སྟོན་པར་དགོས་དོན་ཆེ་ཡོད།།
ཀུན་མཁྱེན་བླ་མའི་རྣམ་མཁྱེན་གདན་དུ་བཏིང་ནས།།
རྒྱ་མོའི་རྐུབ་ལ་འཐམས་པའི་བླ་མ་དེ་ཡིས།།
༧རྒྱལ་བ་ཐམས་ཅད་མཁྱེན་པར་སྐུར་བ་བཏབས་པ།།
མཛད་པ་འཕྲིན་ལས་ཡིན་ནམ་དཀོན་མཆོག་གསུམ་པོ།།
《རྩོམ་ཡིག་འདི་ཁ་བརྡའི་དྲ་ལམ་ནས་ཐེངས་འགར་བསྐུར་ཀྱང་། ཕར་འཕྲོད་མི་འདུག་སྟབས། མཆན་བུའི་སྒེའུ་་ཁུང་ནས་ཕར་མི་རྫོང་ཐབས་མེད་བྱུང་》
འདིར། ཁ་བརྡའི་རྩོམ་སྒྲིག་པ་མཆོག་གིས་གཙོས། དྲ་ཚིགས་ཀྱི་གླིང་ཀ་རུ་སྙན་རྩོམ་སྒྱུ་རྩལ་གྱི་དཔལ་ལ་རོལ་བའི་མཁས་དབང་རྣམ་པ་ཚོ་ལ་ཞུ་རྒྱུར། ཁོ་བོ་ནི། སྐྱེས་སྦྱངས་ཀྱི་ཤེས་རབ་དམན་ཞིང་། འཇོན་ཐང་མེད་པའི་སྐྱེ་བོ་ཐ་ཤལ་བ་ཞིག་ཡིན་པས། ལྷན་རྒྱས་ཚོའི་མཛད་སྤྱོད་ཀྱི་ཐད་ལ་ཇུས་གཏོགས་བྱེད་པ་ནི། འཇིག་རྟེན་གཏམ་དཔེར། ཐུབ་དབང་གི་དྲུང་ནས་ཤཱ་རི་བུས་ལུང་འདྲེན་། ཞེས་པའི་ཚུལ་ལས་མ་འདས་ཀྱང་། ལུགས་ཀྱི་བསྟན་བཅོས་ལས། ཕན་པའི་གྲོགས་དང་ཕན་པའི་གྲོས།།གང་ནས་འབྱུང་བའི་ངེས་པ་མེད།།ཅེས་གསུངས་པ་བཞིན། སྐབས་རེར་བླུན་པོ་བདག་ལྟ་བུའི་ངག་ནས་ཀྱང་། ཕན་པའི་སྐད་ཆ་རེ་འགའ་ཙམ་ཡང་འབྱུང་མི་སྲིད་པ་མིན་པས། གཤམ་དུ་རང་ཉིད་ཀྱི་བསམ་འཆར་འགའ་ཞིག་ཡིག་རིས་སུ་དགོད་པར་འདོད་པ་ལགས་ན། ཁྱེད་དྲན་དབང་རྣམ་པ་ཚོས། མན་ཤེལ་གྱིས་ཆུའི་རྙོག་མ་བགྲུང་བའམ། ངང་པས་ཆུ་དང་འོ་མའི་དབྱེ་བ་འབྱེད་པའི་ཚུལ་གྱིས་ཐུགས་བརྟག་གང་ལེགས་གནང་བར་རིགས། ཕྲན་ནམ་རྒྱུན་རྩོམ་ཡིག་གི་རིགས་བཀླག་རྒྱུར་སྤྲོ་བ་ཆེ་ལ། དེ་བས་ཀྱང་དཔྱད་རྩོམ་གྱི་སྐོར་ལ་བལྟ་བར་ཤིན་ཏུ་དགའ། ཉེ་ཆར་གྲོགས་པོ་འགའ་ཞིག་གི་ངག་ལས། དེང་སང་གློག་འཕྲིན་དྲ་རྒྱའི་ངོས་སུ། ༼ཁ་བརྡ༽ཞེས་པའི་གླེང་སྟེགས་གསར་པ་ཞིག་བཟོས་ཡོད་པའི་སྐོར་རྣ་བར་སོན་པས། མི་འགྱང་བར་ཁ་བརྡའི་གླེངས་སྟེགས་ཀྱི་གནས་ཚུལ་རྣམས་མཇལ་འདོད་ཀྱི་རེ་བ་མནན་ན་མི་ནོན་པ་ཞིག་བྱུང་། དེ་ནས་བཟུང་ཐབས་ཇུས་མང་པོ་ཞིག་བགྱིས་པར་བརྟེན། ད་ལྟའི་ཆར་ཁ་བརྡའི་མཆན་བུའི་སྐར་ཁུང་ནས་སྙན་རྩོམ་སྒྱུ་རྩལ་གྱི་ལྟད་མོ་ལ་ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་གི་གོ་སྐབས་ཕྲན་བུ་ཞིག་བྱུང་བ་རེད། དངོས་གནས། ཁ་བརྡའི་གླེང་སྟེགས་སུ་སླེབས་པའི་སྙན་རྩོམ་མང་ཆེ་བ་ཞིག་ནི། ཚིག་སྦྱོར་གྱི་འགྲོས་དང་བརྗོད་བྱའི་ནང་དོན་སོགས་གང་ཅིའི་ཆ་ནས་བལྟས་ཀྱང་། ངོ་མཚར་བའི་གནས་འབའ་ཞིག་ལས་མི་འདུག འོན་ཀྱང་། སྙུག་ཐོགས་པ་འགའ་ཞིག་ནས་སྙན་རྩོམ་སོགས་འབྲི་བའི་ཚེ་ན། རང་ཡུལ་གྱི་གྲོང་སྐད་ཁོ་ན་ལ་བེད་སྤྱོད་བྱེད་བཞིན་འདུག་པ་ནི། ཆེས་མི་རུང་བའི་གནས་ཚུལ་ཞིག་རེད། ཇི་སྐད་དུ། འཇམ་མགོན་མི་ཕམ་པའི་ཞལ་ནས། གཙུག་ལག་ཤེས་པའི་བློ་གྲོས་ཅན།།ཉི་མ་བཞིན་དུ་འཇིག་རྟེན་རྒྱན།།ཞེས་དང་། དམུས་ལོང་སྟོང་གིས་བགྲོད་དཀའ་བའི།།ལམ་རྣམས་མིག་ལྡན་གཅིག་གིས་གཅོད།།ཅེས་གསུངས་པ་བཞིན།ཁྱེད་རྣམས་ནི། ངེད་ཅག་དམུས་ལོང་བག་འཁུམས་པ་ཚོའི་སྣེ་འཁྲིད་པ་ཤ་སྟག་ཡིན་པའི་ཕྱིར་ན། རྣམ་ཀུན་ཐུགས་རྒྱ་ཆེར་བསྐྱེད་དང་།གཟིགས་རྒྱང་རིང་ཙམ་གནང་རྒྱུ་གལ་ཆེ་བར་སེམས། གལ་ཏེ། ཁྱེད་རང་ཚོས། ད་དུང་ཡང་མུ་མཐུད་དེ་འདི་ལྟར་གནང་བ་ཡིན་ན། ཕྱིས་སུ་རིམ་བཞིན། ལད་ཟློས་འཁྲབ་མཁན་ཇེ་མང་དུ་ཕྱིན་ཏེ། མ་འོངས་པར་རང་རེའི་སྐད་ཡིག་གཉིས་ཀྱི་དབར་ལ་སྔར་བས་ཀྱང་། དཀའ་རྙོག་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པར་གོར་མ་ཆག འོན་ཏེ། ཁྱེད་ཅག་གིས། ང་ཚོས། བོད་ཀྱི་སྐད་དང་ཡི་གེའི་བར་གྱི་གནས་ཚུལ་ལ་ཅི་ཡང་མི་སེམས། ང་ཚོས། མུ་མཐུད་ནས་གྲོང་སྐད་ཁོ་ན་ལ་སྤྱད་པར་བྱའོ།།ཞེས་ཨུ་ཚུགས་ཀྱི་གཡག་རྒོད་ལ་འཆིབ་རྐྱང་བྱེད་པར་མོས་ན། རང་རེའི་བོད་ནི་རང་དབང་མེད་པའི་མི་རིགས་ཤིག་ཡིན་རུང་། ཁ་བརྡའི་དྲ་རྒྱ་ནི། རང་དབང་གི་གླེང་སྟེགས་ཡངས་པོ་ཞིག་རེད་འདུག་པས། ཁྱེད་རྣམས་ཅི་དགར་མཛོད་ཅིག་དང་། གླེན་པ་བདག་ཀྱང་། ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ཀྱི་ངང་བསྡད་རྒྱུ་ལས་གཞན་པའི་ཐབས་ཅི། གང་ལྟར། སླད་མའི་རེ་བ་ཆུང་ངུ་ཞིག་ལ། ཁྱེད་རང་ཚོས་སྤྱད་དང་སྤྱོད་བཞིན་པའི་ཕལ་སྐད་ཀྱི་མིང་ཚིག་དེ་དག་ལ། ཁ་བརྡའི་རྩོམ་སྒྲིག་འགན་འཁུར་བའམ། འབྲི་མཁན་སོ་སོས། བརྡ་སྤྲོད་སྤྱི་འགྲོས་ཀྱི་ལམ་ནས་ཁ་གསལ་གོ་བརྡའི་འགྲེལ་བཤད་རེ་བགྱི་ན་ཅི་འདྲ་འདུག་གམ། གལ་ཏེ། ཁྱེད་ཚོས་བྲིས་དང་འབྲི་མུས་ཀྱི་ཕལ་ཚིག་དེ་དག་རང་དགར་བཞག་པ་ཡིན་ན། ཁྱེད་རང་ཚོར། རང་ཉིད་ཀྱི་ཡིག་འཕྲེང་ཉག་ཉོག་དེ་ཚོས། སྤྲོ་བདེ་སྤུ་གཟེང་གི་ཚོར་བ་ཉི་ཚེ་བ་རེ་སྟེར་ལགས་ཀྱང་། དངོས་འབྱུང་གནས་ཚུལ་ལ། ཁྱེད་ཅག་གིས། ཡིག་ཉོག་དེ་དག་གི་ལམ་ནས་ཅི་ཞིག་མཚོན་གྱི་ཡོད་པ། རང་ཉིད་དང་གྲོང་སྡེ་གཅིག་པའི་མི་འགའ་ཞིག་མ་གཏོགས། ཡུལ་ལུང་གཞན་གྱི་མི་ཚོས་ཕྱོགས་ཙམ་ཡང་རྟོག་མི་ཐུབ་པ་ནི། སྨོས་ཅི་དགོས། དེས་ན། ཁྱེད་ཅག་གི་ཡིག་ཉོག་དེ་དག་གིས། རིག་གཞུང་འཕར་འདེགས་དང་། མི་རིགས་ཀྱི་སྲི་ཞུར་འགྱུར་བ་ཕར་ཞོག རང་ཉིད་ཀྱི་ཆུ་ཚོད་ཀྱང་སྟོང་ཟད་དུ་འགྲོ་བར་ངེས། ད་ནི། སྨྲ་བ་མང་ན་ཉེས་པའི་རྒྱུ་རུའང་འགྲོ་སྲིད་པས། འདིར་མཚམས་བཞག་ན་ལེགས་སོ།།
སྐུ་ཞབས་ལུང་རིགས་ཀྱིས་དུས་བབ་ཟིན་བྲིས་སུ་ཨ་ན་མ་ནར་དོགས་སློང་ཞིག་བྱས་འདུག ཁོ་བོས་དེ་ལ་གཞུང་ལུགས་ཀྱི་ཁྲིད་སྟོན་སྙིང་བསྡུས་ཤིག་བྱས་པ་གཤམ་གསལ་ལྟར་ཡིན།
ཨ་ན་མ་ན་ཞེས་པའི་ཚིག་འདི་ནི་བོད་མི་ཚོའི་ཁ་ཁོག་ཀུན་དུ་ཤར་སེ་འབབ་པའི་ཕ་སྐད་དག་མ་ཞིག་ཡིན། ཨ་ན་མ་ནས་གཅིག་པ་གཅིག་རྐྱང་ཡིན་པར་སྟོན་ལ། གཅིག་པ་གཅིག་རྐྱང་ཡིན་ས་མི་འགྲོ་བ་ཞིག་ཨ་ན་མ་ན་ཡིན་ཚུལ་ཀྱང་སྟོན། ཨ་ན་མ་ན་ཡིན་པ་ཙམ་གྱིས་ཨ་ན་མ་ན་རེད་ཅེས་པར་དོན་དག་དེ་ཙམ་མེད་པས། ཨ་ན་མ་ནའི་བྱེད་ནུས་ཤུགས་ཆེ་བ་ནི་མི་རྣམས་ལ་དོགས་སློང་བྱེད་རྒྱུ་དེ་རེད། ཨ་ན་མ་ནས་མཚུངས་བསྡུར་གྱིས་དོགས་སློང་བྱེད་ཅིང་། བསྡུར་ཡུལ་དེ་ནི་ཚད་མ་དང་མཆོག་ཡིན་པས་བསྡུར་བ་མིན་ཀྱང་། བརྒྱ་ཡི་མིག་ལ་ཚན་མ་ཆགས་པའི་བསྡུར་ཡུལ་ཞིག ཨ་ན་མ་ནས་གཅིག་གི་མིག་ལ་ཚད་མ་དང་མཆོག་མ་ཆགས་པའི་དོགས་གཞི་རྒྱུ་མཚན་དང་བཅས་ཏེ་གསལ་འདོན་བྱེད་ཐུབ་ཅིང་། དེས་མི་རྣམས་ཀྱི་བག་ལ་ཞ་བའི་བསམ་བློའི་འགལ་འདུ་ཡོད་ཚད་ཐབས་མཁས་ཚིག་སྦྱོར་གྱིས་ཕྱིར་བཏོན་བྱེད་ཐུབ། ཨ་ན་མ་ནའི་ཕ་སྐད་ཀྱི་ནུས་པ་ཐོན་པའི་ནང་དོན་འབྲི་སྐབས། བསྡུར་ཡུལ་གཉིས་གཅིག་པ་ཙམ་གྱིས་ཨ་ན་མ་ན་བྲིས་པ་ཡིན་ན། དེ་ལ་དཔྱོད་ཤེས་དང་དོགས་སློང་གི་རིག་པས་ཁྱབ་མི་ཐུབ། ཨ་ན་མ་ནའི་བསྡུར་ཡུལ་གཉིས་གཏན་དུ་འཇིག་རྟེན་གྲགས་ཚོད་དང་དངོས་ཡོད་གནས་ཚོད། ཡང་ན་དོན་དམ་པར་གནམ་ས་ལྟ་བུ་ཡིན་པས། མི་རྣམས་ཀྱི་རིག་པ་རག་པས་འཇིག་རྟེན་གྲགས་ཚོད་དང་། དངོས་ཡོད་གནས་ཚུལ། དོན་དམ་པ་བཅས་ཀྱི་ཕྲ་ཞིབ་རྣམས་ཞིབ་ཏུ་འབྱེད་མི་ཐུབ། དེས་ན་ཨ་ན་མ་ན་འདི་ཕ་སྐད་རྣལ་མ་ཞིག་ནས་དེའི་བྱེད་ནུས་ལ་བསམ་བློ་བཏང་ཚེ། ཨ་ན་མ་ནས་ག་དུས་ཡིན་ནའང་ཆོག་ཤེས་ཤིག་བཤད་ཀྱི་མེད་ལ། དེ་ལས་འདྲ་མཉམ་དང་རིག་པ་ཡང་དག་གིས་འགྲན་རྩོད་ཀྱི་གླེང་སློང་གི་ཡོད་ལ། མིའི་རིག་པ་ལ་གཏིང་དང་མཐའ་མེད་པའི་རྒྱུ་མཚན་སྤྱི་ཚོགས་ལ་དོ་ཕོགས་མེད་པའི་ཐོག་ནས་གསལ་བཤད་བྱེད་ཐུབ། དེས་ན་སྐུ་ཞབས་ལུང་རིགས་རྒྱལ་གྱིས་དོགས་སློང་བྱས་པ་ནི། ལས་དང་པོ་བ་རྣམས་ལ་ནི་ཕན་མ་གཏོགས་ཨ་ན་མ་ནའི་གཞུང་ལུགས་དོན་བསྡུས་ཤིག་གཏན་དུ་ཡིན་མི་སྲིད།