རྒྱ་ཆེའི་བོད་རིགས་ཡོངས་ཀྱི་སྙན་ལམ་དུ།
༢༠༠༡ ལོའི་ཟླ་ ༥ ཚེས་༡༨ སྟེ་དེ་རིང་བོད་ཀྱི་གདངས་ཞེས་པའི་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་བོད་ཀྱི་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུ་བའི་གསལ་བསྒྲགས་དངོས་སུ་སྤེལ་བ་ཡིན།
མོན་གྷོ་ས་གནས་ཀྱི་སྙན་ངག་གྱེར་འདོན་འགྲན་ཚོགས་གོ་སྒྲིག་པ་ནས།
ཧ་ཧ་ཧ་ཧ་་ལོ་བཅུའི་སྔོན་ལ་རེད་འདུག་ག
ཁྱེད་ཅག་གི་ལས་གཞི་ འདིར་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུ་ཐུབ་ཀྱི་མི་འདུག འོན་ཀྱང་གཤམ་་ནས་བསམ་ཚུལ་ཁ་ཤས་ཤོད་འདོད་བྱུང་། ཐུགས་ལ་མི་གནོད་རོགས། གལ་སྲིད་གནོད་སོང་རུང་གདམས་པ་མཚང་ལ་ཕོག་པར་ངོས་འཛིན་བྱེད་རྒྱུ་ཡིན།
གཅིག དེང་གདན་སའི་གྲྭ་པ་ཁག་ཅིག་གིས་ཆོས་བཞིན་འདུལ་བ་བཞིན་གནས་ཏེ་བསླབ་པ་སློབ་ གཉེར་མི་བྱེད་པར་གླུ་གར་རྩེད་འཇོ་ཚུན་གྱི་ནང་ལ་ཞུགས་ནས་སྤྱོད་པ་འཆལ་འཆོལ་ ཅན་དུ་འགྱུར་བཞིན་པ་འདི་ཁྱེད་ཅག་གཅིག་གཉིས་ཤིག་ལ་དམིགས་བསལ་གནོད་འགྲོ་བ་ཅང་ མེད་ནའང་། བསྟན་པ་སྤྱི་ལ་དགོངས་པ་བཞེས་ནས་དེ་ལྟར་མ་བྱེད་རོགས་ཞུ་རྒྱུ་ཡིན།
གཉིས། སྙན་ངག་གྱེར་འདོན་ཞེས་པ་ནི་གླུ་གར་རིག་གནས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སྒྱུ་ རྩལ་ལས་རིགས་ཤིག་རེད་ལ། དེ་ལ་ཆེས་གལ་ཆེ་བ་ནི་རྣམ་བྱང་ཕྱོགས་ཀྱི་བསམ་པ་སོགས་མ་ཡིན་པར་ཀུན་ཉོན་ཕྱོགས་ ཀྱི་དམིགས་པ་གཞི་རྩར་བཟུང་བའི་ཚོར་བ་རྣོན་པོ་ཞིག་དགོས་པ་ཡིན། འདི་གདན་ས་ཆེན་པོའི་གྲྭ་པ་ཆོས་བཞིན་འདུལ་བ་བཞིན་གནས་ཏེ་གཞུང་ཆེན་སློབ་གཉེར་ བྱེད་མཁན་རྣམས་ཀྱིས་ཕྱག་ལས་ཤིག་གཏན་ནས་མ་རེད།
གསུམ། དེང་གྲྭ་བའི་ནང་དུ་ཡང་ལས་རིགས་འདྲ་མིན་གཉེར་དགོས་པའི་ལྟ་ཚུལ་ཕྱོགས་རེས་ཅན་ དང་ལྟ་ཚུལ་ཕྱིན་ཅི་ལོག་པ་དེ་འདྲ་རྒྱུན་འབྱམས་དར་སོ་ཆེ་བཞིན་འདུག འོན་ཀྱང་དགེ་འདུན་པ་ནི་བསམ་པ་ཆོས་ལ་རྩེ་གཅིག་ཏུ་གཞོལ་ཏེ་དམིགས་པ་སེམས་ཅན་ གྱི་ཕུག་གི་བདེ་བ་ཞིག་དོན་དུ་གཉེར་དགོས་པ་ལས། སྤྱི་ཚོགས་ཐོག་གི་ཟང་ཟིང་གི་ལས་རྣམས་ལ་མགོ་འཁོར་བསྡད་ན་བསྟན་པའི་ཞབས་འདྲེན་ ལས་ཞབས་འདེགས་གང་ཡང་མིན། གུས་མོས་སེམས་དང་བསམ་པ་རྣམ་དག་གིས་བསམ་ཚུལ་འདི་ཕུལ་བ་ལགས་ན་ཁྱེད་རྣམས་ཀྱི་ མཚང་ལ་ཐད་ཀར་ཕོག་པར་བླ་མ་ཆོས་སྲུང་རྣམས་ཀྱིས་བྱིན་གྱི་བརླབས་ཏུ་གསོལ།
དེ་ག་རང་རེད།
དེ་འདྲ་བྱེད་རྒྱུ་མང་དྲགས་ནས་བོན་རྒྱ་ལྟ་བུའི་གྲ་ལོག་ཀྱང་བྱུང་བ་མ་རེད་དམ
དུང་དང་རྒྱ་གླིང་རོལ་མོའི་མཆོད་པ་དང་།།
དད་སེམས་དབྱངས་ལ་འདྲེན་པའི་འདོན་པ་གཉིས།།
བདེ་སྡུག་སྙན་པར་བརྒྱུས་པའི་གྱེར་འདོན་གསུམ།།
གླེན་པའི་བློ་ལ་སོ་སོར་སྣང་མོད་ཀྱང་།།
དོན་དམ་ཤེས་རབ་ངོ་ལ་རོ་གཅིག་ཡིན།།
བསྟན་པའི་དར་རྒུད་བླ་མ་བསྟེན་ཚུལ་ནས།།
ཆོས་ཀྱི་གནས་ལུགས་དྲངས་པའི་ངག་གི་དབྱངས།།
འབྲས་དཀར་ཚོམ་བུའི་སྡེ་ནས་གྱེར་བ་འདི།།
པཎ་གྲུབ་བཅུ་བདུན་ངོ་ལ་བསྟན་དོན་ཡིན།།
ཉོན་མོངས་མེ་ལྕེ་ཁོག་ན་འབར་བ་དང་།།
ཁ་ནས་མེ་ལྕེ་མེད་ཚུལ་སྟོན་མཁན་གཉིས།།
གླེན་པ་ལ་ལའི་ངོ་ལ་མི་འདྲ་ཡང་།།
བཅོམ་ལྡན་ཐུབ་པའི་སྤྱན་ལ་འདྲ་འདྲ་ཡིན།།
དེ་བས་ཉེར་གཅིག་དུས་ཀྱི་ནང་པ་བའི།།
དགོངས་གཞིའི་ཆ་ཤས་ཙམ་ཡང་སྒྲུབ་ཕྱིར་དུ།།
སྙན་ངག་གྱེར་འདོན་ཆོས་གྲྭར་བསྡུས་པ་འདི།།
དུས་ཚོད་འདི་ཡི་བསྟན་པ་འཛིན་སྟངས་རེད།།
སེམས་ཁྲལ་ཅན་རྣམས་བློ་ཁ་དལ་བར་བཞུགས།།
གོང་གི་བཀྲ་ཤིས་སྒྲོལ་མ་དང་གཡུ་མཚོ་གཉིས་ལགས། ལས་རིགས་འདི་ནི་རྩེད་འཇོ་དང་དེ་ལ་གླུ་གར་གྱི་ངོ་བོར་གྲུབ་འདུག་པ་ཞིག་གཏན་ནས་མ་ཡིན་ལ་དངོས་གནས་གླེང་ན་ཁྱེད་ལྟ་བའི་མང་པོ་ཞིག་ལ་སེམས་ཀྱི་ཚོར་བ་གདངས་སུ་གྱེར་བའི་མྱོང་བ་ཞིག་ཐོན་མེད་པ་འདྲ་འདུག དེ་མཚུངས་སུ་སྙན་ངག་ཟརེ་བ་ནི་རང་ཉིད་ཀྱི་ཚོར་བ་དང་འདྲེས་པའི་ངག་གི་སྒྱུ་རྩལ་ཞིག་ཡིན་ཕྱིན་གྲྭ་བས་ཚོར་བ་དང་འབྲེལ་བའི་ངག་དབྱངས་སུ་གྱེར་མི་ཆོག་པ་ཞིག་ག་ལ་ཡིན།
ལེགས་སོ་ཧ་ཅང་གི་ཡག་པོ་འདུག
གྲྭ་བླ་གཉིས་ཀས་སངས་རྒྱས་དང་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ཁྲབ་སྟོན་དང་། གློག་བརྙན་བཟོ་བསྐྲུན་ལ་བརྩོན་དགོས་པ་ལས་སྙན་ངག་འདོད་གཏམ་སོགས་ལ་འགན་འཁུར་བ་འདི་ཅུང་མཛེས་པར་མི་མཐོང་སྙམ་ལགས།
བཀྲ་ཤིས་བདེ་ལེགས་ཡོད།
འཆད་རྩོད་རྩོམ་གསུམ་ལས་ཀྱི་བག་མ་ཡིན།
འདུས་པ་རྒྱ་མཚོ་འཇུག་པའི་ཐོག་མ་སྟེ།
མྱོང་བ་གཟུགས་སུ་བཞེངས་པའི་ངག་གི་རྩལ།
བརྩེ་སེམས་གླུ་རུ་འདུལ་བའི་ཟླ་ལས་གང་།
ཁ་སང་ཉིན་དང་དེ་རིང་ཟླ་བ་ཞེས།
བརྗོད་བྱས་དབེན་པས་སྙན་ཚིག་བཏགས་མོད་ཀྱང་།
སྲོལ་རྒྱུན་རིག་གཞུང་དྲི་མས་མ་བགོས་པ།
ཐེར་འབུམ་གྱེར་འདོན་བྱས་ཀྱང་སྟོང་པ་ཡིན།
མེས་པོའི་རྣམ་དཔྱོད་དཀྱེལ་ལས་འཁྲུངས་པ་ཡི།
སྲོལ་གཙང་་ཁྲག་རྒྱུན་སྲེད་ལྷད་མེད་པ་ཡི།
དྭངས་གཙང་ལྷག་དཀར་གྱེར་འདོན་ལེགས་མོད་ཀྱང་།
དབྱིན་བོད་འབྲེལ་མའི་སྙན་ངག་ཡིད་རེ་རྨོངས།
གདན་སའི་སྙན་ངག་འགྲན་བརྩོད་ཚོགས་མགོན་ཏུ་བླ་མ་ཀླུ་སྨྱོན་གདན་འདྲེན་ཞུས་ནས། དེ་སྔོན་དྲ་ཐོག་བྲིས་ཡོད་པའི་སྙན་ངག་དག་གྱེར་འདོན་བྱས་ན་དམིགས་བསལ་ཚོར་བ་ཞིག་ཡོད་ཤེས་ཆེ། གྲྭ་བའི་སྙན་ངག་འབྲི་འདོན་བྱས་ན་ཆོས་འདུལ་དང་འགལ་མིན་ང་ལ་མཚོན་ན་ཐེ་ཚོམ་གྱིས་གནས་ཡིན། སྐྱ་སེར་སུ་ཡིན་ན་ཕ་མེས་ཡང་མེས་ཚོས་རྔུལ་ཁྲག་ལས་གྲུབ་པའི་ཤུལ་བཞགས་གཅེས་ནོར་འདི། ཆགས་འཇིགས་ཀྱི་གནས་ལ་སླེབ་མཚམས་སུ་སྐྱོབས་ཐབས་ཀྱི་ཐབས་ལམ་རེ་འཚོལ་དང་འཚོལ་བཞིན་པ་ཚོར་དགའ་བསུ་ལས་གང་ཡང་མེད། བོད་ལ་མཚོན་ན་གནའ་ནས་ད་བར་ཏུ་ངེས་དོན་གྱི་བསམ་བློ་བ་དང་དཔའ་བོ་མང་པོ་ཞིག་གྲྭ་བའི་སྤྱི་ཚོགས་ཁྲོད་ནས་ཡོང་དང་ཡོང་བཞིན་པ་ས་རི་ཐང་གསལ་རེད། དཔེ་མཚོན་ཙམ་བཀོད་ན་ཉེས་སྟོང་བརྒྱད་ནས་དེ་རང་བར། ཞུམ་མེད་ཀྱི་རྒྱལ་གཅེས་བ་ག་ཚོད་ཞིག་སེར་མོ་བའི་སྡེ་ནས་ཐོན་པ་མངོན་གསལ་རེད། ང་ནི་གྲྭ་བ་མིན་ལ་དྲེང་གཏམ་ཞིག་བཤད་ཁུལ་བྱས་བ་ཙམ་ཡིན། བཀྲིས་སྒྲོན་མ་ལགས་ལ་ཞུ་རྒྱུ། སྙན་ངག་གང་ཞིག་ལ་གྱེར་པ་པོའི་གྱེར་འདོན་བྱེད་དུས་ཀྱི་ཚོར་བ་དག་རྣམ་བྱང་ཕྱོགས་ཀྱི་ཆ་མེད་པ་དང་ཀུན་ཉོན་ཁོ་ནས་གྲུབ་པའི་སྒྲུབ་བཤད་ཏེ་གང་ཞིག་ནས་རེག་སོང།
བསྙན་ངག་གྱེར་བས་འདུལ་བ་དང་མགལ་བའི། སྒྲུབ་བྱེད་ཡོད་ན་འདི་ནས་བསྟོན་རོགས་གནང་།
དེ་མིན་བྱུང་རྒྱལ་སྐད་ཆ་མ་བཤད་པར། རང་གི་ཁ་ལ་རང་གིས་བདག་པོ་རྒྱོབས།
ཆང་དང་གླུ་གར་རོལ་མོ་བྱེད།། གསུངས་སོ། ད་འོ་ན་སྙན་ངག་གྱེར་འདོན་དེར་ཨ་མདོའི་ལ་གཞས་འཐེན་ཆོག་ནི་ཨེ་རེད། ད་དུང་ལྷ་སའི་གཞས་ཆུང་དེ་ལེན་ཆོག་ནི་ཨེ་རེད། ངས་ལྷ་སའི་གཞས་ཆུང་ཁ་ཤས་ལེན།
ལྷ་སའི་བར་སྐོར་ནང་ན།།
སྒོ་ལས་སྒེའུ་ཁུང་མང་པ།།
སྒེའུ་ཁུང་ནང་གི་ཨ་ཅག།
ཤ་ལས་རུས་ཁོག་འཇམ་པ།།
ཕར་ལ་མིག་གིས་བལྟས་པས།།
ཚུར་ལ་སྤྱན་གྱིས་གཟིགས་བྱུང་།།
སྤྱན་མིག་གློག་ཞགས་འོག་ནས།།
ལས་འཕྲོས་མདུད་པ་ཐེབས་སོང་།།
ང་ཚོའི་གྲྭ་བའི་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་འདུག འདེམ་བསྐོ་ལ་ཡང་ཞུགས་མི་ཆོག་རབ་མང་པོ་བཤད་སོང་། སྙན་ངག་གྱེར་འདོན་ལ་ཞུགས་མི་ཆོག་གསུངས་གི་འདུག སྙན་ངག་བྲིས་ན་འདུལ་བ་དང་འགལ་བ་རེད་དམ། གྱེར་འདོན་བྱས་ན་འགལ་བ་རེད། གྲྭ་བ་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་དང་རིག་གཞུང་གི་ཆེད་དུ་རང་སྲོག་བློས་གཏོང་ཆོག སྐད་འབོད་ཁྲོམ་སྐོར་བྱེད་ཆོག སྙན་ངག་སྐྱོར་མི་ཆོག་པ་ཅི་ཡིན་ནམ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། འདི་སུས་བྲིས་རེད།
སྤྱན་མིག་གཉིས་ཀའི་འོག་ལ། །
ལས་འཕྲོའི་མདུད་པ་ཐེབས་སོང་། །
ཞེས་པའི་ལས་འཕྲོའི་མདུད་པ་དབང་པོ་གཉིས་སྦྱོར་སྐོར་ལ་དགེ་སློང་ལགས་ཀྱིས་ཉམས་མྱོང་བཤད་པ་རྒྱས་ཙམ་ཞིག་གསུངས་འོས་སམ། ཀུ་རེའི་ཚུལ་དུ་བསམ་འཆར་ཙམ་མོ། །
བཀྲ་ཤིས་སྒྲོལ་མ་ལགས། ཁྱེད་ཀྱིས་བཤད་པའི་སྐད་ཆ་དང་བོ་དེར་ང་ཡང་ཐད་པ་ཡིན། མངོན་པར་བསྟོད་དོ་ཞུ་རྒྱུ་ཡིན། སྐད་ཆ་གཉིས་པ་དང་གསུམ་པ་དག་ལ་ལགས་སོ་ཅིག་ཞུ་མི་ཐུབ་ཀི་ལགས། སྙན་ངག་གྱེར་འདོན་ཞེས་པ་ནི་མཐའ་གཅིག་ཏུ་གླུ་གར་གྱི་རིགས་སུ་གཏོགས་པ་ཞིག་མ་རེད། མི་སེམས་ཀྱི་ཚོར་བ་དང་མངོན་འདོད་ངག་ཏུ་ཕུད་དེ་གཞན་ལ་བློ་འདོན་ནམ་སྐུལ་སློང་བྱེད་པའི་བརྡ་སྤྲོད་པའི་རིགས་ཤིག་རེད་ཞུ་རྒྱུ་ཡིན། དུས་ཚོད་ནི་ནམ་ཡང་འགྱུར་གྱི་ཡོད་ལ། ཁོར་ཡུག་གིས་མི་ལ་བསྟུན་མི་སྲིད། ཁྱོད་ཀྱིས་གདན་ས་སོགས་ཀྱི་གྲྭ་བ་ཚོར་ང་ཆོས་པ་ཡིན་ཞེས་དུས་དང་ཁོར་ཡུག་ལ་ལྟ་མི་དགོས་པར་ཙུག་གེར་སྡོད་ཟེར་གྱི་ཡོད་ན། འགན་མ་ཁུར་བའི་སྐད་ཆ་ཞིག་བཤད་ཀྱིན་པའི་ཚོར་བ་ཞིག་སླེབས་ཀྱི་མི་འདུག་གམ། གྲྭ་བ་ཚོ་ཡང་མི་རེད། ཆེས་མ་མཐར་ཡང་། ཟས་གོས་གནས་མལ་སོགས་མི་ཞིག་འཚོ་བའི་མ་མཐའི་ཆ་རྐྱེན་ཞི་ལོས་དགོས། འགུལ་ཅོག་མ་རྒྱབ་པར་བསྡད་བསྡད་ན་གནམ་ནས་འབབབ་ཀྱི་རེད་སྙམ་གྱི་འདུག་གམ། ད་དུང་བཤད་རྒྱུ་ཞིག་ལ། སྔར་གྱི་བཅོམ་ལྡན་འདས་སྐབས་ཀྱི་འདུལ་བའི་བཅོས་པ་དེ་ཚོ་ཕྲ་ཞིབ་ཀྱིས་ལག་ལེན་བྱེད་དགོས་ཟེར་ན། དེང་གི་དུས་ཚོད་དང་ཁོར་ཡུག་འདིའི་ནང་རང་གི་སྲོག་མགོ་ཡང་དུས་ཚོད་ཁ་ཤས་ལས་ཐོན་གྱི་མ་རེད། དེང་གི་དུས་ཚོད་འདིའི་ནང་། དགེ་འདུན་པ་ཚོས་ལས་རིགས་སྣ་ཚོགས་གཉེར་དགོས་ཟེར་ན་དེ་ཙམ་འགྲིག་མོ་ཞིག་ཡིན་པར་མ་མཐོང་མོད། གཞན་མགོ་མ་ཐོན་རུང་རང་མགོ་ཐོན་པའི་ལས་དོན་ཞིག་བྱེད་དགོས་ཀྱི་འདུག་ཅེས་བཤད་འདོད་བྱུང་།
གཞན་ཁྱེད་ཀྱིས་ངའི་འཚང་ལ་ཕོག་པའི་སྐད་ཆ་ཞིག་བཤད་ཡོད་སྙམ་གྱི་ཡོད་ཚོད་མོད། ངའི་སྣང་བར་ཁྱེད་ཀྱིས་ཅི་ཡང་བཤད་མི་འདུག་ཟེར་རྒྱུ་ཡིན།
གཞས་གཏོང་བ་དང་སྙན་ངག་གྱེར་བ་གཉིས་གཏན་ཏུ་ཐ་དད་ཡིན། བཅོམ་ལྡན་འདས་ཀྱིས་གླུ་གར་སོགས་ནི་དགེ་འདུན་པའི་དགག་བྱར་གསུངས་མོད། སྙན་ངག་ནི་དགག་བྱར་མ་གསུངས་བར་མ་ཟད་རྒྱན་དུ་གསུངས་ལ། ལྷག་དོན་ཕྱིས་ཀྱི་པན་གྲུབ་རྣམས་ཀྱིས་བླང་བྱར་གསུངས་ཏེ། མཚུངས་མེད་རྒྱལ་བའི་སྙན་ངག་མེད་ན་མཁས་པ་རྣམས་ནི་སྨྲ་མཁས་ནེ་ཙོའི་ཀློག་དང་མཚུངས་གསུངས།
་སྙན་ངག་གྱེར་རྒྱུའི་ཚབ་ཏུ་གཞས་གཏོང་རྒྱུ་ཟེར་ན་དགག་བྱ་བྱེད་རྒྱུ་ཡིན། སྙན་ངག་གྱེར་བའི་བར་མཚམས་སུ་གཞས་གཏོང་རྒྱུ་ཟེར་ན་རང་གི་འདོད་པ་གྱིས། གཞོན་དུ་ཟླ་མེད་ལགས།
བསྟན་ཤེས་ལགས།
བཀྲ་ཤིས་སྒྲོལ་མ་ཟེར་བ་དེ་ཁྱེད་ཚོའི་ས་ཆ་དེ་ག་ནས་རྒྱང་ཕུད་བཏང་སྟེ་དེང་སང་རྡ་སར་སྡོད་པ་ཆབ་སྲིད་ལས་པའི་སེར་གཟུགས་ཤིག་རེད། བཅོམ་ལྡན་འདས་ཀྱིས་གནང་མ་གནང་སོགས་ཀྱི་སྐད་ཆ་མ་རེད། གང་ལྟར་ཁོས་སྐད་ཆ་ཞིག་བཟོས་དང་ན་འགྲིག་གི་ཡོད་པ་རེད། དེ་དོན་ཐུགས་འཇགས་ཞུ།
ཤར་གྱི་ཁུག་རྟ་ནུབ་ཀྱི་ཟླ་མེད་དང་། །སྟེང་གི་ལྷ་སྡེ་ས་ཡི་ཀརྡོ་དང་། །གཙང་གི་ཆུ་བ་ཁྲག་གི་སྐྱུར་རྩིའི་སྡེ། །དབང་ལུང་ཨ་བཙན་གཡུ་སྒྲོལ་མཁའ་འགྲོའི་སྡེ། །མདོར་ན་ལྷ་སྲིན་མི་དང་འབྱུང་བའི་ཚོགས།
།ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །ཁྱད་པར་སྙན་ངག་སྲིད་ཞིའི་གདངས་དབྱངས་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་ལགས་ན། །རབ་ཏུ་དགྱེས་པ་ཆེན་པོས་ཚིམས་གྱུར་ནས། །འདི་དང་མ་འོངས་ལས་ཀྱི་གཞི་ཀུན་ལ། །མ་གཡེལ་མ་གཡེལ་དྲན་པའི་སྡོང་གྲོགས་མཛོད། །
ཁོ་ཚེ་བློ་ཕུན་ལགས། ཤེས་སོང་ང། ཐུགས་རྗེ་ཆེ། ལས་དོན་བྱེད་ཕྱོགས་ཐད་ལ་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་འབོད་ཞུ།
ཨོ་ཨོ་་་ གསལ་བསྒྲགས་སྤེལ་དུས་དེ་བཏགས་ནོར་གྱིས་༢༠༠༡ བརྒྱབ་འདུག རྣམ་པ་ཚོ་ཚང་མར་དགོངས་དག་ཞུ། ཡིན་ངོ་མ་ ༢༠༡༡ ལོའི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཡིན། མཁྱེན་ཡངས་ཁ་བརྡ་དྲ་དེབ་ཀྱི་རྩོམ་སྒྲིག་པ་ལགས། ཟླ་ཚེས་འདི་ལྟར་བཟོ་བཅོས་ཤིག་གནང་རོགས། ཐུགས་རྗེས་གཟིགས།
གྲྭ་བ་ཚོ་ཡང་མི་རེད། ཆེས་མ་མཐར་ཡང་། ཟས་གོས་གནས་མལ་སོགས་མི་ཞིག་འཚོ་བའི་མ་མཐའི་ཆ་རྐྱེན་ཞི་ལོས་དགོས། འགུལ་ཅོག་མ་རྒྱབ་པར་བསྡད་བསྡད་ན་གནམ་ནས་འབབབ་ཀྱི་རེད་སྙམ་གྱི་འདུག་གམ། ད་དུང་བཤད་རྒྱུ་ཞིག་ལ། སྔར་གྱི་བཅོམ་ལྡན་འདས་སྐབས་ཀྱི་འདུལ་བའི་བཅོས་པ་དེ་ཚོ་ཕྲ་ཞིབ་ཀྱིས་ལག་ལེན་བྱེད་དགོས་ཟེར་ན། དེང་གི་དུས་ཚོད་དང་ཁོར་ཡུག་འདིའི་ནང་རང་གི་སྲོག་མགོ་ཡང་དུས་ཚོད་ཁ་ཤས་ལས་ཐོན་གྱི་མ་རེད།
རངགི་སྲོག་མགོ་ཐོན་མིན་ལ་ཞེད་ན་ཁྱོད་དྲ་བ་མ་རེད།
དེ་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ག
རངགི་སྲོག་མགོ་ཐོན་མིན་ལ་ཞེད་ན་ཁྱོད་གྲ་བ་མ་རེད།
དེ་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གྲ་བ་ཞིག་མིན་ཐག་ཆོད་རེད
ཧཧ་ཧ་ཧ་དེ་ལས་ཆོས་འབྱོར་དང་བོན་རྒྱ་ལྟ་བུའི་གྲ་ལོག་བྱས་ན་བཟང་ལེ་མ་རེད་པས།
གཡུ་མཚོ་ལགས། ཉིད་ཀྱི་ཅི་ལྟར་གསུངས་འདོད་ནའང་དེ་ལྟར་གནང་རོགས། གང་ལྟར་བསམ་འཆར་ལ་དགའ་བསུ་བྱེད་རྒྱུ་ཡིན།
རང་ཉིད་སྙན་ངག་ཤེས་མཁན་ཞིག་མིན་ཡང་སྙན་ངག་ཟེར་དུས་རོ་འཇོག་མཁན་ཞིག་ཡིན། དེ་བས་སྙན་ངག་དང་འབྲེལ་ཡོད་ཀྱི་ལས་འགུལ་གང་ཡིན་ཡང་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ལས་གཞན་གང་ཡང་མེད། སྙན་ངག་གྱེར་འདོན་འདི་རིགས་ལ་མཚོན་ན་དེང་སྐབས་བཙན་བྱོལ་སྤྱི་ཚོགས་འདི་ནང་ལ་ཆེས་དགོས་གལ་ཆེ་བའི་ལས་འགུལ་རིགས་ཤིག་རེད་བསམ་ཡོད། གང་ཡིན་ཟེར་ན་བོད་རང་གི་རིགས་གཞུང་ལ་དགའ་ཞིང་ལྷག་པར་སྙན་ངག་ལ་དགའ་མཁན་མང་པོ་ཞིག་གི་རང་ཉིད་ཀྱི་སེམས་པའི་ཚོར་ཤུགས་སམ་གདུང་དབྱངས་གང་ཡིན་ཡང་གཞན་གྱི་སྔུན་ནས་སྐད་ཆེན་པོས་གྱེར་འདོད་ཡོད་ཀྱང་ངེད་ཅག་ལ་དེ་འདྲའི་ལས་འགུལ་སྤེལ་རྒྱུའི་དཔལ་འབྱོར་སོགས་གང་ཐད་ནས་དཀའ་ངལ་འདུག་ཕྱིན་འདི་འདྲིའི་རིགས་གོ་སྒྲིག་བྱེད་མཁན་དག་ལ་རྒྱབ་སྐྱོར་མེད་ཀྱང་གཞན་གྱི་སེམས་ཤུགས་ལ་ཆུ་བླུགས་དགོས་དོན་མི་འདུག་བསམ་ཡོད། དེ་མཚུངས་སུ་བོད་གྱི་སྔོན་བྱོན་མཁས་དབང་གི་ས་མིག་དེ་ཡང་གྲྭ་བའི་སྤྱི་ཚོགས་ཀྱི་ཁྲོད་ནས་མི་དམན་པ་ཞིག་བླངས་ཡོད་ལ་གྲྭ་བའི་སྤྱི་ཚོགས་ལ་མཚོན་ནས་གླེང་ན་སྙན་ངག་པ་མང་པོ་ཞིག་བྱུང་་ཡོད་པའང་དཔེར་ན་རྗེ་ཙོང་ཁ་པ་དང་ཞང་སྟོན་བསྟན་པ་རྒྱ་མཚོ། ཞུང་ཆོས་དབང་གྲགས་པ་སོགས་བགྲང་གི་མི་ལང་བའི་སྙན་ངག་པ་མང་པོ་ཞིག་བྱུང་ཡོད་པ་རེད། དེ་དག་ལ་ཆ་མཚོན་ན་ཁོ་ཚོས་ནང་ཆོས་ཤེས་བཞིན་ཏུ་སྙན་ངག་དེ་ཉིད་གྲྭ་བས་བྲིས་མི་ཆོག་པ་ཞིག་དང་གྱེར་མི་ཆོག་པ་ཞིག་ཡིན་ན་ཁོ་ཚོ་དེ་དག་ལ་ག་ལ་འཇུག དེ་བས་ང་ཚོ་སུ་ཡིན་ཡང་དྲང་བདེན་གྱི་སྐད་ཆ་རིགས་བཤད་པ་ལས་ཕྱོགས་ལྷུང་དགོས་མེད་ཀྱི་འཆལ་གཏམ་རིགས་བསྒྲགས་ན་རང་མཚང་ཙམ་ལས་མ་འདས་པས་དེ་རིགས་ལ་ཀུན་པོས་བསམ་ཞིབ་བྱེད་དགོས་འདུག
གྲྭ་པ་ཚོས་སྙན་ངག་སྒྲོགས་སྦྱོང་བྱེད་ན་ཨོའུ་ཙམ་རེད། འོན་ཀྱང་གྱེར་འདོན་བྱས་ན་འགྲིགས་ཨེ་ཡོང་ན། གྱེར་ཟེར་བ་དེ་སྐད་གདངས་མཐོན་པོས་དབྱངས་དང་འགྱུར་ཁུགས་ཀྱིས་འདོན་དགོས་པ་རེད། སྒྲོགས་སྦྱོང་ཟེར་བ་དེ་མི་དགོས་པ་རེད། དེ་གཉིས་ཀྱི་ཁྱད་པར་ཞིག་ཡོད་འདུག
མི་སུ་ཡིན་ཡང་ཚོར་བ་ཡོད་པས་ཚོར་བ་ཕྱིར་བཏོན་བྱེད་ལོས་ཆོག
དགེ་འདུན་སྡེ་ཆེན་པོ་འདིར་མཐོ་ས་ནས་བཤད་ན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་དམའ་ས་ནས་བཤད་ན་སྙན་ངག་གྱེར་འདོན་ལྟ་བུས་བོད་སྐད་ཡིག་གི་བྱ་གཞག་གོང་མཐོར་གཏོང་དགོས་པའང་དགག་བྱ་ཅི་ལ་ཡོད། རྣམ་པ་འདྲ་མིན་དང་ལས་འགུལ་འདྲ་མིན་གྱིས་བོད་ཀྱི་སྐད་ཡིག་འཆི་གསོན་གྱི་གནས་ལས་སྐྱོབ་ཐབས་བྱ་དགོས། དགག་བྱ་རྣམས་ལས་དགོས་པ་གཙོ་ཆེ་བ་དང་སྙན་ངག་གྱེར་འདོན་བྱེད་མཁན་སུ་ཡོང་ན་དགའ་བསུ་ཡོད། གནའ་ནས་ད་བར་ས་གནས་མོན་གྷོ་ཊི་ལ་བོད་སྐད་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་ཤིག་གོ་མྱོང་མེད། གྲྭ་བཙུན་སྐོར་ཞིག་གིས་མ་བསྐུལ་དང་བླངས་ཀྱིས་གོ་སྒྲིག་བྱེད་པ་དང་དེ་ལ་དགག་བྱ་ཡོད་ན་ནི་ལས་ཀྱི་སྣེ་མོ་བ་དག་གིས་ཀུན་འགོག་བྱེད་ངེས་རེད། མ་གཞི་བཀྲ་ཤིས་སྒྲོལ་མ་དང་གཞོན་ནུ་ཟླ་མེད་ཀྱི་བསམ་ཚུལ་དེ་ལ་བསྔགས་བརྗོད་ཡོད།
ཨ་རོ། སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་གསལ་སྒྲགས་༼༢༠༡༡ ལོའི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཡིན།༽ཞེས་བྲིས་འདུག་པ་ནོར་བ་མིན་འགྲོ དེ་རིང་ནི་སྤྱི་ཟླ་༥་པའི་ཚེས་༣༡་རེད་ཡ།
རྣམ་པ་ཚོ་ཚང་མར་དགོངས་དག་ཞུ། ངས་ཟླ་ཚེས་འབྲི་ནོར་བྱས་འདུག དོན་ངོ་མར་ཕྱི་ཟླ་དྲུག་པའི་ཚེས་༡༣ ཉིན་རེད། རྣམ་པ་ཚོས་གསལ་བསྒྲགས་ཀྱི་པར་དེའི་སྟེང་གི་ཟླ་ཚེས་ལ་ཆགས་འཇོག་གནོང་རོགས།
མིག་བརྒྱད་པ་ལགས། ནོར་བཅོས་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྗེས་སོར་ཡང་མུ་མཐུད་ཐུགས་སྣང་གནང་རྒྱུའི་རེ་བ་ཞུ།